DKR-KABUM-22-ZA-004

From Khyentse Lineage - A Tsadra Foundation Project

རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་གཏོར་མའི་ཟིན་བྲིས་གྲུབ་གཉིས་སྒོ་འབྱེད།
Wylie title rdo rje phur pa gnyags lugs kyi gtor ma'i zin bris grub gnyis sgo 'byed DKR-KABUM-22-ZA-004.pdf
Location dil mgo mkhyen brtse bka' 'bum
Volume 22, Text 4, Pages 78-79 (Folios 1a1 to 2a4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra)
Citation Khyentse, Dilgo. Rdo rje phur pa gnyags lugs kyi gtor ma'i zin bris grub gnyis sgo 'byed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 22: 78-79. Delhi: Shechen Publications, 1994.
Genre Notes - zin bris  ·  Torma-offering Rituals - gtor chog
Cycle སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod)
Deity rdo rje phur pa

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་གཏོར་མའི་ཟིན་བྲིས་གྲུབ་གཉིས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ཡ། ལས་དང་དངོས་གྲུབ་རྩ་བ་ནི། །གཏོར་མ་ཁོ་ནས་བྱེད་པ་སྟེ། །དབྱེ་ན་རྟེན་རྟག་བསྐང་མཆོད་བཞི། །རྟེན་གཏོར་བྱིན་ཆགས་རྫས་སྤོད་ཀྱི། །ངར་ཕྱེ་ཁྲག་ཆང་མར་ཁུས་སྦྲུས། །ཁམས་གསུམ་ཟིལ་གནོན་བང་རིམ་གསུམ། །ཁྲོ་བཅུ་མཚོན་པའི་གནམ་ལྕགས་ཀྱི། །དྲག་པོའི་འཁོར་ལོ་རྩིབས་བརྒྱད་པའི། །སྟེང་དུ་ཉི་ཟླ་འོག་གསེར་དཀྱིལ། །གཙོ་བོ་དཔལ་གྱི་གཏོར་ཆེན་ལ། །ཡུམ་ནི་མཛེས་པའི་པད་འདབ་སྤྲས། །སྲས་མཆོག་པད་ཚབ་མཐེབ་ཀྱུས་མཚན། །ལྷུན་ཆགས་བརྗིད་དང་ལྡན་པར་བཞེངས། །དཀྱིལ་འཁོར་ལྷ་དང་གཉིས་མེད་པས། །བྱིན་རླབས་དབང་དང་དངོས་གྲུབ་ལེན། །རྟག་གཏོར་སྤོད་སྨན་འབྲུ་སྣ་ཡི། །ཟན་ལས་བང་རིམ་གསུམ་པའི་སྟེང༌། །ཟུར་བརྒྱད་མཁར་ཐབས་ཁ་བད་ཅན། །སྟེང་དུ་དཔལ་གཏོར་པད་འདབ་མཐེབ། །མཁར་ཐབས་ཟུར་རེར་དཔལ་གཏོར་རེ། །མདུན་རྒྱབ་ལྷག་པའི་འཁོར་ལྡན་པ། །འདོད་ཡོན་མཆོད་པའི་གཏེར་མཛོད་དུ། །ཤེས་པས་དངོས་གྲུབ་གཏའ་རུ་འཛུགས། །བསྐང་གཏོར་ཞི་བ་སྨན་དཀར་མངར། །རྒྱས་པར་ཟས་སྣ་རིན་ཆེན་དར། །དབང་ལ་མྱོས་བྱེད་ལན་ཚྭ་མངར། །དྲག་པོར་དུག་ཁྲག་ལྕགས་ཟངས་ཕྱེ། །མཆོག་ལ་མྱོང་གྲོལ་མ་དཱ་ནས། །སྦྲུས་པའི་རི་རབ་ཁ་ཁྱེར་ཅན། །གསེར་དཀྱིལ་གྲུ་བཞི་པད་འདབ་བརྒྱད། །གྱེན་བསྟན་ཟེའུ་ཉི་ཟླས་མཚན། །སྟེང་དུ་དཔལ་གཏོར་པད་འདབ་མཐེབ། །བང་རིམ་གཏོར་ཆུང་མཐེབ་ཀྱུས་གཏམས། །སྨན་རཀ་ཚོགས་ཀྱི་མཆོད་པ་བཅས། །གྲངས་མེད་རྒྱན་དང་ལྡན་པ་ནི། །ཉམས་ཆག་བསྐང་ཞིང་དགྱེས་བསྐྱེད་པའི། །ཐབས་ཀྱི་གསང་བ་དམ་པའོ། །མཆོད་གཏོར་འབྲུ་སྨན་ཟས་སྣ་ལས། །དཔལ་གྱི་གཏོར་མ་རང་འདྲ་བཅུ། །མཐེབ་ཀྱུ་བརྩེགས་པས་གཏམས་བྱས་ནས། །དགྱེས་བསྐྱེད་བཟའ་བཅའི་ཚུལ་དུ་སྤུངས། །ལས་ལ་བསྐུལ་ཕྱིར་འབུལ་བའོ། །སྒྲུབ་ཆེན་སྤྲོས་བཅས་སྒྲུབ་མཆོད་སྐབས། །གཙང་ཞིང་དག་པའི་ཆོ་ག་ཡིས། །རྒྱས་ན་གཏོར་མ་ཀུན་ཚོགས་པས། །དངོས་གྲུབ་ཚོགས་གཉིས་རྒྱ་ཆེར་འཕེལ། །འབྲིང་པོ་དཀྱུས་ཀྱི་མཆོད་པའི་སྐབས། །རྟེན་དང་མཆོད་པའི་གཏོར་མ་ཙམ། །ཚོགས་པས་རུང་ཞིང་སྤྲོས་པ་འཚམ། །བསྡུ་ན་བསྙེན་དུས་རྒྱུན་ཁྱེར་ལ། །རྟེན་གཏོར་ཁོ་ན་ཤེས་པ་བཞིར། །ལས་ཀུན་བྱེད་པ་སྤྲོས་མེད་ལུགས། །དེ་བས་སྐབས་དང་བསྟུན་ཏེ་བྱ། །རྫས་དང་ཏིང་འཛིན་སྔགས་ཕྱག་རྒྱ། །ཚོགས་པས་ལས་ཀུན་མཐུ་ཆེ་ཞིང༌། །དངོས་གྲུབ་རྒྱུ་རུ་ངེས་པ་ཡིན། །དེ་ཕྱིར་འདི་ཡང་ལྟར་སྣང་ཙམ། །མ་ཡིན་འབད་པ་གཅེས་པར་གསུངས། །ཚུལ་འདི་ཕུར་པའི་སྒྲུབ་ཆེན་སྐབས། །ལས་སྨོན་དག་པའི་དགེ་བའི་བཤེས། །ནོར་བུ་སྤྲུལ་སྐུས་གསུང་བསྐུལ་ངོར། །ལམ་འདིའི་བཀའ་བབ་འོད་གསལ་གླིང༌། །རིག་པའི་མེ་ལོང་གཙང་མ་ལ། །རྩ་གསུམ་དགྱེས་པའི་དག་སྣང་གཟུགས། །ཡི་གེར་བཏབ་པས་བསྟན་འགྲོ་ཡི། །དགེ་མཚན་བཀྲ་ཤིས་འཕེལ་གྱུར་ཅིག །མངྒ་ལཾ།། །།
[edit]
  1. /__/rdo rje phur pa gnyags lugs kyi gtor ma'i zin bris grub gnyis sgo 'byed ces bya ba bzhugs so//

