DKR-KABUM-22-ZA-005: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(5 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=དཔལ་བཀའ་འདུས་སྙིང་པོ་རྩ་བའི་རྒྱུད༔ | |||
|fulltitle=dpal bka' 'dus snying po rtsa ba'i rgyud | |||
|citation=[[Khyentse, Dilgo]]. ''Dpal bka' 'dus snying po rtsa ba'i rgyud''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 22: 80-88. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|sourcerevealer=o rgyan gling pa; 'jam dbyangs mkhyen brtse'i dbang po; Khyentse, Dilgo | |||
|sourcerevealertib=ཨོ་རྒྱན་གླིང་པ་; འཇམ་དབྱངས་མཁྱེན་བརྩེའི་དབང་པོ་; དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|tibgenre=Tantras - rgyud | |||
|terma=Yes | |||
|dkroutline=Six | |||
|deity=zhi khro | |||
|cycle=dpal bka' 'dus chos kyi rgya mtsho | |||
|cycletib=དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ | |||
|volumenumber=022 | |||
|volnumtib=༢༢ | |||
|volyigtib=ཟ་ | |||
|totalvolumes=25 | |||
|textnuminvol=005 | |||
|pagenumbers=80-88 | |||
|totalpages=18 | |||
|beginfolioline=1a | |||
|endfolioline=9b3 | |||
|totalfolios=9 | |||
|multivolumework=No | |||
|rectonotes=rtsa rgyud | |||
|versonotes=bka' 'dus chos kyi rgya mtsho | |||
|colophontib=རང་བྱུང་རྡོ་རྗེའི་སངས་རྒྱས་དཔལ་ཨོ་རྒྱན་གྱི་སློབ་དཔོན་པདྨ་སཾ་བྷ་ཝའི་ཐུགས་ཀྱི་གསང་བ་ཡེ་ཤེས་སྙིང་པོ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་རྩ་བ་དོན་གྱི་རྡོ་རྗེའི་རྒྱུད་ཆེན་པོ་གང༌། ཟབ་རྒྱས་གསང་བ་མཆོག་གི་མངའ་བདག་ཏུ་གདོད་ནས་གྲུབ་པའི་ཀུན་མཁྱེན་བླ་མ་བརྩེ་བ་ཆེན་པོ་རྒྱལ་ཀུན་གསང་འཛིན་དབང་པོ་པདྨ་ཡེ་ཤེས་རྡོ་རྗེ་སྟངས་དཔྱལ་གྱིས་རིན་པོ་ཆེ་སྣ་ཚོགས་པའི་མཎྜལ་ལྷ་རྫས་ནང་མཛོད་ཀྱིས་བཏེགས་ཏེ་བྲི་གཞི་ཤོག་སེར་བཅས་བསྩལ་བ་དང༌། གཞན་ཡང་འཇམ་མགོན་ཡང་སྲིད་པདྨ་བི་མ་ལའི་མཚན་ཅན་དང༌། རྣམ་སྣང་ལོ་ཙཱ་བའི་སྒྱུ་འཕྲུལ་རྒྱལ་སྤྲུལ་རྡོ་རྗེ་འཆང་དྷརྨ་ཤྲཱི། སྨིན་གླིང་མཁན་ཆེན་རིན་པོ་ཆེ་སོགས་དམ་པའི་སྐྱེས་ཆེན་དུ་མས་དགྱེས་པས་དབུགས་དབྱུང་བའི་རྟེན་འབྲེལ་མཐུན་སྦྱོར་མཛད་པ་ལྟར། རྡོ་རྗེ་ཧེ་རུ་ཀའི་གསེང་ལམ་འདི་ལ་སྔོན་དགེའི་སྤོབས་པ་ཅུང་ཟད་སད་པའི་པདྨ་གར་དབང་བདེ་ཆེན་འོད་གསལ་མདོ་སྔགས་གླིང་པས་གཡོ་རུ་ཁྲ་འབྲུག་བྱམས་སྙོམས་ཀྱི་གཙུག་ལག་ཁང་ཆེན་པོར་གཏན་ལ་ཕབ་པ་འདིས་ཀྱང་མཁའ་ཁྱབ་ཀྱི་ཡིད་ཅན་གྲོང་ཁྱེར་དྲུག་གི་སྡུག་བསྔལ་གྱི་རྒྱ་མཚོའི་མཐར་བརྒལ་ཏེ་རྣམ་མཁྱེན་ནོར་བུའི་གླིང་དུ་བདེ་བླག་གིས་རྩེན་ནས་སྐུ་བཞིའི་དཔལ་འབྱོར་མཐའ་ཀླས་པར་ལོངས་སུ་སྤྱོད་པ་དང༌། གངས་ཅན་བསྟན་འགྲོའི་དགའ་སྟོན་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱི་ཐུགས་བསྐྱེད་སྨོན་ལམ་བཞིན་འཕེལ་རྒྱས་བརྟན་པའི་རྟེན་འབྲེལ་མཆོག་གི་གསོས་སུ་གྱུར་ཅིག །མངྒ་ལཾ། དགེའོ།། | |||