na mo gu ru shrI badz+ra ku mA ra ya/_las dang dngos grub rtsa ba ni/_/gtor ma kho nas byed pa ste/_/dbye na rten rtag bskang mchod bzhi/_/rten gtor byin chags rdzas spod kyi/_/ngar phye khrag chang mar khus sbrus/_/khams gsum zil gnon bang rim gsum/_/khro bcu mtshon pa'i gnam lcags kyi/_/drag po'i 'khor lo rtsibs brgyad pa'i/_/steng du nyi zla 'og gser dkyil/_/gtso bo dpal gyi gtor chen la/_/yum ni mdzes pa'i pad 'dab spras/_/sras mchog pad tshab mtheb kyus mtshan/_/lhun chags brjid dang ldan par bzhengs/_/dkyil 'khor lha dang gnyis med pas/_/byin rlabs dbang dang dngos grub len/_/rtag gtor spod sman 'bru sna yi/_/zan las bang rim gsum pa'i steng*/_/zur brgyad mkhar thabs kha bad can/_/steng du dpal gtor pad 'dab mtheb/_/mkhar thabs zur rer dpal gtor re/_/mdun rgyab lhag pa'i 'khor ldan pa/_/'dod yon mchod pa'i gter mdzod du/_/shes pas dngos grub gta' ru 'dzugs/_/bskang gtor zhi ba sman dkar mngar/_/rgyas par zas sna rin chen dar/_/dbang la myos byed lan tshwa mngar/_/drag por dug khrag lcags zangs phye/_/mchog la myong grol ma dA nas/_/sbrus pa'i ri rab kha khyer can/_/gser dkyil gru bzhi pad 'dab brgyad/_/gyen bstan ze'u nyi zlas mtshan/_/steng du dpal gtor pad 'dab mtheb/_/bang rim gtor chung mtheb kyus gtams/_/sman raka tshogs kyi mchod pa bcas/_/grangs med rgyan dang ldan pa ni/_/nyams chag bskang zhing dgyes bskyed pa'i/_/thabs kyi gsang ba dam pa'o/__/mchod gtor 'bru sman zas sna las/_/dpal gyi gtor ma rang 'dra bcu/_/mtheb kyu brtsegs pas gtams byas nas/_/dgyes bskyed bza' bca'i tshul du spungs/_/las la bskul phyir 'bul ba'o/__/sgrub chen spros bcas sgrub mchod skabs/_/gtsang zhing dag pa'i cho ga yis/_/rgyas na gtor ma kun tshogs pas/_/dngos grub tshogs gnyis rgya cher 'phel/_/'bring po dkyus kyi mchod pa'i skabs/_/rten dang mchod pa'i gtor ma tsam/_/tshogs pas rung zhing spros pa 'tsham/_/bsdu na bsnyen dus rgyun khyer la/_/rten gtor kho na shes pa bzhir/_/las kun byed pa spros med lugs/_/de bas skabs dang bstun te bya/_/rdzas dang ting 'dzin sngags phyag rgya/_/tshogs pas las kun mthu che zhing*/_/dngos grub rgyu ru nges pa yin/_/de phyir 'di yang ltar snang tsam/_/ma yin 'bad pa gces par gsungs/_/tshul 'di phur pa'i sgrub chen skabs/_/las smon dag pa'i dge ba'i bshes/_/nor bu sprul skus gsung bskul ngor/_/lam 'di'i bka' bab 'od gsal gling*/_/rig pa'i me long gtsang ma la/_/rtsa gsum dgyes pa'i dag snang gzugs/_/yi ger btab pas bstan 'gro yi/_/dge mtshan bkra shis 'phel gyur cig_/mang+ga laM//_//

Footnotes

Other Information