|colophonwylie=rang byung rdo rje'i sangs rgyas dpal o rgyan gyi slob dpon pad+ma saM b+ha wa'i thugs kyi gsang ba ye shes snying po bka' 'dus chos kyi rgya mtsho'i rtsa ba don gyi rdo rje'i rgyud chen po gang*/_zab rgyas gsang ba mchog gi mnga' bdag tu gdod nas grub pa'i kun mkhyen bla ma brtse ba chen po rgyal kun gsang 'dzin dbang po pad+ma ye shes rdo rje stangs dpyal gyis rin po che sna tshogs pa'i maN+Dal lha rdzas nang mdzod kyis btegs te bri gzhi shog ser bcas bstsal ba dang*/_gzhan yang 'jam mgon yang srid pad+ma bi ma la'i mtshan can dang*/_rnam snang lo tsA ba'i sgyu 'phrul rgyal sprul rdo rje 'chang d+harma shrI/_smin gling mkhan chen rin po che sogs dam pa'i skyes chen du mas dgyes pas dbugs dbyung ba'i rten 'brel mthun sbyor mdzad pa ltar/_rdo rje he ru ka'i gseng lam 'di la sngon dge'i spobs pa cung zad sad pa'i pad+ma gar dbang bde chen 'od gsal mdo sngags gling pas g.yo ru khra 'brug byams snyoms kyi gtsug lag khang chen por gtan la phab pa 'dis kyang mkha' khyab kyi yid can grong khyer drug gi sdug bsngal gyi rgya mtsho'i mthar brgal te rnam mkhyen nor bu'i gling du bde blag gis rtsen nas sku bzhi'i dpal 'byor mtha' klas par longs su spyod pa dang*/_gangs can bstan 'gro'i dga' ston o rgyan chos kyi rgyal po yab yum gyi thugs bskyed smon lam bzhin 'phel rgyas brtan pa'i rten 'brel mchog gi gsos su gyur cig__/mang+ga laM/_dge'o// | |||
|pdflink=File:DKR-KABUM-22-ZA-005.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༼༈ྃ༽ དཔལ་བཀའ་འདུས་སྙིང་པོ་རྩ་བའི་རྒྱུད་ཅེས་བྱ་བ་བཞུགས་སོ༔ <br><br> | |||
༼༈ྃ༽ ༔༔༔༔༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་ལ་ཕྱག་འཚལ་ལོ༔ དཔལ་ཡེ་ཤེས་རང་སྣང་དོན་གྱི་འོག་མིན་གསང་བ་ཆེན་པོ་ཞེས་བྱ་བ༔ སྐུ་དང་ཞིང་གི་བཀོད་པ་ཚད་མེད་པ༔ ཞི་ཁྲོའི་དཀྱིལ་འཁོར་འཁོར་ལོ་བསམ་གྱིས་མི་ཁྱབ་པ༔ ཆོས་ཀྱི་དབྱིངས་ཇི་སྙེད་དུ་ཁྱབ་པར་བརྡལ་བ༔ གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་རྫོགས་པའི་གཙོ་བོ་སྤྱི་དཔལ་ཆེན་པོ་འབར་བ་ཧེ་རུ་ཀ་ཞེས་བཅོམ་ལྡན་འདས་ཐམས་ཅད་ཀྱི་རྗེ་བཙན༔ སྲིད་ཞི་མ་ལུས་པའི་སྟོན་པར་གྱུར་པ་དེ༔ ཡེ་ཤེས་ཀྱི་དབྱིངས་གཅིག་གི་ཀློང་གཉིས་སུ་སྣང་བ་མེད་ཅིང་མི་གཡོ་ཡང༔ རྣམ་པ་མ་འགག་པའི་རོལ་པ་ནི་ཅིར་ཡང་འབྱུང་ཞིང་འཆར་བས་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ཀྱི་ཟག་པ་མེད་པའི་ཡེ་ཤེས་ཉི་ཤུ་རྩ་གཅིག་གི་རང་མདངས་རྒྱན་སྡུག་པོ་བཀོད་པ་རང་བྱུང་གསང་བ་ཆེན་པོའི་དུར་ཁྲོད་ཀྱི་གཞལ་མེད་ཁང་སྣང་བར་མཛད་ནས༔ ཡེ་ཤེས་རིན་པོ་ཆེའི་འོད་ཟེར་མཐའ་ཀླས་ཞིང་ཀུན་ཏུ་ཁྱབ་ཅིང༔ འཁོར་འདས་ཐམས་ཅད་སྐུ་ཡི་དབྱིངས་གཅིག་གི་རྒྱན་དུ་རྫོགས་པས༔ ཉིད་ལས་མི་གཞན་པའི་འཁོར་གྱི་ཚོགས་རྣམས་ལ་གསང་བ་ཟབ་མོའི་དགོངས་པའི་དབྱིངས་རྟོགས་པར་བྱ་བའི་ཕྱིར་རྡོ་རྗེའི་རྒྱུད་འདི་སྣང་བར་མཛད་དོ༔ ཨེ་མ་རང་བྱུང་གསང་བ་ཆེ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ནི༔ བསམ་གྱིས་མི་ཁྱབ་བློ་ལས་འདས༔ གང་དུ་གནས་ཤིང་སྣང་བ་མེད༔ འདི་ཞེས་ཕྱོགས་རེའི་བློས་མི་མཚོན༔ རྟོགས་པར་དཀའ་བས་ཟབ་ལ་གསང༔ ཚིག་དང་ངག་གི་ལམ་དུ་མིན༔ བརྟན་པར་དཀའ་བའི་རྡོ་རྗེའི་དབྱིངས༔ འོད་གསལ་ངེས་པའི་དེ་ཁོ་ན༔ གཞོམ་གཞིག་བྲལ་བའི་སེམས་དཔའ་ཞེས༔ ཤིན་ཏུ་ཕྲ་ལ་མི་ཕྱེད་པའི༔ དབྱིངས་ཀྱི་སྲོག་ཏུ་རིག་པའི་དཔལ༔ གང་དུ་མི་ཕྱེད་རྟག་གནས་ཀྱང༔ འགག་མེད་ཐུགས་རྗེའི་ཆོ་འཕྲུལ་ལས༔ བཀོད་པ་ཚད་མེད་བརྡལ་བ་ཆེ༔ ཕྱོགས་དུས་འཇིག་རྟེན་ཇི་སྙེད་པའི༔ ཞིང་དང་བཀོད་པ་སྣ་ཚོགས་པ༔ ཅིར་ཡང་འབྱུང་ཞིང་འཆར་བ་ཡང༔ དོན་དུ་ཡེ་ཤེས་ཆེན་པོར་མཉམ༔ དག་པ་ཉིད་ལས་གཉིས་སུ་མེད༔ རང་རང་རྟོག་པའི་བག་ཆགས་ཀྱིས༔ ཇི་ལྟར་བཀོད་པ་དེ་བཞིན་དུ༔ སྣང་ཡང་ཕྱོགས་སུ་ལྟུང་མི་སྲིད༔ ང་ནི་རྟག་ཏུ་བདེ་ཆེན་དབྱིངས༔ འདུ་འབྲལ་མེད་པའི་དགྱེས་པ་ཆེའི༔ ཏིང་འཛིན་གཅིག་ལ་མཉམ་པར་བཞག༔ དུ་མར་སྣང་ཡང་དབྱིངས་སུ་དག༔ གང་ལྟར་ཤར་ཡང་རོལ་པའི་རྒྱན༔ ང་དང་གཉིས་མེད་ངང་དུ་དགྱེས༔ བཟང་ངན་སྤང་བླང་ང་མི་སེམས༔ བདེ་གཤེགས་ཀུན་གྱི་གསང་བ་ཆེ༔ རང་བྱུང་ལྷུན་གྱིས་གྲུབ་པར་བཞུགས༔ ཀུན་ཀྱང་ཡེ་ཤེས་གསང་བའི་རྒྱན༔ ཐ་དད་མེད་ཀྱང་དུ་མར་སྣང༔ གང་ལྟར་མཛད་ཀྱང་གཅིག་ཏུ་དག༔ ཐེག་པ་གྲུབ་མཐའི་ཆོས་ཀྱི་སྒོ༔ སོ་སོའི་མོས་པ་བཞིན་དུ་སྟོན༔ དོན་ལ་ངེས་པའི་དེ་ཁོ་ན༔ སྣ་ཚོགས་འགལ་འདུར་བཤད་པ་མེད༔ ཀུན་ཀྱང་བླ་མེད་ཧེ་རུ་ཀའི༔ ངེས་པའི་སྙིང་པོར་འགྲོ་བའི་ལམ༔ ཐུགས་ཀྱི་བརྣག་པ་འདི་ཁོ་ན༔ མཁས་པས་གཏན་ལ་དབབ་པར་བྱ༔ ས་མ་ཡ༔ དོན་གྱི་དབྱིངས་ནི་དེ་ལྟར་ཀྱང༔ རྟོགས་པར་དཀའ་བའི་རྡོ་རྗེའི་གནས༔ ཀུན་གྱི་སྤྱོད་ཡུལ་སྣང་བའི་ཕྱིར༔ དངོས་བརྒྱུད་ཇི་བཞིན་སྟོན་པ་ཡི༔ ཆོས་ཀྱི་སྒོ་ནི་བགྲང་ཡས་སྟོན༔ རབ་ལ་དངོས་པོའི་གནས་ལུགས་བཞིན༔ འབྲིང་དུ་དེ་དང་མཐུན་པའི་ལམ༔ དམན་ལ་བརྒྱུད་ནས་རྟོགས་པའི་ཐབས༔ བརྒྱད་ཁྲི་བཞི་སྟོང་ཆོས་སྒོ་གསུང༔ མདོར་ན་གདུལ་བྱའི་ཀུན་རྟོག་སྒོ༔ དེ་འདུལ་ཆོས་ཀྱང་དེ་སྙེད་སྟོན༔ ངེས་པའི་བསྒྲུབ་བྱ་ཐ་མི་དད༔ ཐམས་ཅད་མཁྱེན་པར་འགྲོ་བའི་ལམ༔ ཀུན་ཀྱང་རྡོ་རྗེ་སེམས་དཔའི་བཀའ༔ གསང་བ་བླ་མེད་སྙིང་པོའི་ལམ༔ ཐེག་པ་ཐམས་ཅད་འདིར་འདུས་པས༔ ཟབ་རྒྱས་ཆོས་ཀྱི་རྒྱ་མཚོ་ཞེས༔ རྒྱུ་དང་འབྲས་བུའི་གསང་མཆོག་གི༔ གནད་ཀུན་རྫོགས་པའི་ཏི་ཀ་འོ༔ དེ་བཞིན་གཤེགས་པ་རྟག་པའི་སྐུ༔ བདེ་ཆེན་འགག་མེད་གར་དབང་གསུང༔ གཉིས་སུ་མེད་པ་རྡོ་རྗེའི་ཐུགས༔ རིན་ཆེན་ཉི་མ་ཡོན་ཏན་བདག༔ དོན་ཡོད་རྟ་ཡི་རྒྱལ་པོའི་ལས༔ རོལ་པ་མི་ཟད་རྒྱན་གྱི་སྤྲིན༔ ངོ་བོ་རིགས་ཀུན་བདག་པོའི་རྒྱལ༔ དཔལ་ལྡན་ཧེ་རུ་ཀ་འོ་ཞེས༔ བདེ་བ་ཆེ་དང་སྟོང་པ་ཉིད༔ གཉིས་མེད་ཁ་སྦྱོར་སྡོམ་པའི་དཔྱིད༔ མི་ཕྱེད་རྡོ་རྗེའི་སྲོག་ཆེན་པོ༔ རྒྱུ་འབྲས་ངོ་བོ་རྣམ་པ་བཞིའི༔ རྟགས་ཀྱི་འབར་བ་ཧེ་རུ་ཀ༔ དཀྱིལ་འཁོར་རྒྱ་མཚོའི་འབྱུང་གནས་སུ༔ ཞི་ཁྲོའི་ཚོམ་བུ་མཐའ་ཀླས་ཤར༔ དེ་ཀུན་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་རོལ་པའི་ཆོ་འཕྲུལ་ལས༔ བསྒྲུབ་པའི་གཞི་དང་སྒྲུབ་བྱེད་ཐབས༔ འབྲས་བུའི་རྣམ་བཞག་མཐའ་ཡས་པས༔ སོ་སོའི་མོས་དང་སྐལ་པ་བཞིན༔ འཆར་བས་དོན་ཀྱང་བྱེད་པར་འགྱུར༔ ས་མ་ཡ༔ དེ་དག་ཀུན་ལ་ཁྱབ་བྱེད་ལམ༔ འཇུག་སྒོ་གཞུང་ཤིང་མཐར་ཐུག་འབྲས༔ རྣམ་པ་བཞི་ཡི་མདོ་ཆིངས་ཀྱིས༔ བསྟན་པས་ངེས་པ་གཅིག་ཏུ་དྲིལ༔ དང་པོ་ཁྱད་པར་རྨད་བྱུང་དབང༔ གཞི་ལ་གནས་པ་རིགས་ཀྱི་དབང༔ རྟོགས་ན་ཆོས་ཀུན་མངའ་དབང་བསྒྱུར༔ རང་སེམས་གཉུག་མར་ཡེ་གནས་པ༔ སད་བྱེད་ཐབས་ལ་རྒྱུ་རུ་གྲགས༔ སྣང་སྲིད་མ་ལུས་བུམ་དབང་གཞི༔ རྩ་རླུང་མཐའ་དག་གསང་དབང་སྟེ༔ དཀར་དམར་ཐིག་ལེ་ཤེར་ཡེ་ཉིད༔ ཡེ་ཤེས་ཁམས་ནི་བཞི་པ་སྟེ༔ མ་བསྐུར་གསང་བ་ཡེ་རྫོགས་ཀྱི༔ ལྷུན་གྲུབ་ངེས་པ་ཆེན་པོ་ལ༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ བཞི་བཞིར་དབྱེ་བས་སྦྱང་བྱའི་ཁམས༔ ཡང་དག་སྣོད་དུ་རུང་བར་འགྱུར༔ ཐབས་ཀྱི་ཐེག་པའི་ལམ་གྱི་དབང༔ མཚན་ཉིད་ལྡན་པའི་སློབ་དཔོན་ཆེ༔ བརྒྱུད་པའི་བྱིན་རླབས་མཆོག་བརྙེས་ཤིང༔ ཏིང་འཛིན་བསྙེན་པ་ལས་རུང་བས༔ རིམ་པའི་ཆོ་ག་གཞུང་བཞིན་བརྩམས༔ ནུས་པ་གསོ་བས་ས་ཆོག་དང༔ སྟ་གོན་དངོས་གཞིའི་དབང་གི་གཞུང༔ ཚུལ་བཞིན་བསྲངས་ཏེ་སྨིན་བྱེད་པ༔ སྤྱི་དང་བྱེ་བྲག་ཡན་ལག་དང༔ མཐའ་རྟེན་རྒྱས་པ་ཉིད་དུ་བྱ༔ འཇུག་པའི་ཆོས་ལ་ཕྱི་དང་ནང༔ དངོས་གཞི་ལྷ་དབང་ལུས་ལ་བསྐུར༔ གསང་དབང་ངག་དང་ཆོས་དབང་སེམས༔ ཡེ་ཤེས་རིག་པ་རྩལ་གྱི་དབང༔ རིམ་གྱིས་བསྐུར་བས་སྐལ་ལྡན་བྱ༔ ཕན་ནུས་ཟབ་མོའི་དབང་གསུམ་དང༔ ཟླུམ་པོ་བཞི་དང་བརྡ་ཡི་དབང༔ བམ་ཆེན་གསང་བ་འདོད་འབྱུང་གཏེར༔ རྟ་སྐད་ཐེང་གསུམ་གསང་བའི་དབང༔ འོད་གསལ་ངོ་སྤྲོད་ཤེར་ཡེ་དང༔ མ་གཅིག་རྡོ་རྗེ་གསུམ་གཏོར་མ༔ དོན་གྱི་བྱིན་རླབས་བདུད་རྩིའི་རྫས༔ མཆོག་དབང་བདེ་ཆེན་ལས་སྣ་ཚོགས༔ མདོས་རཀ་རྫས་ཕུར་སྙིང་དང་ཐུན༔ བཀའ་སྲུང་དྲེགས་པའི་བཀའ་གཏད་བཅས༔ བསྙེན་དང་ཚོགས་སྒྲུབ་དངོས་གྲུབ་རྟེན༔ བཀྲ་ཤིས་ཚེ་ཡི་དབང་གིས་རྫོགས༔ གཞི་ནི་རྡོ་རྗེའི་ལུས་ཀྱི་ཁམས༔ རྩ་རླུང་ཐིག་ལེ་ཡེ་ཤེས་རྟེན༔ སད་བྱེད་ནུས་ལྡན་ཆོ་ག་དང༔ བདག་ཉིད་འཇུག་པའི་ལས་རིམ་གྱིས༔ འབྲས་བུ་སྐུ་གསུང་ཐུགས་ཡེ་ཤེས༔ གཉིས་མེད་གཉིས་སུ་སྣང་བ་ཡིས༔ དཔག་ཡས་དཀྱིལ་འཁོར་སྤྲོ་དང་བསྡུས༔ ཁྱབ་བདག་གོ་འཕང་རྨད་བྱུང་བ༔ མངོན་བྱེད་དབང་བསྐུར་མཐར་ཕྱིན་འབྲས༔ རྡོ་རྗེ་ཐེག་པའི་རྒྱུད་མན་ངག༔ དབང་ཐོབ་ངེས་པའི་སྣོད་རུང་བྱེད༔ ལམ་རྣམས་ཀུན་ལ་ཁྱབ་པ་དང༔ སྲོག་འཛིན་དབང་གིས་ཡང་དག་བསྟེན༔ དབང་མ་ཐོབ་པས་དཔེ་དང་རྫས༔ བལྟ་བ་ཙམ་ཡང་མི་རུང་ཞིང༔ སྤྱོད་ཀྱང་ཆོས་ལ་དབང་ཟོས་པའི༔ སྤྱི་བརྟོལ་འབྲས་བུའི་འོག་ཏུ་ལྟུང༔ དབང་ཐོབ་ཡོན་ཏན་མཆོག་ལྡན་ཏེ༔ གསང་བ་ཀུན་གྱི་སྣོད་དུ་རུང༔ འཛིན་སྤེལ་དངོས་གྲུབ་མཐའ་དག་ཐོབ༔ མ་ཉམས་སྐྱེ་བ་གསུམ་ནས་གྲོལ༔ འདི་ནི་རྡོ་རྗེའི་རིགས་ཀྱི་ཡུལ༔ དཀྱིལ་འཁོར་ཚོན་རྩི་མཐོང་བས་ཀྱང༔ སྒྲིབ་བྱང་གནས་ངན་ལས་གྲོལ་ན༔ ཚུལ་བཞིན་སྤྱོད་དག་སྨོས་ཅི་དགོས༔ ས་མ་ཡ༔ འབྲས་བུའི་དབང་ནི་གཉུག་མའི་ཁམས༔ དག་པའི་རྡོ་རྗེ་གསུམ་ཞེས་བྱ༔ དེ་ཉིད་གདོད་ནས་དཀྱིལ་འཁོར་བཞིར༔ ནུས་པ་ལྷུན་གྱིས་རྫོགས་པ་སྟེ༔ དཔལ་ཆེན་ཧེ་རུ་ཀའི་གསང་བ༔ གདོད་ནས་ལྷུན་གྱིས་གྲུབ་པའི་དབྱིངས༔ མངོན་སུམ་གྱུར་པས་ཟག་མེད་ཀྱི༔ ཡོན་ཏན་ཀུན་ལ་དབང་བསྒྱུར་ཏེ༔ སངས་རྒྱས་ཀུན་གྱི་ཁྱབ་བདག་མཆོག༔ དྲུག་པའི་རིགས་ཀྱི་འཁོར་ལོའི་བསྒྱུར༔ སྲིད་ཞིའི་སྤྱི་གཟུགས་དཔལ་ཆེན་པོའི༔ གོ་འཕང་མངོན་དུ་གྱུར་ཞེས་བྱ༔ ས་མ་ཡ༔ དབང་གི་སྲོག་འཛིན་དམ་ཚིག་ཉིད༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ རྩ་བ་ཡན་ལག་ཐུན་མོང་ཁྱད༔ རྟོག་འདུལ་དེ་སྙེད་སྲུང་སྡོམ་ལ༔ མ་ལུས་དངོས་གྲུབ་ཆེས་མྱུར་ཞིང༔ བྱིན་རླབས་དྲོད་དང་མི་འབྲལ་ལྡན༔ འདས་ན་འདི་དང་ཕྱི་མར་ཕུང༔ ཀུན་ཏུ་སྡུག་བསྔལ་ཉིད་ལ་སྤྱོད༔ ས་མ་ཡ༔ རྨད་བྱུང་ལམ་ནི་རྡོ་རྗེའི་ཐེག༔ རྡོ་རྗེ་སེམས་དཔའི་གསེང་ལམ་སྟེ༔ ཟབ་ཅིང་གསང་བ་བླ་མེད་ཕྱིར༔ སྔོན་འགྲོས་རང་རྒྱུད་འདུལ་བ་གཅེས༔ ཐབས་ཀྱི་ཐེག་པ་ཆེས་ཆེན་པོ༔ རྒྱུ་དང་འབྲས་བུའི་ལམ་ཀུན་རྫོགས༔ མདོ་སྔགས་བཀའ་ཡི་ཟབ་མོའི་གནད༔ འདུས་ཤིང་རྫོགས་པ་འདི་ཁོ་ན༔ ཐུབ་པ་རྒྱུད་ཀྱི་སྡེ་སྣོད་གསུམ༔ གཞི་རྟེན་ཐུན་མོང་རྗེས་འཛིན་ལམ༔ དཀའ་ཐུབ་རིག་བྱེད་ཐེག་པའི་ཆོས༔ བསགས་སྦྱངས་སྔོན་འགྲོ་ལམ་གྱི་སྟེགས༔ དབང་བསྒྱུར་ཐབས་ཀྱི་རྣལ་འབྱོར་རྒྱུད༔ གཞུང་ཤིང་དབང་བཞིའི་དོན་དང་སྡེབ༔ མཐར་ཆག་ཉིད་དུ་བསྟན་པ་བཞིན༔ འབད་པས་གྲོལ་བ་གདོན་མི་ཟ༔ འདི་ནི་རྒྱལ་བ་མ་ལུས་པའི༔ ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་གྱི༔ ངེས་པའི་གསང་མཆོག་ཏི་ལ་ཀ༔ རྒྱུད་ལུང་མན་ངག་ཆིག་རྫོགས་ཆོས༔ སྨིན་གྲོལ་གདམས་པ་ཁ་ཚར་བཅས༔ དཔལ་ཆེན་དགྱེས་པའི་གསེང་ལམ་དུ༔ སྟོན་པས་རྡོ་རྗེའི་སྒྲ་ཡིས་བསྟན༔ ས་མ་ཡ༔ ཤིན་ཏུ་གསང་ཆེན་ལམ་མཆོག་གི༔ སྔོན་དུ་འཇིག་རྟེན་ཡང་དག་ལྟ༔ རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད༔ ལྷ་མིའི་ཐེག་པ་བཞིན་དུ་སྤྱད༔ ཆོས་ཀུན་རྟེན་འབྲེལ་ཉིད་ལས་སྣང༔ ཡིད་ཆེས་ཡང་དག་དགེ་ལ་བསྐུལ༔ བསམ་གཏན་རྣམ་ཐར་ཏིང་འཛིན་གྱིས༔ མཐོ་རིས་ལམ་ཀུན་རྫོགས་པར་སྒྲུབ༔ ཡང་དག་མ་རྟོགས་ལོག་རྟོག་གིས༔ འདི་ལས་འཇིག་རྟེན་མུ་སྟེགས་བྱེད༔ རང་རང་གྲུབ་མཐའ་ལ་ཞེན་པས༔ དེ་ཡི་ལམ་དང་འབྲས་བུ་སྟོན༔ སྐྱབས་དང་ལྟ་བ་བདེན་བཞིའི་འཕགས༔ སྲིད་པའི་མཐའ་ལས་ངེས་འབྱུང་བློས༔ ལམ་ལྔའི་བརྩོན་པ་ལ་བརྟེན་ནས༔ ཉོན་མོངས་དགྲ་བཅོམ་འབྲས་བུ་གྲུབ༔ འདི་ལ་བློ་གྲོས་ཆེ་ཆུང་གིས༔ ལྟ་དང་སྤྱོད་པ་ཐབས་ཀྱི་སྒོ༔ བདེན་བཞི་རྟེན་འབྲེལ་ལམ་སྟོན་པའི༔ ཉན་རང་ཞི་བ་ཕྱོགས་གཅིག་གོ༔ དེ་ཀུན་ལས་ལྷག་སྙིང་རྗེ་དང༔ ཤེས་རབ་ཟབ་མོའི་ཚོགས་གཉིས་མཐུ༔ རྫོགས་སྨིན་སྦྱངས་པས་སྲིད་ཞི་ལས༔ ཡོངས་གྲོལ་མི་སློབ་མངོན་བྱེད་ལམ༔ བདེན་གཉིས་ཟུང་འཇུག་སེམས་བསྐྱེད་ཀྱིས༔ ཕ་རོལ་ཕྱིན་པའི་ཚོགས་གཉིས་སྒོ༔ ཟླུམ་དང་སྤེལ་བའི་ལས་ཀྱི་མཐའ༔ རྟག་ཏུ་གཞན་ཕན་འབའ་ཞིག་གཉེར༔ ཁྱད་པར་ལྟ་བ་སྤྲོས་ཀུན་བྲལ༔ ཡང་དག་དབུ་མའི་དོན་ཟབ་མོ༔ ཚུལ་བཞིན་རྟོགས་པའི་ཁྱད་པར་གྱིས༔ དབུ་སེམས་ཤིང་རྟ་གསུམ་དུ་ཕྱེ༔ ས་མ་ཡ༔ ཤིན་ཏུ་རྨད་བྱུང་ཁྱད་པར་ལམ༔ དབང་དང་དམ་ཚིག་བསྐྱེད་རྫོགས་ཀྱིས༔ གཞི་ནི་ལྟ་སྒོམ་སྤྱོད་པའི་མཐུས༔ འབྲས་བུ་ཟུང་འཇུག་མཆོག་ལ་སྦྱོར༔ འདི་ཡང་གདུལ་བྱའི་དབང་པོ་ལྟར༔ ཕྱི་ནང་རྒྱུད་ཀྱི་གནས་བཞིན་དུ༔ སྒྲུབ་བྱའི་ལམ་དང་འབྲས་བུ་བཅས༔ མྱུར་བུལ་ཟབ་དང་རྒྱ་ཆེའི་དབྱེ༔ བསྟན་བྱའི་གཙོ་བོ་བསྐྱེད་རྫོགས་གསུམ༔ དང་པོ་མ་ཧཱ་ཡོ་ག་སྟེ༔ གཞི་ནི་བདེན་གཉིས་སྤང་བླང་བྲལ༔ ལམ་མཆོག་བསྐྱེད་ཚུལ་རྣམ་པ་བཞི༔ འབྲས་བུ་རིག་འཛིན་བཞི་མཐར་ཕྱིན༔ སྣོད་བཅུད་རྒྱུད་རྣམས་མ་ལུས་པའི༔ ཆོས་ཅན་ཇི་ལྟར་སྣང་བ་ལྷ༔ ཆོས་ཉིད་ཡེ་ཤེས་ཐུགས་ཀྱི་དཀྱིལ༔ གཟུང་འཛིན་བྲལ་བའི་ངོ་བོར་ཤར༔ སྟོང་པ་ཆེན་པོས་དངོས་ཞེན་སྦྱང༔ སྙིང་རྗེ་སྒྱུ་མས་མཁའ་ཁྱབ་སྒྲོལ༔ ཕྱག་རྒྱ་གཅིག་སྤྲོས་ཚོགས་སྒྲུབ་ལམ༔ བསྙེན་སྒྲུབ་ཡན་ལག་བཞི་ཡིས་བསྡུས༔ ཟག་མེད་ཡེ་ཤེས་སྣང་བའི་སྤྲིན༔ དཀྱིལ་འཁོར་ཚོམ་བུ་ཉེར་གཅིག་གི༔ ཏིང་འཛིན་སྤྲོ་བསྡུའི་མན་ངག་གི༔ གཟེར་བཞི་གདབ་སྟེ་མཆོག་ལ་སྦྱོར༔ ས་མ་ཡ༔ སྦྱང་གཞི་གཉུག་མའི་རྡོ་རྗེ་གསུམ༔ སྦྱོང་བྱེད་རྩ་རླུང་ཐིག་ལེའི་ལམ༔ མཐར་སོན་འབྲས་བུ་བདེ་གསལ་ངང༔ མི་རྟོག་སྐུ་གསུམ་མངོན་བྱེད་འབྲས༔ ཤིན་ཏུ་ཕྲ་ཡངས་འོད་གསལ་གྱི༔ རྟེན་དང་བརྟེན་པའི་ལུས་ངག་ཡིད༔ མ་བཅོས་གཉུག་མ་བདེ་བ་ཆེ༔ དབྱིངས་དང་འབྲལ་མི་ཤེས་པར་གནས༔ དྭངས་མ་དཔྱིད་ཀྱི་ཨ་དང་ཧཾ༔ སྲེག་བཞུའི་ལམ་ནི་མི་ཕྱེད་ཕྲ༔ ཁ་སྦྱོར་ཡེ་ཤེས་རླུང་སྡོམ་པས༔ འཕོ་མེད་འབྲས་བུ་མངོན་སུམ་བྱེད༔ གནད་ལ་འཆུན་པས་ཡིད་བཟང་མའི༔ མཚན་ལྡན་ཆུ་སྐྱེས་རེག་བྱ་ཡིས༔ རྟོག་བྲལ་བདེ་བ་ཆེན་པོའི་དབྱིངས༔ རྡོ་རྗེ་ནམ་མཁའི་དཀྱིལ་འཁོར་མཐོང༔ ས་མ་ཡ༔ རྩོལ་དང་འདུ་བྱེད་དག་པའི་དབྱིངས༔ གང་དུ་མི་གནས་ཀུན་གྱི་གཞི༔ འོད་གསལ་གསང་བའི་ལམ་མྱུར་པོས༔ མཐར་ཐུག་འབྲས་བུར་ཡུད་ཀྱིས་སྦྱོར༔ གཟུང་འཛིན་ཡིད་བྱེད་བྲལ་བའི་དབྱིངས༔ ཤིན་ཏུ་དག་པ་ཆོས་ཀྱི་སྐུ༔ མ་རྟོགས་སྲིད་པ་འདི་བསྐྲུན་ཀྱང༔ རིག་པའི་རང་བཞིན་རྟོགས་པས་གྲོལ༔ ཐབས་དང་ལམ་ལ་མི་ལྟོས་པའི༔ ཅོག་བཞག་རིག་པ་ཁོ་ནའི་དོན༔ འབད་མེད་རང་བྱུང་རང་ཤར་བས༔ འཁྲུལ་པའི་ཕུ་ཐག་ཁྲེགས་སུ་ཆོད༔ ཡེ་ཤེས་སྣང་བ་ངོ་ཤེས་ཕྱིར༔ གནད་ཀྱི་བྱེད་པ་ལ་བརྟེན་ནས༔ སྣང་བཞིའི་རང་རྩལ་རྫོགས་པ་དང༔ ངེས་གསང་འབྲས་བུ་བརྟན་པར་ཐོབ༔ ས་མ་ཡ༔ ཐེག་པའི་རྣམ་གྲངས་མཐའ་ཀླས་པ༔ གདུལ་བྱའི་བསམ་པ་བཞིན་འཆར་ཡང༔ རྣམ་པ་ཐམས་ཅད་མཁྱེན་པའི་འབྲས༔ ཐོབ་པའི་ཐབས་དང་དགོངས་པ་གཅིག༔ གནད་ཀྱི་མན་ངག་མཐའ་དག་ཀྱང༔ ལམ་གྱི་རིམ་པ་གཅིག་ཏུ་དྲིལ༔ ཇི་ལྟར་བསྟན་བཞིན་ཉམས་བླངས་པས༔ རྩ་བ་རྡོ་རྗེ་ཐེག་པ་ལ༔ རྒྱུ་འབྲས་མན་ངག་ལམ་སྟེགས་སྙིང༔ ཀུན་ཚང་ནོར་བུའི་གཏེར་མཛོད་བཞིན༔ ཉམས་བླང་མི་གྲོལ་དབང་མེད་པའི༔ གནད་གསང་མཆོག་ལ་བརྩོན་པ་ཡིས༔ རིང་པོའི་དུས་ལ་མི་ལྟོས་པར༔ ཟུང་འཇུག་ཡེ་ཤེས་ཟབ་མོའི་གཞིར༔ གྲོལ་ནས་དཔལ་ཆེན་གོ་འཕང་ཐོབ༔ ཆོས་སྐུ་འོད་གསལ་དེ་བཞིན་ཉིད༔ བདེ་ཆེན་འགག་མེད་ཀུན་ཏུ་འཆང༔ ལྔ་ལྡན་ཡེ་ཤེས་དམ་པའི་གཟུགས༔ ཞི་ཁྲོའི་འཁོར་ལོ་ཅིར་ཡང་འཆར༔ དབྱིངས་ལས་མ་གཡོས་ཕྲིན་ལས་ནི༔ ནམ་མཁའ་ཇི་སྲིད་རྒྱུན་མི་འཆད༔ མཆོག་ཏུ་མི་འགྱུར་རྡོ་རྗེའི་ཀློང༔ རྣམ་པ་ཐ་དད་ངོ་བོ་གཅིག༔ ཟབ་གསལ་གཞན་དུ་མི་འཕོ་བའི༔ རོལ་པ་སྲིད་ཞི་ཡོངས་ལ་གསལ༔ ཀུན་ཀྱང་ཐམས་ཅད་མཁྱེན་པ་ཡི༔ ཡེ་ཤེས་གསང་བ་འོད་གསལ་བ༔ མ་འདྲེས་ཐམས་ཅད་ཀུན་ཏུ་གཟིགས༔ དབྱེར་མེད་མཉམ་ཉིད་བྱ་རྩོལ་བྲལ༔ ཟག་པ་མེད་པའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་དབྱིངས་དང་མཉམ༔ རྟག་ཏུ་བདེ་ཆེན་གོ་ས་ལས༔ མི་གཡོ་ཞི་བ་མཐར་ཐུག་པ༔ མཉམ་པར་བཞག་བཞིན་འཕྲོ་བའི་ངོར༔ བཀོད་པ་ཚད་བཟུང་བྲལ་བར་འཇུག༔ ཟག་བཅས་སྒྲིབ་ལས་རྣམ་གྲོལ་ཞིང༔ སྤང་རྟོགས་ཡོན་ཏན་རྒྱ་མཚོ་ལས༔ ཉམས་པ་མེད་པའི་དབྱིངས་རིག་གི༔ ཀློང་དུ་འཕོ་འགྱུར་བྲལ་བ་ཐོབ༔ ས་མ་ཡ༔ རྨད་བྱུང་དེ་ཉིད་ངེས་པའི་རྒྱུད༔ ཤིན་ཏུ་གསང་བ་ཆེན་པོའི་ལམ༔ སྒྲ་ཚིག་བྱ་རྩོལ་བྲལ་བ་ནི༔ དེ་བཞིན་གཤེགས་པའི་ཐུགས་ལ་གནས༔ བདེ་ཆེན་དག་པའི་འོག་མིན་དུ༔ རྡོ་རྗེ་སེམས་དཔའ་ཧེ་རུ་ཀ༔ སྟོན་འཁོར་དགོངས་པ་མཉམ་པ་ཡི༔ ཡེ་ཤེས་འཁོར་ལོ་རྒྱུན་མི་འཆད༔ རང་ངོར་ཀུན་ཏུ་རྟོག་བྲལ་ཡང༔ ཐུགས་རྗེ་འགག་མེད་རང་ཤར་རྒྱུད༔ ཟབ་ཅིང་གསང་ལ་རྒྱ་ཆེ་བ༔ རྩ་བཤད་ཡན་ལག་མན་ངག་གི༔ རྒྱུད་སྡེ་འབུམ་ཕྲག་དུ་མ་སྣང༔ ཀུན་གྱི་མཐར་ཐུག་ཡང་ཟབ་རྒྱུད༔ ཞི་ཁྲོའི་དཀྱིལ་འཁོར་རྒྱ་མཚོ་ཡི༔ གསེང་ལམ་གཅིག་དྲིལ་ངོ་མཚར་བ༔ བླ་མེད་འདུས་པའི་ཏནྟྲར་སྣང༔ སྐུ་གསུམ་སྟོན་པའི་ཡེ་ཤེས་རྒྱུད༔ ཐུན་མོང་མ་ཡིན་ཆོས་ཀྱི་མཆོག༔ དྷ་ན་ཀོ་ཤའི་ཕོ་བྲང་དུ༔ རིག་འཛིན་རྒྱལ་པོ་ཀུཉྫ་རས༔ ལྷ་ཀླུ་མི་ཡི་འདུས་པར་གསུངས༔ དེ་ཝ་བཟང་སྐྱོངས་ལས་ཀྱི་དབང༔ གཉིས་སུ་མེད་ལས་བདག་ཉིད་ཆེ༔ པདྨ་ཐོད་ཕྲེང་ལ་གཏད་ནས༔ རྡོ་རྗེའི་ས་ལ་མངོན་སུམ་སོན༔ ཐུགས་ཀྱི་བརྣག་པ་ཡང་གསང་བཅུད༔ ཐུན་མིན་སྙིང་གི་ཟུངས་བཅུད་དུ༔ བཟུང་སྟེ་གཏན་ལ་ཕབ་ནས་ཀྱང༔ ཟ་ཧོར་བོད་ཡུལ་རྣམས་སུ་བཤད༔ དོན་བརྒྱུད་མངའ་བདག་ཁུ་དབོན་དང༔ ཁྱད་པར་མཆོག་གྲུབ་རྒྱལ་པོར་བསྟན༔ དཔེ་རྒྱུད་པདྨ་བརྩེགས་པ་རུ༔ བདག་ཉིད་མཚོ་རྒྱལ་བཅས་པས་སྦས༔ བདག་གི་སྨོན་ལམ་མཐུ་བཙན་ཞིང༔ ཆོས་ཀྱི་རྒྱལ་པོའི་ཐུགས་བསྐྱེད་ཀྱིས༔ དུས་ཀྱི་ཐ་མའི་ལས་ལྡན་གྱི༔ བཙས་སུ་སྣང་ཞིང་རྒྱས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རང་བྱུང་རྡོ་རྗེའི་སངས་རྒྱས་དཔལ་ཨོ་རྒྱན་གྱི་སློབ་དཔོན་པདྨ་སཾ་བྷ་ཝའི་ཐུགས་ཀྱི་གསང་བ་ཡེ་ཤེས་སྙིང་པོ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་རྩ་བ་དོན་གྱི་རྡོ་རྗེའི་རྒྱུད་ཆེན་པོ་གང༌། ཟབ་རྒྱས་གསང་བ་མཆོག་གི་མངའ་བདག་ཏུ་གདོད་ནས་གྲུབ་པའི་ཀུན་མཁྱེན་བླ་མ་བརྩེ་བ་ཆེན་པོ་རྒྱལ་ཀུན་གསང་འཛིན་དབང་པོ་པདྨ་ཡེ་ཤེས་རྡོ་རྗེ་སྟངས་དཔྱལ་གྱིས་རིན་པོ་ཆེ་སྣ་ཚོགས་པའི་མཎྜལ་ལྷ་རྫས་ནང་མཛོད་ཀྱིས་བཏེགས་ཏེ་བྲི་གཞི་ཤོག་སེར་བཅས་བསྩལ་བ་དང༌། གཞན་ཡང་འཇམ་མགོན་ཡང་སྲིད་པདྨ་བི་མ་ལའི་མཚན་ཅན་དང༌། རྣམ་སྣང་ལོ་ཙཱ་བའི་སྒྱུ་འཕྲུལ་རྒྱལ་སྤྲུལ་རྡོ་རྗེ་འཆང་དྷརྨ་ཤྲཱི། སྨིན་གླིང་མཁན་ཆེན་རིན་པོ་ཆེ་སོགས་དམ་པའི་སྐྱེས་ཆེན་དུ་མས་དགྱེས་པས་དབུགས་དབྱུང་བའི་རྟེན་འབྲེལ་མཐུན་སྦྱོར་མཛད་པ་ལྟར། རྡོ་རྗེ་ཧེ་རུ་ཀའི་གསེང་ལམ་འདི་ལ་སྔོན་དགེའི་སྤོབས་པ་ཅུང་ཟད་སད་པའི་པདྨ་གར་དབང་བདེ་ཆེན་འོད་གསལ་མདོ་སྔགས་གླིང་པས་གཡོ་རུ་ཁྲ་འབྲུག་བྱམས་སྙོམས་ཀྱི་གཙུག་ལག་ཁང་ཆེན་པོར་གཏན་ལ་ཕབ་པ་འདིས་ཀྱང་མཁའ་ཁྱབ་ཀྱི་ཡིད་ཅན་གྲོང་ཁྱེར་དྲུག་གི་སྡུག་བསྔལ་གྱི་རྒྱ་མཚོའི་མཐར་བརྒལ་ཏེ་རྣམ་མཁྱེན་ནོར་བུའི་གླིང་དུ་བདེ་བླག་གིས་རྩེན་ནས་སྐུ་བཞིའི་དཔལ་འབྱོར་མཐའ་ཀླས་པར་ལོངས་སུ་སྤྱོད་པ་དང༌། གངས་ཅན་བསྟན་འགྲོའི་དགའ་སྟོན་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱི་ཐུགས་བསྐྱེད་སྨོན་ལམ་བཞིན་འཕེལ་རྒྱས་བརྟན་པའི་རྟེན་འབྲེལ་མཆོག་གི་གསོས་སུ་གྱུར་ཅིག །མངྒ་ལཾ། དགེའོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-22-ZA]] | [[Category:DKR-KABUM-Volume-22-ZA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Latest revision as of 08:12, 1 June 2024
Wylie title | dpal bka' 'dus snying po rtsa ba'i rgyud | |
---|---|---|
Location | dil mgo mkhyen brtse bka' 'bum Volume 22, Text 5, Pages 80-88 (Folios 1a to 9b3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | ཨོ་རྒྱན་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་, དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (o rgyan gling pa, 'jam dbyangs mkhyen brtse'i dbang po, Khyentse, Dilgo) | |
Citation | Khyentse, Dilgo. Dpal bka' 'dus snying po rtsa ba'i rgyud. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 22: 80-88. Delhi: Shechen Publications, 1994. | |
Genre | Tantras - rgyud | |
Cycle | དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ (dpal bka' 'dus chos kyi rgya mtsho) | |
Deity | zhi khro | |
Colophon |
རང་བྱུང་རྡོ་རྗེའི་སངས་རྒྱས་དཔལ་ཨོ་རྒྱན་གྱི་སློབ་དཔོན་པདྨ་སཾ་བྷ་ཝའི་ཐུགས་ཀྱི་གསང་བ་ཡེ་ཤེས་སྙིང་པོ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་རྩ་བ་དོན་གྱི་རྡོ་རྗེའི་རྒྱུད་ཆེན་པོ་གང༌། ཟབ་རྒྱས་གསང་བ་མཆོག་གི་མངའ་བདག་ཏུ་གདོད་ནས་གྲུབ་པའི་ཀུན་མཁྱེན་བླ་མ་བརྩེ་བ་ཆེན་པོ་རྒྱལ་ཀུན་གསང་འཛིན་དབང་པོ་པདྨ་ཡེ་ཤེས་རྡོ་རྗེ་སྟངས་དཔྱལ་གྱིས་རིན་པོ་ཆེ་སྣ་ཚོགས་པའི་མཎྜལ་ལྷ་རྫས་ནང་མཛོད་ཀྱིས་བཏེགས་ཏེ་བྲི་གཞི་ཤོག་སེར་བཅས་བསྩལ་བ་དང༌། གཞན་ཡང་འཇམ་མགོན་ཡང་སྲིད་པདྨ་བི་མ་ལའི་མཚན་ཅན་དང༌། རྣམ་སྣང་ལོ་ཙཱ་བའི་སྒྱུ་འཕྲུལ་རྒྱལ་སྤྲུལ་རྡོ་རྗེ་འཆང་དྷརྨ་ཤྲཱི། སྨིན་གླིང་མཁན་ཆེན་རིན་པོ་ཆེ་སོགས་དམ་པའི་སྐྱེས་ཆེན་དུ་མས་དགྱེས་པས་དབུགས་དབྱུང་བའི་རྟེན་འབྲེལ་མཐུན་སྦྱོར་མཛད་པ་ལྟར། རྡོ་རྗེ་ཧེ་རུ་ཀའི་གསེང་ལམ་འདི་ལ་སྔོན་དགེའི་སྤོབས་པ་ཅུང་ཟད་སད་པའི་པདྨ་གར་དབང་བདེ་ཆེན་འོད་གསལ་མདོ་སྔགས་གླིང་པས་གཡོ་རུ་ཁྲ་འབྲུག་བྱམས་སྙོམས་ཀྱི་གཙུག་ལག་ཁང་ཆེན་པོར་གཏན་ལ་ཕབ་པ་འདིས་ཀྱང་མཁའ་ཁྱབ་ཀྱི་ཡིད་ཅན་གྲོང་ཁྱེར་དྲུག་གི་སྡུག་བསྔལ་གྱི་རྒྱ་མཚོའི་མཐར་བརྒལ་ཏེ་རྣམ་མཁྱེན་ནོར་བུའི་གླིང་དུ་བདེ་བླག་གིས་རྩེན་ནས་སྐུ་བཞིའི་དཔལ་འབྱོར་མཐའ་ཀླས་པར་ལོངས་སུ་སྤྱོད་པ་དང༌། གངས་ཅན་བསྟན་འགྲོའི་དགའ་སྟོན་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱི་ཐུགས་བསྐྱེད་སྨོན་ལམ་བཞིན་འཕེལ་རྒྱས་བརྟན་པའི་རྟེན་འབྲེལ་མཆོག་གི་གསོས་སུ་གྱུར་ཅིག །མངྒ་ལཾ། དགེའོ།། | |
rang byung rdo rje'i sangs rgyas dpal o rgyan gyi slob dpon pad+ma saM b+ha wa'i thugs kyi gsang ba ye shes snying po bka' 'dus chos kyi rgya mtsho'i rtsa ba don gyi rdo rje'i rgyud chen po gang*/_zab rgyas gsang ba mchog gi mnga' bdag tu gdod nas grub pa'i kun mkhyen bla ma brtse ba chen po rgyal kun gsang 'dzin dbang po pad+ma ye shes rdo rje stangs dpyal gyis rin po che sna tshogs pa'i maN+Dal lha rdzas nang mdzod kyis btegs te bri gzhi shog ser bcas bstsal ba dang*/_gzhan yang 'jam mgon yang srid pad+ma bi ma la'i mtshan can dang*/_rnam snang lo tsA ba'i sgyu 'phrul rgyal sprul rdo rje 'chang d+harma shrI/_smin gling mkhan chen rin po che sogs dam pa'i skyes chen du mas dgyes pas dbugs dbyung ba'i rten 'brel mthun sbyor mdzad pa ltar/_rdo rje he ru ka'i gseng lam 'di la sngon dge'i spobs pa cung zad sad pa'i pad+ma gar dbang bde chen 'od gsal mdo sngags gling pas g.yo ru khra 'brug byams snyoms kyi gtsug lag khang chen por gtan la phab pa 'dis kyang mkha' khyab kyi yid can grong khyer drug gi sdug bsngal gyi rgya mtsho'i mthar brgal te rnam mkhyen nor bu'i gling du bde blag gis rtsen nas sku bzhi'i dpal 'byor mtha' klas par longs su spyod pa dang*/_gangs can bstan 'gro'i dga' ston o rgyan chos kyi rgyal po yab yum gyi thugs bskyed smon lam bzhin 'phel rgyas brtan pa'i rten 'brel mchog gi gsos su gyur cig__/mang+ga laM/_dge'o// |