DKR-KABUM-21-ZHA-026: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...") |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=དཔལ་རྡོ་རྗེ་གཞོན་ནུ་གཉགས་ཆེན་ལུགས་ཀྱི་སྨིན་བྱེད་བཀླག་པས་གྲུབ་པ་ཡེ་ཤེས་བདུད་རྩིའི་ཀླུང་ཆེན། | |||
|fulltitle=dpal rdo rje gzhon nu gnyags chen lugs kyi smin byed bklag pas grub pa ye shes bdud rtsi'i klung chen | |||
|citation=[[Khyentse, Dilgo]]. ''Dpal rdo rje gzhon nu gnyags chen lugs kyi smin byed bklag pas grub pa ye shes bdud rtsi'i klung chen''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 21: 220-305. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
| | |sourcerevealer=Khyentse, Dilgo | ||
| | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|volumenumber= | |associatedpeople=gnyags dz+nyA na ku mA ra | ||
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | |||
|tibgenre=Empowerment Ritual - dbang chog - dbang skur | |||
|terma=Yes | |||
|dkroutline=Six | |||
|deity=rdo rje phur pa | |||
|cycle=snyan brgyud snying gi gsang mdzod | |||
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | |||
|volumenumber=021 | |||
|volnumtib=༢༡ | |||
|volyigtib=ཞ་ | |||
|totalvolumes=25 | |||
|textnuminvol=026 | |textnuminvol=026 | ||
|pagenumbers=220-305 | |||
|totalpages=171 | |||
|beginfolioline=1a | |||
|endfolioline=86a4 | |||
|totalfolios=86 | |||
|multivolumework=No | |||
|rectonotes=dbang chog | |||
|versonotes=gnyags lugs phur pa | |||
|colophontib=།དཔལ་རྡོ་རྗེ་ཕུར་པ་རྩ་བ་ཡན་ལག་བཀའ་སྲུང་དང་བཅས་པའི་སྨིན་བྱེད་ཆུ་*འབབས་སུ་བཀོད་པ་འདི་ཡང་རྒྱལ་ཀུན་ཕྲིན་ལས་ཀྱི་མེས་པོ་འཇམ་མགོན་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་གྱིས་ཆོས་སྐོར་འདི་དག་དེང་དུས་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང༌། ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་ཟབ་གཏེར་གྱི་ཆ་ཤས་ངེས་པར་ཡིན་ཞེས་དགྱེས་པ་ཆེན་པོས་དབུག་དབྱུང་བསྩལ་ཞིང༌། སྨིན་གྲོལ་རིགས་ཆེད་དུ་གསན་ནས་དབང་དང་སྒྲུབ་ཐབས་བཅས་ཆོག་ཁྲིགས་བཀའ་དྲིན་བསྩལ་ཀྱང༌། སྙིགས་དུས་ཡོ་ལངས་འཁྲུགས་པས་དབང་ཁྲིགས་ཀྱི་དཔེ་མི་མངོན་པར་གྱུར་པ་ལ། སླར་ཡང་སྔ་འགྱུར་བཀའ་གཏེར་གྱི་རིང་ལུགས་ལ་རྒྱུ་མཚན་ཤེས་པའི་ཆོས་སྤྱན་མངའ་བ་དམ་པའི་སྐྱེས་མཆོག་འཁྲུལ་ཞིག་མཆོག་སྤྲུལ་འགྱུར་མེད་ཆོས་ཀྱི་བློ་གྲོས་དང༌། རྒྱལ་བ་ཀཿཐོག་པའི་གདན་འཛིན་ཐེག་མཆོག་སྙིང་པོའི་བསྟན་པའི་གསལ་བྱེད་སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ། སྒྲུབ་བརྩོན་བླ་མ་དམ་པ་ཀུན་དགའ་སོགས་ནས་སྨིན་གྲོལ་ཉམས་བཞེས་གནང་བཞེད་ཀྱིས་རྟེན་དང་བཅས་བསྐུལ་བའི་ཁར། འཇམ་མགོན་བརྒྱུད་པའི་རིང་ལུགས་ལ་ལས་སྨོན་དག་པས་འབྲེལ་བའི་ངེས་དོན་གྱི་རྣལ་འབྱོར་ཀློང་ཆེན་ཡེ་ཤེས་རྡོ་རྗེས་སངས་གླིང་གཏེར་བྱོན་གནམ་ལྕགས་ཀྱི་ཕུར་པའི་སྐྱེས་བཅས་ཆེད་དུ་ཡང་ཡང་བསྐུལ་བ་དང༌། ལུང་ཟིན་རྩ་བའི་ཆོས་བདག་འཇམ་མགོན་བླ་མའི་མཆོག་སྤྲུལ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་དང༌། ཞེ་ཆེན་རབ་འབྱམས་སྤྲུལ་སྐུ་འགྱུར་མེད་ཆོས་ཀྱི་སེང་གེ་རྣམས་ཀྱི་སྐུ་ཚེ་དང་མཛད་ཕྲིན་ལ་བར་ཆད་སེལ་བའི་རྟེན་འབྲེལ་དུ་དམིགས་པས་མཚམས་སྦྱར་ནས། སློབ་དཔོན་པྲ་བྷ་ཧསྟི་དངོས་བྱོན་ཞེ་ཆེན་པ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་སོགས་རྡོ་རྗེ་ཕུར་པ་དངོས་སུ་གྲུབ་པའི་རིག་འཛིན་དུ་མས་རྗེས་སུ་བཟུང་ཞིང༌། ཕུར་པ་བཀའ་གཏེར་གྱི་སྨིན་གྲོལ་བདུད་རྩིས་བློ་ཡི་བུམ་པ་ཁེངས་པའི་སྔགས་བཙུན་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པ་ཕྲིན་ལས་དྲག་པོ་རྩལ་གྱིས་བལ་ཡུལ་ཡང་ལེ་ཤོད་ཀྱི་རྡོ་རྗེའི་ཀེའུ་ཚང་ནས་དབུ་བརྩམ་སྟེ་རིམ་གྱིས་རྫོགས་པར་བགྱིས་པའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པའི་རིང་ལུགས་ལ་ཡིད་ཆེས་ཀྱི་དད་བློ་དགེ་བ་རྙིང་བཙུན་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང༌། རང་སློབ་དད་བློ་གསལ་བ་ཨོ་རྒྱན་གཞན་ཕན་ཟུང་གིས་བགྱིས་པ་འདིས་ཀྱང་རྒྱལ་བསྟན་རིན་པོ་ཆེ་གྲུ་བཞི་ལམ་ཁྱེར་དུ་རྒྱས་ནས་ནག་ཕྱོགས་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་དཔལ་དུ་ངེས་པར་གྱུར་ཅིག །ཤྲཱི་བི་ཛ་ཡནྟུ།། | |||
|colophonwylie=/dpal rdo rje phur pa rtsa ba yan lag bka' srung dang bcas pa'i smin byed chu [*]'babs su bkod pa 'di yang rgyal kun phrin las kyi mes po 'jam mgon thams cad mkhyen gzigs 'jam dbyangs chos kyi blo gros ris med bstan pa'i rgyal mtshan gyis chos skor 'di dag deng dus byin rlabs kyi tshan kha che zhing*/_kun gzigs mkhyen brtse'i dbang po'i zab gter gyi cha shas nges par yin zhes dgyes pa chen pos dbug dbyung bstsal zhing*/_smin grol rigs ched du gsan nas dbang dang sgrub thabs bcas chog khrigs bka' drin bstsal kyang*/_snyigs dus yo langs 'khrugs pas dbang khrigs kyi dpe mi mngon par gyur pa la/_slar yang snga 'gyur bka' gter gyi ring lugs la rgyu mtshan shes pa'i chos spyan mnga' ba dam pa'i skyes mchog 'khrul zhig mchog sprul 'gyur med chos kyi blo gros dang*/_rgyal ba kaHthog pa'i gdan 'dzin theg mchog snying po'i bstan pa'i gsal byed smyo shul mkhan po 'jam dbyangs rdo rje/_sgrub brtson bla ma dam pa kun dga' sogs nas smin grol nyams bzhes gnang bzhed kyis rten dang bcas bskul ba'i khar/_'jam mgon brgyud pa'i ring lugs la las smon dag pas 'brel ba'i nges don gyi rnal 'byor klong chen ye shes rdo rjes sangs gling gter byon gnam lcags kyi phur pa'i skyes bcas ched du yang yang bskul ba dang*/_lung zin rtsa ba'i chos bdag 'jam mgon bla ma'i mchog sprul 'jam dbyangs thub bstan chos kyi rgya mtsho dang*/_zhe chen rab 'byams sprul sku 'gyur med chos kyi seng ge rnams kyi sku tshe dang mdzad phrin la bar chad sel ba'i rten 'brel du dmigs pas mtshams sbyar nas/_slob dpon pra b+ha hasti dngos byon zhe chen pa rdo rje dbang mchog dgyes pa rtsal sogs rdo rje phur pa dngos su grub pa'i rig 'dzin du mas rjes su bzung zhing*/_phur pa bka' gter gyi smin grol bdud rtsis blo yi bum pa khengs pa'i sngags btsun klong chen nam mkha' 'od gsal pad+ma mdo sngags gling pa phrin las drag po rtsal gyis bal yul yang le shod kyi rdo rje'i ke'u tshang nas dbu brtsam ste rim gyis rdzogs par bgyis pa'i yi ge pa ni chos kyi rgyal po gter bdag gling pa'i ring lugs la yid ches kyi dad blo dge ba rnying btsun 'gyur med theg mchog bstan 'dzin dang*/_rang slob dad blo gsal ba o rgyan gzhan phan zung gis bgyis pa 'dis kyang rgyal bstan rin po che gru bzhi lam khyer du rgyas nas nag phyogs kyi g.yul las rnam par rgyal ba'i dpal du nges par gyur cig__/shrI bi dza yan+tu// | |||
|pdflink=File:DKR-KABUM-21-ZHA-026.pdf | |pdflink=File:DKR-KABUM-21-ZHA-026.pdf | ||
}} | }} | ||
Line 16: | Line 40: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །དཔལ་རྡོ་རྗེ་གཞོན་ནུ་གཉགས་ཆེན་ལུགས་ཀྱི་སྨིན་བྱེད་བཀླག་པས་གྲུབ་པ་ཡེ་ཤེས་བདུད་རྩིའི་ཀླུང་ཆེན་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །དཔལ་རྡོ་རྗེ་གཞོན་ནུ་གཉགས་ཆེན་ལུགས་ཀྱི་སྨིན་བྱེད་བཀླག་པས་གྲུབ་པ་ཡེ་ཤེས་བདུད་རྩིའི་ཀླུང་ཆེན་ཞེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །ཨོཾ་སྭ་སྟི་ཤྲཱི་བི་ཛ་ཡནྟུ། རྡོ་རྗེ་ཁྲོས་པ་འབར་བའི་མཚོན་གྱིས་བདུད་ཚོགས་བཅོམ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ་གཅིག་གཞོན་ནུའི་དཔལ། །སྙིང་རྗེའི་མཚོན་ཆེན་ཤིན་ཏུ་རྣོ་བས་མཐའ་གཉིས་འདས། །ཕྲིན་ལས་སྟོབས་འདུས་ཧེ་རུ་ཀ་དཔལ་རྒྱལ་གྱུར་ཅིག །གོ་འཕང་དེ་སྒྲུབ་རྒྱུད་ལུང་མན་ངག་གི །སྙིང་པོའི་དཔལ་གཅིག་སྐལ་བཟང་བཙས་ཐོབ་པ། །དོན་མཐུན་རྡོ་རྗེའི་མཆེད་ཀྱི་དགའ་སྟོན་དུ། །མཁས་གྲུབ་གོང་མའི་གསུང་བཞིན་བསྡེབ་ལ་སྤྲོ། །དེ་ལ་འདིར་སྔ་འགྱུར་རྡོ་རྗེ་སྙིང་པོའི་རིང་ལུགས་ལ་སྒྲུབ་སྡེ་ཆེན་པོ་བརྒྱད་དུ་གྲགས་པའི་ཡ་གྱལ། ཕྲིན་ལས་རྡོ་རྗེ་ཕུར་པའི་སྒོས་བཀའ་ཆེན་པོའི་བྱེ་བྲག །ཕུར་པ་གྲུབ་པའི་རིག་འཛིན་བི་མ་ལ་མི་ཏྲས་གཉགས་ལོ་ཆེན་པོར་སྙན་བརྒྱུད་གསང་བའི་སྨར་ཆོས་སུ་གདམས་ཤིང༌། སངས་རྒྱས་ཀུན་གྱི་ཕྲིན་ལས་ཀྱི་སྤྱི་གཟུགས་སློབ་དཔོན་ཆེན་པོ་པདྨའི་བཀའ་སྲོལ་ཡང་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་སྨིན་བྱེད་ཀྱི་ཕྲེང་བ་བཀླག་ཆོག་དཀྱུས་གཅིག་ཏུ་བསྡེབ་པ་ལ། གཞུང་རྩ་བ་ལས། དབང་སྦྱིན་པའི་སྣོད་སློབ་མ་དམ་ལྡན༔ དབང་བསྐུར་བའི་བདག་པོ་སློབ་དཔོན་མཚན་ལྡན༔ སྨིན་པའི་རྒྱུ་ཆོ་ག་དང་ཏིང་ངེ་འཛིན་ལས་སུ་རུང་བས་དབང་བསྐུར་བ་ནི༔ ཞེས་གསུངས་པ་ལྟར་སྤྱི་ཡི་གནད་ཤེས་པར་བྱས་ལ། དབང་དངོས་ལ་གསུམ། རྩ་བ་རྡོ་རྗེ་ཕུར་པའི་དབང་བསྐུར། ཡན་ལག་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པའི་དབང་བསྐུར། བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོའི་རྗེས་གནང་ངོ༌། །དང་པོ་ལ་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བཞི་བསྐུར་བ་དང༌། སྨད་ལས་དགྲ་བགེགས་སྒྲོལ་བའི་རྗེས་གནང་གཉིས། དང་པོ་ལའང་རྒྱས་འབྲིང་བསྡུས་གསུམ་ལས་ཐོག་མར་དབང་བསྐུར་རྒྱས་པ་བསྙེན་སྒྲུབ་ཡན་ལག་བཞིས་འཆད་ན། །དང་པོ་རང་དོན་བསྙེན་པའི་ལས་རིམ་ལ་བསྙེན་སྒྲུབ་ཡན་ལག་བཞིའི་རྣམ་བཞག་བསྙེན་ཁྲིད་ཀྱི་སྐབས་སུ་བཤད་ཟིན་ལ། གཉིས་པ་བདག་གཞན་གཉིས་ཀའི་དོན་དུ་ཉེ་བསྙེན་སྟ་གོན་གྱི་རིམ་པ་ལ་བཞི་སྟེ། སྒྲུབ་པའི་གནས་ཉེ་བར་བསྙེན་པ་ས་ཆོག །བསྒྲུབ་བྱའི་ལྷ་ཉེ་བར་བསྙེན་པ་ལྷ་སྟ་གོན། སྒྲུབ་རྫས་ཉེ་བར་བསྙེན་པ་བུམ་པ་དང་དབང་རྫས་སྟ་གོན། སྒྲུབ་ཡུལ་སྣོད་ཉེ་བར་བསྙེན་པ་སློབ་མ་སྟ་གོན་གྱི་རིམ་པའོ། །དང་པོ་ལ། རྒྱས་པར་སྒྲུབ་པའི་གནས་ཀྱི་མཚན་ཉིད་བརྟགས་ཏེ། རུང་ན་སྣང་བ་དང་མི་སྣང་བ་ལས་རིན་འཇལ་ཏེ་བསླང༌། ཉེས་པའི་ཕྱོགས་སྦྱངས་བས་ས་གཞི་བཏུལ། ལྷ་དང་རྣལ་འབྱོར་གྱིས་བསྲུངས་ཏེ་བདག་གིར་བྱ་བའི་ཚུལ་བཞི་ཡིན་ཀྱང་སྒྲུབ་པའི་ཁོག་དབུབ་ཏུ་འཆད་པར་འོས་ལ། དབང་རྐྱང་ཙམ་ལ་དབང་སྟེགས་སུ་དཀར་གཏོར་གསེར་སྐྱེམས་དང་བཅས་པ་བཤམས་ཏེ། རྒྱུན་གྱི་རྣལ་འབྱོར་མདོར་བསྡུས་སྔོན་དུ་འགྲོ་བས། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་འབྲུ་གསུམ་འོད་དུ་ཞུ་བ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་བརླབས་ནས། ཨོཾ་པྲི་ཐི་དི་ཝཱི་བྷཱུ་མི་པ་ཏི་ས་པ་རི་ཝ་ར་བཛྲ་ས་མཱ་ཛཿས་མགྲོན་སྤྱན་དྲངས། སྔགས་དེའི་མཐར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐཱ་ཁཾ་ཨུཏག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྷྲྀཧྞ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་སྔགས་བཏགས་པ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ གང་ཞིག་དཀར་པོའི་ཕྱོགས་འཛིན་ཅིང༔ འཛམ་གླིང་ས་ལ་དབང་བྱེད་ཀུན༔ བདག་གིས་གནས་འདིར་དཀྱིལ་འཁོར་བཞེངས༔ ཀོ་ལོང་ཕྲག་དོག་མ་མཛད་པར༔ བརྔན་དུ་གཏོར་མ་གསེར་སྐྱེམས་འབུལ༔ དགྱེས་པར་བཞེས་ལ་ས་འདི་སྩོལ༔ བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད༔ ཅེས་ཕུལ་བས་ས་ཡི་ལྷས་གནང་བ་བྱིན་པར་བསམ་མོ། །གཉིས་པ་བསྒྲུབ་བྱའི་ལྷ་ཉེ་བར་བསྙེན་པ་ལྷ་སྟ་གོན་ནི། དཀྱིལ་འཁོར་གྱི་སྟེགས་བུར་རྡུལ་ཚོན་ཡིན་ན་ཐིག་དང་ཚོན་གྱི་ལས་རིམ་དགོས་ཀྱང་འདིར་རས་བྲིས་ཀྱི་དབང་དུ་བྱས་ཏེ་རིན་པོ་ཆེའི་མཎྜལ་ཆེ་ལེགས་ལ་ལྷ་གཙོ་འཁོར་ལྟར་འབྲུ་དཀར་དྲི་བཟང་གིས་སྦགས་པའི་ཚོམ་བུ་དབུས་སུ་གཙོ་བོ། མདུན། གཡས། གཡོན། དེ་རྒྱབ་ཕྱོགས་མཚམས་སྟེང་འོག་བཅུ། གྲྭ་བཞི། ཕྱོགས་བཞིར་ཚོམ་བུ་རེ་རེ་དང་མཐར་འབྲུ་གཅལ་དུ་བཀྲམ་ལ་སོ་སོའི་སྔགས་བརྗོད་ཅིང་དྲི་བཟང་དང་བདུད་རྩིའི་ཐིག་ལེ་བྱས་པ་སྟེང་དུ་བཀོད། མཐའ་ཉེར་སྤྱོད་མཆོད་པས་བསྐོར། ཧཱུྃ་ཧྲཱིཿ སྣང་སྲིད་བདེ་ཆེན་རོལ་པ་ཡི༔ ཡེ་ཤེས་སྣང་བ་ཁྱབ་བརྡལ་སྤྲིན༔ ཀུན་བཟང་མཆོད་པ་བསམ་ཡས་གཏེར༔ རང་བྱུང་རང་ཤར་ལྷུན་གྱིས་གྲུབ༔ སརྦ་ས་མ་ཡ་པཱུ་ཛ་ཧོཿ ཨོཾ་བཛྲཨརྒྷཾ་ནས། ཤབྡ་མ་ཧཱ་པཱུ་ཛ་སྥ་ར་ཎ་ཁཾ༔ ཞེས་ཕྱི་མཆོད་དང༌། ཨོཾ་མ་ཧཱ་ཤྨ་ཤ་ན་རུ་ཏྲ་བྷོ་གཿརཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ཨཱཿཧཱུྃ༔ ཞེས་ནང་མཆོད་དྲག་པོའི་ཉེར་སྤྱོད་དང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ་གྱིས་སྨན། ཨོཾ་ཨཱཿཧཱུྃ་མ་ཧཱ་ཀ་པཱ་ལ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ༔ ལན་གསུམ་གྱིས་རཀྟ། ཨོཾ་ཨཱ་ཧཱུྃ་མ་ཧཱ་བ་ལིཾ་ཏ་སརྦ་ཀཱ་མ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ་གྱིས་གཏོར་མ་རྣམས་བྱིན་གྱིས་བརླབས། བཛྲ་སྥ་ར་ཎ་ཁཾ་གིས་མཁའ་ཁྱབ་ཏུ་སྤེལ། སྭ་བྷཱས་སྦྱང༌། མདུན་རྟེན་ཡོངས་སུ་གྱུར་པ་ལས༔ མེ་ཀློང་བྷྲཱུཾ་ཡིག་ལྔ་ལྡན་ཆད༔ ཡོངས་གྱུར་པད་ཉི་རྒྱ་གྲམ་སྟེང༔ ཡེ་ཤེས་རང་སྣང་གཞལ་ཡས་ཁང༔ རང་བྱུང་དུར་ཁྲོད་བཀོད་པ་ཅན༔ ཕྱི་ནི་རྩིག་པ་ཁ་དོག་ལྔ༔ ནང་ནི་སྐམ་རློན་རྙིད་པའི་མགོ༔ གནམ་ལྕགས་གཟེར་བཏབ་རཀྟས་སྦྱར༔ རིན་ཆེན་ཕ་གུ་དྲྭ་བ་ཕྱེད༔ ཆུ་སྲིན་རྔམ་པའི་ཁ་ལས་དཔྱང༔ ཤར་བུ་མདའ་ཡབ་པུ་ཤུ་དང༔ གཟའ་དང་ལྷ་ཀླུ་ཀ་གདུང་ཕྱམ༔ རྒྱུ་སྐར་དྲལ་གཟེབ་ཞིང་གི་ཐོག༔ ལྷ་ཆེན་ཐོད་པ་དབུས་ཕྱུར་བུ༔ མ་ཧཱ་རུ་ཏྲའི་ཙིཏྟའི་ཏོག༔ ཡེ་ཤེས་ཟེར་འཕྲོ་འོད་ཕུང་འཁྱིལ༔ རོ་སྐྲའི་རྔ་ཡབ་ཞིང་གི་འཕན༔ གཅན་གཟན་ལྤགས་པའི་རྒྱལ་མཚན་གདུགས༔ ཕྱི་ནང་སྒོ་བཞི་རྟ་བབ་བརྒྱད༔ ཆོས་འཁོར་རི་དྭགས་གདུགས་ཏོག་མཛེས༔ དལ་དབུས་གནམ་ལྕགས་འཁོར་ལོ་དང༔ ལྟེ་བ་ཟླུམ་པོ་ཨེ་ཡིས་མཚན༔ ཟླ་གམ་གསུམ་ལ་ཁྲག་མཚོ་འཁྱིལ༔ བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཀྲོ་དྷ་མཎྜ་ལ་ཧཱུྃ༔ གཞལ་ཡས་དབུས་སུ་རྡོ་རྗེ་ཡི༔ བྲག་ཆེན་པད་ཉི་ལྷ་ཆེན་པོ༔ ཁྱོ་ཤུག་ཟླ་གམ་གསུམ་གྱི་སྟེང༔ པད་ཉི་དགྲ་བགེགས་དྲག་པོ་ཡི༔ འཁོར་ལོ་རྩིབས་བཅུ་རེ་རེ་བཞིན༔ ཕྱོགས་སྐྱོང་ཕོ་མོ་པད་ཉི་དང༔ སྒོ་བཞིར་ཞིང་རྐྱང་གདན་བཅས་གསལ༔ མ་སཱུརྻ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ༔ པྃ་པདྨ་མཎྜ་ལ༔ ཧཱུྃ༔ དབུས་ཀྱི་ཆོས་འབྱུང་ལྟེ་བ་རུ༔ རང་རིག་ཧཱུྃ་བབ་ཡོངས་གྱུར་ལས༔ སྤྲོ་བསྡུས་འོད་ཀྱིས་དོན་གཉིས་བྱས༔ འོད་ཀྱི་ཕུང་པོ་རྡོ་རྗེར་གྱུར༔ བཛྲ་ཧཱུྃ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་འཆང་ཆེན་ཧེ་རུ་ཀ༔ སྤྱི་དཔལ་ཀརྨ་ཀཱི་ལ་ཡ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ རྩ་ཞལ་སྲིན་པོ་ཁྲོས་པའི་ཞལ༔ གཡས་པ་དཀར་བ་ཀུ་མུཏ་ད༔ གཡོན་པ་དམར་ནག་ཨམ་གཙིགས་བསྡམས༔ དེ་སྟེང་ཞལ་གསུམ་ལྗང་སེར་ནག༔ སྟེང་གི་ཞལ་གསུམ་སྨུག་མཐིང་དམར༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ སྤྱི་བོར་རྡོ་རྗེ་ཕྱེད་པའི་ཏོག༔ རྭ་གདེང་ཟར་བུ་སྦྲུལ་གྱིས་བཅིངས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཞལ་བགྲད་མཆེ་གཙིགས་ལྗགས་བརྐྱང་འདྲིལ༔ ཧཱུྃ་ཕཊ་ཕེཾ་གྱི་སྒྲ་དྲག་སྒྲོག༔ ཁྲོ་གཉེར་ཆུ་རླབས་ལྟ་བུར་འཁྲུགས༔ སྨ་ར་སྨིན་མ་མེ་ལྟར་འབར༔ རྡོ་རྗེའི་སྐུ་མཆོག་སྤྲིན་བཞིན་གནག༔ གཡས་དགུའི་དང་པོས་རྡོ་རྗེ་གདེང༔ འཁོར་ལོ་དགྲ་སྟྭ་རལ་གྲི་མདུང༔ ཐོ་བ་ལྕགས་ཀྱུ་གསལ་ཤིང་བསྣམས༔ གཡོན་དགུས་མེ་དཔུང་ཁཊྭཱཾ་ག༔ རི་རབ་ཞགས་པ་བྷནྡྷ་དམར༔ སྡིག་མཛུབ་མདའ་དང་བདུད་བཞིའི་མགོ༔ ཐ་མའི་ཕྱག་གཉིས་ཕུར་བུ་འདྲིལ༔ དྲག་པོའི་སྟང་སྟབས་ཕྱོགས་བཅུར་གཡོ༔ འབར་བའི་ཞབས་བཞི་བརྐྱང་བསྐུམ་གྱིས༔ བར་ཆད་བདུད་བཞི་བརྫིས་ཤིང་མནན༔ གླང་ཆེན་ཞིང་ལྤགས་སྟོད་གཡོགས་ཤིང༔ སྟག་གི་ཤམ་ཐབས་གྲོལ་ཞིང་འཆིང༔ སྐུ་ལ་རུས་པའི་ཕྱག་རྒྱ་དྲུག༔ མགོ་ཕྲེང་དཔལ་གྱི་ཆས་གོས་རྫོགས༔ རྡོ་རྗེ་རིན་ཆེན་གཤོག་པ་གདེང༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང༔ ཁམས་གསུམ་ཟིལ་གནོན་ཆེན་པོར་གསལ༔ པང་དུ་བདེ་ཆེན་སྐྱེད་པའི་ཡུམ༔ འཁོར་ལོ་རྒྱས་འདེབས་ཁྲོ་གཏུམ་སྒེག༔ གཅེར་བུ་གཟིག་གི་ཤམ་ཐབས་གསོལ༔ ཐོད་སྐམ་རུས་པའི་རྒྱན་གྱིས་སྤྲས༔ ཕྱག་གཉིས་གཡས་པས་ཡབ་མགུལ་འཁྱུད༔ ཨུཏྤལ་མཐེབ་སྲིན་སྦྱར་བས་འཛིན༔ གཡོན་པས་དམར་གྱི་བྷནྡྷ་སྟོབ༔ ནུ་འབུར་བྷ་ག་རྒྱས་པས་སྦྱོར༔ སྐེད་སྐབས་ཕྲ་ལྡེམ་གཡས་པའི་ཞབས༔ ཡབ་ཀྱི་དཀུ་ལ་འཁྱུད་ཅིང་ལྡེམ༔ གཡོན་པ་བརྐྱང་སྟེ་དགྲ་བགེགས་བརྫིས༔ འབར་བའི་བརྟུལ་ཞུགས་ཡོངས་སུ་རྫོགས༔ གཙོ་བོའི་གཡོན་དུ་སྒྲོལ་བྱེད་ཀྱི༔ ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ༔ ཁྲོ་གཏུམ་སྒེག་པའི་གཟི་བྱིན་གྱིས༔ ཡབ་ལ་ལྟ་ཞིང་ཆགས་པའི་ཚུལ༔ གཡས་པས་གྲི་གུག་ནམ་མཁར་འཕྱར༔ གཡོན་པས་ཙིཏྟ་ཁྲག་འཛག་ཟ༔ གཅེར་བུ་རུས་པའི་རྒྱན་འཕྱང་བའི༔ གཡེར་ཁའི་སྒྲ་ལས་ཆོས་སྒྲ་སྒྲོག༔ ཕྱོགས་བཅུར་འཁོར་ལོའི་རྩིབས་རྣམས་སུ༔ པད་ཉི་ཕྱོགས་སྐྱོང་ཕོ་མོའི་སྟེང༔ ཧཱུྃ་རྣམས་ཡོངས་གྱུར་ཁྲོ་བཅུར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ྄༔ སྟེང་ཕྱོགས་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་མཛད་སྒྲ་འབྱིན་ཡབ་ཡུམ་ལ༔ ཕྲ་མེན་ཕག་དང་རྨིགས་བུའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ༔ རྣམ་རྒྱལ་སྙེམས་མ་ཡབ་ཡུམ་ལ༔ ཕྲ་མེན་སྟག་དང་བྱ་རྒོད་མགོ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ྄༔ ཤར་ལྷོ་མེ་ལྷའི་གདན་སྟེང་དུ༔ དབྱུག་སྔོན་སྡེར་མོ་ཡབ་ཡུམ་ལ༔ ཕྲ་མེན་གཡག་དང་བྱ་རོག་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ྄༔ ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་དུ༔ གཤིན་རྗེ་དུར་ཁྲོད་ཡབ་ཡུམ་ལ༔ ཕྲ་མེན་ཤ་བ་འུག་པའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄༔ ལྷོ་ནུབ་སྲིན་པོའི་གདན་སྟེང་དུ༔ མི་གཡོ་གཏུན་ཁུང་ཡབ་ཡུམ་ལ༔ ཕྲ་མེན་གཟིག་དང་ཁྭ་ཏའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ནུབ་ཕྱོགས་ཆུ་ལྷའི་གདན་སྟེང་དུ༔ རྟ་མགྲིན་གཏུམ་མོ་ཡབ་ཡུམ་ལ༔ ཕྲ་མེན་བྱི་ལ་པུ་ཤུད་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄༔ ནུབ་བྱང་རླུང་ལྷའི་གདན་སྟེང་དུ༔ འདོད་རྒྱལ་མདའ་སྙེམས་ཡབ་ཡུམ་ལ༔ ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄༔ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ༔ བདུད་རྩི་རླུང་འབྱིན་ཡབ་ཡུམ་ལ༔ ཕྲ་མེན་སེང་གེ་ཕ་ཝཾ་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ྄༔ བྱང་ཤར་དབང་ལྡན་གདན་སྟེང་དུ༔ ཁམས་གསུམ་གསོད་བྱེད་ཡབ་ཡུམ་ལ༔ ཕྲ་མེན་དོམ་དང་སྲེ་མོང་མགོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ྄༔ འོག་ཕྱོགས་ས་བདག་གདན་སྟེང་དུ༔ སྟོབས་ཆེན་བསྐྱོད་བྱེད་ཡབ་ཡུམ་ལ༔ ཕྲ་མེན་དྲེད་དང་བྱི་བའི་མགོ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་མཎྜ་ལ་ཧཱུྃ༔ ཟླ་གམ་འཁྱིལ་པ་གསུམ་གྱི་སྟེང༔ མདུན་དུ་ཐུགས་ཀྱི་སྲས་མཆོག་མཐིང༔ གཡས་སུ་སྐུ་ཡི་སྲས་ལྗང་ནག༔ གཡོན་དུ་གསུང་གི་སྲས་དམར་ནག༔ མཚན་མ་རྫས་ཀྱི་དཀྱིལ་འཁོར་རྫོགས༔ དཔལ་ཆེན་གསང་བ་གསུམ་དུ་གྱུར༔ ཨོཾ་བུདྡྷ་རཏྣ་པདྨ་ཀརྨ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ གཞལ་ཡས་ཁང་གི་གྲྭ་བཞི་རུ༔ ཤར་ལྷོར་བུདྡྷ་ཀཱི་ལ་ཡ༔ ལྷོ་ནུབ་རིན་ཆེན་ཀཱི་ལ་ཡ༔ ནུབ་བྱང་པདྨ་ཀཱི་ལ་ཡ༔ བྱང་ཤར་ཀརྨ་ཀཱི་ལ་ཡ༔ བདུད་བཞི་འདུལ་བའི་ཕྲིན་ལས་རྫོགས༔ ཛཿཧཱུྃ་བྃ་ཧོཿ ཤར་དུ་སྒོ་མ་ལྕགས་ཀྱུ་མ༔ ལྷོ་རུ་སྒོ་མ་ཞགས་པ་མ༔ ནུབ་ཏུ་སྒོ་མ་ལྕགས་སྒྲོག་མ༔ བྱང་དུ་སྒོ་མ་དྲིལ་བུ་མ༔ ཁྲག་ཁྱམས་དཔལ་གྱི་བཀའ་སྡོད་ཚོགས༔ ཀུན་ཀྱང་རང་རང་རྒྱན་ཆས་ཚོགས༔ རྫོགས་པ་བཀའ་སྡོད་ཚུལ་དུ་གནས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ བདེ་གཤེགས་དབང་བསྐུར་ཡེ་ཤེས་ལྔ༔ ཁྲག་འཐུང་རིགས་ལྔའི་ཕྱག་རྒྱར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཿ ཞེས་གསལ་བཏབ་སྟེ་ལས་རིམ་མདོར་བསྡུས་བྱ་བ་ནི། ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་དབུས་བྲལ་བ་ནས༔ དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ འཇིགས་མཛད་རྡོ་རྗེ་གཞོན་ནུ་ཆེ༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་ས་མ་ཡ་ཛཿཛཿ རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་ཚིག་གི་དཀྱིལ་འཁོར་ལ་དབྱེར་མེད་དུ་བཞུགས་པར་གྱུར། ཧཱུྃ་ཧྲཱིཿ བདེ་ཆེན་དབྱིངས་ཀྱི་གཞལ་ཡས་དབུས༔ རང་སྣང་རིག་པའི་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བཞུགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ ཡུལ་དང་དབང་པོ་གཉིས་མེད་པ༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་བཞེས༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷ་ཏུ་པཱུ་ཛ་ས་མ་ཡ་ཧོཿ མ་ཧཱ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ྄་ཕཊ྄་ཕཊ྄༔ ཧ་ཧ་ཧ༔ ཧཱུྃ༔ སྒེག་པ་དཔའ་བ་མི་སྡུག་རྡོ་རྗེའི་སྐུ༔ རྒོད་གཤེ་དྲག་ཤུལ་སྔགས་ཀྱི་སྒྲ་གདངས་ཅན༔ སྙིང་རྗེ་རྔམ་ཞི་ཡེ་ཤེས་སྲོག་ལྡན་པའི༔ ཕྲིན་ལས་འདུས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ སློབ་དཔོན་གྱིས་སྤོས་དང་རྡོར་དྲིལ་ཐོགས་ནས་དཀྱིལ་འཁོར་གྱི་ལྷ་ལ་གནང་བ་ཞུ་བ་ནི། ཨོཾ༔ རྡོ་རྗེ་རྒྱལ་པོ་ཡེ་ཤེས་ཆེ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་ལྷ༔ འབར་བ་དཔལ་ཆེན་རྔམ་པའི་གཟུགས༔ དཀྱིལ་འཁོར་ལྷ་རྣམས་དགོངས་སུ་གསོལ༔ སང་ནི་དམ་ཚིག་ལྷག་པའི་རྟེན༔ རྡོ་རྗེའི་ཕོ་བྲང་འདེབས་འཚལ་གྱིས༔ དགྱེས་པའི་དམ་ཚིག་མ་བསྙེལ་བར༔ ཅི་བདེར་གནང་བ་བསྩལ་དུ་གསོལ༔ ལན་གསུམ་གྱིས་གསོལ་བ་བཏབ་པས། རྡོ་རྗེ་སློབ་དཔོན་སྙིང་རྗེ་ཆེ༔ ཁྱོད་ཀྱིས་རང་གཞན་ཕན་གདགས་ཕྱིར༔ སྒྲུབ་པའི་ཆོ་ག་ཚུལ་བཞིན་གྱིས༔ བདེ་གཤེགས་རྒྱལ་བས་བྱིན་རློབས་འགྱུར༔ གནང་བ་བསྩལ་ནས་འོད་དུ་ཞུ༔ བདག་དང་གནས་ལ་ཐིམ་པ་ཡིས༔ ཐ་མལ་སྣང་ཞེན་རབ་སྦྱངས་ཏེ༔ ཡེ་ཤེས་ཆེན་པོར་བྱིན་བརླབས་བསམ༔ ཞེས་གསལ་བཏབ། གསུམ་པ་སྒྲུབ་རྫས་ཉེ་བར་བསྙེན་པ་བུམ་པ་དང་དབང་རྫས་སྟ་གོན་ལ། སྤྲོ་ན་རྣམ་བུམ་ལྷ་གྲངས་ལྟར་བཅུ་གཅིག་གམ་མ་འབྱོར་ན་གཅིག་གིས་ཀྱང་རུང༌། ལས་བུམ་བཅས་འདུ་བྱས་པ་གུ་གུལ་གྱིས་བདུག་ཅིང་བི་ཤྭའི་སྔགས་དང་ཡུངས་ཐུན་གྱིས་བྲབ། བུམ་རྫས་སོ་ལྔ་དང་ལྡན་པའི་དྲི་བཟང་གི་ཆུས་སུམ་ཉིས་བཀང་བ་ལྷ་གྲངས་ཡོད་ན་དབུས་དང་ཕྱོགས་མཚམས་སུ་འགོད། གཅིག་གི་ཚེ་དཀྱིལ་འཁོར་དབུས་སུ་མཉྫི་ལ་བཀོད། ལས་བུམ་སློབ་དཔོན་གྱི་མདུན་དུ་བཞག་ལ་ཁ་རྒྱན་སོགས་ཀྱིས་བརྒྱན་པ་རྣམས། བསང་སྦྱང༌། སྟོང་པའི་ངང་ལས་པད་ཉིའི་སྟེང༔ ཁ་དོག་ལྔ་ལྡན་ཡི་གེ་བྷྲཱུྃ༔ ཡོངས་གྱུར་ཕྱི་ནི་རིན་པོ་ཆེའི༔ རང་བཞིན་བུམ་པ་བཟང་པོ་ཆེ༔ མཚན་ཉིད་ཡོངས་རྫོགས་འོད་དུ་འབར༔ ནང་ནི་ལྷ་ཚོགས་བཞུགས་པའི་གནས༔ དུར་ཁྲོད་གཞལ་མེད་ཁང་ཆེན་པོར༔ དཔལ་ཆེན་རྡོ་རྗེ་ཕུར་པ་ཡི༔ དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས༔ གཙོ་འཁོར་སྤྲུལ་པར་བཅས་པ་ཡི༔ རྟེན་དང་བརྟེན་པ་རབ་འབྱམས་ཀུན༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ བདེ་གཤེགས་དབང་བསྐུར་ཡེ་ཤེས་ལྔ༔ ཁྲག་འཐུང་རིགས་ལྔའི་ཕྱག་རྒྱར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཿ ཞེས་གསལ་ཏེ་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་ནི། ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་དབུས་བྲལ་བ་ནས༔ དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ འཇིགས་མཛད་རྡོ་རྗེ་གཞོན་ནུ་ཆེ༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་ས་མ་ཡ་ཛཿཛཿ ཧཱུྃ་ཧྲཱིཿ བདེ་ཆེན་དབྱིངས་ཀྱི་གཞལ་ཡས་དབུས༔ རང་སྣང་རིག་པའི་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བཞུགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ ཡུལ་དང་དབང་པོ་གཉིས་མེད་པ༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་བཞེས༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷཱུ་ཏུ་པཱུ་ཛ་ས་མ་ཡ་ཧོཿ མ་ཧཱ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ྄་ཕཊ྄་ཕཊ྄༔ ཧ་ཧ་ཧ༔ ཧཱུྃ༔ སྒེག་པ་དཔའ་བ་མི་སྡུག་རྡོ་རྗེའི་སྐུ༔ རྒོད་གཤེ་དྲག་ཤུལ་སྔགས་ཀྱི་སྒྲ་གདངས་ཅན༔ སྙིང་རྗེ་རྔམ་ཞི་ཡེ་ཤེས་སྲོག་ལྡན་པའི༔ ཕྲིན་ལས་འདུས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་གཟུངས་ཐག་བླང་ལ། རང་གི་ཐུགས་ལས་སྔགས་ཀྱི་ཕྲེང༔ རྡོ་རྗེའི་གཟུངས་ཐག་ལས་བརྒྱུད་དེ༔ བུམ་ལྷའི་ཐུགས་དམ་རྒྱུད་བསྐུལ་བས༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཔག་མེད་བྱུང་བས་བུམ་པའི་བཅུད༔ དངོས་གྲུབ་ཀུན་གྱི་སྙིང་པོར་གྱུར༔ ཞེས་གསལ་གདབ་ནས་བཟླས་པ་གཙོ་འཁོར་གྱི་འགྲོས་དང་སྦྱར་བ་ཅི་ནུས་མཐར་དབྱངས་གསལ་རྟེན་སྙིང༌། མཆོད་བསྟོད། ཡིག་བརྒྱ། ལྷ་རྣམས་ཆགས་པ་ཆེན་པོས་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ཏུ་གྱུར་པའི་ཁར་ས་བོན་འབྲུ་ལྔས་མཚན་པར་གྱུར། གཙོ་བོའི་སྙིང་པོ་བརྗོད་ལ་དུང་ཞལ་གྱི་དྲི་ཆུ་བུམ་པར་འབུལ་ལོ། །ལས་བུམ་ལ་དམིགས་ནས། ལས་བུམ་ནང་དུ་པད་ཉི་གནོད་སྦྱིན་སྟེང༌། །བདུད་འཁྱིལ་ལྗང་ནག་གཡས་སེར་གཡོན་དུད་ཁ། །ཕྱག་དྲུག་དང་པོས་རྡོ་རྗེས་བྷན་དམར་དཀྲུགས། །བར་པའི་ཕྱག་གཉིས་རྒྱ་གྲམ་དབྱུག་ཏོ་སྡིགས། །ཐ་མ་གཉིས་ཀྱིས་དྲག་པོའི་ཕུར་བུ་འདྲིལ། །རླུང་འབྱིན་ལྗང་ནག་གཡོན་ནས་འཁྲིལ་བའི་ཡུམ། །གཡས་པ་དྲིལ་འཁྱུད་གཡོན་པ་དུང་དམར་སྟོབ། །དུར་ཁྲོད་ཆས་ལྡན་མེ་དཔུང་ཀློང་དུ་གསལ། ཞེས་མོས་ལ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཕཊ྄། ཅེས་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ། བུམ་ལྷ་འོད་ཞུ་བདུད་རྩིར་གྱུར༔ ཞར་བྱུང་དུ་ཐོད་པ་མཚན་ལྡན་དུ་བདུད་རྩི་རིལ་བུ་དང་བཅས་པའི་མྱོས་བྱེད་ཀྱིས་བཀང་བའི་ཁ་མེ་ལོང་ལ་སྙིང་པོ་བྲིས་པས་བཀབ་པར། ཐོད་པ་གཞལ་ཡས་ཁང་དུ་ལྷ་རྣམས་རང་རང་གི་ཤེས་རབ་མ་དང་སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། རྩ་སྔགས་ལ། བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བེ་ཤ་ཡ་ཨ་ཨ༔ བཏགས་པ་ཉེར་གཅིག ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་དགུ་པའི་སྔགས་ཚར་བཅུ་ཙམ་གྱི་བྱིན་གྱིས་བརླབས། དབང་རྫས་རྣམས་དཀྱིལ་འཁོར་དང་ཉེ་བར་བཀོད་ལ། བསང་སྦྱང༌། སྟོང་པའི་ངང་ལས་དབང་རྫས་རྣམས་ངོ་བོ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་དཀྱིལ་འཁོར་གསུམ་གྱི་རང་བཞིན་ལ་རྣམ་པ་རིགས་ལྔ་ཡབ་ཡུམ་གྱི་དཀྱིལ་འཁོར་མ་འདྲེས་གསལ་རྫོགས་སུ་ཤར་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འདུས་པའི་ངོ་བོར་གྱུར། ཀཱི་ལ་ཡ་ཅུང་ཟད་བཟླ་ཞིང༌། ཡེ་དྷར་བརྗོད་ནས་མེ་ཏོག་འཐོར་བས་ལྷག་གནས་བྱའོ། །བཞི་པ་སྒྲུབ་ཡུལ་སྣོད་ཉེ་བར་བསྙེན་པ་སློབ་མ་སྟ་གོན་ནི། དཀྱིལ་འཁོར་ཡོལ་བས་སྒྲིབ། དེ་དང་ཉེ་བར་དཔུང་སྐུད། སོ་ཤིང༌། དོ་ར་པདྨ་འདབ་བརྒྱད་ཚོམ་བུ་ལྔས་སྤྲས་པ། ཁྱོར་ཆུ། ཀུ་ཤའི་ཆུན་པོ་ཆེ་ཆུང་གཉིས། སློབ་མ་མཆོད་པ་ཉེར་སྤྱོད་ལྔ་བཅས་འདུ་བྱས་ལ། སྣོད་དུ་རུང་བའི་སློབ་མ་རྣམས་བོས་ལ་སྒོ་དྲུང་དུ་སླེབ་པ་དང༌། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་ནས་དབྱུང༌། ནང་དུ་སླེབས་པ་དང་ལས་བྱང་ལྟར་བགེགས་བསྐྲད། སྲུང་འཁོར་གྱིས་མཚམས་བཅད་ལ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་མངོན་པར་དབང་བསྐུར་བ་ནོད་ནས་དོན་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། སློབ་དཔོན་ལ་ཡི་དམ་དངོས་སུ་འདུ་ཤེས་པས་གུས་པ་དང༌། རང་གི་སྒོ་གསུམ་བསྡམ་ཞིང་རྣམ་པར་མི་གཡེང་བར་རྩེ་གཅིག་པའི་ཡིད་དང་ལྡན་པ་སྟེ། ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་བཟང་པོ་དང་བཅས་ཏེ་གསན་འཚལ། དེ་ལྟར་གསན་དགོས་པའི་རྒྱུ་མཚན་ཡང་ཁམས་གསུམ་འཁོར་བ་ནི་མེ་ཡི་འོབས་ལྟ་བུ་སྟེ་གང་ལྷུང་ཐམས་ཅད་འཚིག་པའོ། །ཉོན་མོངས་པ་ནི་སྤུ་གྲིའི་སོ་དང་མཚུངས་ཏེ་གང་ལ་རེག་པས་གཅོད་པའོ། །འདོད་པ་ནི་དུག་གི་ལོ་མ་ལྟ་བུ་སྟེ་ཡུན་རིང་དུ་ཕུང་ཁྲོལ་ཆེན་པོ་བསྐྱེད་པའོ། །སྐྱེས་བུའི་ཚེ་ནི་འབབ་ཆུའམ་གློག་དང་འདྲ་སྟེ་མི་བརྟན་ཅིང་མྱུར་དུ་འཇིག་པའོ། །གཏན་དུ་བདེ་བ་ནི་མི་གནས་པའི་མྱང་འདས་ཡིན་པས་དེ་ཡི་གོ་འཕང་དོན་དུ་གཉེར་དགོས་ལ། དེ་ཐོབ་པར་བྱེད་པའི་ཐབས་ཐུན་མོང་མ་ཡིན་པ་དམ་པའི་ཆོས་སྒྲུབ་པའི་རྟེན་ཁྱད་པར་ཅན་དལ་འབྱོར་གྱི་མི་ལུས་ཐོབ་དགོས། དམ་པའི་ཆོས་དེའི་ཁྱད་པར་ཡང་ཚེ་གཅིག་གིས་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་ནུས་པ་གསང་སྔགས་རྡོ་རྗེ་ཐེག་པ་ལ་འཇུག་དགོས་ཏེ། སློབ་དཔོན་སངས་རྒྱས་གསང་བས། སངས་རྒྱས་མཆོག་གིས་ཆོས་གསུངས་པ། །འདུལ་བ་མདོ་སྡེ་མངོན་པ་དང༌། །རིག་པ་འཛིན་པའི་སྡེ་བཞིར་གནས། །ཞེས་སྡེ་སྣོད་ཆེན་པོ་བཞི་དང༌། སྤྱི་མདོ་དགོངས་པ་འདུས་པ་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུངས་པ་ལྟར་ཕྱི་ཀུན་འབྱུང་འདྲེན་པ། ནང་དཀའ་ཐུབ་རིག་བྱེད། གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་དང༌། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང༌། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་པ་ལྟར་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུའང་བསྡུ་ཞིང༌། དབྱེ་བསྡུ་གང་ལྟར་བྱས་ཀྱང༌། ལམ་བདེ་བ། དུས་མྱུར་བ། ཐབས་མང་བ་གསུམ་གྱིས་ཁྱད་པར་དུ་འཕགས་པ་ནི་རིག་པ་འཛིན་པའི་སྡེ་སྣོད་དམ། གསང་སྔགས་རྡོ་རྗེ་ཐེག་པ་ཉིད་ཡིན་ལ། དེ་ལའང་རྒྱུད་ལུང་མན་ངག་གི་རྣམ་བཞག་གསུམ་གྱི་ཕྱི་མོ་ནི་རྒྱུད་སྡེ་སྟེ། དེ་ལ་ཏནྟྲ་ཆེན་པོ་བཅོ་བརྒྱད་དུ་གྲགས་པའི་ཡ་གྱལ་ཕུར་པ་རོལ་པའི་རྒྱུད་ཀྱི་དགོངས་པ། སྒྲུབ་སྡེ་ལ་སྤྱི་དང་བྱེ་བྲག་གཉིས་ལས། བྱེ་བྲག་ཕྲིན་ལས་ཀྱི་རིགས་འཇིག་རྟེན་ལས་འདས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ལྔ་བཞུགས་པའི་སྒྲུབ་སྡེའི་གཙོ་བོ་ཕྲིན་ལས་ཕུར་པའི་ལྷ་འདི་ཉིད་རྒྱ་གར་དུ་སློབ་དཔོན་ཆེན་པོ་པྲ་བྷ་ཧསྟི། པཎ་ཆེན་བི་མ་ལ་མི་ཏྲ། སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝ་སོགས་ལ་བཀའ་བབ། བོད་གངས་ཅན་གྱི་ལྗོངས་སུའང་རྡོ་རྗེའི་སྐུ་བརྙེས་སློབ་དཔོན་བི་མ་ལས་ཕུར་པ་ཕུན་སུམ་ཚོགས་པ་དང༌། གཤམ་སྔོན་ཅན། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་རྗེ་འབངས་སྤྱི་དང་བྱེ་བྲག་ལ་བསྩལ་བ་ལས་བྱོན་པ་མཚོན་ཕུར་པ་བཀའ་གཏེར་གྱི་རིམ་པ་རྒྱ་ཆེ་མུ་མེད་པ་བཞུགས་པ་ལས། སྐབས་སུ་བབ་པ་འདི་ནི་གཙོ་བོ་སློབ་དཔོན་ཆེན་པོ་བི་མ་མི་ཏྲས་གཉགས་ཛྙཱ་ན་ཀུ་མཱ་ར་ལ་བསྩལ་ཞིང་པདྨའི་བཀའ་སྲོལ་གྱི་བྱིན་རླབས་ཀྱང་འདུས་པའི་རྡོ་རྗེ་ཕུར་པའི་མན་ངག །པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པའམ་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་ལ་བཀའ་བབ་པའི་ཟབ་མོ་གཏེར་གྱི་ཤིང་རྟ་ལས་བྱོན་པ་སྟེ། འདི་ལ་རྩ་བའི་སྨིན་བྱེད་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པའི་དང་པོ་དབང་བསྐུར་རྒྱས་པ། དེ་ལའང་སྔོན་འགྲོ་སྟ་གོན་དང༌། དབང་དངོས་གཉིས་ལས། ཐོག་མར་སྔོན་འགྲོ་སྟ་གོན་གྱི་རིམ་པ་ཞུ་བའི་ཆེད་དུ་མཎྜལ་འབུལ། ཞེས་མཎྜལ་ཕུལ། བླ་མ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་ཕྱག་སྙིམ་པ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དཔལ་རིག་འཛིན་ཆེ༔ ཁྲོ་བོ་ཆེན་པོ་བདག་ལ་དགོངས༔ རྡོ་རྗེའི་གདུང་དུ་སྒྲུབ་པའི་ཕྱིར༔ བདག་ཅག་དཀྱིལ་འཁོར་ཆེར་འཇུག་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྐབས་ཕྱེ་བ་དང་བཅས་གནང་བ་སྦྱིན་པ་དང་སྤྲོ་བ་བསྐྱེད་པ་འདི་ལ་གསན་འཚལ། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་ཉམས་མེད་དེས། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེས་བཅོམ་སྟེ། །འཇིག་རྟེན་མཐུན་པར་གཤེགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངག་འདས། །དེ་བས་ཀུན་མཁྱེན་འཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལ་སངས་རྒྱས་བྱང་སེམས་དང་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་གཏིབ་པ་ལྟ་བུས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་བདག་གཞན་འགྲོ་ཀུན་སྒོ་གསུམ་འཇུག་པ་གཅིག་པས་དུས་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་སོགས་འགྲོ་ཀུན་སོགས། ལན་གསུམ། མཁའ་ཁྱབ་ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ཟུང་འཇུག་གི་སེམས་བསྐྱེད་ཀྱི་འཕེན་པས་སངས་རྒྱས་ཀུན་གྱི་རྣམ་ཐར་དང་ཕྲིན་ལས་རྫོགས་པར་འཛིན་སྙམ་པས་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན་སོགས། ལན་གསུམ། ཡུལ་མཆོག་དེ་དག་གི་སྤྱན་སྔར་བསགས་སྦྱང་སྤེལ་གསུམ་གྱི་ཐབས་ཁྱད་པར་ཅན་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ལན་གསུམ། དེ་ནས་རིགས་ལྔ་སྤྱི་དང་བྱེ་བྲག་གིས་བསྡུས་པ་སོགས་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་དམ་ཚིག་དང་སྡོམ་པ་རྣམས་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཇི་ལྟར་དུས་གསུམ་མགོན་པོ་རྣམས༔ བྱང་ཆུབ་ཏུ་ནི་ངེས་མཛད་པའི༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སངས་རྒྱས་རྣལ་འབྱོར་སྡོམ་པ་ལ༔ ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༔ དགེ་བའི་ཆོས་ནི་སྡུད་པ་དང༔ སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ༔ བདག་གིས་བརྟན་པོར་གཟུང་བར་བགྱི༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ དེང་ནས་བརྩམས་ཏེ་གཟུང་བར་བགྱི༔ ནམ་དུ་ཡང་ནི་མི་སྤང་ངོ༔ རྡོ་རྗེའི་རིགས་མཆོག་ཆེན་པོ་ལ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༔ ཡང་དག་ཉིད་དུ་གཟུང་བར་བགྱི༔ སློབ་དཔོན་དག་ཀྱང་གཟུང་བར་བགྱི༔ རིན་ཆེན་རིགས་མཆོག་ཆེན་པོ་ཡི༔ དམ་ཚིག་ཡིད་དུ་འོང་བ་ལ༔ ཉིན་རེ་བཞིན་དུ་དུས་དྲུག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ བྱང་ཆུབ་ཆེན་པོ་ལས་བྱུང་བའི༔ པདྨའི་རིགས་ཆེན་དག་པ་ལ༔ ཕྱི་ནང་གསང་བ་ཐེག་པ་གསུམ༔ དམ་པའི་ཆོས་ནི་གཟུང་བར་བགྱི༔ ལས་ཀྱི་རིགས་མཆོག་ཆེན་པོ་ལ༔ སྡོམ་པ་ཐམས་ཅད་ལྡན་པར་ནི༔ ཡང་དག་ཉིད་དུ་གཟུང་བར་བགྱི༔ མཆོད་པའི་ལས་ཀྱང་ཅི་ནུས་བགྱི༔ བླ་ན་མེད་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་བགྱིས་ནས༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བདག་གིས་སྡོམ་པ་མ་ལུས་གཟུང༔ མ་བརྒལ་བ་རྣམས་བསྒྲལ་བར་བགྱི༔ མ་གྲོལ་བ་རྣམས་བདག་གིས་དགྲོལ༔ དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༔ སེམས་ཅན་མྱ་ངན་འདས་ལ་འགོད༔ ལན་གསུམ། དངོས་གྲུབ་ཀྱི་ལྟས་བརྟགས་པའི་ཕྱིར་ཨུ་དུམ་ཝཱ་ར་ལ་སོགས་པའི་སོ་ཤིང་དྲང་པོ་སོར་བཅུ་གཉིས་པ་དྲི་ཡིས་བྱུགས་ཤིང་རྩེ་མོར་མེ་ཏོག་གི་ཕྲེང་བས་བཅིངས་པ་འདི་ཉིད་ཁྱེད་རང་རྣམས་ཁ་ཤར་དུ་ཕྱོགས་པས་མཎྜལ་ཉིད་གདོད་ནས་གྲུབ་པའི་རིགས་ལྔའི་དཀྱིལ་འཁོར་དུ་དངོས་སུ་མོས་ལ། སོ་ཤིང་རྩེ་མོས་སོ་དྲུད་པས་ཚེ་འཁོར་བ་ཐོགས་མེད་ནས་བསགས་པའི་སྡིག་པ་ཐམས་ཅད་སྨན་པ་མཁས་པས་སྐྱུག་སྨན་བཏང་བ་བཞིན་སྐྱུག་པར་བསམ་ལ་ཚིག་འདིའི་རྗེས་ཟློས་དང་བཅས་པས་འདོར་བར་ཞུ། ལུས་ཀྱི་དྲི་མ་སྦྱང་བའི་ཕྱིར༔ བྱང་ཆུབ་དམ་པའི་སོ་ཤིང་འདི༔ རྡོ་རྗེའི་རིགས་ཀྱི་བུ་ལ་སྦྱིན༔ ཕུང་པོ་རྡོ་རྗེའི་ལུས་སྒྲུབ་ཕྱིར༔ འཆོས་ལ་དཀྱིལ་འཁོར་འདི་རུ་དོར༔ བཛྲ་ཧ་ས་ཧ༔ ཞེས་བརྗོད་དེ་དོར་དུ་གཞུག དེ་ལྟར་སོ་ཤིང་གི་རྩེ་མོ་དེ་ཉིད་རང་ངམ་བླ་མ་ལ་བསྟན་ན་མཆོག །ཕྱོགས་བཞིར་ལས་བཞི། སྟེང་དུ་མཁའ་སྤྱོད། འོག་དང་མཚམས་བཞིར་ས་འོག་གི་གཏེར་དང༌། བུམ་པ་བཟང་པོ་སོགས་དངོས་གྲུབ་ཅི་རིགས་ཐོབ་པར་འགྱུར་རོ། །བྃ་ལས་བྱུང་བའི་དྲི་བཟང་གི་ཆུ་ཉིད་ཁྱོར་བར་ལན་གསུམ་བྱིན་ནས་བཏུང་བའི་ལྷག་མ་རྒྱབ་ཏུ་དོར་བས་ངག་གི་ཉེས་སྐྱོན་ཐམས་ཅད་སང་སང་དག་པར་མོས་མཛོད། རྡོ་རྗེ་ལས་ཀྱི་འབར་བའི་ཆུ༔ སྐལ་པ་ལྡན་པས་བཏུང་ནས་ཀྱང༔ མི་ཤེས་ངག་གི་དྲི་སྦྱངས་ཏེ༔ རྡོ་རྗེའི་ཛཔ་ཏུ་རྟོགས་པར་གྱིས༔ ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་པ་པཱྃ་བི་ཤུདྡྷ་ནི་ཙ་སྱ་བི་ཤྭ་དྷ་ཡ་སརྦ་བི་ཀལྤ་མ་ན་ཡ་ཧཱུྃ༔ ཞེས་ཁྱོར་ཆུ་སྦྱིན། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲད་བུ་ཁ་དོག་ལྔ་པ་རྡོ་རྗེའི་སློབ་མའི་ལུས་ཚད་དང་མཉམ་པ་ལྔ་སྒྲིལ་བྱས་པ་རྡོ་རྗེའི་མདུད་པ་ལྔ་བཏབ། དེ་ལ་ཧཱུྃ་ཨོཾ་སྭཱ་ཨཱྃཿཧཱ་ལྔ་བཀོད་པ་དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་དེ་བཞིན་གཤེགས་པ་ལྔ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཡིག་འབྲུ་རྣམས་ལ་ཐིམ། དེ་འོད་དུ་ཞུ་ནས་སྲད་བུ་ལ་ཐིམ་པས་རིགས་ལྔའི་སྲད་བུར་གྱུར། རྡོ་རྗེ་རང་བྱུང་ཡེ་ཤེས་ཀྱི༔ མི་ཤིགས་འཆིང་བྱེད་སྲད་བུའི་གཟུགས༔ ཁྱོད་ལ་བཅིངས་པས་བར་ཆད་ཐུབ༔ ཡེ་ཤེས་དག་པའི་དེ་ཉིད་སྟོན༔ ལས་ཀྱི་ཁྲོ་བོའི་སྔགས་བརྗོད། རྡོ་རྗེ་རྒྱ་གྲམ་དུ་བཞག །ལས་ཀྱི་ཆུ་འཐོར་བར་བྱ། དེ་ལྟར་མངོན་པར་བསྔགས་པའི་སྲད་བུ་ཉིད་སྐྱེས་པའི་དཔུང་པ་གཡོན། བུད་མེད་ཀྱི་གཡས་སུ་བཅིངས་པས་བར་ཆད་ཐམས་ཅད་སྲུང་བའི་མོས་པ་མཛོད། རྨི་ལམ་མི་འཁྲུགས་པར་བྱ་བའི་ཕྱིར་བྱུར་དང་མི་གཙང་བ་ཐམས་ཅད་འཇོམས་པར་བྱེད་པ་དྷཱིཿདང་ཧཱུྃ་ལས་སྐྱེས་པའི་དག་བྱེད་མཆོག་ཏུ་དགེ་བའི་རྩྭ་མཆོག་ཀུ་ཤའི་ཆུན་པོ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོད་དུ་བྱིན་པ་ལོངས་ལ་བླ་མ་དང་དཀྱིལ་འཁོར་ལ་མགོ་ཕྱོགས་པས་དོ་ནུབ་སེང་གེའི་ཉལ་སྟབས་ཀྱིས་ལྷག་པའི་ལྷ་ཡིད་ལ་དྲན་པས་དངོས་གྲུབ་དང་མཐུན་པའི་རྨི་ལམ་བསྟན་དུ་གསོལ་སྙམ་པས་ཉལ་ན་རྨི་ལམ་གྱི་མཚན་མ་གང་ཡང་རུང་བ་ཞིག་འབྱུང་བར་འགྱུར་རོ། །བུ་ཀྱཻ་ཀུ་ཤ་དགེ་བ་འདི༔ ཁྱོད་ལ་གཙང་བྱེད་སྔས་དང་སྟན༔ སྦྱིན་གྱིས་ལེགས་པར་ཉལ་ནས་ཀྱང༔ དཀྱིལ་འཁོར་མཆོག་ཏུ་འཇུག་པར་རུང༔ ཞེས་ཀུ་ཤའི་ཆུན་པོ་ལག་གཉིས་སུ་གཏད། ཕྱིར་མི་ལྡོག་པ་ཟབ་མོའི་ཆོས་བཤད་པ་འདི་ལ་གསན་པས་ཁྱབ་པར་གདའ། ཨེ་མ་བུ་ཁྱོད་སྐལ་པ་ལྡན༔ འཇིག་རྟེན་ཁམས་ན་ཨུ་དུམ་ཝར༔ སངས་རྒྱས་འབྱུང་བ་ཤིན་ཏུ་དཀའ༔ དེ་བས་རྡོ་རྗེ་ཐེག་འདི་ནི༔ སྐལ་པ་མཆོག་གི་རིགས་ཅན་ལས༔ ནམ་དུ་ཡང་ནི་མི་འབྱུང་ཞིང༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ངེས་པའི་གསང་བ་བླ་མེད་པའི༔ རྙེད་པ་ཆེན་པོ་དེ་རིང་རྙེད༔ འདི་ནི་དབང་པོ་མཆོག་གི་ལམ༔ རྨད་དུ་བྱུང་བའི་ཐབས་མང་ཞིང༔ རིང་པོར་མི་ཐོག་མངོན་འཚང་རྒྱ༔ དཀའ་ཐུབ་གདུང་བ་དང་བྲལ་ཏེ༔ ཟུང་འཇུག་ཡེ་ཤེས་ཚེ་འདིར་བསྐྱེད༔ དེ་ཕྱིར་ཁྱེད་རྣམས་སྤྲོ་དགའ་བསྐྱེད༔ སང་ནི་དཀྱིལ་འཁོར་ཡང་དག་འཇུག༔ བློ་གྲོས་ངེས་པར་སྨིན་པའི་ཚེ༔ རྣལ་འབྱོར་ཟབ་མོར་འཇུག་པར་གྱིས༔ དེ་ནས་གཞི་ལུས་དང་བཅས་པའི་སྒོ་གསུམ་ལྷ་ཡི་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབ་པ་ཡིན་པས་དམིགས་པ་འདི་ལྟར་གསལ་ཐོབ་ཅིག །ཅེས་གདམས། སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོར་དྲིལ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པར་གྱུར། དྲིའི་ཐིག་ལེ་གནས་གསུམ་དུ་བྱས་ལ། སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་གིས་མཚན་པར་གྱུར། སློབ་མ་རྣམས་ཀྱིས་བདེན་གཉིས་ཟུང་འཇུག་ཏུ་སེམས་བསྐྱེད་པའི་མོས་པ་མཛོད། ཨོཾ་བོ་དྷི་ཙིཏྟ་ཨུ་པ་ད་ཡ་མི༔ དེ་བརྟན་པར་བྱེད་པའི་ཕྱིར་སློབ་དཔོན་གྱིས་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཞག་སྟེ། སུ་ར་ཏི་ས་མ་ཡ་སྟྭཾ་སིདྡྷི་བཛྲ་སད་ཐ་སུ་ཁཾ༔ དེ་ལྟར་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་པ་དེ་མཆོད་པའི་ཡུལ་དུ་བཟུང་བས་དབུ་ལ་མེ་ཏོག །ཤངས་ལ་བདུག་སྤོས། སྤྱན་ལམ་དུ་མར་མེ། ཐུགས་ཀར་དྲི་ཡི་བྱུག་པ། ཞས་ཟས་ལྗགས་ལ་ཕུལ་བས་མཆོད་པར་མོས། མཆོད་པ་རྣམས་གནས་སོ་སོར་འབུལ་ཚུལ་བྱ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཧོཿ ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཧོཿ ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་ཧོཿ ཨོཾ་བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་ཧོཿ ཞེས་མཆོད་ནས། དེས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་སྨིན་བྱེད་དབང་གི་སྔོན་འགྲོ་སློབ་མ་སྟ་གོན་གྱི་ཆོས་རྣམས་ངེས་པར་གྲུབ་པ་ལགས་པས་དགེ་བ་རྫོགས་བྱང་དུ་བསྔོ་བར་ཞུ། ཞེས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གཏང་ངོ༌། །གསུམ་པ་སྒྲུབ་པ་ལ་བཞི་ལས། སྒྲུབ་གཞི་དཀྱིལ་འཁོར་འདུ་བྱ་བ། སྒྲུབ་ཆོས་རྟེན་དང་རྒྱན་བཀོད་པ། སྒྲུབ་པ་བསྐྱེད་བཟླས་ཀྱིས་གཞུང་བསྲང་བ། སྒྲུབ་པའི་ཁྱད་པར་ལས་ལ་སྦྱར་བའོ། །དང་པོ་གཉིས་སོ་སོར་དབྱེ་ན་ཚོགས་སྒྲུབ་ཀྱི་ཁོག་དབུབ་དང་སྦྱར་ཏེ་སྨིན་ལམ་སྒྲུབ་དབང་ཆེན་མོའི་ཕྱག་བཞེས་ཡོད་ཀྱང༌། སྐབས་འདིར་སློབ་མ་རྗེས་འཛིན་ཁོ་ན་དབང་རྐྱང་དེང་སང་གི་ཕྱག་བཞེས་ལྟར་ས་བཅད་དང་པོ་གཉིས་གཅིག་ཏུ་བསྡུས་ཏེ་འཆད་པ་ལ། སྟེགས་བུའི་སྟེང་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་བཀྲམ་པའི་དབུས་སུ་མཉྫིའི་ཁར་སྟ་གོན་བྱས་པའི་བུམ་པ་ལྷ་གྲངས་ཡོད་ན་གཙོ་འཁོར་མ་ནོར་བར་བཀོད། རྣམ་རྒྱལ་བུམ་པ་གཅིག་ལས་མེད་ན་དཀྱིལ་འཁོར་དབུས་སུ་མཉྫིའི་ཁར་བཤམ། ཤར་དུ་རིན་པོ་ཆེའི་དབུ་རྒྱན། ལྷོར་རྡོ་རྗེ། ནུབ་ཏུ་དྲིལ་བུ། བྱང་དུ་རྡོར་དྲིལ་ལྷན་ཅིག་པ། མཚམས་སུ་གསང་དབང་གི་ཐོད་པ་བདུད་རྩིས་བཀང་བ། རིག་ཙཀ །ཤེལ་རྡོ་རྣམས་བཀོད། མདུན་ཕྱོགས་གང་བདེར་སྨན་རཀ་གཏོར་གསུམ་ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། ཕྱོགས་གང་བདེར་རྗེས་གནང་ཆས་གདུགས། གླེགས་བམ། དྲིལ་བུ། དུང་དཀར། འཁོར་ལོ་རྣམས་དང༌། མིག་དར། མེ་ཏོག །མིག་ཐུར། ཕྱག་ཤིང༌། ལས་བུམ་བཅས་དང༌། སྔོན་འགྲོའི་བགེགས་གཏོར། ཚོགས་ཀྱི་ཡོ་བྱད། གཏོར་འབུལ་སོགས་སྤྱི་ལྟར་ཚོགས་པར་བྱའོ། །གསུམ་པ་སྒྲུབ་པ་བསྐྱེད་བཟླས་ཀྱི་གཞུང་བསྲང་བ་ནི། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ལས་བྱང་ལྟར་བཟླས་པའི་བར་མཐར་ཆགས་སུ་བཏང༌། ལས་བྱང་དཀྱུས་ལྟར་ཛཔ་ཁང་དབྱེ། ཛཔ་བསྐུལ་དང་བཅས་བསྙེན་སྒྲུབ་ལས་ཀྱི་བཟླས་པའི་གཞུང་བསྲང༌། ཁྱད་པར་སྒྲུབ་པའི་ཛཔ་བཟླས་མང་དུ་བྱ། སྟ་གོན་སྐབས་ལྟར་བུམ་པ་ཡང་བསྒྲུབ། མཐར་གཏང་རག་གི་མཆོད་བསྟོད་དང༌། སྲུང་མའི་གཏོར་ཆོག །ཚོགས་བྱིན་རླབས་ནས་རོལ་པའི་བར་བྱའོ། །བཞི་པ་སྒྲུབ་པ་ཆེན་པོ་ལ། བདག་དོན་དུ་དངོས་གྲུབ་བླང་བ། གཉིས་དོན་དུ་དབང་བླང་བ། གཞན་དོན་དུ་སློབ་མ་གཞུག་པ་གསུམ་ལས། དང་པོ་ནི་བསྙེན་སྒྲུབ་ཀྱི་ཡི་གེ་དག་ཏུ་བཤད་པས་ཤེས་པར་བྱ་དགོས་ལ། གཉིས་པ་དབང་ཆོག་རྒྱས་པ་ལྟར་རམ། བསྡུ་ན་དོན་དབང་སྙིང་པོའི་ཚུལ་དུ་སློབ་དཔོན་བདག་ཉིད་འཇུག་པའམ་རིག་པའི་མེ་ཏོག་དོར་ལ་སློབ་མ་འཇུག་པར་གནང་བ་ཞུ། གསུམ་པ་ལ་དངོས་དང་རྗེས་རིམ་གཉིས་ལས། དང་པོ་ནི། དཀྱིལ་འཁོར་ཡོལ་བས་སྒྲིབ་ལ་སློབ་མ་རྣམས་བོས་ཏེ་ཁྲུས་ནས་དབྱུང༌། ལས་བྱང་ལྟར་བཀའ་བསྒོ་དང་དྲག་སྔགས་གུལ་ཡུངས་དང་བཅས་པས་བགེགས་བསྐྲད། སྲུང་འཁོར་བསྒོམ་པས་མཚམས་བཅད། གྲལ་ལ་འཁོད་ནས་མེ་ཏོག་བཀྱེ་བསྡུ་དང་བཅས། གང་གསན་པར་བྱ་བའི་ཆོས་ནི་འཇིག་རྟེན་དབང་ཕྱུག་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཕྱག་མཚན་དུ་བཞེས་པའི་གངས་ཅན་བོད་ཀྱི་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པའི་ཉིན་བྱེད་དྲངས་པར་མཛད་པའི་ཆོས་རྒྱལ་ལོ་པཎ་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱིས་ཐོག་མར་བསྒྱུར་བཤད་འཆད་ཉན་གྱིས་གཏན་ལ་ཕབ་པ་སྔ་འགྱུར་རྙིང་མ་དང༌། རྒྱུད་དང་མན་ངག་ཁྱད་པར་ཅན་ཕྱིས་སུ་དྲངས་པ་ལ་ཕྱི་འགྱུར་གསར་མ་སྟེ། བཀའ་སྲོལ་འདྲེན་པའི་ཤིང་རྟ་གཉིས་སུ་བྱོན་པ་ལས། སྐབས་འདིར་ཆེ་བ་དྲུག་གིས་ཁྱད་པར་དུ་འཕགས་པ་སྔགས་རྙིང་མའི་རིང་ལུགས་སུ་གཏོགས་པ་སྟེ། དེ་ལའང་ཞལ་ནས་གསུངས་པའི་བཀའ་མ། རྗེས་སུ་གནང་བའི་གཏེར་མ། བྱིན་གྱིས་བརླབས་པའི་དག་སྣང་སྟེ་བརྒྱུད་པའི་ཁྱད་པར་གསུམ་དུ་དབྱེར་ཡོད་པ་ལས། སྔ་མ་ལའང་རྒྱུད་ལས། ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན། །ཕུར་པ་ལུང་གི་བླ་མ་ཡིན། །ཕུར་པ་མན་ངག་ངེས་པའི་དོན། །ཞེས་གསུངས་པ་ལྟར་རྒྱུད་རྡོ་རྗེ་ཁྲོས་པ་ཀློང་ཆེན་པོ་བཅོ་བརྒྱད། ལུང་ཉི་ཤུ་རྩ་གཅིག །མན་ངག་བརྒྱ་རྩ་བརྒྱད་སོགས་གསུངས། རྒྱུད་སྡེ་ལའང་རྩ་བཤད་མན་ངག་གིས་དབྱེ་ན། རྡོ་རྗེ་ཕུར་པ་ལ་རྩ་བ་ལྟ་བུའི་རྒྱུད་གསུམ། བཤད་པའི་རྒྱུད་ལྔ། ཆ་མཐུན་གྱི་རྒྱུད་གསུམ། རྒྱུད་ཕྱི་མ་གཉིས། ཕྱི་མའི་ཕྱི་མ་གསང་བ་སྡེ་དྲུག །བསྟན་བྱའི་ལམ་གྱི་རིམ་པ་གཙོ་ཆེ་ཆུང་གིས་དབྱེ་ན། བསྐྱེད་རིམ་གཙོ་བོར་སྟོན་པའི་རྒྱུད་ལྔ། རྫོགས་རིམ་གཙོ་བོར་སྟོན་པའི་རྒྱུད་ལྔ། ལ་བཟླ་བའི་རྒྱུད་ལྔ། དྲག་པོ་རྨེ་ཐབས་ཅན་གྱི་རྒྱུད་གཉིས། ཕྲིན་ལས་གཙོ་བོར་སྟོན་པ་འབུམ་རྐོས་དང་སུམ་ཅུ་རྩ་བདུན་ཡོད་པར་སློབ་དཔོན་ལང་ལབ་ཀྱིས་བཞེད་པ་སོགས་དབྱེར་ཡོད་ཅིང༌། གང་ལྟར་ཡང་རྡོ་རྗེ་ཁྲོས་པའི་རྩ་བཤད་ལས། འདི་ལ་བརྟེན་པའི་གང་ཟག་རྣམས། །ཐམས་ཅད་གྲོལ་འགྱུར་ཐེ་ཚོམ་མེད། །རྡོ་རྗེ་ཁྲག་འཐུང་ང་ཉིད་ཀྱི། །ཡི་གེ་ཧཱུྃ་ཙམ་བཟླས་པ་དང༌། །བར་ཆད་བདུད་ཀྱིས་མི་ཚུགས་ཤིང༌། །མཚན་མ་འགྲུབ་པར་ཐེ་ཚོམ་མེད། །རྡོ་རྗེ་ཅན་གྱི་ཞིང་དུ་སྐྱེ། །ལྷ་རྣམས་ཀུན་ལ་དབང་བྱེད་འགྱུར། །འདི་སྒྲུབ་པ་ཡི་གང་ཟག་རྣམས། །སྔར་ནས་སྦྱངས་པར་ཐེ་ཚོམ་མེད། །ཚེ་གཅིག་འདི་ལ་བརྩོན་ལྡན་པས། །འཁོར་བར་མི་ལྡོག་མངོན་སངས་རྒྱ། གང་ཞིག་དབང་དང་མན་ངག་ཐོབ། །སྐད་ཅིག་ཙམ་ཞིག་མོས་གྱུར་ན། །འཆི་བ་ཞེས་ནི་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་འགྱུར། །གང་ཞིག་འདི་ལ་མོས་པ་ཙམ། །དབང་དང་དམ་ཚིག་འཛིན་གྱུར་ན། །སྐྱེ་བདུན་ཉིད་ནས་སངས་རྒྱས་འགྱུར། །སྐྱེ་བ་གཞན་གྱིས་བར་མི་ཆོད། །འདི་ལ་ཐེ་ཚོམ་ལེ་ལོ་སྤངས། །བརྩོན་འགྲུས་དད་ལྡན་ཅན་གྱིས་སྒྲུབས། །རྒྱུད་ནི་རྟག་ཏུ་གསང་བར་བྱ། །མཁའ་འགྲོའི་ཚོགས་ཀྱིས་བསྲུང་བར་འགྱུར། །ཞེས་འབྱུང་བ་ལྟར་ཆེས་ཟབ་ཅིང་རྒྱས་ལ་རྣོ་ཞིང་མྱུར་བའི་ཆོས་སྒོ་འདི་ཉིད་ཀྱི་རྒྱུད་ལུང་མན་ངག་ཐམས་ཅད་གུ་རུ་རིན་པོ་ཆེ་ལ་ལྷག་པར་དུ་བཀའ་བབ་སྟེ། བདག་ཉིད་ཆེན་པོ་སློབ་དཔོན་པདྨ་ཐོད་ཕྲེང་རྩལ་གྱིས་གདུལ་བྱ་དྲང་བའི་དོན་དུ་སློབ་དཔོན་པྲ་བྷ་ཧསྟི་ལས་ཕྲིན་ལས་ཕུར་པའི་ཆོས་སྐོར་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་པའི་ཚུལ་བསྟན། བལ་ཡུལ་ཡང་ལེ་ཤོད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་གྱི་གོ་འཕང་མངོན་དུ་མཛད་སྐབས་བར་ཆད་བསལ་ཞིང༌། གངས་ཅན་གྱི་ལྗོངས་སུ་ལྷ་སྲིན་དམ་ལ་བཏགས་ཤིང༌། ས་གཞི་བཏུལ་བ་སོགས་ཐམས་ཅད་ལྷ་འདིའི་སྐུར་བཞེངས་ནས་མཛད། རྡོ་རྗེའི་སྐུ་བརྙེས་པ་བི་མ་ལས་ཕུར་པའི་རྒྱུད་ཕུན་སུམ་ཚོགས་པ་དང༌། གཤམ་སྔོན་ཅན་གཉིས་ཀྱི་སྒྲུབ་ཐབས་དང་མན་ངག་གཉགས་ལོ་ཡེ་ཤེས་གཞོན་ནུ་ལ་གནང་ཞིང་གཉགས་ཆེན་གྱིས་ཕུར་པ་གདེང་པ་ཙམ་གྱིས་འཛམ་གླིང་གི་བྱ་རོག་བསྡུས་པ་དང༌། སྐུ་དགྲ་མངོན་སྤྱོད་ཀྱིས་ཚར་བཅད་པ་སོགས་གྲུབ་རྟགས་མངོན་དུ་མཛད་དེ་སོག་པོ་དཔལ་གྱི་ཡེ་ཤེས་སོགས་ལས་རིམ་པར་བརྒྱུད་དེ་བཀའ་མ་ཕུར་པ་རྒྱལ་པོ་ལུགས། ཇོ་མོ་ལུགས། ལྕམ་ལུགས། གཉགས་ལུགས། རོང་ཟོམ་ལུགས། རོག་ལུགས། འཁོན་ལུགས་སོགས་མཐའ་ཡས་པ་དང༌། གཉིས་པ་ནི་ཁྱད་པར་གསུམ་ལྡན་ཟབ་མོ་གཏེར་གྱི་ཤིང་རྟ་སྟེ། དེ་ལས་བྱོན་པའི་ཟབ་ཆོས་ལའང༌། དབང༌། རྒྱུད། བསྐྱེད་རྫོགས། མན་ངག་གི་སྒོ་མི་འདྲ་བ་བསམ་ལས་འདས་པར་བྱོན་པ་ཀུན་ཀྱང་བསྡུ་ན་སྒྲུབ་སྡེ་ཆེན་པོ་བཀའ་བརྒྱད། སྤྱི་དྲིལ་དང་བཅས་པ་དགུ་རུ་གྲགས་པ་ལས། འདི་ནི་ཕྲིན་ལས་ཀྱི་རིགས་སྒོས་སུ་སྒྲུབ་པ་ཀརྨ་ཧེ་རུ་ཀ་བདུད་འདུལ་ཕུར་པ་རོལ་པའི་སྒྲུབ་སྡེ་སྟེ། ཟབ་གཏེར་གྱི་ཤིང་རྟ་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག །རཏྣ་གླིང་པ། རིག་འཛིན་དངོས་གྲུབ་རྒྱལ་མཚན་སོགས་ཀྱི་གཏེར་བྱོན་སྤུ་གྲི་རྣམ་གསུམ། ཡང་གསང་རྣམ་གསུམ་ལ་སོགས་པ་རྒྱུད་ལུང་མན་ངག་གི་དགོངས་པ་རྒྱས་བསྡུས་དུ་མ་ཞིག་གཏེར་ཁ་ཀུན་ལས་མ་བྱོན་པ་མེད་པ་ལྟ་བུ་མཐའ་ཡས་པ་ལས། སྐབས་སུ་བབ་པ་འདི་ནི་རྒྱལ་བ་ཀུན་གྱི་མཛད་པ་རླབས་པོ་རྗེས་སུ་སྒྲུབ་པ་ལ་རྨད་དུ་བྱུང་བའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ཐོབ་པ་རྗེ་བཙུན་འཇམ་དཔལ་དབྱངས་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོའི་རྣམ་པར་རོལ་པ་ཀུན་མཁྱེན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཉིད་ཀྱིས་གངས་ཅན་དུ་བཞུགས་སོ་འཚལ་གྱི་རྡོ་རྗེ་ཕུར་པ་བཀའ་གཏེར་ཡོངས་རྫོགས་ཀྱི་སྨིན་གྲོལ་གསན། དེ་ཐམས་ཅད་བསྙེན་སྒྲུབ་ཉམས་བཞེས་དཔྱིས་ཕྱིན་པར་གནང་བས་བླ་མ་དང་ལྷག་པའི་ལྷ་ཡིས་བྱིན་གྱིས་བརླབས་པའི་རྟགས་མཚན་ཁྱད་པར་ཅན་དུ་མ་དང༌། ལྷག་པར་དགུང་གྲངས་དགུར་ཕེབས་སྐབས་སུ་སློབ་དཔོན་རིན་པོ་ཆེ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱིས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་བར་ཆད་བསལ་ཞིང་སྙན་བརྒྱུད་ཡང་ཕུར་སྦྲག་མའི་བཀའ་བབ་པ་དང༌། སློབ་དཔོན་པྲ་བྷ་ཧསྟི་དང༌། བདུད་འདུལ་ཤཱཀྱ་སེང་གེ་དབྱེར་མེད་པ་ལས་སྙན་བརྒྱུད་ཕྲིན་ལས་ཕུར་པའི་གནད་ཏིག་དངོས་སུ་གསན་པ་དང༌། རྡོ་རྗེ་ཕུར་པའི་གྲུབ་བརྙེས་ཟམ་མ་ཆད་པའི་བླ་མ་ས་ཆེན་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་བཀའ་མ་འཁོན་ལུགས་ཕུར་པའི་སྨིན་གྲོལ། ཕུར་པ་རྩ་དུམ་གྱི་བཤད་རྒྱུད་དང་བཅས་ཉེ་བརྒྱུད་དུ་གསན་པ་སོགས་ངོ་མཚར་རྨད་དུ་བྱུང་བའི་བདག་ཉིད་ཆེན་པོ་དེ་ཉིད་ཀྱི་གསང་གསུམ་རྡོ་རྗེ་བཀོད་པས་བྱིན་གྱིས་བརླབས་པ་ལས། མདོ་ཁམས་གནས་ཆེན་ཉེར་ལྔའི་བྱེ་བྲག་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་རི་ཞོལ་གྱི་གནྡྷོ་ལ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་གྱིས་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པའམ་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་ལ་དངོས་སུ་གཏད་པའི་ཤོག་སེར་ལས་གཏན་ལ་ཕབ་པའི་རྡོ་རྗེ་ཕུར་པ་པཎ་ཆེན་བི་མ་ལ་མི་ཏྲས་གཉགས་ཆེན་ཛྙཱ་ན་ཀུ་མཱ་རར་སྙན་བརྒྱུད་གསང་བའི་ཐུགས་དམ་དུ་གདམས་ཤིང༌། གུ་རུ་རིན་པོ་ཆེ་པདྨ་ཐོད་ཕྲེང་དང་མཚོ་རྒྱལ་གྱི་ཐུགས་བཅུད་ཀྱང་ཆུ་བོ་གཅིག་འདྲེས་སུ་འདུས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སྡེའི་ བྱིན་རླབས་ཀྱི་ཚན་ཁ་ཐོབ་སྟེ་ལུང་ཟིན་རྩ་བའི་ཆོས་བདག་འཇམ་མགོན་བླ་མ་རིན་པོ་ཆེར་ཕུལ་བས་དགྱེས་བཞེས་ཀྱིས་རྟེན་འབྲེལ་ལེགས་ཚོགས་སྨིན་པའི་རྡོ་རྗེ་ཕུར་པའི་རྩ་བའི་དབང་བསྐུར་ཞུ་བའི་ཆེད་དུ་མཎྜལ་ཕུལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་དད་མོས་གདུང་ཤུགས་དྲག་པོས་པུས་བཙུགས་ཐལ་སྦྱར་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ཕྲིན་ལས་སྟོབས་རྫོགས་ཀཱི་ལ་ཡ༔ དཔལ་ཆེན་ཀརྨ་ཧེ་རུ་ཀའི༔ དཀྱིལ་འཁོར་གཉན་པོར་འཇུག་པར་འཚལ༔ ལན་གསུམ། སྐྱབས་འགྲོ་སེམས་བསྐྱེད། ཡན་ལག་བརྒྱད་པའི་བསགས་སྦྱང༌། སྡོམ་བཟུང༌། རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པ་བཅས་སྟ་གོན་སྐབས་ལྟར་བྱས་མཐར། དེ་ཡང་གསང་སྔགས་ཀྱི་དབང་མ་ཐོབ་པར་གསང་སྔགས་འཆད་དུ་མི་རུང་ཞིང༌། བསྒོམ་པའི་སྐལ་པ་མི་ལྡན་ལ། དེས་ན་བླ་མ་མཚན་ཉིད་དང་ལྡན་པས་ཆོ་ག་མ་འཁྲུལ་པའི་སྒོ་ནས་མངོན་པར་དབང་བསྐུར་ན་ཡོན་ཏན་ཐམས་ཅད་སྐྱེ་བའི་སྣོད་དུ་འགྱུར་བ་མ་ཟད། ཟབ་མོའི་དཀྱིལ་འཁོར་འདི་ལྟ་བུར་དབང་ཐོབ་ཅིང་ལམ་བསྒོམ་ན་བརྩོན་འགྲུས་དང་སྐལ་པ་རབ་ཚེ་འདི། འབྲིང་འཆི་ཁ། ཐ་མ་སྐྱེ་བ་བདུན་ནས་དཔལ་ཆེན་པོའི་གོ་འཕང་ཐོབ་ཅིང༌། གནས་སྐབས་ཀྱི་དགོས་པའང་དཀྱིལ་འཁོར་དུ་འཇུག་པ་དང༌། རྒྱུད་དང་མན་ངག་ལྟ་ཞིང་སྒོམ་པ་ལ་དབང་བའི་དགོས་པ་དུ་མ་དང་ལྡན་ཀྱང་ཁེ་ཉེན་ཤིན་ཏུ་ཆེ་བས་ལྷ་དང་སྐལ་མཉམ་དུ་འཇུག་པར་དོན་འདྲི་བ་འདི་ལ་གསན་པས་ཁྱབ་པར་གདའ། བུ་ཀྱཻ༔ འབྲས་བུ་རྡོ་རྗེ་ཐེག་པ་ནི༔ འཇུག་པར་དཀའ་ལ་ཁེ་ཉེན་ཆེ༔ འདའ་དཀའི་ས་མ་ཡ་འབུམ་སྡེ༔ ཉམས་ན་མི་ཟད་སྡུག་བསྔལ་བྱེད༔ འདིར་ཡང་མི་འདོད་དུ་མ་འབྱུང༔ ལེགས་པར་རྟོགས་ཤིག་བློ་གྲོས་ཅན༔ ཨེ་མ་སྔགས་ཀྱི་ལམ་རྨད་བྱུང༔ འཇུག་པ་སྐལ་པ་ལྡན་པའི་བུ༔ དངོས་གྲུབ་ཡ་མཚན་རྨད་བྱུང་བ༔ ཚེ་འདི་ཉིད་ལ་བརྩོན་པས་འགྲུབ༔ དཀྱིལ་འཁོར་ཙམ་ཞིག་མཐོང་བས་ཀྱང༔ སྒྲིབ་བྱང་རྡོ་རྗེའི་རིགས་སུ་འགྱུར༔ དེ་ཕྱིར་འཇུག་པར་ཁྱོད་སྤྲོའམ༔ ཞེས་དྲིས་པས་གསང་བའི་དཀྱིལ་འཁོར་དུ་འཇུག་པ་ལ་མཆོག་ཏུ་དད་པས་སྤྲོ་བར་ཁས་བླང་བར་མོས་པས་འདིའི་རྗེས་ཟློས་མཛོད། ཀྱཻ་ཧོཿ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ༔ འཇིག་རྟེན་འདས་དང་མ་འདས་པའི༔ དངོས་གྲུབ་ཆེན་པོ་བདག་འཚོལ་གྱིས༔ དེང་འདིར་བདག་ལ་བསྩལ་དུ་གསོལ༔ དེ་ནས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སྔོན་འགྲོ་དམ་ལ་བཞག་པ་ལ་གསུམ་ལས། །དབང་ཐོབ་ཅིང་དཀྱིལ་འཁོར་དུ་ཞུགས་ནས་སྣོད་མིན་ལ་གསང་བ་བསྒྲགས་པ་སོགས་དམ་ཚིག་ལས་འགལ་ན་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བ་ལ་སྒྲིབ་ཅིང༌། མི་འདོད་པའི་ཆད་པ་དུ་མ་འབྱུང་བས་ཤིན་ཏུ་གཅེས་པས་དམ་ཚིག་ཐུབ་པར་སྲུངས་ཤིག་ཅེས་ཉེས་དམིགས་བཤད་པས་བཀའ་བསྒོ་བའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ནི༔ ཡེ་ནས་རང་བྱུང་སེམས་ལ་རྫོགས༔ དམ་ཚིག་ཉམས་ན་དེ་ལ་སྒྲིབ༔ དེ་བས་ཤིན་ཏུ་དམ་ཚིག་སྲུངས༔ བཛྲ་ཙིཏྟ་ས་མ་ཡ༔ ལྷ་དང་བླ་མ་ལ་གུས་ཤིང་གསང་བའི་དམ་ཚིག་ཚུལ་བཞིན་བསྲུངས་ནས་དཀྱིལ་འཁོར་དུ་ཞུགས་ན་དངོས་གྲུབ་མཆོག་གི་སྐལ་པ་ལྡན་པར་འགྱུར་བས་བག་ཡོད་པས་བསྒྲིམས་ཏེ་དམ་ཚིག་སྲུངས་ཤིག་ཅེས་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་མགོར་བཞག་སྟེ། ཧོཿ དེང་ཁྱོད་རང་སྣང་དཀྱིལ་འཁོར་ཆེར༔ མཆོག་ཏུ་གསང་བས་རབ་ཞུགས་ན༔ ཡེ་ཤེས་དངོས་གྲུབ་ཐོབ་འགྱུར་གྱི༔ གཞན་དུ་སྨྲས་པ་དེ་ལྟར་མིན༔ བཛྲ་གུ་ཧྱ་ས་མ་ཡ་ཧོཿ དམ་ཚིག་བདུད་རྩིའི་ཆུ་འདི་བྱིན་པས། དཔལ་ཆེན་ཡེ་ཤེས་སེམས་དཔའི་བྱིན་རླབས་སྙིང་གར་ཞུགས་པས་མཆོག་ཐུན་གྱི་དངོས་གྲུབ་འབད་མེད་དུ་ཐོབ་པར་འགྱུར་བ་དང༌། དམ་ལས་འགལ་ན་སྲོག་གཅོད་ཀྱི་བདུད་དང་གཤེད་མར་གྱུར་ནས་ཚེ་འདིར་མཐོང་ཆོས་ཀྱི་འབྲས་བུ་མི་བཟད་པ་དང༌། ཕྱི་མ་མནར་མེད་པའི་དམྱལ་མེས་བསྲེག་པར་འགྱུར་བས་ན་ལེགས་ཉེས་ཀྱི་ཤན་འབྱེད་ཁྲིམས་དཔང་ལྟ་བུ་སྟེ། ཕན་ཡོན་དང་ཉེས་དམིགས་གཉིས་ཀ་བསྟན་པའི་སྒོ་ནས་དམ་ལ་བཞག་པ་ནི། ནང་མཆོད་དང་དམ་ཆུ་བསྲེས་པ་བྱིན་ལ། འདི་ནི་རྡོ་རྗེ་བདུད་རྩིའི་ཆུ༔ ཧེ་རུ་ཀ་དཔལ་ཉིད་ཡིན་ཏེ༔ བསྲུང་ན་དངོས་གྲུབ་སེམས་དཔའ་སྩོལ༔ མ་བསྲུང་ངེས་པར་འཚིག་སྟེ་བརླག༔ ས་མ་ཡ་ཨི་དཾ་ཏོ་ད་ཀ་ཋ་ཋ་ཋ་ཧཱུྃ༔ སླར་ཡང་རྡོ་རྗེ་གདེང་སྟེ། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི༔ རྡོ་རྗེ་གཞོན་ནུ་ང་ཡིན་གྱི༔ ང་ཡིས་ཇི་ལྟར་བསྒོས་པ་རྣམས༔ བརྩོན་པས་ཁྱོད་ཀྱིས་བྱེད་དགོས་སོ༔ ཁྱོད་ཀྱིས་ང་ལ་སྨད་མི་བྱ༔ གང་ཡང་ང་ལ་མ་གུས་མིན༔ གལ་ཏེ་གུས་པར་མ་བྱས་ན༔ སེམས་ཅན་དམྱལ་བ་ཆེན་པོར་ལྟུང༔ དེ་དག་གིས་སྔོན་འགྲོ་དམ་བཞག་བཞི་སོང་ནས། དངོས་གཞི་དཀྱིལ་འཁོར་དུ་འཇུག་པའི་དང་པོ་དཀྱིལ་འཁོར་པ་ལ་གནང་བ་ཞུ་བ་ནི། སློབ་དཔོན་གྱིས་བགྱི་བར་གདའ་སྟེ། སློབ་དཔོན་བཞེངས་ནས་དཀྱིལ་འཁོར་ལ་གདོང་ཕྱོགས་པས་བཏུད་དེ། བདེ་བ་ཆེན་པོ་རྣམ་པར་དག༔ དེ་བཞིན་གཤེགས་པའི་གྲོང་ཁྱེར་མཆོག༔ གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ བདག་གིས་སློབ་མ་གཞུག་པར་བགྱི༔ ཞེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་དགྱེས་པ་ཆེན་པོས་གནང་བ་བསྩལ་བར་གྱུར། ཞེས་གདན་ལ་བཞུགས། དེ་ནས་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོང་བས་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ་མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་སྤྱན་དར་དམར་པོ་རེས་གདོང་གཡོགས་པའི་མོས་པ་མཛོད། ཨོཾ་ཙཀྵུ་བྷནྡྷ་ཝཱ་ར་མ་ཎ་ཡེ་སྭཱ་ཧཱ། ཞེས་མིག་དར་འཆིང༌། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་མི་རུང་བས་ཨུ་དུམ་ཝཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བཟུང་བའི་མོས་པ་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་གི་ཕྲེང་བ་གཏད། ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་ལྟར་མཛོད། ལས་ཆུས་བྲན་ཏེ། ཤཱུ་ནྱ་ཏས་སྟོང་པར་སྦྱང༌། སློབ་མའི་ཕུང་ཁམས་སྐྱེ་མཆེད་ཀྱི་མཚོན་པའི་སྣོད་བཅུད་རྒྱུད་གསུམ་གྱི་ཆོས་ཀུན་སྟོང་པར་གྱུར། སྟོང་པའི་ངང་ལས་ཕྱི་སྣོད་རྣམ་པར་དག་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་གི་ཟག་མེད་བདེ་བ་ཆེན་པོའི་འབྱོར་པས་བརྒྱན་པའི་དབུས་སུ། ནང་བཅུད་རྣམ་པར་དག་པ་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པད་ཉི་བདུད་བཞི་བསྣོལ་བའི་གདན་གྱི་སྟེང་དུ་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་པུ་རབ་འབྱམས་སྲས་བཅས་རྒྱལ་བའི་ཕྲིན་ལས་ཀྱི་མཐུ་སྟོབས་ཡོངས་སུ་རྫོགས་པའི་འཇིགས་མཛད་ཀརྨ་ཧེ་རུ་ཀ་ཆེན་པོ་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་བཻཌཱུ་ཡའི་ལྷུན་པོ་ལྟར་བརྗིད་པ་དབུ་དགུའི་རྩ་ཞལ་གསུམ་དབུས་མཐིང་གཡས་དཀར་གཡོན་དམར། དེའི་སྟེང་ཞལ་གསུམ་ལྗང་སེར་ནག་པ། དེའི་སྟེང་ཞལ་གསུམ་སྨུག་མཐིང་དམར་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པའི་དབུས་སུ་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ། ཕྱག་གཡས་བརྒྱད་ཀྱིས་རྡོ་རྗེ་འཁོར་ལོ་དགྲ་སྟྭ་རལ་གྲི་མདུང་ཐོ་བ་ལྕགས་ཀྱུ་གསལ་ཤིང༌། གཡོན་བརྒྱད་ན་མེ་དཔུང་ཁཊྭཱཾ་ག་རི་རབ་ཞགས་པ་བྷན་དམར་སྡིགས་མཛུབ་མདའ་བདུད་བཞིའི་མགོ་བོ་རྣམས་བསྣམས་པ། ཕྱག་ཐ་མ་གཉིས་ཀྱིས་ཕྲིན་ལས་ཀྱི་དོན་རྟགས་རི་རབ་ལྟ་བུའི་ཕུར་པ་འདྲིལ་བ། གར་གྱི་ཉམས་དགུའི་གཟི་བྱིན་ཉི་མ་འབུམ་ལྟར་བརྗིད་པའི་སྐུ་ལ་དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་པའི་ཞབས་བཞི་བརྐྱང་བསྐུམ་གྱིས་དོར་སྟབས་སུ་འགྱིང་བའི་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་ཀྱིས་ཨུཏྤལ་དང་དུང་ཁྲག་བསྣམས་པ། སྐུ་གཅེར་བུ་ལང་ཚོ་རྒྱས་པ་གཟིག་ཤམ་དང་རུས་པའི་ཕྱག་རྒྱ་ལྔ། ཐོད་སྐམ་གྱི་ཕྲེང་བས་བརྒྱན་པ་དང༌། ཞབས་གཡོན་བརྐྱང་གཡས་བསྐུམ་གྱིས་གཉིས་སུ་མེད་པར་སྦྱོར་ཞིང༌། གཙོ་བོའི་སྐུའི་གཡོན་ཕྱོགས་སུ་སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི་ཁྲོ་གཏུམ་མི་སྡུག་པའི་གཟུགས་ཀྱིས་ཡབ་ལ་ལྟ་ཞིང་ཆགས་པའི་ཉམས་ཅན། ཕྱག་གཡས་གྲི་གུག་འཕྱར་ཞིང་གཡོན་པས་དགྲ་སྙིང་ཟ་བ། རུས་པའི་རྒྱན་དང་མགོ་རློན་གྱི་ཕྲེང་བ། ཐོད་སྐམ་གྱི་དབུ་རྒྱན་ཅན་ཞབས་བརྐྱང་བསྐུམ་གྱིས་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་འགྱིང་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ནག་གིས་མཚན་པར་གསལ་བ་དང༌། སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་འོད་ཟེར་ཅིག་ཅར་དུ་འཕྲོས་པས། ཕྱོགས་བཅུའི་ཞིང་རབ་འབྱམས་རྒྱ་མཚོ་ནས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཞི་ཁྲོ་སྐུ་ཡི་རྣམ་རོལ་དུ་གར་ཉམས་སུ་ཁྱུག་ཁྱུག །གཟི་བྱིན་དུ་ལམ་ལམ། འཇའ་ཟེར་ཤིག་ཤིག །མེ་འོད་ལྷག་ལྷག །ཐོག་ཟེར་ཆེམ་ཆེམ། དྲག་སྔགས་འུར་འུར། ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་ཁྱབ་པར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་བྱུང་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོ་རྩེ་གཅིག་ཏུ་མཛད་པར་ཞུ། ཞེས་བརྡ་སྦྱར་ལ། སྤོས་དང་ཌཱ་དྲིལ་དབྱངས་དང་བཅས་པས། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་ཕུར་བུ་སྒྲུབ་པའི་ཕྱིར༔ སྔོན་གྱི་ཞལ་བཞེས་མ་བསྙེལ་བར༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཡེ་ཤེས་ཁྲོ་རྒྱལ་འཁོར་དང་བཅས༔ འཁོར་བ་རྡོ་རྗེར་སྒྲུབ་པའི་ཕྱིར༔ ནམ་མཁའ་ཁྱབ་པའི་གར་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཚེ་ཁས་བླངས་དམ་བཅས་བཞིན༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ནམ་མཁའ་གང་བའི་ལྷ་ཚོགས་རྣམས༔ སྐུ་ཡི་གར་སྟབས་སྣ་ཚོགས་བསྒྱུར༔ རྡོ་རྗེའི་གླུ་བྲོ་གར་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ གསུང་ནི་སྔགས་སྒྲ་འབྲུག་ལྟར་སྒྲོགས༔ དགོད་གཤེ་དྲག་ཤུལ་རོལ་པ་ཡིས༔ ས་གསུམ་འཇིགས་པའི་ང་རོ་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཐུགས་ནི་ཡེ་ཤེས་རྔམས་པའི་དཔལ༔ སྙིང་རྗེ་ཞི་དང་ཁྲོ་བོ་ཡི༔ རིག་རྩལ་དགོངས་པའི་གདེངས་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་མ་ལུས་པའི༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནི་བཛྲ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ་ཨ༔ ཧྲཱིཾ་ཧྲཱིཾཿ ཕེཾ་ཕེཾ༔ ཞེས་རྟགས་མ་བྱུང་བར་དུ་ནན་ཏན་བྱ། དེ་ལྟར་དབབ་པའི་ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། ཅེས་རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ་ཞེས་བརྗོད་པས་བརྟན་པར་བྱའོ། དེ་ནས་བརྡའི་སྒོ་དབྱེ་བ་ལ་ཐལ་མོ་ནང་བསྡམ་དཀྲོལ་བཞིན་པས་འདིའི་རྗེས་ཟློས་མཛོད། ཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་སོ་ཅོག༔ ཀུན་ཀྱང་དག་པ་ལྷའི་གྲོང་ཁྱེར༔ མ་བཅོས་དོན་གྱི་ལྷ་མཆོག་ལ༔ ཚད་མེད་སྒོ་བཞི་དབྱེ་བས་འཇུག༔ བྷྲཱུཾ་པྲ་ཝེ་ཤ་ཡ་ཕཊ྄༔ དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་ཕྱེས་པར་མོས་ཤིག །ཅེས་བྱས་ལ་ཡོལ་བ་བསལ་བ་ནི་ཕྱི་འཇུག་གོ །དཀྱིལ་འཁོར་གསུམ་ལ་ཕྱག་འཚལ་བར་མོས་ལ་འདིའི་རྗེས་ཟློས་མཛོད། ཧོཿ ལྷ་དང་རང་སེམས་བཟང་ངན་བྲལ༔ གཉིས་མེད་རང་སྣང་སྤྱི་དཔལ་ཆེ༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ རྡོ་རྗེའི་ལྟ་བའི་ཕྱག་གིས་འདུད༔ ཨ་ལ་ལ་ཧོཿ གཉིས་པ་ནང་འཇུག་ནི། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ཕྱེད་བྱིན་ཏེ། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་འདོད་སྣམ་གྱི་སྟེང་ནས་ལན་གསུམ་བསྐོར་ཏེ། ཤར་སྒོའི་ནང་དུ་ཞུགས་པར་མོས་ཤིག །སྔར་གཏད་པའི་མེ་ཏོག་དེ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕྱག་རྟེན་དུ་འབུལ་སྙམ་པས་ཐལ་སྦྱར་བར་དུ་བཟུང་བས་འདིའི་རྗེས་ཟློས་མཛོད། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རིན་ཆེན་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ སྐུ་གསུང་ཐུགས་ཀྱི་དབྱིངས་སུ་བདག་འབུལ་གྱིས༔ དངོས་གྲུབ་རྣམ་གཉིས་བདག་ལ་བསྩལ་དུ་གསོལ༔ བོ་དྷི་ཙིཏྟ་ཨ་པྲ་ཏི་པཱུ་ཛ་ཧོཿ ཞེས་བརྗོད་དེ་མེ་ཏོག་འདོར་དུ་བཅུག་ནས་དབུས་དང་ཕྱོགས་མཚམས་གང་དུ་བབ་པ་བརྟགས་ལ་རིགས་དང་མཐུན་པའི་གསང་མཚན། རྡོ་རྗེ་ཕྲིན་ལས་གྲུབ་པ་རྩལ། བདེ་གཤེགས་སྣང་མཛད་དགྱེས་པ་རྩལ་སོགས་བཏགས། དེ་ལྟར་ཁྱེད་རང་རྣམས་ཀྱི་མེ་ཏོག་དབུས་དང་ཕྱོགས་མཚམས་གང་དུ་ཕོག་ཀྱང་འདྲ་སྟེ། དཀྱིལ་འཁོར་ལྷ་ཚོགས་ཀུན་གྱི་ཁྱབ་བདག་དཔལ་ཆེན་གཙོ་བོའི་ཐུགས་ཀ་ཁོ་ནར་བབ་པ་ཡིན་ཏེ། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱང་གཙོ་བོའི་ཡེ་ཤེས་ཀྱི་རང་མདངས་གང་འདུལ་གྱི་རོལ་པར་འཆར་བ་ཡིན་པའི་ཕྱིར། ཁྱེད་ཅག་རྣམས་ཀྱི་ལྷ་སྐལ་དུ་ཡི་དམ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཉིད་བསྙེན་ཅིང་སྒྲུབ་པར་བྱ། ལྷ་དང་མི་འབྲལ་ཞིང་རང་རྒྱུད་བྱིན་གྱིས་བརླབ་པའི་བརྡར་མེ་ཏོག་དེ་ཉིད་དབང་རྟགས་སུ་སྤྱི་བོར་བཅིང་པའི་མོས་པ་མཛོད། པྲ་ཏཱིཙྪ་གྲྀཧྣ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་མེ་ཏོག་སྤྱི་བོར་བཅིངས། མིག་དར་དང་ལྷན་ཅིག་ཏུ་མ་རིག་པའི་ལིང་ཐོག་ཀྱང་བསལ་བའི་མོས་པ་མཛོད། ཧཱུྃ༔ སྔོན་གྱི་རྒྱལ་བ་མིག་མཁན་གྱིས༔ གཟུང་འཛིན་རབ་རིབ་བསལ་བ་ལྟར༔ བུ་ཁྱོད་ཀྱི་ནི་མི་ཤེས་པའི༔ རབ་རིབ་ང་ཡིས་བསལ་བར་བྱ༔ བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ ཅེས་མིག་དར་དབྱེ། དཀྱིལ་འཁོར་བསྟན་པ་ནི། ཧོཿ བུ་ཁྱོད་རྩོལ་སེམས་མ་ཆུང་ཞིག༔ རང་བྱུང་ཡེ་ཤེས་ཕྱི་ནང་མེད༔ ཟང་ཐལ་བླ་མེད་ཡི་དམ་ལྷ༔ རང་ལ་རྟག་ཏུ་གནས་པའི་ཕྱིར༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ སྔགས་དང་ཕྱག་རྒྱའི་དངོས་གྲུབ་ཐོབ༔ རྟག་ཏུ་དམ་ཚིག་གཉན་པོ་སྲུངས༔ ས་མ་ཡ་ཨི་དན་ན་ར་ཀན༔ འདིར་སྤྲོ་ན་རྟེན་དང་བརྟེན་པའི་མངོན་རྟོགས་རྒྱས་པར་བརྗོད། བསྡུ་ན། མདུན་གྱི་དཀྱིལ་འཁོར་སྲུང་བའི་གུར་ཁང་དུར་ཁྲོད་བརྒྱད་དང་བཅས་པ་གཟུང་འཛིན་འཁྲུལ་རྟོག་གི་བདུད་བཅོམ་ཞིང་ཚོགས་བརྒྱད་དག་པའི་དབུས་སུ་དུར་ཁྲོད་འབར་བའི་གཞལ་ཡས་ཁང་རྒྱན་དང་མཚན་ཉིད་ཡོངས་སུ་རྫོགས་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམ་པར་དག་པའི་ནང་དུ། ང་བདག་ཉོན་མོངས་དག་པ་རུ་ཏྲ་ལ་སོགས་པའི་གདན་ལ་དཀྱིལ་འཁོར་གཙོ་བོ་རྡོ་རྗེ་གཞོན་ནུ་དབུ་དགུ་སྒེག་གཏུམ་དཔའ་བའི་ཉམས་ཀྱིས་བརྗིད་པའི་མཚན་དཔེའི་དཔལ་དུ་འབར་ཞིང༌། ཕྱག་བཅོ་བརྒྱད་ཀྱིས་འཇིགས་པའི་མཚོན་ཆ་རྣམ་པ་སྣ་ཚོགས་འཛིན་པ། དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྗིད་པས་སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་སྐུ་ལ་འཁྲིལ་ཞིང་སྒྲོལ་ཡུམ་ཨེ་ཀ་ཛཱ་ཊིས་གཡོན་ནས་བསྟེན་པ་ནི་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ཅན། ཡིད་ཆོས་རྣམ་པར་དག་པའི་རང་བཞིན། རྩིབས་བཅུ་ལ་ས་བཅུའི་དབང་ཕྱུག་ཞིང་བཅུ་སྒྲོལ་བའི་ཕྱིར་ཁྲོ་བོ་བཅུ་ཞལ་གསུམ་ཕྱག་དྲུག་གར་གྱི་ཉམས་དགུས་དཔའ་ཞིང་དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་སྤྲས་པ་ལ་མི་དགེ་བ་བཅུ་གནས་སུ་དག་ནས་ཕར་ཕྱིན་བཅུའི་དོན་མཐར་ཕྱིན་པའི་ཁྲོ་མོ་བཅུས་མཉམ་པར་སྦྱོར་བ། ཉོན་མོངས་པ་ཉི་ཤུ་རྣམ་པར་དག་པའི་ཕྲ་ཐབས་ཉི་ཤུ་གཡས་གཡོན་དུ་འགྱེད་པ། དཀྱིལ་འཁོར་གྲྭ་བཞིར་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་ཅན་ཀཱི་ལ་ཡ་རིགས་བཞི་སྐུ་སྟོད་ཁྲོ་བོ་ལ། སྐུ་སྨད་ཕུར་བུའི་དབལ་དགྲ་བགེགས་ཀྱི་སྙིང་ལ་ཟུག་པ་ནི་རྡོ་རྗེ་བཞི་ཡི་ཡེ་ཤེས་ཀྱི་བདག་ཉིད། གཙོ་བོའི་མདུན་དང་གཡས་གཡོན་དུ་ཟླ་གམ་གསུམ་དུ་སྲིད་པ་གསུམ་གྱི་གདུག་ཅན་སྒྲོལ་བྱེད་འབར་བའི་སྲས་མཆོག་ཉེར་གཅིག །སྒོ་བཞིར་ཕྲིན་ལས་བཞི་སྒྲུབ་པའི་གདོང་ཅན་མ་བཞི། ནང་དང་ཕྱི་ཡི་ཁྱམས་ལ་ཕུང་ཁམས་རྟོག་ཚོགས་རྣམ་པར་དག་པ་དམ་ཅན་ཕུར་སྲུང་ཕོ་ཉའི་རང་བཞིན་དུ་གྱུར་པ་སྟེ། མདོར་ན་སློབ་དཔོན་ལུས་དཀྱིལ་དང་བཅས་པ་བདག་ཉིད་རྩ་བའི་དཀྱིལ་འཁོར། དེའི་འཁོར་དུ་ཕྱོགས་བཅུའི་ཁྲོ་བོའི་དཀྱིལ་འཁོར། མདུན་གྱི་དཀྱིལ་འཁོར་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཏེ་ཡེ་ཤེས་རང་སྣང་གཅིག་ལས་ཐ་དད་པའི་ཚུལ་གྱིས་ཆུ་ཟླའི་གཟུགས་བརྙན་བཞིན་ཤར་བ་དེ་ཉིད་མངོན་སུམ་དུ་མཇལ་བས་མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་དེས། མཚོན་བྱ་རང་བྱུང་གི་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བའི་རྒྱུར་བྱས་ཏེ་ཕྱི་ནང་གི་འཛིན་རྟོག་ཐམས་ཅད་ལྷ་དང་ཡེ་ཤེས་ཀྱི་རོལ་པར་ཤར་བའི་མོས་པ་མཛོད། དེ་དག་གིས་འཇུག་པའི་ཆོས་འཁོར་དང་བཅས་པ་སོང་བས་ལམ་ལྔ་ལས་དད་པའི་ས་ཚོགས་ཀྱི་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེ་བའི་མཐུ་དང་ལྡན་པར་བྱས་པའོ། །དབང་དངོས་གཞི་ལ་བུམ་དབང༌། གསང་དབང༌། ཤེས་རབ་ཡེ་ཤེས། བཞི་པ་ཚིག་དབང་རྣམས་སུ་ཡོད་པ་ལས། བུམ་དབང་ལའང་སློབ་མ་དང༌། སློབ་དཔོན་གྱི་དབང་གཉིས་ལས། དང་པོ་རྡོ་རྗེ་སློབ་མའི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དཔལ་བླ་མ་དགོངས༔ བདག་ཅག་རྡོ་རྗེའི་རིགས་ཅན་དུ༔ བསྒྲུབ་པ་སྐལ་པ་ཤིན་ཏུ་བཟང༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ ལན་གསུམ་བརྗོད། དངོས་གཞི་མངོན་པར་དབང་བསྐུར་བ་སྒྲུབ་པར་བྱེད་པ་ལ། རིགས་པའི་དབང་ལྔའི་ཐོག་མར་མི་བསྐྱོད་པ་ཆུ་ཡི་དབང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སྭ་བྷཱ་ཝ་སོགས། སློབ་མ་དང་དབང་རྫས་བུམ་པ་སྟོང་པའི་ངང་ལས་པད་ཉི་ལ་གནས་པའི་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། བཛྲ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་མཐིང་ནག །རྡོ་རྗེ་དང་དྲིལ་བུ་འཛིན་པ། དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། དབང་རྫས་ཀྱི་ལྷ་ཞུ་བ་ལས་ཡེ་ཤེས་ཀྱི་བུམ་ཆུར་གྱུར་པ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པས་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་ཁྱེད་རང་རྣམས་ལ་དབང་བསྐུར་བའི་མོས་པ་མཛོད། སློབ་དཔོན་གྱིས་རྣམ་རྒྱལ་བུམ་པས་དབང་བསྐུར་ཏེ། ཧཱུྃ༔ ཞེ་སྡང་བདུད་འཇོམས་ཧེ་རུ་ཀ༔ བཛྲ་སྤྱི་དཔལ་མེ་ལོང་གི༔ ཡེ་ཤེས་བུམ་ཆུའི་དབང་བསྐུར་བས༔ སྒྲིབ་དག་སྐལ་པ་མཆོག་ལྡན་ཤོག༔ ཨོཾ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་ཆུ་སྦྱིན་ཞིང་ཟེགས་མ་སྤྱི་བོར་འཐོར་བ་དང་བཅས། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དེ་ལྟར་ན་ཁྱེད་རང་རྣམས་ཀྱིས་མི་བསྐྱོད་པའི་སྒོ་ནས་ཆུའི་མངོན་པར་དབང་བསྐུར་བ་ཐོབ། ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར། མི་བསྐྱོད་པའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་གོ །རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སྭ་བྷཱ་ཝ་སོགས། སློབ་མ་དང་དབང་རྫས་དབུ་རྒྱན་དང་དར་དཔྱང་སྟོང་པའི་ངང་ལས་པད་ཉི་ལ་གནས་པའི་ཏྲཱྃ་ལས་རིན་པོ་ཆེ་ཏྲཱྃ་གིས་མཚན་པ་ལས་རཏྣ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་སེར་ནག་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། དབང་རྫས་ཀྱི་ལྷ་ཞུ་བ་ལས་དབུ་རྒྱན་དར་དཔྱང་དང་བཅས་པར་གྱུར་པ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པས་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་ཁྱེད་རང་རྣམས་ལ་དབང་བསྐུར་བའི་མོས་པ་མཛོད། རིན་པོ་ཆེའི་དབུ་རྒྱན་སྤྱི་བོར་བཅིངས་ཏེ། ཏྲཱྃ༔ ང་རྒྱལ་བདུད་འཇོམས་ཧེ་རུ་ཀ༔ རཏྣ་སྤྱི་དཔལ་ཡེ་ཤེས་ཀྱི༔ ཕྱག་རྒྱ་དབུ་རྒྱན་དབང་བསྐུར་བས༔ མཉམ་ཉིད་རྟོགས་པའི་དབང་ཐོབ་ཤོག༔ རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྃ༔ མཐའ་རྟེན་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྣམ་རྒྱལ་བུམ་པའི་ཆུ་ཀུ་ཤས་འཐོར་ལ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ན་ཁྱེད་རང་རྣམས་ཀྱིས་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་དབུ་རྒྱན་གྱི་མངོན་པར་དབང་བསྐུར་བ་ཐོབ། ང་རྒྱལ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར། རིན་ཆེན་འབྱུང་ལྡན་གྱི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་གོ །སྣང་བ་མཐའ་ཡས་རྡོ་རྗེའི་དབང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སྭ་བྷཱ་ཝ་སོགས། སློབ་མ་དང་དབང་རྫས་རྡོ་རྗེ་སྟོང་པའི་ངང་ལས་པད་ཉི་ལ་གནས་པའི་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལས་པདྨ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་དམར་ནག །པདྨ་དང་དྲིལ་བུ་འཛིན་པ། དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། དབང་རྫས་ཀྱི་ལྷ་ཞུ་བ་ལས་རྡོ་རྗེར་གྱུར་པ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པས་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་ཁྱེད་རང་རྣམས་ཀྱི་ལག་པ་གཡས་སུ་གཏད་དེ་དབང་བསྐུར་བའི་མོས་པ་མཛོད། རྡོ་རྗེ་ལག་གཡས་སུ་གཏད། ཧྲཱིཿ འདོད་ཆགས་བདུད་འཇོམས་ཧེ་རུ་ཀ༔ པདྨ་སྤྱི་དཔལ་སོར་རྟོག་གི༔ ཡེ་ཤེས་རྡོ་རྗེའི་དབང་བསྐུར་བས༔ རྗེས་ཆགས་དབང་གི་དོན་རྟོགས་ཤོག༔ བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧྲཱིཿ མཐའ་རྟེན་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། བཛྲི་བྷ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྣམ་རྒྱལ་བུམ་པའི་ཆུ་ཀུ་ཤས་འཐོར། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་ལྟག་པར་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ཁྱེད་རང་རྣམས་ཀྱིས་སྣང་བ་མཐའ་ཡས་ཀྱི་སྒོ་ནས་རྡོ་རྗེའི་མངོན་པར་དབང་བསྐུར་བ་ཐོབ། འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་གྱུར། སྣང་བ་མཐའ་ཡས་ཀྱི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་གོ །དོན་ཡོད་གྲུབ་པ་དྲིལ་བུའི་དབང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སྭ་བྷཱ་ཝ་སོགས། སློབ་མ་དང་དབང་རྫས་དྲིལ་བུ་སྟོང་པའི་ངང་ལས་པད་ཉི་ལ་གནས་པའི་ཨཱཿལས་དྲིལ་བུ་ཨཱཿས་མཚན་པ་ལས་ཀརྨ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་ལྗང་ནག་རལ་གྲི་དང་དྲིལ་བུ་འཛིན་པ། དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། དབང་རྫས་ཀྱི་ལྷ་ཞུ་བ་ལས་དྲིལ་བུར་གྱུར་པ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པས་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་ཁྱེད་རང་རྣམས་ཀྱི་ལག་པ་གཡོན་དུ་གཏད་དེ་དབང་བསྐུར་བའི་མོས་པ་མཛོད། དྲིལ་བུ་དཀྲོལ་ཞིང་ལག་གཡོན་དུ་གཏད་ལ། ཨཱཿ ཕྲག་དོག་བདུད་འཇོམས་ཧེ་རུ་ཀ༔ ཀརྨ་སྤྱི་དཔལ་བྱ་བ་གྲུབ༔ ཤེས་རབ་དྲིལ་བུའི་དབང་བསྐུར་བས༔ དོན་གཉིས་རྫོགས་པའི་གནས་ཐོབ་ཤོག༔ ཀརྨ་གཎྜེ་ཨ་བྷི་ཥིཉྩ་ཨཿ མཐའ་རྟེན་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྣམ་རྒྱལ་བུམ་པའི་ཆུ་ཀུ་ཤས་འཐོར། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣ་ལྟག་གཡོན་དུ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། དེ་ལྟར་ཁྱེད་རང་རྣམས་ཀྱིས་དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་མངོན་པར་དབང་བསྐུར་བ་ཐོབ། ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་གྱུར། དོན་ཡོད་གྲུབ་པའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་གོ །རྣམ་པར་སྣང་མཛད་མིང་གི་དབང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སྭ་བྷཱ་ཝ་སོགས། སློབ་མ་དང་དབང་རྫས་རྡོ་རྗེ་དང་དྲིལ་བུ་སྟོང་པའི་ངང་ལས་པད་ཉི་ལ་གནས་པའི་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་སྨུག་ནག །འཁོར་ལོ་དང་དྲིལ་བུ་འཛིན་པ། དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། དབང་རྫས་ཀྱི་ལྷ་ཞུ་བ་ལས་རྡོར་དྲིལ་བསྣོལ་མར་གྱུར་པ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པས་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་ཁྱེད་རང་རྣམས་ལ་དབང་བསྐུར་བའི་མོས་པ་མཛོད། རྡོར་དྲིལ་བསྣོལ་མ་སྤྱི་བོར་བཟུང་སྟེ་དཀྲོལ་ལ། ཨོཾ༔ གཏི་མུག་བདུད་འཇོམས་ཧེ་རུ་ཀ༔ བུདྡྷ་སྤྱི་དཔལ་ཆོས་ཀྱི་དབྱིངས༔ རྡོ་རྗེའི་མིང་གི་དབང་བསྐུར་བས༔ རིགས་ཀྱི་འཁོར་ལོར་ངེས་པར་ཤོག༔ ཀྱཻ་བཻ་རོ་ཙ་ན་ཨོཾ་ཨ་བྷི་ཥིཉྩ་ཧཱུྃ༔ སྔར་བྱིན་པའི་གསང་བའི་མིང་གི་ཐོག་མ་ཀྱཻ་དཔལ། མཐར་དེ་བཞིན་གཤེགས་པའོ། །ཞེས་དྲིལ་བསྒྲགས་མཐར། མཐའ་རྟེན་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྣམ་རྒྱལ་བུམ་པའི་ཆུ་ཀུ་ཤས་འཐོར། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོ་ལ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ཁྱེད་རང་རྣམས་ཀྱིས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་མིང་གི་མངོན་པར་དབང་བསྐུར་བ་ཐོབ། གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར། རྣམ་པར་སྣང་མཛད་ཀྱི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་གོ །དེ་ལྟར་དབང་ལྔ་བསྐུར་བས། ཉོན་མོངས་ལྔ་ཡེ་ཤེས་ལྔར་གྱུར། ཕུང་པོ་ལྔ་རྒྱལ་བ་རིགས་ལྔའི་ངོ་བོར་སངས་རྒྱས་པ་ཡིན་ནོ། །དེ་རྣམས་ཀྱི་སློབ་མའི་དབང་བསྐུར་བ་སོང་ནས། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་ཁྱོད་ཀྱི་བཀའ་དྲིན་གྱིས༔ བདག་ལ་རང་དང་གཞན་གྱི་དོན༔ རྫོགས་ཕྱིར་རྡོ་རྗེ་སློབ་དཔོན་དབང༔ ཐུགས་རྗེའི་སྟོབས་དང་ལྡན་པས་བྱིན༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་དུ་མཛོད། དབང་སྟེགས་ཀྱི་སྟེང་དུ་ཁྱེད་རང་རྣམས་རྡོ་རྗེ་གཞོན་ནུ་ཤེས་རབ་མ་དང་བཅས་པའི་སྐུར་གྱུར་ཏེ། སྟེང་དུ་གདུགས་དཀར་པོ། མཐའ་བསྐོར་དུ་མཆོད་པའི་སྤྲིན་གྱི་ཕུང་པོ་དང་བཅས་པའོ། །ཧཱུྃ་ལས་བྱུང་བའི་རྡོ་རྗེ་དང༌། ཨ་ལས་བྱུང་བའི་དྲིལ་བུ་ཕྱག་གཡས་གཡོན་དུ་བྱིན་པས་དམ་ཚིག་གསུམ་པོ་ཆབས་ཅིག་བྱིན་པའི་མོས་པ་མཛོད། རྡོ་རྗེ་ལག་གཡས་སུ་གཏད་ཅིང་གསོར་ལ། རྡོ་རྗེ་འདི་ནི་ཐབས་ཆེན་པོ༔ སྐུ་ཡི་དབང་གི་མཆོག་ཡིན་ཏེ༔ བདེ་བ་ཆེན་པོའི་ཡེ་ཤེས་ཀྱི༔ དེ་ཉིད་ཤེས་པས་ཁྱོད་ཀྱིས་ལོངས༔ མ་ཧཱ་བཛྲ་ཧོཿ དྲིལ་བུ་ལག་གཡོན་དུ་གཏད་པ་དཀྲོལ་ཞིང་དཀུར་བསྟེན་ཏེ། ཆོས་ཉིད་སྐྱེ་མེད་སྟོང་པ་ཉིད༔ འགག་པ་མེད་པའི་སྒྲ་གདངས་བཅས༔ རང་བྱུང་གསུང་སྟེ་གསུང་གི་མཆོག༔ མཚོན་པར་བྱེད་པའི་དབང་ཡང་སྦྱིན༔ མ་ཧཱ་གཎྜེ་ཧོཿ རྡོར་དྲིལ་ཐུགས་ཀར་བསྣོལ་ཏེ་བཟུང་ལ། ཨེ་མ་རྡོ་རྗེ་སེམས་དཔའ་ཆེ༔ དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་གཙོ༔ ཁྱོད་ནི་རྟག་ཏུ་བདེ་ཆེན་ཏེ༔ བཅོམ་ལྡན་སྙེམས་མར་རོལ་པས་དགྱེས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་ཛྙཱ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ དབང་གི་ནུས་པ་ཡོངས་སུ་རྫོགས་པའི་ཕྱིར་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དབྱེར་མེད་པས་སླར་ཡང་རྣམ་རྒྱལ་བུམ་པའི་ཆུས་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་བཏེགས་ལ། ཧཱུྃ༔ བུམ་པ་རང་བྱུང་གཞལ་ཡས་ཁང༔ ནང་བཅུད་རིགས་ལྔའི་ཧེ་རུ་ཀ༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ །དེ་ལྟར་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པ་ཧེ་རུ་ཀས་གཙོར་མཛད་པའི་ཁྲོ་བོ་རིགས་ལྔས་དབུ་བརྒྱན་པ་ལ་སློབ་དཔོན་གྱིས་མཆོད་པས་མཆོད་པའི་མོས་པ་མཛོད། ཨརྒྷཾ་སོགས། དེ་ལྟར་དབང་ཡོངས་སུ་རྫོགས་པའི་མཐར། རང་དོན་དུ་དཀྱིལ་འཁོར་སྒྲུབ་མཆོད། གཞན་དོན་དུ་དབང་བསྐུར་རྒྱུད་འཆད་ཉན། གཉིས་ཀའི་དོན་དུ་རབ་གནས་སྦྱིན་སྲེག་སོགས་དཀྱིལ་འཁོར་གྱི་ལས་རབ་འབྱམས་སྒྲུབ་པའི་ཡོ་བྱད་རྣམས་གཏད་དེ་མངའ་གསོལ་བའི་མོས་པ་མཛོད། རྗེས་གནང་གི་ཆས་དུང་དང་ཕྱག་ཤིང་སོགས་གཏད་ལ། བུ་ཁྱོད་ཁམས་གསུམ་ལས་རྒྱལ་བའི༔ ཆོས་ཀྱི་རྒྱལ་པོ་ཉིད་ཡིན་པས༔ རང་དང་གཞན་གྱི་དོན་ཆེན་ཕྱིར༔ སློབ་མའི་ཚོགས་ཀུན་བསྡུ་བར་གྱིས༔ རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར༔ ལས་རྣམས་མ་ལུས་ཀུན་གྱིས་ཤིག༔ སློབ་དཔོན་དབང་གི་ལྷ་དང་བཅས་པས་མེ་ཏོག་འཐོར་ཞིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་ཞིང་རབ་ཏུ་གནས་པར་མོས་མཛོད། ཡེ་དྷར་བརྗོད་ཅིང་མེ་ཏོག་འཐོར། དེ་དག་གིས་ཁྱེད་རྣམས་ཀྱི་རྒྱུད་ལ་སློབ་དཔོན་གྱི་དབང་ཡན་ལག་དང་བཅས་པ་ཐོབ་པ་ཡིན་པས་དཀྱིལ་འཁོར་བྲི་བ་དང་རབ་ཏུ་གནས་པ་དང་སློབ་མ་བསྡུ་བ་སོགས་ལས་རབ་འབྱམས་སྒྲུབ་པར་གྱིས་ཤིག །དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་ཐོབ་པས་བསྐྱེད་རིམ་སྲིད་པ་ཕུར་བུའི་རྣལ་འབྱོར་སྤྲོས་པ་དང་བཅས་པ་སྒོམ་པ་ལ་དབང༌། ལམ་ལྔ་ལས་སྦྱོར་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེ་བའི་མཐུ་དང་ལྡན་པར་བྱས། ལུས་ཀྱི་དྲི་མ་དག །སྤྲུལ་པའི་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གསང་བའི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ། གཟུགས་དང་ལང་ཚོས་བརྒྱན་པའི་གཟུངས་མ་ཕྱག་རྒྱའི་དོན་དུ་ཕུལ་བར་མོས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་བ་རྡོ་རྗེ་གཞོན་ནུ་ནི༔ སྟོང་ཉིད་ཤེས་རབ་རྒྱས་འདེབས་སྦྱོར༔ ཟུང་འཇུག་བླ་མ་ཧེ་རུ་ཀས༔ བདག་ཅག་སྨིན་པར་མཛད་དུ་གསོལ༔ ལན་གསུམ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པའི་ཆོ་གས་བདེ་བ་ཆེན་པོའི་ཉམས་སྐྱེད། ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་སྤྱན་དྲངས་པའི་བདེ་བར་གཤེགས་པ་རྣམས་ཞལ་དུ་ཞུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཐུགས་ཀར་བྱང་ཆུབ་སེམས་སུ་ཞུ། སྐུ་ཡི་དབྱིབས་བརྒྱུད་དེ་སློབ་མའི་ལྕེ་ཐོག་ཏུ་བཞག་པར་མོས་ལ། བྷནྡྷའི་བདུད་རྩི་ལྕེ་ཐོག་ཏུ་བཞག་ལ། ཨེ་མ་ཧོཿ སངས་རྒྱས་ཀུན་གྱི་གསང་བ་ནི༔ ལྷག་པའི་བྱང་ཆུབ་སེམས་ཆེན་པོ༔ དེ་རིང་བུ་ལ་སྦྱིན་པར་བྱ༔ རྟོག་པ་བྲལ་བས་རོལ་ཅིག་བུ༔ སློབ་མས་བདུད་རྩི་མྱང་སྟེ། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་རྗེས་ཟློས་བྱར་གཞུག །དེ་ལྟར་བྱང་ཆུབ་སེམས་ཀྱི་བདུད་རྩི་མྱངས་བས་ལུས་ཀྱི་རྩ་ཁམས་ཐམས་ཅད་བདེ་བར་སྨིན། རང་བཞིན་བརྒྱད་ཅུའི་རྟོག་པ་འགགས། །གསལ་སྟོང་བདེ་བས་བརྒྱན་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་མོས་ཏེ་ང་རྒྱལ་བཟུང་བ་འདིའི་རྗེས་ཟློས་མཛོད། དེ་རིང་སངས་རྒྱས་ཀུན་དང་མཉམ། །བདག་གི་བསོད་ནམས་སྐལ་པ་ནི། །དཔལ་ལྡན་ཡོན་ཏན་ཀུན་གྱི་རྒྱན། །རྡོ་རྗེ་གཞོན་ནུའི་བདག་ཉིད་དོ། །སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་མཆོག་གི་སྤྲུལ་སྐུ་ཤཱཀྱའི་དབང་པོའི་རྣམ་པར་བཞེངས་ནས་ཁྱེད་རང་རྣམས་བྱང་ཆུབ་མཆོག་ཏུ་ལུང་བསྟན་པར་མོས་མཛོད། ཞྭ་ཕུད། སྣམ་སྦྱར་བཞེས། ཆོས་གོས་ཀྱི་གྲྭ་ནས་བཟུང་སྟེ་རྡོར་དྲིལ་ལྷན་ཅིག་བཟུང་བ་སློབ་མའི་སྤྱི་བོར་བཞག་ལ། ཀྱེ། རྡོ་རྗེ་ཕྲིན་ལས་གྲུབ་པ་རྩལ། །ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བྷུརྦྷུ་ཝ་སྭ། འདི་ལྟར་ངས་ལུང་བསྟན་པས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ལུང་བསྟན་པར་མཛད་པ་འདི་ནི་སྔགས་འདི་དང་ཕྱག་རྒྱ་འདིའི་མཐུའོ། །ཞེས་བརྗོད་ལ་སྣམ་སྦྱར་དང་རྡོར་དྲིལ་བཞག དེ་ལྟར་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་དུ་གསང་བ་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བ་ཐོབ་པས་རྫོགས་རིམ་བདེ་ཆེན་བྱང་ཆུབ་སེམས་ཀྱི་ཕུར་པ་རང་ལུས་བདེ་བ་ཆེན་པོའི་རྣལ་འབྱོར་སྒོམ་པ་ལ་དབང༌། ལམ་ལྔ་ལས་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་མཐོང་ལམ་ས་དང་པོའི་རྟོགས་པ་རྒྱུད་ལ་སྐྱེ་བའི་མཐུ་དང་ལྡན་པར་བྱས། ངག་གི་དྲི་མ་དག །ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་པ་ཡིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བདག་ནི་ཐེག་ཆེན་ཆོས་ལ་སྤྱོད༔ རྟག་ཏུ་བདེ་བ་ཆེན་པོར་འདོད༔ བླ་མེད་ཐབས་ཀྱི་ལམ་མཆོག་ཏུ༔ སྨིན་པའི་སྐལ་བཟང་མཛད་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་ལ་སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་རིག་མ་ལོ་བཅུ་དྲུག་ལོན་ཅིང་ལང་ཚོ་ཕུལ་དུ་བྱུང་བ་མཚན་ཉིད་ཡོངས་སུ་རྫོགས་པ་བྱིན་པར་མོས་མཛོད། ཨེ་མ་བདེ་བ་ཐམས་ཅད་ཀྱི༔ འབྱུང་གནས་རྡོ་རྗེ་སྣ་ཚོགས་གཟུགས༔ བདེ་མཆོག་སྐྱེད་བྱེད་དེང་གཏད་པས༔ རྟོག་པ་བྲལ་བས་རོལ་ཅིག་བུ༔ མ་ཧཱ་ས་མུ་དྲ་ཧོཿ དེ་ལྟར་གཏད་པའི་ཕྱག་རྒྱ་ཁྱེད་རང་རྣམས་ཀྱི་མདུན་དུ་བྱོན་ནས་བདེ་དགའ་སྤེལ་བའི་སྒྱུ་རྩལ་དང་བཅས་གསང་བའི་ཆུ་སྐྱེས་བསྟན་ནས་འདི་སྐད་གསུང་པར་མོས་མཛོད། བུ་ཀྱེ་ང་ཡི་པདྨ་འདིས༔ མཆོག་ཏུ་ཟབ་པའི་ཡེ་ཤེས་སྟོན༔ སངས་རྒྱས་ཐམས་ཅད་འདི་ལས་བྱུང༔ ཁྱོད་ནི་ཡང་དག་ལམ་འདོད་ན༔ གུས་པའི་ཚུལ་གྱིས་བསྟེན་ནུས་སམ༔ གཤང་གཅི་ཁུ་བ་ཁྲག་དང་བཅས༔ རྟོག་པ་བྲལ་བར་རོལ་འདོད་དམ༔ ཞེས་དྲིས་པ་ལ་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ་རྨད་དུ་བྱུང་བའི་ལམ༔ གསང་བ་བས་ཀྱང་ཆེས་གསང་བ༔ བདག་གིས་ཐོབ་པར་ཤིན་ཏུ་འདོད༔ རྟོགས་པར་དཀའ་བའི་ཡེ་ཤེས་དེ༔ བདག་གིས་འདོད་པས་ཁྱོད་ལ་གུས༔ གཙང་དང་དམེ་བ་རྟོག་པ་ཙམ༔ ཐམས་ཅད་མཉམ་པར་རོལ་ལ་སྤྲོ༔ ཞེས་ཞུས་པས་དངོས་གྲུབ་མཆོག་གི་རིགས་ཅན་དུ་དགོངས་ནས་དགྱེས་པའི་ཚུལ་གྱིས་པང་དུ་བྱོན་པར་མོས། རིག་མ་དེ་ཉིད་དགྱེས་ཏེ་རྒྱན་དང་བྲལ་བ་ལུས་ནམ་མཁའི་གོས་ཅན་དུ་བྱས་ལ་གུར་གུམ་དང་སྨན་དྲི་ཞིམ་པོས་བྱུག །ཆུ་སྐྱེས་ཀྱི་རྩ་མཛེས་པའི་བྷ་ག་བསྟན་ནས་པདྨའི་ཆེ་བ་བརྗོད་པར་མོས། སློབ་དཔོན་གྱིས་རིག་མའི་ལག་གཡོན་པ་ཁྱེད་རང་རྣམས་ཀྱི་ལག་གཡས་སུ་གཏད་དེ་རིག་མའི་བརྟུལ་ཞུགས་བྱིན་པར་མོས་མཛོད། ཁྱེད་རང་རྣམས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་དང༌། རིག་མ་འཁོར་ལོ་རྒྱས་འདེབས་མར་གསལ་བའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པའི་ནོར་བུར་ཨོཾ། རྩེ་མོར་ཕཊ྄་དང་བཅས་པ། ཡུམ་གྱི་མཁའ་ཨ་ལས་པདྨ་ཨས་མཚན་པ། ཡབ་ཀྱི་རྡོ་རྗེ་ནོར་བུའི་རྩ་བར་རྩ་གསུམ་འདུས་པའི་རྩ་གཡས་ལ་ཨོཾ་དཀར་པོ། གཡོན་ལ་ཨཱཿདམར་པོ། དབུས་སུ་ཧཱུྃ་མཐིང་ནག །ཡབ་ཡུམ་འཁྱུད་པ་དང་ཙུམྦ་ན་དང༌། གསང་གནས་སྦྱར་བའི་འདོད་ཆགས་ཆེན་པོས་མེའི་དྲོད་སྐྱེས་ཏེ་ཐིག་ལེའི་དྭངས་མ་རྣམས་ཞུ། ཁྱེད་རང་གི་སྤྱི་བོ་ནས་འཁོར་ལོ་བཞི་བརྒྱུད་དེ་རྡོ་རྗེ་ནོར་བུའི་རྩ་བར་བྱོན་པས་དགའ་བ། དབུས་སུ་བྱོན་པས་མཆོག་དགའ། རྩ་གསུམ་འདོམ་པའི་གནས་སུ་བྱོན་པས་དགའ་བྲལ་གྱི་དགའ་བ། རྡོ་རྗེ་ནོར་བུའི་རྩེ་མོར་བྱོན་པས་མཐར་ཐུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པར་མོས་ཏེ་ཅུང་ཟད་མཉམ་པར་ཞོག །ཕྱིར་བ་ཐག་ཙམ་ཡང་མ་འཛག་པར་བྱས་ཏེ་རླུང་འཕོ་བ་མེད་པའི་གདངས་དང་བཅས་ཧཱུྃ་ཞེས་དྲངས། ཡབ་ཡུམ་སོ་སོའི་ལྟེ་བའི་རྩ་འཁོར་གང་བས་དགའ་བ། ཡར་དྲངས་པ་སྙིང་གའི་རྩ་འཁོར་གང་བས་མཆོག་དགའ། ཡར་དྲངས་པ་མགྲིན་པའི་རྩ་འཁོར་གང་བས་དགའ་བྲལ་གྱི་དགའ་བ། ཡར་དྲངས་པ་སྤྱི་བོའི་རྩ་འཁོར་གང་བས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པར་མོས་ལ་ལུས་ཀྱི་འཁྲུལ་འཁོར་དང༌། རླུང་དང་སྤྱོད་ལམ་གྱི་སྒོ་ནས་ལུས་ཐམས་ཅད་ལ་ཁྱབ་པར་དགྲམ་པ་ལ་བརྟེན་ལུས་ཐམས་ཅད་ལ་རྩས་ཁྱབ། རྩ་ཐམས་ཅད་ལ་བྱང་ཆུབ་སེམས་ཀྱིས་ཁྱབ། དེ་ཐམས་ཅད་ལ་བདེ་བ་དང་སྟོང་པ་ཟུང་འཇུག་གིས་ཁྱབ་པ་སྟེ། བདེ་སྟོང་ཟུང་འཇུག་རྣམ་པར་མི་རྟོག་པའི་ངང་ལ་ཅུང་ཟད་མཉམ་པར་འཇོག་པར་ཞུ། དེ་ལྟར་ཐ་མལ་གྱི་རྟོག་པ་སྤངས་ནས་ལྷ་སྔགས་ཆོས་ཉིད་ཀྱི་ཐབས་མཁས་སུ་བསྒྱུར་ནས་རྗེས་ཆགས་སྙོམ་འཇུག་བདེ་བ་ཆེན་པོ་ལ་བརྟེན་ནས་ཞུ་བདེ་ལྷན་ཅིག་སྐྱེས་པ་མངོན་དུ་བྱས་ཏེ། དེའི་མཐུས་སྲིད་པའི་སྡུག་བསྔལ་ལས་འདས་ནས་བདེ་ཆེན་རྡོ་རྗེ་སེམས་དཔའ་ཉིད་དུ་ངེས་པར་འཚང་རྒྱ་བར་འགྱུར་རོ། །དེས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལམ་གཞན་ལུས་བདེ་ཆེན་ཕོ་ཉའི་རྣལ་འབྱོར་ཟབ་མོ་སྒོམ་པ་ལ་དབང༌། ལམ་ལྔ་ལས་རྒྱུ་ཡི་ཐེག་པ་མཐར་ཕྱིན་པ་སྒོམ་ལམ་ཀུན་ཏུ་འོད་ཀྱི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས། ཡིད་ཀྱི་དྲི་མ་དག །ཆོས་ཀྱི་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་པ་ཡིན་ནོ། །ཚིག་དབང་རིན་པོ་ཆེ་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་དཔལ་ཆེན་ཀུན་ཏུ་བཟང༔ སྲིད་ཞིའི་སྤྱི་དཔལ་དགོངས་སུ་གསོལ༔ བླ་མེད་འོད་གསལ་སྙིང་པོའི་ལམ༔ མངོན་སུམ་བདག་ལ་བསྩལ་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་ཀྱིས་བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་ལ་མོས་གུས་རྩེ་གཅིག་གིས་བླ་སློབ་ལྷན་ཅིག་པས་གསོལ་བ་འདི་ལྟར་ཐོབ། ཅེས་བརྡ་སྦྱར། བརྒྱུད་འདེབས་དཔོན་སློབ་ལྷན་ནས་བཏང༌། བླ་མ་དཔལ་ཆེན་པོ་དངོས་སུ་གསལ་བས་ཐ་མལ་གཉིས་སྣང་གི་བགེགས་རིགས་དབྱིངས་སུ་བསྐྲད་པར་མོས་ལ་ལྟ་སྟངས་སྡིག་མཛུབ་དང་བཅས་ཕྱོགས་ཀུན་ཏུ་གཏད་ལ་ཧ་ཧ་ཞེས་པས་རྡོ་རྗེའི་གད་མོ་སྒྲོགས། རིག་པ་གསལ་སྟོང་གཉིས་མེད་མཚོན་པའི་བརྡར་རྡོ་རྗེ་སེམས་དཔའི་མེ་ལོང་འཕྱར་ཞིང༌། དགོངས་པ་རྩེ་གཅིག་ཏུ་གཏད་དེ་དབང་བསྐུར་བ་ཡིན་པས། བླ་མའི་ཐུགས་ཀར་ཨ་ཡིག་མཐིང་གསལ་ནམ་མཁའི་མདོག་ཅན་ཞིག་འོད་ཙེ་རེ་གནས་པ་ལ་སེམས་གཏོད་ཅིག །ཤེལ་རྡོ་ཕྱར་ལ། ཨ༔ ད་ལྟའི་ཤེས་པ་བློ་བྲལ་འདི༔ ཟང་ཐལ་ཀུན་ཁྱབ་ས་ལེ་བ༔ རིག་སྟོང་ཆོས་སྐུའི་དགོངས་པ་འདི༔ ངེས་དོན་རྡོ་རྗེ་གཞོན་ནུ་ཡིན༔ ཨ་ཨ་ཨ༔ དུས་གསུམ་རྟོག་པ་ལས་འདས་པའི༔ སྐྱེ་འགག་གནས་བྲལ་ཆོས་ཀྱི་དབྱིངས༔ རྣམ་ཐར་གསུམ་དང་འདུ་འབྲལ་མེད༔ ཨེ་ཀ་འཁོར་ལོ་རྒྱས་འདེབས་སོ༔ ཨ་ཨ་ཨ༔ རིག་རྩལ་ཁྱབ་བརྡལ་ཆེན་པོ་ནི༔ ཁྲོ་བཅུ་ཡབ་ཡུམ་ཕྲ་ཐབས་དང༔ སྲས་མཆོག་སྒོ་མ་དམ་ཅན་ཏེ༔ ཀུན་ཀྱང་རང་སེམས་ཉིད་དུ་རྫོགས༔ ཨ་ཨ་ཨ༔ ངོ་བོ་སྟོང་ཉིད་རྡོ་རྗེ་སེམས༔ རང་བཞིན་འོད་གསལ་ཀཱི་ལ་ཡ༔ ཐུགས་རྗེ་ཀུན་ཁྱབ་ལས་ཀྱི་ལྷ༔ བདེ་གཤེགས་སྙིང་པོའི་དཀྱིལ་འཁོར་ཏེ༔ བུ་ཁྱོད་སྐལ་པ་བཟང་བས་མཐོང༔ ལྷ་བདག་གཉིས་མེད་ལྟ་བ་སྟེ༔ རང་སྣང་རང་ཤར་སྒོམ་པའི་མཆོག༔ ཤུགས་འབྱུང་འགག་མེད་སྤྱོད་པའི་ཀློང༔ ཐིག་ལེ་གཅིག་ཏུ་ཡེ་ནས་རྫོགས༔ དོན་འདི་རྟོགས་ན་སྲིད་ཞིའི་ཆོས༔ ཀུན་ཀྱང་སྲོག་འདིས་དབང་བྱེད་པས༔ དགོངས་པ་མི་འགྱུར་དོན་གྱི་གཟེར༔ རྒྱུད་ལུང་མན་ངག་ཐམས་ཅད་འདུས༔ ཨ་ཨ་ཨ་དྷརྨ་དྷཱ་ཏུ་ཨ་ཧོཿ ཞེས་ཚིག་གིས་ངོ་སྤྲད་དེ། སྔར་དབང་གསུམ་པའི་སྐབས་ཤེས་རབ་མ་དང་སྦྱོར་བས་དཔེ་ལས་སྐྱེས་པའི་ཡེ་ཤེས་མྱོང་བ་དྲན་པར་བྱས་ཏེ་དེའི་རང་ངོ་ལ་བལྟས་པས་གདོད་ནས་དག་པའི་ཆོས་ཉིད་ངོ་བོ་སྟོང་པ་ཤེལ་ལྟ་བུ་ལས། རང་བཞིན་འོད་གསལ་འཇའ་ཚོན་ལྟར་འགག་མེད་དུ་གསལ་བའི་ཟུང་འཇུག་རིག་པའི་ཡེ་ཤེས་དེ་ཁོ་ན་དངོས་སུ་མཐོང་བའི་དོན་ལ་མཉམ་པར་ཞོག་ཅིག །ཅུང་ཟད་བཞག་མཐར་སློབ་དཔོན་གྱིས། ཕཊ྄། དྲག་ཏུ་བརྗོད། དེ་ལྟ་བུའི་ཆོས་ཉིད་ཀྱི་རང་གཤིས་དཔེ་དང་ཚིག་ལས་འདས་ཀྱང་ལུས་སྐུ་གསུམ་གྱི་བཞུགས་སྟངས། མིག་གཟིགས་སྟངས་ཀྱིས་གཅུན་པའི་སྒོ་ཡུལ་རླུང་རིག་གི་གནད་ལ་བརྟེན་ནས་འོད་གསལ་སྒྲོན་མ་བཞིའི་སྣང་བ་ལ་ལོངས་སྤྱོད་པས་ཕྱི་ནང་སེམས་ཀྱི་ཟག་པ་ཐམས་ཅད་ནང་དབྱིངས་ཆེན་པོའི་ཀློང་དུ་ཟད་པ་ཀུན་བཟང་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་གསང་ལམ་ངོ་སྤྲད་པའི་སླད་དུ་ཁྱེད་རང་རྣམས་ལུས་སེང་གེའི་འདུག་སྟངས་སུ་བཅོས། མིག་བར་སྣང་དུ་ཧ་རེ་གཏོད་ལ་ཆོས་ཉིད་ཀྱི་རང་ངོ་ལ་གཅེར་གྱིས་ལྟོས་ཤིག །ཤེལ་རྡོ་དང་རྨ་བྱའི་མདོངས་བསྟན་ཏེ། ཨ༔ སྙིང་དབུས་ཡེ་ཤེས་རིན་པོ་ཆེའི༔ ཙིཏྟ་འོད་ཀྱི་གུར་ཁང་ན༔ འོད་གསལ་སྣང་བ་བསམ་མི་ཁྱབ༔ སྐུ་གསུམ་སྒྲོན་མ་བརྡ་འདིས་བསྟན༔ ཨ་ཨ་ཨ་ཨ་ཨ༔ ཞེས་བརྗོད་ལ་ཅུང་ཟད་མཉམ་པར་བཞག དེ་ལྟར་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བ། བསམ་བརྗོད་ཀྱི་ཡུལ་ལས་འདས་ཤིང༌། རྣམ་ཐར་སྒོ་གསུམ་གྱི་མཚོན་བྱེད་ཅན་དེ་ཉིད་རང་གི་སེམས་བདེ་སྟོང་གི་ངོ་བོར་ཤར་བ། ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་རང་བྱུང་གི་ཡེ་ཤེས་དང་གཉིས་སུ་མེད་པ་ཡིན་ནོ། །དེས་ཁྱེད་རང་རྣམས་ལ་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ་པས་རིག་པ་ཡེ་ཤེས་ཀྱི་ཕུར་བུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྒོམ་པ་ལ་དབང༌། ལམ་ལྔ་ལས་འབྲས་བུའི་ཐེག་པ་མཐར་ཕྱིན་པ་མི་སློབ་པའི་ལམ་བཅུ་གསུམ་རྡོ་རྗེ་འཛིན་པའི་རྟོགས་པ་རྒྱུད་ལ་སྐྱེ་བའི་མཐུ་དང་ལྡན་པར་བྱས། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་པ་ཡིན་ནོ། །མཚམས་སྦྱོར་སྤྱི་ལྟར་བྱས་ལ་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱས་པར་བརྗོད་ཅིང་མེ་ཏོག་འཐོར་ལ་རོལ་མོ་བསྒྲགས། འོག་གི་དོན་དབང་དང་གཏོར་དབང་རྣམས་སྦྲེལ་ནས་བྱེད་ན་ཁྲུས་དང་བགེགས་བསྐྲད་དོན་དབང་གི་ལོ་རྒྱུས། མཎྜལ་འབུལ་བ་དམ་བཞག་བར་མི་དགོས། བྱིན་འབེབས་མན་ཆད་དཀྱུས་ལྟར་གྱི་དོན་དབང་རྫོགས་པ་དང་གཏོར་དབང་སྦྱར་ཞིང་ཤིས་བརྗོད་ནས་འདི་བཞིན་མཐར་དབྱུང་དགོས་སོ། དེ་དག་གིས་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ་མི་ཏྲས་གསང་སྔགས་ཆུ་བོ་བཞི་ཡི་བཀའ་བབ་གཅིག་འདུས་གཉགས་ལོ་ཙཱ་བ་ཆེན་པོ་ཛྙཱ་ན་ཀུ་མཱ་ར་ལ་སྙན་བརྒྱུད་གསང་བའི་མནོག་ཆོས་སུ་བསྩལ་བའི་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཆེན་པོའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བསྐུར་རྒྱས་པ་ལེགས་པར་གྲུབ་པ་ཡིན་པས། དབང་གི་སྲོག་གམ་གཞི་རྟེན་དུ་གྱུར་པ། སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་རྩ་བ་དང་ཡན་ལག་གི་སྡོམ་པ་དང་དམ་ཚིག་མཐའ་དག་ཚུལ་བཞིན་དུ་སྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་མཚམས་སྦྱོར་སྤྱི་འགྲོ་ལྟར་བྱས་ལ་སློབ་མ་གྱེས་སོ། །གཉིས་པ་རྗེས་ཀྱི་ལས་རིམ་ནི། སློབ་དཔོན་གྱིས་ལས་གཞུང་ལྟར་ཚོགས་ལ་རོལ་ཞིང་ལྷག་མ་བཏང༌། སྨོན་ལམ་གདབ། ཆད་ཐོ་བརྟན་སྐྱོང་རྟ་བྲོ་བཅས་སོང་ནས། གཏང་རག་གི་མཆོད་བསྟོད་རྒྱས་བསྡུས་གང་ལྕོག་སྦྱར། ནོངས་བཤགས་དང༌། མདུན་བསྐྱེད་ཀྱི་ཡེ་ཤེས་པ་རས་བྲིས་ལ་བརྟན་བཞུགས། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་འོད་གསལ་གྱི་དབྱིངས་སུ་བསྡུ་ཞིང་ཟུང་འཇུག་སྒྱུ་མའི་ལྷ་སྐུར་ལྡང༌། བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་མཐར་ཆགས་སུ་བཏང་བས་ལེགས་པར་གྲུབ་བོ། ༈ གཉིས་པ་དབང་བསྐུར་འབྲིང་པོ་དོན་དབང་སྙིང་པོའི་ཚུལ་དུ་འབོག་ན། མཚན་མའི་དཀྱིལ་འཁོར་གཉིས་ཇི་ལྟར་འབྱོར་པའི་སྟེང་མཉྫིའི་ཁར་རྣམ་བུམ་རྒྱན་ལྡན། ལྷ་ཚོགས་ཡོངས་རྫོགས་ཀྱི་སྐུ་ཙཀ །རཀྴའི་སྔགས་ཕྲེང༌། ཕྱག་མཚན་རྡོ་རྗེ། དཔལ་གྱི་ཆས་བཅུ། ཤ་ཁྲག་རུས་གསུམ། གསང་ཐོད། རིག་ཙཀ །ཤེལ་རྡོ་བཅས་འདུ་བྱས་ལ། ལས་བྱང་གི་གཞུང་བསྲངས་ནས་བསྙེན་སྒྲུབ་ལས་ཀྱི་བཟླས་པའི་འཇུག་ཏུ་བུམ་པ་གཉིས་ཀ་སྟ་གོན་ལྟར་སྒྲུབ། ཚོགས་མཆོད་བར་དཀྱུས་ལྟར་གྲུབ་རྗེས། སློབ་མ་རྣམས་ལ་ཁྲུས་བྱ། གྲལ་དུ་འཁོད་པ་ན་བགེགས་གཏོར་བཏང༌། སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་གྲུབ་པ་དང༌། དེ་ལ་འདིར་བསྒྲུབ་བྱའི་ལྷ་ཆེན་པོ་རྡོ་རྗེ་གཞོན་ནུ་འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་དུ་གསང་བའི་བདག་པོ། རྒྱུད་སྡེ་ཆེན་པོ་བཞི་ཀའི་ལས་རབ་འབྱམས་སྒྲུབ་པའི་ལྷ་རྡོ་རྗེ་རྣམ་པར་འཇོམས་པ། ཉམས་གྲིབ་དང་མི་གཙང་བ་ཀུན་སེལ་བྱེད་ཁྲོ་རྒྱལ་སྨེ་བ་བརྩེགས་པ། སྲུང་བའི་ལྷ་མཆོག་གཙུག་ཏོར་འཁོར་ལོས་བསྒྱུར་བ། རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའ་རྣམས་ཀྱང་དཔལ་རྡོ་རྗེ་གཞོན་ནུའི་རོལ་རྩེད་དུ་གསུངས་ཤིང༌། སྒྲུབ་བྱེད་སྨིན་གྲོལ་གྱི་བཀའ་སྲོལ་ལའང་སྔ་འགྱུར་བཀའ་མ་ལ་རྒྱལ་པོ་ལུགས། ཇོ་མོ་ལུགས། ལྕམ་ལུགས། སོ་ཟུར་གནུབས་གསུམ། རོག་འགོས་ཁྱུང་གསུམ། འཁོན་ལུགས་ཀྱི་ཡང་ཕུར་དཔལ་ས་སྐྱ་པ་ལ་བཀའ་བབ་བརྙེས་པ་དང༌། གཞན་ཡང་དམ་པ་སངས་རྒྱས། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ལས་བརྒྱུད་པ་སོགས་དུ་མ་དང༌། ཟབ་གཏེར་གྱི་རིང་ལུགས་ལས་རྒྱ་ཆེ་མུ་མེད་དུ་བྱོན་པས་མཚོན་གངས་ཅན་གྱི་གྲུབ་མཐའ་ཀུན་ལ་ལྷ་འདིའི་ཕྲིན་ལས་ཀྱིས་མ་ཁྱབ་པ་མེད་ཅིང༌། སྤྱིར་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་སྤྱི་དཔལ་ཡིན་ཀྱང་ཁྱད་པར་ཀརྨ་ཧེ་རུ་ཀ་ཕྲིན་ལས་ཀྱི་ཁྱབ་བདག་ཏུ་བཞེངས་པས་སྒྲུབ་ཐག་ཉེ་བ་དང༌། བྱང་ཆུབ་སྒྲུབ་པའི་ལམ་གྱི་བར་ཆད་སེལ་བ་ལ་མེད་དུ་མི་རུང་བའི་ལྷག་པའི་ལྷ་གཅིག་པུར་མཁས་གྲུབ་ཀུན་ལ་གྲགས་ཤིང༌། ད་ལྟའི་བར་དངོས་གྲུབ་བརྙེས་པ་ཟམ་མ་ཆད་པར་བཞུགས་པ་ལྟར། འདིར་ཡང་པཎ་ཆེན་བི་མ་ལ་མི་ཏྲ། སློབ་དཔོན་སངས་རྒྱས་གཉིས་པ། གཉགས་ཛྙཱ་ན་ཀུ་མཱ་རའི་བཀའ་སྲོལ་གཅིག་དྲིལ་གྱི་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབ་པ་སྟེ། འདི་ལའང་རྩ་བའི་སྨིན་བྱེད་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པ་ལས། དོན་དབང་སྙིང་པོའི་བཅུད་དྲིལ་ལྟར་སྒྲུབ་པ་ལ་མཎྜལ་ཕུལ། ཙཀྵུ་བྷནྡྷ་བ་ར་མ་ན་ཡེ་སྭཱ་ཧཱ། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མིག་དར་དང་མེ་ཏོག་གཏད། སངས་རྒྱས་ཀུན་གྱི་སོགས་ཀྱིས་གསོལ་བ་གདབ། སྐྱབས་སེམས་ཡན་ལག་བརྒྱད་པ་སྡོམ་བཟུང་རྣམས་ལན་གསུམ་གསུམ་བཅས་བྱ། བྷྲཱུཾ་པྲ་བེ་ཤ་ཡ་ཕཊ྄་ཀྱིས་སྒོ་དབྱེ། ཛཿཧཱུྃ་བྃ་ཧོཿས་ནང་དུ་གཞུག ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མི་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ་གིས་ཕྱག་ལན་གསུམ་བྱ། འདི་ནི་རྡོ་རྗེ་བདུད་རྩིའི་ཆུ༔ ཧེ་རུ་ཀ་དཔལ་ཉིད་ཡིན་ཏེ༔ བསྲུང་ན་དངོས་གྲུབ་སེམས་དཔའ་སྩོལ༔ མ་བསྲུང་ངེས་པར་འཚིགས་ཏེ་བརླག༔ ས་མ་ཡ་ཨི་དཾ་ཏོ་ད་ཀ་ཋ་ཋ་ཋ་ཧཱུྃ༔ ཞེས་དམ་ཆུ་མྱང༌། ཡེ་ཤེས་པ་དབབ་པ་ནི། སྣོད་ནི་འོག་མིན་སྟུག་པོ་བཀོད། །བཅུད་ཀྱི་རྟོག་པ་ཀཱི་ལ་ཡ། །མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད། །གཡས་དཀར་གཡོན་དམར་དབུས་མཐིང་ནག །དེ་སྟེང་ཞལ་གསུམ་ལྗང་སེར་ནག །དེ་སྟེང་ཞལ་གསུམ་སྨུག་མཐིང་དམར། །གཡས་དགུ་དང་པོས་རྡོ་རྗེ་གདེང༌། །འཁོར་ལོ་དགྲ་སྟྭ་རལ་གྲི་མདུང༌། །ཐོ་བ་ལྕགས་ཀྱུ་གསལ་ཤིང་བསྣམས། །གཡོན་དགུས་མེ་དཔུང་ཁཊྭཱཾ་ག །རི་རབ་ཞགས་པ་བྷནྡྷ་དམར། །སྡིག་མཛུབ་མདའ་དང་བདུད་བཞིའི་མགོ །ཐ་མས་རི་རབ་ཕུར་བུ་འདྲིལ། །རང་འོད་ཡུམ་དང་མཉམ་སྦྱོར་བས། །ཐུགས་སྲོག་ཧཱུྃ་ལ་སེམས་བཟུང་ཞིང༌། །སྙོམས་འཇུག་སྒྲ་དང་འོད་ཟེར་སྤྲིན། །གདུང་བའི་གླུ་ཡིས་ཐུགས་དམ་བསྐུལ། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །ཆར་བཞིན་བབ་སྟེ་དབྱེར་མེད་ཐིམ། །ཡེ་ཤེས་ཆེན་པོའི་བྱིན་ཐོབ་གྱུར། །སྤོས་རོལ་བཅས་ལས་བྱང་གི་བྱིན་འབེབས་བཏང་ལ་དབབ། རྡོ་རྗེ་སྤྱི་བོར་བཞག་ཏིཥྛ་བཛྲས་བརྟན་པར་བྱ། བོ་དྷི་ཙིཏྟ་ཨ་པྲ་ཏཱི་པཱུ་ཛ་ཧོཿས་མེ་ཏོག་དོར། པྲ་ཏཱིཙྪ་གྲཱྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལས་བཅིངས། བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ྄་ཀྱིས་མིག་དར་བསལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་བདག་ཉིད་རྩ་བ། ཕྱོགས་བཅུ་ཁྲོ་བོ། སྲས་མཆོག་ཕུར་པའི་དཀྱིལ་འཁོར་གསུམ། བཀའ་སྲུང་ཆོས་སྐྱོང་དང་བཅས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཇལ་བར་གྱུར། དེས་སྔོན་འགྲོ་འཇུག་པའི་ཆོས་རྣམས་སོང་ནས་དངོས་གཞིའི་སླད་དུ་མཎྜལ་ཕུལ། ཧེ་རུ་ཀ་དཔལ་བླ་མ་དགོངས༔ བདག་ཅག་རྡོ་རྗེའི་རིགས་ཅན་དུ༔ སྒྲུབ་པ་སྐལ་པ་ཤིན་ཏུ་བཟང༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ ལན་གསུམ་གྱིས་གསོལ་བ་གདབ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་ཐུག་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་ནས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་དགྱེས་བཞིན་དུ་དབང་བསྐུར་བར་གྱུར། བུམ་པ་སྤྱི་བོར་བཞག ཧཱུྃ༔ བུམ་པ་རང་བྱུང་གཞལ་ཡས་ཁང༔ ནང་བཅུད་རིགས་ལྔའི་ཧེ་རུ་ཀ༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ སྐུ་གང་སྒྲིབ་དག་ནུས་པ་བཞག༔ ཆུ་ལྷག་གྱེན་དུ་འཁྱིལ་བ་ལས༔ རྡོ་རྗེ་སེམས་དཔས་དབུ་བརྒྱན་གྱུར༔ ཛཿཧཱུྃ་བྃ་ཧོཿ ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཁྱེད་རང་རྣམས་ལ་ཐིམ་པར་མོས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱས་མེ་ཏོག་སྤྱི་བོར་བཞག་ཅིང་བརྟན་པར་བྱས་ནས། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཤིས་བརྗོད་གང་རིགས་བྱ། དེ་ལྟར་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྙེན་པའི་རྣལ་འབྱོར་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །སྟོད་སྨད་ཀྱི་དབང་ཆེན་སྦྲེལ་བའི་གཤམ་དུ་དོན་དབང་བྱེད་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་འདི་དག་སྦྱར་མི་དགོས་ལ། དོན་དབང་ཁོ་ན་ཡིན་ན་ནུས་པ་འཇུག་དབང་འདི་དགོས་པས་སྐབས་ཕྱེད་པར་བྱ་དགོས་སོ། ཁྱད་པར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དང་ནུས་པ་རྒྱུད་ལ་འཇུག་པའི་ཕྱིར་ལྷ་སྔགས་རིག་པའི་དབང་བསྐུར་སྦྱིན་པའི་ཐོག་མར་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། མདུན་གྱི་ལྷ་ཚོགས་གཙོ་འཁོར་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་གཉིས་སུ་མེད་པར་མོས་ཤིག །ལྷ་ཙཀ་རྣམས་རིམ་པར་བསྐུར་ལ། ཧཱུྃ༔ དབུས་ཕྱོགས་གྲུ་གསུམ་གཞལ་ཡས་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་སྦྱོར༔ སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི་བཅས༔ སྤྲུལ་པ་སྲས་མཆོག་ཁྲོ་བཅུ་སྤྲོ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔལ་ཆེན་པོ་དང་གཉིས་མེད་ཤོག༔ རྩ་སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་མཛད་ཧཱུྃ༔ ཡུམ་ནི་རྡོ་རྗེ་སྒྲ་འབྱིན་མ༔ སྤྲུལ་པ་ཕག་དང་རྨིགས་བུའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྟེང་གདོན་འདུལ་བའི་མཐུ་ཐོབ་ཤོག༔ རང་སྔགས། ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ༔ ཡུམ་ནི་རྡོ་རྗེ་མདའ་སྙེམས་མ༔ སྤྲུལ་པ་སྟག་དང་བྱ་རྒོད་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲི་ཟ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད༔ ཡུམ་ནི་རྡོ་རྗེ་དུར་ཁྲོད་བདག༔ སྤྲུལ་པ་ཤ་བ་འུག་པའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཤིན་རྗེ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང༔ ཡུམ་ནི་རྡོ་རྗེ་གཏུམ་མོ་མ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཀླུ་གདོན་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ ཡུམ་ནི་རྡོ་རྗེ་རླུང་འབྱིན་མ༔ སྤྲུལ་པ་སེང་གེ་ཕ་ཝཾ་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གནོད་སྦྱིན་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ཤར་ལྷོ་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་དབྱུག་པ་སྔོན༔ ཡུམ་ནི་རྡོ་རྗེ་སྡེར་མོ་མ༔ སྤྲུལ་པ་གཡག་དང་བྱ་རོག་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མེ་ལྷ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན༔ ཡུམ་ནི་རྡོ་རྗེ་གཏུན་ཁུང་མ༔ སྤྲུལ་པ་གཟིག་དང་ཁྭ་ཏའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྲིན་པོ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ནུབ་བྱང་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་འདོད་པའི་རྒྱལ༔ ཡུམ་ནི་རྡོ་རྗེ་སྙེམས་མ་དམར༔ སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རླུང་ལྷ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ བྱང་ཤར་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ༔ ཡུམ་ནི་རྡོ་རྗེ་གསོད་བྱེད་མ༔ སྤྲུལ་པ་དོམ་དང་སྲེ་མོང་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབང་ལྡན་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ འོག་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་པོ༔ ཡུམ་ནི་རྡོ་རྗེ་སྐྱོད་བྱེད་མ༔ སྤྲུལ་པ་དྲེད་དང་བྱི་བའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ས་བདག་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ མདུན་ཕྱོགས་ཟླ་གམ་གདན་སྟེང་ནས༔ ཐུགས་ཀྱི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུགས་མེད་ཁམས་འདུལ་དབང་ཐོབ་ཤོག༔ སྔགས། ཧཱུྃ༔ གཡས་ཕྱོགས་ཟླ་གམ་གདན་སྟེང་ནས༔ སྐུ་ཡི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འདོད་ཁམས་འདུལ་བའི་དབང་ཐོབ་ཤོག༔ སྔགས། ཧཱུྃ༔ གཡོན་ཕྱོགས་ཟླ་གམ་གདན་སྟེང་ནས༔ གསུང་གི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུགས་ཁམས་འདུལ་བའི་དབང་ཐོབ་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་གྲུ་ཆད་ཤར་ལྷོ་ནས༔ ཞི་བའི་ལས་མཛད་བུདྡྷའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཞི་བྱེད་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་གྲུ་ཆད་ལྷོ་ནུབ་ནས༔ རྒྱས་པའི་ལས་མཛད་རཏྣའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱས་བྱེད་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་གྲུ་ཆད་ནུབ་བྱང་ནས༔ དབང་གི་ལས་མཛད་པདྨའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབང་བྱེད་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་གྲུ་ཆད་བྱང་ཤར་ནས༔ དྲག་པོའི་ལས་མཛད་ཀརྨའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲག་པོའི་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་ཁོར་ཡུག་ཁྲག་ཁྱམས་ནས༔ ཕུར་པའི་ལས་མཁན་དམ་ཅན་ཚོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གདུག་པ་ཀུན་འདུལ་དབང་ཐོབ་ཤོག༔ སྔགས། ཧཱུྃ༔ དཀྱིལ་འཁོར་ཕྱོགས་ཀྱི་སྒོ་བཞི་ནས༔ ཕྲིན་ལས་བཞི་མཛད་སྒོ་མ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚར་གཅོད་རྗེས་འཛིན་དབང་ཐོབ་ཤོག༔ སྔགས། དེང་ནས་བཟུང་སྟེ་རང་ལུས་སྣང་སྟོང་ལྷའི་སྐུ་སྒོམ་པ་དང་མ་བྲལ་བས་སྣང་བ་ཐམས་ཅད་ལ་ལྷ་སྐུ་ཕྱག་རྒྱའི་གཟེར་གྱིས་ཐེབས་པར་གྱིས་ཤིག །གསུང་བཟླས་པའི་ལུང་སྦྱིན་པ་ལ་དམིགས་པ་འདི་རྣམས་གསལ་ཐོབ་མཛོད། བདག་མདུན་གྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བཛྲ་སཏྭ་དཀར་གསལ་རྡོར་དྲིལ་བསྣམས་པ་དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་ཕྱེད་སྐྱིལ་གྱིས་པད་ཟླ་ལ་བཞུགས་པ། ཙིཏྟ་མཆོང་གུར་སྨུག་པོའི་དབུས་སུ་ཉི་མའི་སྟེང་དུ་གསེར་གྱི་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཧཱུྃ་ལ་ཀཱི་ལ་ཡ་འབྲུ་དགུ་པས་བསྐོར་བའི་སྔགས་ཀྱི་ཐོག་མཐའི་མཚམས་སུ་རྟ་མགྲིན་དམར་པོ་པདྨ་དང་བྷཉྫ་འཛིན་པ་ཞལ་ནང་དུ་ཕྱོགས་ཏེ་སྲུང་བའི་ལས་མཛད་པར་གསལ། ཁྱེད་རང་རྣམས་ཀྱང་ལྷར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བཛྲ་སཏྭའི་ཐུགས་མཆོང་གུར་སྨུག་པོར་རྡོ་རྗེ་ཧཱུྃ་ཡིག་སྔགས་ཕྲེང་བར་ཆད་སྲུང་བའི་ལྷ་དང་བཅས་པ་གསལ་ཐོབ་མཛོད། སློབ་དཔོན་དང་ལྷ་ལ་མོས་གུས་བྱས་པའི་རྐྱེན་གྱིས་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན། ཁྱེད་རང་རྣམས་དང་ཐུགས་ཀའི་ལྷའི་ཞལ་དུ་ཞུགས་ནས་ཐུགས་སྲོག་ཧཱུྃ་གི་མཐར་འཁོད་པ་བཟླས་པའི་རྐྱེན་གྱིས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས། སྣོད་བཅུད་སྲིད་པ་ཕུར་བུའི་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་སད་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ ལན་གསུམ། སླར་ཡང་གཙོ་བོའི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་ཞལ་ནས་ཐོན་སློབ་མ་ལྷར་གསལ་བའི་ཁར་ཞུགས། ཡབ་ཡུམ་གྱི་མཁའ་གསང་ནས་ཐོན། གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཞུགས། ཐུགས་ཀར་ཐིམ་པས་བདེ་ཆེན་ཡེ་ཤེས་ཀྱི་གཟི་བྱིན་འབར། བརྟན་གཡོའི་རྩི་ཤིང་ནགས་ཚལ་ཐམས་ཅད་ཕུར་པའི་དཀྱིལ་འཁོར་དུ་ཤར་བས་བཛྲ་ཀཱི་ལ་ཡའི་སྔགས་སྒྲ་འུར་དིར་གྱིས་སྒྲོག་པས་སྣང་སྲིད་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་འཁོར་ལོར་རྫོགས་པར་མོས་ལ་སྒྲུབ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄་ཛཿཧཱུྃ་ཨཱཿ སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་སྐུ་ལས་འོད་ཟེར་ལྗང་ནག་མཚོན་ཆའི་ཟེགས་མ་འཕྲོས། དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་རྣམ་པ་དྲུག་མཐར་ཕྱིན་པར་མོས་ལ་ལས་སྔགས་སྤུ་གྲི་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ༔ མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ༔ སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཤྲཱི་གྷྲཾ་ཀརྨ་ཀཱ་ར་ཡེ་མ་ར་སེ་ན་པྲ་མརྟ་ན་ཡེ་ཧཱུྃ་ཕཊ྄༔ ལན་གསུམ་བཟླར་གཞུག །སྔགས་ཀྱི་ཕྲེང་བ་གཏད་པས་བཟླས་བརྗོད་ཀྱི་ནུས་པ་སྐྱེད་ཅིང་བརྟན་པར་མོས་ཤིག །ཕྲེང་བ་གཏད་ལ། ཨཱཿ ཇི་སྙེད་བརྗོད་པ་ཐམས་ཅད་ཀུན༔ རྡོ་རྗེའི་སྔགས་སུ་རྣམ་པར་དག༔ ནུས་པ་སྐྱེད་པའི་དབང་བསྐུར་བས༔ དངོས་གྲུབ་རྣམ་གཉིས་མྱུར་འགྲུབ་ཤོག༔ ཨོཾ་སརྦ་མཎྜ་ལ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དེང་ཕྱིན་ཆད་གྲགས་སྟོང་སྔགས་ཀྱི་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་བརྩོན་ནས་བརྟན་གཡོའི་སྒྲ་སྐད་ཐམས་ཅད་ལ་རྡོ་རྗེའི་སྔགས་ཀྱིས་གཟེར་ཐེབ་པར་གྱིས་ཤིག །ཐུགས་རང་བྱུང་གི་དགོངས་པ་ངོ་སྤྲད་པའི་སླད་དུ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་དབུས་སུ་ཐིམ་པས་ཟུང་འཇུག་འོད་གསལ་རང་བྱུང་གི་དགོངས་པ་མངོན་དུ་གྱུར་པར་མོས་ཤིག །ཕྱག་མཚན་རྡོ་རྗེ་གཏད་ལ། ཧཱུྃ༔ རྡོ་རྗེ་སྟོང་པ་ཉིད་ཀྱི་དབྱིངས༔ གཞོན་ནུ་ཡེ་ཤེས་རིག་པའི་སྐུ༔ མཚོན་བྱེད་དཔལ་གྱི་ཕྱག་མཚན་འདི༔ སྐལ་ལྡན་བུ་ལ་སྦྱིན་གྱིས་ལོངས༔ ཨོཾ་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ནས་བཟུང་སྟེ་རིག་སྟོང་ཡེ་ཤེས་ཆེན་པོའི་ངང་ལ་རྟག་ཏུ་མཉམ་པར་བཞག་པ་ལས་མ་གཡོས་པས་རྟོག་ཚོགས་ཐམས་ཅད་ལ་དགོངས་པ་མི་འགྱུར་བའི་གཟེར་དང་འཕྲོ་འདུའི་ཏིང་ངེ་འཛིན་གྱིས་གཟེར་ཐེབ་པར་གྱིས་ཤིག །དཔལ་གྱི་ཆས་ཆེན་བཅུ་དང་དུར་ཁྲོད་འབར་བའི་ཆས་བརྒྱད་རྣམས་གནས་སོ་སོར་བགོས་ཏེ་མངའ་གསོལ་བས་སྟོབས་དང་རྣམ་ཐར་ཐམས་ཅད་ཡོངས་སུ་རྫོགས་པར་མོས་ཤིག །དཔལ་གྱི་ཆས་བཅུས་མངའ་གསོལ་ཏེ། ཨོཾ༔ ཁྱོད་ནི་རྡོ་རྗེ་སྒྲོལ་བྱེད་ཆེ༔ སྔོན་ཚེ་ཧེ་རུ་ཀ་ཆེན་པོས༔ རུ་ཏྲ་སྡེ་གསུམ་བཏུལ་བ་ལས༔ རྒྱལ་བྱེད་དཔལ་གྱི་ཆས་རྣམས་ལོངས༔ ཤྲཱི་ཨཱ་ལངྐ་ར་ཨ་བྷི་ཥིཉྩ་ཧོཿ དེ་ལྟར་དཔལ་ཆེན་པོ་དང་མཉམ་པར་གྱུར་པ་ལ་དུག་གསུམ་རྒྱན་དུ་རོལ་པའི་བརྡར་རུ་ཏྲའི་ཤ་ཁྲག་རུས་པའི་བཟའ་བཅའ་གཏད་པར་མོས་མཛོད། ཤ་ཁྲག་རུས་གསུམ་གཏད་དེ། ཧཱུྃ༔ ཟ་བྱེད་རྡོ་རྗེ་འབར་བ་ཆེ༔ ཁམས་གསུམ་གདུག་པ་བསྒྲལ་བ་ཡི༔ དུག་གསུམ་མཆོད་པ་བླ་མེད་པ༔ རོལ་པའི་སྐལ་བཟང་ཁྱོད་ཡིན་ནོ༔ ཧ་ཧ་ཧ་ཨ་ལ་ལ་ཧོཿ ཞེས་ཕུལ་བ་དགྱེས་པའི་གད་མོ་དང་བཅས་ཏེ་རོལ་པས་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་རྔམ་པས་གདུལ་དཀའ་དབྱིངས་སུ་སྒྲོལ་བའི་མཐུ་སྟོབས་ཐོགས་པ་མེད་པར་གྱུར་པའི་མོས་པ་མཛོད། གསང་དབང་ནི། གསང་བའི་དབང་གི་སླད་དུ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་རང་འོད་ཀྱི་ཡུམ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་གྱུར། བྷནྡྷའི་བདུད་རྩི་ལྕེ་ཐོག་ཏུ་བཞག་ལ། ཨེ་མ་ཧོཿ སངས་རྒྱས་ཀུན་གྱི་གསང་བ་ནི༔ ལྷག་པའི་བྱང་ཆུབ་སེམས་ཆེན་པོ༔ དེ་རིང་བུ་ལ་སྦྱིན་པར་བྱ༔ རྟོག་པ་བྲལ་བས་རོལ་ཅིག་བུ༔ སློབ་མས་བདུད་རྩི་མྱང་སྟེ། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་རྗེས་ཟློས་བྱར་གཞུག །དེ་ལྟར་ན་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་ཉེ་བསྙེན་རྩ་རླུང་གཏུམ་མོ་སྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཤེར་དབང་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་རྡོ་རྗེ་གཞོན་ནུའི་སྐུར་གསལ་བ་ལ་སློབ་དཔོན་གྱི་ཐུགས་ཀ་ནས་གཟུགས་དང་ལང་ཚོ་རྫོགས་པའི་རིག་མ་འཁོར་ལོ་རྒྱས་འདེབས་ཀྱི་ངོ་བོ་ཅན་རེ་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་གྱུར། རིག་ཙཀ་གཏད་ལ། ཨེ་མ་བདེ་བ་ཐམས་ཅད་ཀྱི༔ འབྱུང་གནས་རྡོ་རྗེ་སྣ་ཚོགས་གཟུགས༔ བདེ་མཆོག་སྐྱེད་བྱེད་དེང་གཏད་པས༔ རྟོག་པ་བྲལ་བས་རོལ་ཅིག་བུ༔ མ་ཧཱ་ས་མུ་དྲ་ཧོཿ རང་དང་རིག་མ་འདུ་ཤེས་སུམ་ལྡན་གྱིས་སྙོམས་པར་ཞུགས་པས་དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་རྒྱུད་ལ་སྐྱེས་པར་གྱུར། འཁྱུད་རྒྱ་བྱ། དེ་ལྟར་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་སྒྲུབ་པ་ཕོ་ཉའི་རྣལ་འབྱོར་སྒོམ་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །དབང་བཞི་པ་ནི། རྡོ་རྗེ་སེམས་དཔའི་མེ་ལོང་འཇའ་ཤེལ་བཟུང་ལ། ཨ༔ ད་ལྟའི་ཤེས་པ་བློ་བྲལ་འདི༔ ཟང་ཐལ་ཀུན་ཁྱབ་ས་ལེ་བ༔ རིག་སྟོང་ཆོས་སྐུའི་དགོངས་པ་འདི༔ ངེས་དོན་རྡོ་རྗེ་གཞོན་ནུ་ཡིན༔ ཨ་ཨ་ཨ་དྷརྨ་དྷཱ་ཏུ་ཨ་ཧོཿ ཞེས་དཔེ་ཡི་བརྡ་ཐབས་ཀྱིས་མཚོན་ཏེ། ཨ༔ ལྟ་བ་བློ་འདས་གདོད་མའི་བབ༔ སྒོམ་པ་མ་བཅོས་ལྷུག་པར་བཞག༔ སྤྱོད་པ་རང་གྲོལ་གཉུག་མའི་ངང༔ འབྲས་བུ་གཞི་སྣང་ཆེན་པོར་རྫོགས༔ ཨ་ཨ་ཨ༔ ཞེས་དགོངས་པ་སྐྱོང༌། དེ་ལྟར་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་དག །ལམ་སྒྲུབ་པ་ཆེན་པོ་དབྱིངས་རིག་ཟུང་འཇུག་སྒོམ་པ་ལ་དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །རྗེས། གཙོ་བོས་ཇི་ལྟར་སོགས་དང༌། དེང་ནས་བརྩམས་ཏེ་སོགས་སྤྱི་ལྟར་དང་དགེ་བསྔོ་བྱས་པས་གྲུབ་བོ། ༈ གསུམ་པ་བསྡུས་པ་གཏོར་མའི་དབང་བསྐུར་རྐྱང་པ་བྱེད་འདོད་ན། དཔལ་གཏོར་འཁོར་རང་འདྲ་བཅུ་དང་མཐེབ་ཀྱུ་གང་མང་གིས་བསྐོར་བར་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་དཀྱིལ་འཁོར་དབུས་སུ་བཞག་ལ་མཆོད་པས་བསྐོར། ལས་བྱང་བཟླས་པ་དང་བཅས་པ་བཏང་སྟེ་གཏོར་མ་ཉིད་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་ཞིང་ཐུན་མཐར་ཏིང་ངེ་འཛིན་གྱི་དབང་ལེན་གྲུབ་པ་དང༌། སློབ་མ་ཁྲུས་ནས་དབྱུང༌། བགེགས་བསྐྲད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་འདེབས་དང་བཅས་དོན་དབང་གི་ལོ་རྒྱུས་ལྟར་སྦྱར་ཏེ། སྨིན་བྱེད་རྒྱས་འབྲིང་བསྡུས་གསུམ་ལས། བསྡུས་པ་བྱིན་རླབས་གཏོར་མའི་དབང་གིས་སྨིན་པར་བྱ་བའི་ཕྱིར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་དཔལ་ཆེན་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱིས༔ བདག་ལ་བྱིན་གྱིས་བརླབས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་སྩོལ༔ ལན་གསུམ། དབང་རྒྱས་པ་དང་དོན་དབང་གི་གཤམ་དུ་སྦྲེལ་ན་དབང་སྒྲུབ་དང་དབང་ལེན་མཎྜལ་ནས་བྱིན་འབེབས་བར་མི་དགོས། འོག་གི་གཏོར་དབང་དངོས་ལ་འཇུག །གཏོར་དབང་ཁོ་ནའི་ཚེ། བསགས་སྦྱང་སྤེལ་གསུམ་གྱི་ཐབས་ཁྱད་པར་ཅན་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ལན་གསུམ། ཡེ་ཤེས་པ་དབབ་པ་ནི། སྣོད་ནི་འོག་མིན་སྟུག་པོ་བཀོད། །བཅུད་ཀྱི་རྟོག་པ་ཀཱི་ལ་ཡ། །མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད། །གཡས་དཀར་གཡོན་དམར་དབུས་མཐིང་ནག །དེ་སྟེང་ཞལ་གསུམ་ལྗང་སེར་ནག །དེ་སྟེང་ཞལ་གསུམ་སྨུག་མཐིང་དམར། །གཡས་དགུ་དང་པོས་རྡོ་རྗེ་གདེང༌། །འཁོར་ལོ་དགྲ་སྟྭ་རལ་གྲི་མདུང༌། །ཐོ་བ་ལྕགས་ཀྱུ་གསལ་ཤིང་བསྣམས། །གཡོན་དགུས་མེ་དཔུང་ཁཊྭཱཾ་ག །རི་རབ་ཞགས་པ་བྷནྡྷ་དམར། །སྡིག་མཛུབ་མདའ་དང་བདུད་བཞིའི་མགོ །ཐ་མས་རི་རབ་ཕུར་བུ་འདྲིལ། །རང་འོད་ཡུམ་དང་མཉམ་སྦྱོར་བས། །ཐུགས་སྲོག་ཧཱུྃ་ལ་སེམས་བཟུང་ཞིང༌། །སྙོམས་འཇུག་སྒྲ་དང་འོད་ཟེར་སྤྲིན། །གདུང་བའི་གླུ་ཡིས་ཐུགས་དམ་བསྐུལ། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །ཆར་བཞིན་བབ་སྟེ་དབྱེར་མེད་ཐིམ། །ཡེ་ཤེས་ཆེན་པོའི་བྱིན་ཐོབ་གྱུར། སྤོས་རོལ་དང་བཅས་ལས་བྱང་གི་བྱིན་འབེབས་བཏང་ལ་དབབ། རྡོ་རྗེ་སྤྱི་བོར་བཞག ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དབང་དངོས་ལ་གཏོར་མ་འདི་ཉིད་དུར་ཁྲོད་ཆེན་པོའི་ཀློང༌། དཀྱིལ་འཁོར་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་སུ་པདྨ་ཉི་ཟླ་དབང་ཕྱུག་ཕོ་མོ་བསྣོལ་བའི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད་ཡུམ་འཁོར་ལོ་རྒྱས་འདེབས་མ་དང་མཉམ་པར་སྦྱོར་བའི་སྐུར་གསལ་བའི་སྤྱི་བོའི་ཨོཾ་དཀར་པོ་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། སྐུ་ཡི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་འདུན་མཛོད། གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པ༔ རྡོ་རྗེ་སྐུ་ཡིས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄་ཛཿཧཱུྃ་ཨཱཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གཏོར་མ་དུར་ཁྲོད་རོལ་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་སུ་པདྨ་ཉི་ཟླ་དབང་ཕྱུག་ཕོ་མོ་བསྣོལ་བའི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་གསལ་བའི་མགྲིན་པའི་ཨཱཿལས་སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་དམར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ངག་གི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། གསུང་གི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་འདུན་མཛོད། གཏོར་མ་མགྲིན་པར་བཞག་ལ། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པ༔ རྡོ་རྗེའི་གསུང་གིས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄་ཛཿཧཱུྃ་ཨཱཿ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ གཏོར་མ་དུར་ཁྲོད་རོལ་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་སུ་པདྨ་ཉི་ཟླ་དབང་ཕྱུག་ཕོ་མོ་བསྣོལ་བའི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་མཐིང་ནག་གི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་འདུན་མཛོད། གཏོར་མ་སྙིང་གར་བཞག་ལ། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པ༔ རྡོ་རྗེའི་ཐུགས་ཀྱིས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄་ཛཿཧཱུྃ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་དུར་ཁྲོད་རོལ་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་སུ་པདྨ་ཉི་ཟླ་དབང་ཕྱུག་ཕོ་མོ་བསྣོལ་བའི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། རྡོ་རྗེ་གསུམ་གྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་འདུན་མཛོད། གཏོར་མ་གནས་གསུམ་དུ་བཞག་ལ། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པ༔ རྡོ་རྗེའི་གསུམ་གྱི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄་ཛཿཧཱུྃ་ཨཱཿ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ མཐར་གཏོར་མའི་བཀའ་བསྒོ་བྱེད་ན། སླར་ཡང་གཏོར་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གཙོ་འཁོར་སྤྲུལ་པ་ཕྱག་བརྙན་དང་བཅས་པའི་སྟེང་གི་ཆ་ལ་རིག་འཛིན་རྩ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེའི་ལྷ་ཚོགས། འོག་གི་ཆ་ལ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་ཏེ་བཞུགས་པ། ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན། སྐུ་ཡི་ཆ་ཐམས་ཅད་ནས་ཁྲོ་ཆུང་མཚོན་ཆ་མེ་དཔུང་གི་ཚོགས་འཕྲོས་པས་ནད་གདོན་བར་དུ་གཅོད་པ་ཐམས་ཅད་རྒྱང་རིང་དུ་བསྐྲད་ཅིང་བསལ། རྡོ་རྗེ་བདུད་རྩིའི་བྱིན་རླབས་ཡེ་ཤེས་ཀྱི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང་ཞིང་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་དབང་བཞི་རྩལ་རྫོགས་སུ་ཐོབ། དངོས་གྲུབ་རྣམ་གཉིས་སྟན་ཐོག་གཅིག་ཏུ་བརྙེས་པར་མོས་ཤིག །སློབ་དཔོན་གྱིས་གཏོར་མ་ཐོགས་ལ། ཆོས་སྐུ་ཀུན་ཏུ་བཟང་པོ། ཁྱབ་བདག་རྡོ་རྗེ་སེམས་དཔའ། དཔལ་ཆེན་རྡོ་རྗེ་གཞོན་ནུ། ཡུམ་ཆེན་འཁོར་ལོ་རྒྱས་འདེབས། སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི། བདུད་འདུལ་ཁྲོ་བཅུ་ཡབ་ཡུམ། སྤྲུལ་པའི་ཕྲ་ཕྱག་ཉི་ཤུ། བདུད་འདུལ་སྲས་མཆོག་ཉེར་གཅིག །ལས་མཛད་རིགས་བཞིའི་སྲས་མཆོག །སྒོ་སྐྱོང་ཁྲོ་མོ་རྣམ་བཞི། འབར་བའི་བཀའ་སྡོད་རྒྱ་མཚོ་སོགས་ཕྲིན་ལས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། མཁའ་འགྲོ་ལས་ཀྱི་དབང་མོ། སློབ་དཔོན་པྲ་བྷ་ཧསྟི། པཎ་ཆེན་བི་མ་མི་ཏྲ། ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང༌། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཉགས་ཆེན་ཡེ་ཤེས་གཞོན་ནུ། སོག་པོ་དཔལ་གྱི་ཡེ་ཤེས། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། པདྨ་མདོ་སྔགས་གླིང་པ། འཇམ་མགོན་ཡེ་ཤེས་རྡོ་རྗེ་ལ་སོགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། གཞན་ཡང་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ། དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་རྡོ་རྗེའི་ཡེ་ཤེས་ཆེན་པོའི་གཟི་བྱིན་གྱིས་ཇི་སྲིད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་འགལ་རྐྱེན་བར་ཆད་ཐམས་ཅད་ལས་སྲུངས་ཤིག །མི་མཐུན་པའི་ཕྱོགས་ཐམས་ཅད་ལས་སྐྱོབས་ཤིག །མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་སྒྲུབ་པར་མཛོད་ཅིག །བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བའི་ཕྲིན་ལས་མཛད་དུ་གསོལ། ནད་གདོན་བགེགས་དང་བར་དུ་གཅོད་པ་ཕ་རོལ་གྱི་རྦོད་གཏོང༌། བྱད་ཟོར། གཏད་ཁྲམ། ཆག་ཆེ་ཉམ་ང་ལ་སོགས་པ་མི་མཐུན་པའི་བར་ཆད་ཐམས་ཅད་ཞི་ཞིང༌། མཐུན་རྐྱེན་ཚེ་དང་བསོད་ནམས། ནང་གི་ཉམས་རྟོགས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷ་འདྲེ་མི་གསུམ་གྱི་འགྲོ་བ་དབང་དུ་འདུ་བ་དང༌། སྒོ་གསུམ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀྱིས་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདུལ་བར་མཛད་དུ་གསོལ། གལ་ཏེ་ཞི་བའི་ཐབས་ཀྱིས་འདུལ་བར་མི་འཚལ་ན། གང་ལ་གང་འཚམ་པའི་ཆད་པས་བཅད་དེ་ལོག་སྒྲུབ་མཐའ་དག་མྱུར་དུ་ཚར་གཅོད་ཅིང་ཞི་བའི་ཕྲིན་ལས་མཛོད་ཅིག །མདོར་ན་ལས་བཞི་གྲུབ་པ་བརྒྱད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐམས་ཅད་ལ་དབང་ཐོབ་ནས་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་དཔལ་ཀུན་འབད་པ་མེད་པར་ལྷུན་གྱིས་གྲུབ་ནས་མཐོང་བའི་ཆོས་འདིར་སྤྱི་དཔལ་ཆེན་པོ་ཁྲོ་རྒྱལ་སྟོབས་འདུས་ཀྱི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པར་བྱང་ཆུབ་པར་མཛད་དུ་གསོལ། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་གཏོར་མའི་ལྷ་ཚོགས་ཐམས་ཅད་དགྱེས་པ་ཆེན་པོས་འོད་དུ་ལྟེམ་གྱིས་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ལྷག་པའི་ལྷ་ཡི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པ་ལ་ནམ་མཁའ་གང་བའི་དབང་གི་ལྷ་རྣམས་ཀྱིས་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པའི་གླུ་དབྱངས་དང་བཅས་ཏེ་མེ་ཏོག་གི་ཆར་བསྙིལ་བས་དུས་གསུམ་ཀུན་ཏུ་དགེ་ལེགས་རྟག་པའི་ཉི་མ་ཁོར་ཡུག་ཏུ་འཆར་བར་མོས་མཛོད། ཁྲོ་རྒྱལ་སྟོབས་འདུས་ཕྲིན་ལས་ཀཱི་ལ་ཡ། །ཐོགས་མེད་གཅོད་པའི་མཐུ་ལྡན་རྡོ་རྗེའི་མཚོན། །སྒྲོལ་བྱེད་དྲག་པོའི་མཐར་ཐུག་ཕྲིན་ལས་ལྷ། །རྡོ་རྗེ་ཕུར་པའི་ལྷ་ཡི་བཀྲ་ཤིས་ཤོག །ཕུར་ནི་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང༌། །པ་ནི་རྟེན་འབྲེལ་བསླུ་མེད་ཡེ་ཤེས་ལྔ། །ཟུང་འཇུག་འབྲས་བུའི་བཀྲ་ཤིས་གང་ལགས་པ། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག །མཉམ་ཉིད་ངང་ལས་ཐུགས་རྗེ་ཁྲོས་པའི་གར། །གདུག་པའི་ཚོགས་ཀུན་མཐར་བྱེད་ཡེ་ཤེས་སྐུ། །དེ་བཞིན་གཤེགས་པ་ཀུན་གྱི་དམ་ཚིག་མཆོག །རྡོ་རྗེ་ཁྲོས་པའི་རྒྱལ་པོ་འགྲུབ་གྱུར་ཅིག །མེ་ཏོག་འཐོར་ཞིང་རོལ་མོ་སྙན་པར་རྒྱུན་རིང་དུ་འཁྲོལ། རྗེས་དམ་ཚིག་ཁས་བླང་གཏང་རག་ལུས་འབུལ་བསྔོ་སྨོན་དང་རྗེས་རིམ་བཅས་སྤྱི་ལྟར་བྱའོ། ༈ རྩ་བའི་གཉིས་པ་སྨད་ལས་དགྲ་བགེགས་བསྒྲལ་བའི་རྗེས་གནང་ནི། ཕྱག་ལེན་རྒྱས་པ་ལ་སྟོད་ལས་ཀྱི་དབང་སོ་སོར་བྱེད་པ་སྟེ་ཞག་གིས་བཅད་པ་ཡིན་ན། སྟོད་ལས་ཀྱི་དབང་ཆས་བུམ་པ་སོགས་བསྡུ། དཀྱིལ་འཁོར་སྔ་མའི་སྟེང་དུ་ཨེ་ཁྲོམ་གྱི་དཀྱིལ་འཁོར་རམ། བསྡུ་ན་ལྷ་ཕུར་རྣམས་དཀྱིལ་འཁོར་གྱི་ལྷ་གནས་སོ་སོའི་རང་མལ་དུ་བཀོད། ལྷ་ཙཀ་ཡོངས་རྫོགས། རཀྴའི་ཕྲེང་བ། ཕྱག་མཚན་རྡོ་རྗེ། གདབ་ཕུར། ལས་བཞིའི་ཕུར་པ་བཞི། ཕོ་ཉའི་ཕུར་པ། གུ་གུལ། རཀྟ །ཡུངས་ཀར་རྣམས་སྣོད་སོ་སོར། ཀོང་ཟོར། གཏོར་ཟོར་དངོས་སུ་དགོས། མེ་ཧོམ། མནན་ཆས་རྣམས་དངོས་སམ་ཙཀ་ལི། གསེར་སྐྱེམས་ཀྱི་སྣོད། ཕྱག་རྒྱ་བཞི། བྱ་འུག་གི་སྒྲོ། ཡུངས་ཐུན། བྱད་ཐག་སྔོ་དམར་དང་ཚོན་སྐུད་སྣ་ལྔ། དུག་ཁྲག །ཐོ་གཏུན། ཧོམ་གཟར། འབྱོར་ན་སེང་ལྡེང་དང༌། བྱ་རྒོད་ཀྱི་རྐང༌། མཆོག་ཕུར། ཙནྡན་དམར་པོ། ལྕགས། སྐྱེར་པ་རྣམས་ཀྱི་ཕུར་པའམ་མ་འབྱོར་ན་ལྕགས་སོགས་ཀྱི་གདབ་ཕུར་དྲུག །སྒྲོལ་གྲི །ལྕགས་ཧོམ། ཟན་ལིང་སོགས་འདུ་བྱ། ཚེ་འབྲང༌། ཚེ་རིལ་ཆང༌། ཚོགས་རྫས། སྨན་རཀ་གཏོར་གསུམ། དྲག་མཆོད་རྣམས་བཤམས། ཕྲིན་ལས་རྫོགས་པར་བཏང༌། ཉིན་གཅིག་ལ་སྦྲེལ་ན་མཆོད་པ་ཁ་གསོས་ལ་སྔགས་ཙམ་གྱིས་བརླབ། མ་ཏྲཾ་ཀ་རུ་དྲ་ཛཿ ལན་བདུན། མདུན་དུ་མ་ཏྲཾ་དངོས་སུ་གསལ་བར་གྱུར། རྩ་བའི་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ གནོད་བྱེད་ཐམས་ཅད་བཀུག༔ མ་ཏྲཾ་ལ་ཐིམ༔ ཏྲི་ལས་མ་ཏྲཾ་སྔོ་སྐྱ་མགོ་བོ་ལྷོ་ནུབ་རྐང་པ་བྱང་ཤར་གན་རྐྱལ་དུ་གནས་པ༔ སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མ་ཏྲཾ་གི་ཏྲི་ལ་ཕོག༔ དེ་ལས་འོད་ཟེར་ནག་པོ་ཕྱོགས་བཅུར་འཕྲོས༔ ཁམས་གསུམ་རིགས་དྲུག་གི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བསྡུས་ནས་མ་ཏྲཾ་ལ་ཐིམ༔ ཧཱུྃ་ལས་མཚོན་ཆའི་ཆར་འཕྲོས་པས་མ་ཏྲཾ་བསྒྲལ་བའི་ཁོག་པ་ཨེ་ཁྲོམ་གྱི་དཀྱིལ་འཁོར་དུ་གྱུར་པ་ནི༔ དབུས་སུ་མཐིང་ནག་གྲུ་གསུམ་ཁྱམས་ནག་པོ༔ ལྕགས་སྲེག་དང་མེའི་ཁྲམ་རིས་བཅད་པའི་དབུས་ཨེ་མཐིང་ནག༔ ཕྱི་རོལ་དུར་ཁྲོད་ཀྱི་གཞལ་ཡས་ཁྲག་མཚོ་དང༔ དུར་ཁྲོད་ཀྱི་ས་གཞི་དང་བཅས་པར་གྱུར༔ སླར་ཡང་ཧཱུྃ་གི་འོད་ཟེར་གྱིས་ལྷ་ཆེན་སོགས་ཕྱོགས་བཅུའི་འབྱུང་པོ་དགྲ་བགེགས་ཐམས་ཅད་བཀུག་གདན་དུ་བྱས༔ དེའི་སྟེང་དུ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། སྲས་མཆོག་ཉེར་གཅིག །ཀཱི་ལ་རིགས་བཞི། ཁྲོ་བཅུ་ཡབ་ཡུམ། ཕྲ་མེན་ཕྱག་བརྙན་དང་བཅས་པ། སྒོ་བཞིར་སྒོ་མ་བཞི། བར་ཁྱམས་སུ་ཕུར་སྲུང་བཅུ་གཉིས། ཕྱི་སྒོ་རུ་སྐྱེས་བུ་གིང་བཞི། ཕྱི་ཁྱམས་སུ་དབང་ཕྱུག་ཉེར་བརྒྱད། དགེ་བསྙེན་ཉེར་གཅིག་སོགས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སོ་སོའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་ཞིང༌། ཕྲིན་ལས་འདོད་རྒུར་སྒྱུར་བའི་རང་བཞིན་ཅན། དཀྱིལ་འཁོར་བར་མཚམས་ཐམས་ཅད་དུ་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བའི་བདག་ཉིད་ཅན་དུ་གྱུར། ཞེས་དཀྱིལ་འཁོར་ཞལ་བསྒྱུར་ལ། ལས་བྱང་ལྷ་བསྐྱེད་ནས་བསྟོད་པའི་བར་བཏང༌། བདག་བསྐྱེད་འོད་ཟེར་སྤྲོ་བསྡུ་ལ་དམིགས་ཏེ་བསྙེན་སྒྲུབ་ཀྱི་བཟླས་པ་དང༌། ལས་སྦྱོར་སྤུ་གྲིའི་སྔགས་ཀྱང་ཉེར་གཅིག་ཙམ་བཟླས་ལ་ཐུན་སོགས་བྱིན་གྱིས་བརླབ། སློབ་དཔོན་ཆས་སུ་ཞུགས། ཆོག་རོག་པས་རྔ་རོལ་ཙམ་འཛོམ་ན་ལེགས། གོང་ལྟར་སློབ་མ་ཁྲུས་ནས་དབྱུང༌། གྲལ་དུ་འཁོད་པ་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཐར་ལམ་སྒྲུབ་པ་ལ་བར་གཅོད་བདུད་བགེགས་ལོག་འདྲེན་ཐམས་ཅད་མངོན་སྤྱོད་རོལ་པའི་ཕྲིན་ལས་ཀྱིས་ཚར་གཅོད་པར་བྱེད་པ་དྲག་པོའི་སྒྲོལ་དབང་གསན་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ལ་གསན་འཚལ། དེ་ཡང་ངོ་བོ་རྒྱུད་ཀྱི་དགོངས་པ་དང་འབྲེལ་བའི་ཚིག་དོན་ཟབ་ཅིང་རྒྱ་ཆེ་བ། རྣམ་པ་ཟབ་གཏེར་ལུང་གི་ཚུལ་དུ་བཀའ་བབ་པས་གནད་དོན་ཁ་ཚང་དོན་འདྲིལ། མཆོག་དང་ཐུན་མོང་གི་ལས་རབ་འབྱམས་སྒྲུབ་པའི་ཁྱད་ཆོས་དུ་མ་དང་ལྡན་པ་ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྟོད་ལས་ཀྱི་དབང་བསྐུར་བ་སྔོན་དུ་སོང་གྲུབ་ནས། འདིར་ཚད་མེད་སྙིང་རྗེའི་ཕུར་པ་རིགས་དྲུག་གི་སེམས་ཅན་ཀུན་ལ་འདེབས་པའི་སྙིང་རྗེའི་དཔྱང་ཐག་དང་ལྡན་པ། མཚན་མ་རྫས་ཀྱི་ཕུར་བུ་སྒྲུབ་པའི་ལས་ཀྱི་གཟེར་ཁ་བརྣག་པའི་ཡུལ་ལ་འདེབས་པའི་ཕྲིན་ལས་སྒྲུབ་པ་ལ་དབང་བར་བྱེད་པ་སྨད་ལས་དྲག་པོ་སྒྲོལ་བའི་དབང་བསྐུར་ནས་མངོན་སྤྱོད་ཀྱི་ལས་རིམ་ལ་འཇུག་དགོས་པའི་རྒྱུ་མཚན་ནི། སྔོན་བསྐལ་པ་ཀུན་བཀོད་ལ་རུ་ཏྲ་ཐར་པ་ནག་པོ་འདུལ་བའི་ཕྱིར་ཀརྨ་ཧེ་རུ་ཀས་དུས་གསུམ་གྱི་རྒྱལ་བ་བསྐུལ་ནས་རྡོ་རྗེ་རྟ་ཡི་ཚོགས་སོགས་ཁྲོ་བོ་ཆེན་པོ་རྣམས་རིམ་བཞིན་སྤྲོས་པ་ལས་མ་ཐུལ་བའི་ཚུལ་མཛད་ནས་རུ་ཏྲའི་ཆུང་མ་ཀྲོ་དྷཱི་ཤྭ་རི་མ་ལ་མ་ཆགས་ཐབས་ཀྱིས་སྦྱོར་བས་སྲས་རྡོ་རྗེ་གཞོན་ནུ་དབུ་གསུམ་ཕྱག་དྲུག་པ་རྡོ་རྗེའི་གཤོག་པས་བར་སྣང་ཁྱབ་པ། ཀཱི་ལ་ཡའི་སྒྲ་སྒྲོགས་པ་སྐྱེས་པ་རུ་ཏྲས་མཐོང་མ་ཐག་འཁོར་དང་བཅས་པ་བརྒྱལ་ནས་འགྱེལ། ཁ་ནས་ཁྲག་སྐྱུག །འཁོར་གཏུམ་མོ་དང་སྲིན་མོ་རྣམས་ལའང་ཕག་གདོང་དང་དོམ་གྱི་མགོ་ཅན་སོགས་ལྟས་ངན་མང་པོ་སྐྱེས། བརྒྱལ་སངས་པ་དང་ལངས་ནས་འཁོར་རྣམས་བོས་ཏེ་སྨྲེ་སྔགས་མང་དུ་བཏོན་ནས་བདུད་ཀྱི་དམག་དང་མཚོན་ཆའི་ཆར་ཕབ་ཅིང་རུ་ཏྲས་ཀྱང་དབུ་གསུམ། ཕྱག་དྲུག་ཏུ་བྱས་པ་དང༌། རྡོ་རྗེ་གཞོན་ནུས་དབུ་དགུ་ཕྱག་བཅོ་བརྒྱད་པར་སྤྲུལ་ཞིང༌། ཡང་དེ་འདྲ་དཔག་མེད་སྤྲུལ་པས་ངག་སྨྲ་བརྗོད་དང་བྲལ་བར་བྱས། མཛད་པ་དེ་དང་མཐུན་པའི་སྒྲུབ་ཐབས་ཕུར་པ་མྱང་འདས་གསུངས། སླར་ཡང་རུ་ཏྲས་ཀྱང་དབུ་དགུ་ཕྱག་བཅོ་བརྒྱད་དུ་སྤྲུལ་པས་གཉེན་པོ་རྡོ་རྗེ་གཞོན་ནུས་དབུ་སྟོང་ཕྱག་སྟོང་སྤྱན་བྱེ་བ་སྟོང་དུ་སྤྲུལ། དབུ་དགུ་པ་མང་པོ་བ་སྤུའི་བུ་ག་ནས་བཀྱེས། ཁྲོ་བོ་བཅུ་སྤྲུལ་ནས་ཕྱོགས་སྐྱོང་རྣམས་གདན་དུ་གཏིང༌། བསྒྲལ་བའི་ལས་དྲུག་གིས་བསྒྲལ་བས་བདུད་དམག་སོ་སོར་བྱེར། རྡོ་རྗེ་གཞོན་ནུ་ལ་དུས་གསུམ་གྱི་བུདྡྷ་ཐམས་ཅད་ཀྱིས་རྡོ་རྗེ་སྲིན་པོའི་ངུར་དབྱངས་ཀྱིས་བསྟོད། རྡོ་རྗེ་རྟ་ཡི་ཚོགས་ཀྱིས་རྟའི་རྔམ་དབྱངས་ཀྱིས་དཔའ་བཀོང་བའི་ཚུལ་དང་མཐུན་པ་སྒྲུབ་ཐབས་ཕུར་པ་གསང་རྒྱུད་གསུངས་པས་མཚོན། མདོར་ན་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་མཛད་པར་རྡོ་རྗེ་གཞོན་ནུ་ལ་དུས་གསུམ་གྱི་རྒྱལ་བས་བསྔགས་པ་བཞིན་སྔོན་བྱུང་སྟོན་པའི་རྣམ་ཐར་དང་མཐུན་པར་རྗེས་འཇུག་གདུལ་བྱའི་ཉམས་ལེན་ལ་སྦྱོར་བའི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཁྲག་འཐུང་དཔའ་བོ་ཆེ༔ བདག་ཅག་རྡོ་རྗེའི་རིགས་སྒྲུབ་ཕྱིར༔ དྲག་ཤུལ་རོལ་པའི་ཕྲིན་ལས་དབང༔ དེང་འདིར་མངོན་པར་བསྐུར་དུ་གསོལ༔ ལན་གསུམ། སྟོད་ལས་དང་སྨད་ལས་ཀྱི་དབང་ཞག་གིས་བཅད་ན་སྐབས་འདིར་སྐྱབས་སེམས་རྒྱུད་སྦྱངས། སྡོམ་བཟུང་རྣམས་སྟོད་ལས་དབང་གི་སྐབས་བཞིན་སྦྱར། ཞག་གིས་མ་བཅད་ན། དེ་ལ་ཐོག་མར་ཁྱེད་རང་རྣམས་ཡེ་ཤེས་ལྷའི་བསྐྱེད་རིམ་འདི་ལྟར་དུ་གྱིས་ཤིག །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སོགས་ནས། ཐུགས་ཀར་ཧཱུྃ་མཐིང་ནག་གིས་མཚན་པ་གསལ་ཐོབ་ཅིག །དཀྱིལ་འཁོར་གྱི་གཙོ་བོ་ཁྲོ་བཅུ་དང་བཅས་པ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་རེ་འཕྲོས་པས་སོ་སོའི་སྐུ་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པར་མོས་ཤིག །སྐུ་ཙཀ་རྣམས་ཀྱིས་རིམ་བཞིན་དབང་བསྐུར་ལ། ཧཱུྃ༔ དབུས་ཕྱོགས་གྲུ་གསུམ་གཞལ་ཡས་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་སྦྱོར༔ སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི་བཅས༔ སྤྲུལ་པ་སྲས་མཆོག་ཁྲོ་བཅུ་སྤྲོ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔལ་ཆེན་པོ་དང་གཉིས་མེད་ཤོག༔ རྩ་སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་མཛད་ཧཱུྃ༔ ཡུམ་ནི་རྡོ་རྗེ་སྒྲ་འབྱིན་མ༔ སྤྲུལ་པ་ཕག་དང་རྨིགས་བུའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྟེང་གདོན་འདུལ་བའི་མཐུ་ཐོབ་ཤོག༔ རང་སྔགས། ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ༔ ཡུམ་ནི་རྡོ་རྗེ་མདའ་སྙེམས་མ༔ སྤྲུལ་པ་སྟག་དང་བྱ་རྒོད་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲི་ཟ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད༔ ཡུམ་ནི་རྡོ་རྗེ་དུར་ཁྲོད་བདག༔ སྤྲུལ་པ་ཤ་བ་འུག་པའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཤིན་རྗེ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང༔ ཡུམ་ནི་རྡོ་རྗེ་གཏུམ་མོ་མ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཀླུ་གདོན་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ ཡུམ་ནི་རྡོ་རྗེ་རླུང་འབྱིན་མ༔ སྤྲུལ་པ་སེང་གེ་ཕ་ཝཾ་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གནོད་སྦྱིན་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ཤར་ལྷོ་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་དབྱུག་པ་སྔོན༔ ཡུམ་ནི་རྡོ་རྗེ་སྡེར་མོ་མ༔ སྤྲུལ་པ་གཡག་དང་བྱ་རོག་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མེ་ལྷ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན༔ ཡུམ་ནི་རྡོ་རྗེ་གཏུན་ཁུང་མ༔ སྤྲུལ་པ་གཟིག་དང་ཁྭ་ཏའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྲིན་པོ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ནུབ་བྱང་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་འདོད་པའི་རྒྱལ༔ ཡུམ་ནི་རྡོ་རྗེ་སྙེམས་མ་དམར༔ སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རླུང་ལྷ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ བྱང་ཤར་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ༔ ཡུམ་ནི་རྡོ་རྗེ་གསོད་བྱེད་མ༔ སྤྲུལ་པ་དོམ་དང་སྲེ་མོང་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབང་ལྡན་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ འོག་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་པོ༔ ཡུམ་ནི་རྡོ་རྗེ་བསྐྱོད་བྱེད་མ༔ སྤྲུལ་པ་དྲེད་དང་བྱི་བའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ས་བདག་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ མདུན་ཕྱོགས་ཟླ་གམ་གདན་སྟེང་ནས༔ ཐུགས་ཀྱི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུགས་མེད་ཁམས་འདུལ་དབང་ཐོབ་ཤོག༔ སྔགས། ཧཱུྃ༔ གཡས་ཕྱོགས་ཟླ་གམ་གདན་སྟེང་ནས༔ སྐུ་ཡི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འདོད་ཁམས་འདུལ་བའི་དབང་ཐོབ་ཤོག༔ སྔགས། ཧཱུྃ༔ གཡོན་ཕྱོགས་ཟླ་གམ་གདན་སྟེང་ནས༔ གསུང་གི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུགས་ཁམས་འདུལ་བའི་དབང་ཐོབ་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་གྲུ་ཆད་ཤར་ལྷོ་ནས༔ ཞི་བའི་ལས་མཛད་བུདྡྷའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཞི་བྱེད་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་གྲུ་ཆད་ལྷོ་ནུབ་ནས༔ རྒྱས་པའི་ལས་མཛད་རཏྣའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱས་བྱེད་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་གྲུ་ཆད་ནུབ་བྱང་ནས༔ དབང་གི་ལས་མཛད་པདྨའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབང་བྱེད་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་གྲུ་ཆད་བྱང་ཤར་ནས༔ དྲག་པོའི་ལས་མཛད་ཀརྨའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲག་པོའི་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་ཁོར་ཡུག་ཁྲག་ཁྱམས་ནས༔ ཕུར་པའི་ལས་མཁན་དམ་ཅན་ཚོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གདུག་པ་ཀུན་འདུལ་དབང་ཐོབ་ཤོག༔ སྔགས། ཧཱུྃ༔ དཀྱིལ་འཁོར་ཕྱོགས་ཀྱི་སྒོ་བཞི་ནས༔ ཕྲིན་ལས་བཞི་མཛད་སྒོ་མ་བཞི༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚར་གཅོད་རྗེས་འཛིན་དབང་ཐོབ་ཤོག༔ སྔགས། དེང་ཕྱིན་ཆད་གསལ་བརྟན་དག་གསུམ་དང་ལྡན་པའི་བསྐྱེད་རིམ་གྱད་དུ་གྱུར་པས་བདུད་བཞིས་ཀྱང་བསྐྱོད་དུ་མེད་པའི་གདིང་ཐོབ་པར་གྱིས་ཤིག །ལྷ་ཚོགས་རྣམས་ཀྱི་ཞལ་ནས་སྔགས་ཀྱི་ཕྲེང་བ་བྱུང༌། ཁྱེད་རང་རྣམས་ཀྱི་ངག་ལ་ཐིམ་པས་དྲག་སྔགས་ནུས་པའི་མཐུ་དབང་ཐོབ་པར་བསམ་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། རཀྴའི་ཕྲེང་བ་གཏད་ལ་རྒྱས་ན་དྲག་སྔགས་ཚང་མ་དང༌། བསྡུ་ན་འདི་སྐབས་སྤུ་གྲིའི་སྔགས་རྗེས་ཟློས་ལན་གསུམ་བྱར་གཞུག །དེང་ནས་དྲག་སྔགས་ཀྱི་བཟླས་པ་ཆུ་བོའི་རྒྱུན་ལྟར་བརྩོན་པས་ངག་གི་ནུས་པ་མེ་ལྟར་འབར་ཏེ་མངོན་སྤྱོད་ཀྱི་ཕྲིན་ལས་མཐའ་དག་ཐོགས་མེད་དུ་སྒྲུབ་པར་གྱིས་ཤིག །བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་དབུས་སུ་ཐིམ་པས་ཟུང་འཇུག་འོད་གསལ་རང་བྱུང་གི་དགོངས་པ་མངོན་དུ་གྱུར་པར་མོས་ཤིག །ཕྱག་མཚན་རྡོ་རྗེ་གཏད་ལ། ཧཱུྃ༔ རྡོ་རྗེ་སྟོང་པ་ཉིད་ཀྱི་དབྱིངས༔ གཞོན་ནུ་ཡེ་ཤེས་རིག་པའི་སྐུ༔ མཚོན་བྱེད་དཔལ་གྱི་ཕྱག་མཚན་འདི༔ སྐལ་ལྡན་བུ་ལ་སྦྱིན་གྱིས་ལོངས༔ ཨོཾ་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ནས་བཟུང་སྟེ་རིག་སྟོང་ཡེ་ཤེས་ཆེན་པོའི་ངང་ལ་རྟག་ཏུ་མཉམ་པར་བཞག་པ་ལས་མ་གཡོས་པས་རྟོག་ཚོགས་ཐམས་ཅད་ལ་དགོངས་པ་མི་འགྱུར་བའི་གཟེར་དང་འཕྲོ་འདུའི་ཏིང་ངེ་འཛིན་གྱིས་གཟེར་ཐེབ་པར་གྱིས་ཤིག །ཀརྨ་ཡཀྴ་ཀྲོ་དྷའི་ངོ་བོ་སྲས་མཆོག་དངོས་སུ་གསལ་བའི་ཕུར་བུ་དང༌། ལས་བཞི་སོ་སོ། ཕོ་ཉ་རྣམས་ཀྱི་ཐུན་ཕུར་བྱིན་པས་གདབ་པའི་ལས་སོ་སོ་ཐོགས་མེད་དུ་འགྲུབ་པའི་ནུས་མཐུ་ཐོབ་པར་མོས་ཤིག །གདབ་ཕུར་གྱིས་དབང་བསྐུར་ཞིང་ལག་ཏུ་གཏད། ཧཱུྃ༔ དཱིཔྟ་ཙཀྲ་ཕུར་བུའི་ལྷ༔ མཐིང་ནག་ལྕགས་ཀྱི་རལ་པ་ཅན༔ ཐམས་ཅད་ཨུཏྤལ་མདོག་ཅན་ལ༔ སྐུ་སྨད་ཨེ་ཡི་རང་བཞིན་ཅན༔ བཏབ་ན་ལྷ་ཡང་བརླག་བྱེད་ན༔ དགྲ་དང་བགེགས་ལ་སྨོས་ཅི་དགོས༔ སྒྲིལ་ཞིང་འདེབས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ ལས་བཞི་སོ་སོའི་འདེབས་ཕུར་གཏད་ལ། ཧཱུྃ༔ ཞི་བར་བྱེད་པ་ཕུར་བུའི་ལྷ༔ དངུལ་ལམ་དཀར་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ༔ ངོས་ལ་ཞི་བའི་ལྷ་བསྒོམས་ཏེ༔ གང་ལ་བཏབ་ཀྱང་ཞི་བར་འགྱུར༔ སྒྲིལ་ཞིང་འདེབས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤིཾནྟ་ཀུ་རུ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྒྱས་པར་བྱེད་པ་ཕུར་བུའི་ལྷ༔ གསེར་རམ་སེར་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་གྲུ་བཞི༔ ངོས་ལ་རྒྱས་པའི་ལྷ་བསྒོམས་ཏེ༔ གང་ལ་བཏབ་ཀྱང་རྒྱས་པར་འགྱུར༔ སྒྲིལ་ཞིང་འདེབས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཐམས་ཅད་དབང་སྡུད་ཕུར་བུའི་ལྷ༔ ཟངས་སམ་དམར་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་ཟླ་གམ༔ ངོས་ལ་དབང་གི་ལྷ་བསྒོམས་ཏེ༔ གང་ལ་བཏབ་ཀྱང་དབང་དུ་བྱེད༔ སྒྲིལ་ཞིང་འདེབས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བརླག་པར་བྱེད་པ་ཕུར་བུའི་ལྷ༔ ལྕགས་སམ་དྲག་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་མོ་ཨེ༔ ངོས་ལ་དྲག་པོའི་ལྷ་བསྒོམས་ཏེ༔ གང་ལ་བཏབ་ཀྱང་བརླག་པར་བྱེད༔ སྒྲིལ་ཞིང་འདེབས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ ཕོ་ཉ་རྣམས་ཀྱི་ཐུན་ཕུར་གཏད་ལ། ཧཱུྃ༔ བྲན་དང་བཀའ་ཉན་ཕུར་པའི་ལྷ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ གདུག་པའི་དགྲ་བགེགས་བསྒྲལ་བར་མཛད༔ སྒྲིལ་ཞིང་འདེབས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷ་ཏ་ཡ་མ་མ་ཤྲཱི་གྷྲཾ་ཀརྨ་ཀཱ་ར་ཡེ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ བྱུག་བདུག་བྲབ་གསུམ་གྱི་རྫས་གཏད་ལ། བྱུག་བདུག་བྲབ་གསུམ་བྱེད་པའི་རྫས་རྣམས་བྱིན་པས་ཕུར་བུའི་གཟི་བྱིན་བསྐྱེད་ཅིང་ཐུགས་དམ་བསྐུལ་བའི་མཐུ་ཐོབ་པར་མོས་ཤིག །ཧཱུྃ༔ ཕུར་བུའི་ཐུགས་དམ་བསྐུལ་བའི་རྫས༔ གཟི་བྱིན་བསྐྱེད་པའི་གུ་གུལ་དང༔ ཐུགས་རྗེ་ཆགས་པའི་རཀྟ་དང༔ བསྐུལ་རྫས་ཡུངས་ཀར་དབང་བསྐུར་རོ༔ སྤྲོ་ན་བྱུག་བདུག་བྲབ་པའི་སྔགས་རྣམས་ཀྱང་བརྗོད་པའི་གཤམ་དུ། ཨ་བྷི་ཥིཉྩ་ཧཱུྃ༔ སྔོན་དཔལ་ཆེན་རྡོ་རྗེ་གཞོན་ནུས་རུ་ཏྲ་བསྒྲལ་བའི་ཚེ་རྡོ་རྗེ་གཞོན་ནུའི་སྤྱི་གཙུག་ནས་ཧ་ས་ཡ་ར་ཧྲི་ཏ་ན་སྤྲོས། རུ་ཏྲའི་སྤྱི་གཙུག་ནས་ཞུགས། སྐྱོབ་པའི་ལྷ་དང་ཕྲལ་བས་མཚོན་གབ་པའི་སྔགས་དྲུག་སྐུ་ཡི་གནས་སོ་སོ་ནས་སྤྲོས་ཏེ་རུ་ཏྲའི་གནས་སོ་སོར་ཞུགས་པས་གདབ་པའི་ལས་དྲུག་མཐར་ཕྱིན་པར་མཛད་པས། བདུད་དམག་བྱེར་ཞིང་རྡོ་རྗེ་གཞོན་ནུ་ལ་དུས་གསུམ་རྒྱལ་བས་བསྔགས་ཤིང༌། ཁྲོ་བོའི་ཚོགས་དཔའ་བཀོང༌། རུ་ཏྲས་དགེ་སྡིག་མི་བསླུ་བར་རིག་སྟེ་སྨྲེ་བཤགས་བཏོན་ནས་ལུས་གཙོ་བོའི་གདན་དུ་གཏིང༌། འཁོར་ཕྱོགས་སྐྱོང་ཕོ་མོ་ཁྲོ་བཅུའི་གདན་དུ་ཕུལ། རྣ་བས་ཆོས་ཉན་རུ་ཏྲ་མ་ཧཱ་ཀཱ་ལ་བྱས་ནས་སངས་རྒྱས་སྟོང་གི་བསྟན་པ་སྲུང་བར་ཁས་བླངས། མཐར་འོག་ཕྱོགས་སུ་སངས་རྒྱས་པར་ལུང་བསྟན། རུ་ཏྲའི་ཐོད་མཁར་རྡོ་རྗེ་ཕུར་པའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པ་སྔོན་བྱུང་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་ལ་སྦྱར་བས་ཕུར་པ་མཁན་པོ་གདབ་ལས་ལ་བརྟེན་ནས་འཚང་རྒྱ་ཞེས་རྒྱུད་ཀྱི་གནད་ཐོ་བཅུ་གཉིས་ཀྱི་སྒོ་ནས་མངོན་སྤྱོད་མཐར་ཕྱིན་པ་སོགས། དྲག་པོ་སྒྲོལ་བའི་ཕྲིན་ལས་ལ་འཇུག་པའི་དབང་བསྐུར་དངོས་ལ། ལྟ་བའི་རྫོང་དང་ལྡན་ཞིང་བསྐྱེད་པའི་འཕྲང་ལས་གྲོལ་ཏེ་བདག་ཉིད་རྩ་བའི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། ཕུར་པ་རྫས་ཀྱི་དཀྱིལ་འཁོར་རྣམས་མངོན་སུམ་བཞིན་དུ་གསལ་ཞིང༌། སྙིང་རྗེའི་སྲོག་དང་ལྡན་པས་ཕྲིན་ལས་རབ་འབྱམས་ཀྱིས་འགྲོ་བ་རྣམས་ཐར་པའི་སར་བཀོད་པར་བྱ། གལ་ཏེ་ཞི་བས་མི་ཐུལ་བ་རྣམས་དྲག་པོ་མངོན་སྤྱོད་ཀྱི་ལས་བརྩམས་ཏེ་སྙིང་རྗེའི་ཀུན་སློང་དང་ལྡན་པའི་སྒོ་ནས་དྲག་པོའི་ལས་ཀྱི་སྦྱོར་བ་མཐར་ཕྱིན་པར་བརྩམས་པར་བགྱིའོ་སྙམ་པས་དམིགས་པ་རེ་རེ་བཞིན་དུ་གསལ་ཐོབ་ཅིག །ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཨེ་ཁྲོམ་འབར་བའི་རང་བཞིན། ནང་བཅུད་རྣམས་རྡོ་རྗེ་ཕུར་པ་རིག་འཛིན་དང་བཅས་པའི་ལྷ་ཚོགས་ཐམས་ཅད་པའི་སྐུར་བཞེངས་ཏེ་རྔམས་པའི་ཧཱུྃ་སྒྲ་སྒྲོགས་ཤིང་ལས་ལ་ཆས་པར་གྱུར། ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ མཐིང་ནག་གྲུ་གསུམ་ཨེ་ཡི་དབྱིངས༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ གཉིས་མེད་མཉམ་པར་སྦྱོར་བ་ལས༔ སྤྲུལ་པའི་བདུད་འདུལ་ཁྲོ་བོ་བཅུ༔ སྦྱོར་བའི་ཡུམ་མཆོག་ཁྲོ་མོ་བཅུ༔ ཕྲ་ཐབས་ཕོ་ཉ་ཉི་ཤུ་དང༔ སྲས་དང་སྒོ་མ་བཀའ་སྡོད་བཅས༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ༔ སྙིང་རྗེ་ཁྲོས་པའི་ཤུགས་ཀྱིས་བཞེངས༔ འབར་བའི་བརྟུལ་ཞུགས་ཆེན་པོ་བསྐྱེད༔ ཁྱེད་རྣམས་སྟོབས་བཅུའི་ཡེ་ཤེས་བདག༔ ལས་ཀུན་དབང་བསྒྱུར་ཐོགས་པ་མེད༔ བདག་གིས་རྩེ་གཅིག་གསོལ་ལགས་ན༔ མ་གཡེལ་ཐུགས་རྗེའི་རྩལ་ཤུགས་བསྐྱེད༔ ཡེ་ཤེས་དབྱིངས་སུ་རྟོག་བྲལ་ཡང༔ ཕྲིན་ལས་འགྲོ་བ་སྒྲོལ་བའི་ཕྱིར༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ སྡིག་ཅན་དགྲ་ལ་ལས་མཛོད་ཅིག༔ གནོད་པའི་བགེགས་ལ་རྟགས་ཕྱུངས་ཤིག༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ གཉིས་པ་གསེར་སྐྱེམས་ནི། རྃ་ཡྃ་ཁྃ། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ་བྱ། ཧཱུྃ། རྒྱལ་བ་དགོངས་པའི་བརྒྱུད་པ་དང༌། །རིག་འཛིན་རིག་པའི་བརྒྱུད་པ་དང༌། །སྙན་ནས་སྙན་བརྒྱུད་བླ་མ་མཆོད། །ཕྲིན་ལས་ཕུར་པའི་རིག་འཛིན་རྣམས། །རྩ་བ་བརྒྱུད་པར་བཅས་པ་ཡི། །དཔལ་ལྡན་བླ་མ་དམ་པ་སོགས། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་བཞེས། །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༌། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །འཇིགས་བྱེད་ཁྲོ་བཅུ་ཡབ་ཡུམ་དང༌། །སྤྲུལ་པའི་ཁྲ་ཐབས་ཉི་ཤུ་དང༌། །ཡེ་ཤེས་སྒོ་མ་བཞི་པོ་དང༌། །སྲས་མཆོག་ཕུར་པའི་ལྷ་ཚོགས་རྣམས། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་བཞེས། །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །བྱ་སྤྱོད་རྣལ་འབྱོར་བླ་མེད་པའི། །རྒྱུད་སྡེ་བཞི་ཡི་ཡི་དམ་རྣམས། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་བཞེས། །དཔལ་མགོན་ཕོ་རྒྱུད་མོ་རྒྱུད་སོགས། །ཆོས་སྐྱོང་སྲུང་མ་རྒྱ་མཚོ་དང༌། །དམ་ཅན་བཀའ་སྲུང་བཅུ་གཉིས་དང༌། །གིང་ཆེན་དགེ་བསྙེན་འཁོར་བཅས་མཆོད། །ཕྱི་ནང་མཁའ་འགྲོ་འཁོར་དང་བཅས། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་མཆོད། །ཕོ་ཉ་ཕྲ་མེན་འབར་མ་དང༌། །མ་བདུན་སྲིང་བཞི་ལ་སོགས་མཆོད། །བདུད་འདུལ་ནག་མོ་མཆེད་བཞི་དང༌། །དཔལ་ལྡན་རེ་མ་ཏི་ལ་སོགས། །མདོར་ན་སུམ་བརྒྱ་དྲུག་ཅུ་རྣམས། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་བཞེས། །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་རྣམས་དང༌། །གནས་བདག་ཀུན་དང་ཡུལ་བདག་ཀུན། །ས་ཡི་ཕྱོགས་ནི་འདི་ཉིད་ན། །སའམ་མཁའ་ལ་འཁོད་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང༌། །འབྱུང་པོ་མང་པོ་གང་འཁོད་པ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་བཞེས། །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །གསུམ་པ་གཟུ་དཔང་གསོལ་བ་ནི། ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ གདུག་པའི་རུ་ཏྲ་ནག་པོ་ཡིས༔ བྱང་ཆུབ་སྒྲུབ་ལ་བར་བཅད་ཚེ༔ མངོན་སྤྱོད་རྩལ་གྱིས་བསྒྲལ་བ་བཞིན༔ ད་དུས་བསྐལ་པའི་སྙིགས་མ་ལ༔ ལས་ངན་སྤྱི་སྒོས་རུ་ཏྲ་འདིས༔ སངས་རྒྱས་བསྟན་པ་ཐབས་ཀྱིས་བཤིག༔ འགྲོ་བའི་བདེ་སྐྱིད་ངང་གིས་བཅོམ༔ ཉེས་མེད་རྣལ་འབྱོར་གཤེ་ཞིང་སྡང༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ སྣོད་བཅུད་དཔལ་འབྱོར་འཇོམས་པ་ཡི༔ ཕུང་བྱེད་བསྟན་པའི་ནང་དམེ་མཁན༔ རྡོ་རྗེ་ཐེག་པའི་ལམ་ལ་སྡང༔ དགེ་འདུན་འདུ་བའི་སྒོ་འཕྲོག་ཅིང༔ དབེན་གནས་ཆོས་འཁོར་འཇིག་པ་སོགས༔ ཉེས་པ་དུ་མས་འཚེ་བྱེད་པས༔ བྱང་ཆུབ་སྒྲུབ་ལ་བར་གཅོད་པ༔ བསྒྲལ་བའི་ཞིང་དུ་འདི་གྱུར་པས༔ ལེགས་ཉེས་ཤན་འབྱེད་ཁྱེད་རྣམས་ཀྱིས༔ བདེན་རྫུན་གཉིས་ཀྱི་དཔང་པོ་མཛོད༔ དཀར་ཕྱོགས་རྒྱབ་རྟེན་ཁྱེད་རྣམས་ཕྱིར༔ ར་མདའ་ལྷོགས་ཤིག་ས་མ་ཡ༔ བཞི་པ་ཧོམ་བསྐྱེད་པ་ནི། སྟོང་པའི་ངང་ལས་ཨེ་ལས་ལྕགས་སྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་པ་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ལ་ཞེ་སྡང་གི་མེ་རླུང་འཚུབ་པ། སྟེང་ན་གཏི་མུག་གི་མུན་པ་འཐིབས་པ། མཚོན་ཆའི་ཆར་འབེབས་ཤིང་ནད་དང་དུག་གི་རླངས་པ་འཕྱོ་བ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་མི་བཟད་པ་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེ་ཡི་ནང་དུ་ནྲྀ་དུད་ཁ་ཡོངས་སུ་གྱུར་པ་ལས་དགྲ་བོ་དེ་ཉིད་ལུས་གཅེར་བུ་རིད་པ། མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན། བུ་ག་དགུ་ནས་རྣག་ཁྲག་འཛག་པ་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར། ལྔ་པ་བདེན་སྟོབས་བརྗོད་ཅིང་དགུག་པ་ནི། གཡབ་དྲིལ་དང་བཅས་འགུགས་རྒྱས། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། ཆོས་ཉིད་གདོད་ནས་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་ཡང་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུ་བདུད་འདུལ་ཕུར་པ་ཕྲིན་ལས་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་དུ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་སྔ་དགྲ་ལག་གིས་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་གནོད་ཅིང་འཚེ་བའི་གཟུགས་ཅན་སྡང་བའི་དགྲ། གཟུགས་མེད་གནོད་བྱེད་བགེགས་ཀྱི་རིགས་ལོག་པར་འདྲེན་པ་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་སྲིད་པ་གསུམ་གར་གནས་གར་བྲོས་ཀྱང་དམིགས་པའི་རྟེན་འདི་ལ་གཉིས་སུ་མེད་པར་ཁུག་ཅིག །ཀཱི་ལ་ཡའི་དྲག་སྔགས་སྦྲེལ་མའི་མཐར། ཛཿཧཱུྃ་བྃ་ཧོཿ པྲ་བེ་ཤ་ཡ་ཕཊ྄༔ ཨ་ཝེ་ཤ་ཡ་ཨས་དགུག་གཞུག་འཆིང་སྡོམ་མྱོས་དབྱེ་དབབ་ཀྱི་རྒྱ་དང་དམིགས་པས་གཟིར་བ་ལན་གསུམ་བྱ། དྲུག་པ་ཕྱག་རྒྱ་བཞིས་བཅིང་པ་ནི། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ༔ སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་དང༔ ཕོ་ཉ་དམ་ཅན་རྒྱ་མཚོའི་ཚོགས༔ འདིར་གཤེགས་བཞུགས་ཤིང་བྱིན་ཕོབ་ལ༔ དམ་སྲི་གདུག་པའི་དགྲ་དང་བགེགས༔ རྒྱལ་བའི་བཀའ་ལས་འདའ་བྱེད་ཅིང༔ རྣལ་འབྱོར་སྐུ་ལ་བསྡོ་བ་རྣམས༔ རྒྱལ་བས་བསྒྲལ་བར་གསུངས་པའི་ཕྱིར༔ གནས་པའི་ཡུལ་ནས་ཡུད་ཙམ་གྱིས༔ རྟེན་དང་ཕྲོལ་ལ་ཁྲིད་ལ་ཤོག༔ རྒྱབ་དང་ཕྲོལ་ལ་ཁྲིད་ལ་ཤོག༔ ས་གཞི་ཡན་ཆད་ཐོབ་ལ་ཤོག༔ བདུན་རྒྱུད་ཚུན་ཆད་ཁུག་ལ་ཤོག༔ མ་ཐོགས་མྱུར་དུ་ཁུག་ལ་ཤོག༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ལྕགས་ཀྱུས་གདབ། བཛྲ་པཱ་ཤ་ཧཱུྃ༔ ཞགས་པས་བཅིང༌། བཛྲ་སྥོ་ཊ་བྃ༔ ལྕགས་སྒྲོག་གིས་བསྡམ། བཛྲ་གཎྜེ་ཧོཿ དྲིལ་བུས་སྒྲས་མྱོས་སུ་གཞུག ཕོ་ཉ་རྣམས་ཀྱིས་ལྕགས་ཀྱུས་དགྲ་བགེགས་རྣམས་བཟུང་སྟེ་ལིང་ག་ལ་བསྟིམས། ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་མྱོས་སུ་བཅུག་པར་གྱུར། དེ་ནས་བསྒྲལ་བ་དངོས་ལ། སྔོན་དཔལ་ཆེན་རྡོ་རྗེ་གཞོན་ནུས་སྐུ་ཡི་གནས་དྲུག་ནས་གབ་པའི་སྔགས་དྲུག་སྤྲོས་ཏེ་རུ་ཏྲའི་གནས་སོ་སོར་ཞུགས་པས་བསྒྲལ་བའི་ལས་ལ་ཐོགས་པ་མེད་པས་རུ་ཏྲ་སྡེ་དང་བཅས་པ་བཏུལ་བའི་མཛད་པ་དང་མཐུན་པར་གདབ་པའི་ལས་རིམ་རྒྱས་པར་བྱ་བ་ལ། རིག་པ་མཆོག་གི་རྒྱུད་ལས། ལྷ་ཕྲལ་གཟུགས་ལ་དབབ་པ་དང༌། བྱད་དུ་གཞུགས་དང་སྨྱོ་རུ་གཞུག །རྡུལ་དུ་བརླག་དང་ཞལ་དུ་བསྟབ། །འདི་དྲུག་ཤེས་ན་ལས་རྣམས་འགྲུབ། །ཅེས་པས། དེ་ལྟར་དྲུག་ཚན་རེ་རེ་ལའང་དྲུག་རེ་འབྱུང་བས། ལས་རིམ་དང་པོ་ལྷ་དང་དབྲལ་བ་ལ། གཉེན་པོ་སྟོབས་ཀྱི་ལྷ་ཁྲོ་བོ་བདུད་རྩི་འཁྱིལ་བ་དང༌། འཇིག་རྟེན་ལས་ཀྱི་ལྷ་རྡོ་རྗེ་ལེགས་པ་ཐེའུ་རང་གི་དཔུང་དང་བཅས་པ་དཔལ་ཆེན་པོའི་དཔྲལ་བ་ནས་སྤྲོས་པ་སྤྲུལ་པའི་ཕོ་ཉའི་ཚོགས་དང་བཅས་པ་བྱ་འུག་གི་གདོང་ཅན་བུ་ཡུག་འཚུབས་པ་ལྟར་སྤྲོས་པར་མོས་ལ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ རྦད་ཅིང་བསྐུལ་བ་ང་ཡིས་བྱེད༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ཞེས་འཕྱང་གདགས། བསགས་པའི་རྫས་གུ་གུལ། ཁྱི་བྲུན། ཚིལ་ཆེན་རྣམས་ལིང་ག་ལ་བདུག་ལ། གབ་པའི་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ མཱ་ར་ཡ་ཧ་ས་ཡ་ར་ཧྲི་ཏ་ན་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཁྱད་པར་གྱི་ཕོ་ཉ་བསྐུལ་བས་བྱ་རོག་དང་འུག་པའི་དང་རུས་ཀྱིས་ལིང་ག་ལ་བྱབ་སྟེ། ཧཱུྃ༔ ཉེ་འབྱེད་རླུང་གི་ཕྲ་མ་མཁན༔ བྱ་རོག་འུག་པའི་གདོང་པ་ཅན༔ སྐུ་ལས་དྲི་ངན་ལྷ་སྲུང་བརྒྱལ༔ ལག་ན་དབྱེ་བྱེད་གཡབ་མོ་འབྱེད༔ དམ་ཉམས་བསྟན་པའི་ཕུང་བྱེད་འདི༔ འགོ་བའི་ལྷ་ལྔ་བྲལ་བར་གྱིས༔ སྐྱབས་དང་ཕྲོལ་ལ་གཤེད་དུ་ཕོབ༔ དམ་ལས་འདའ་བར་མ་བྱེད་ཅིག༔ བཅའ་བའི་ཕྱག་རྒྱ་ཐལ་མོ་རྒྱབ་སྤྲོད་དུ་དབྱེ་བའི་རྒྱས། གདབ་བྱའི་དམོད་པ་ནི། ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་རླབས་སོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙཱརྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ དགྲ་བགེགས་ལྷ་དང་ཕྲོལ་ཅིག༔ ཉམས་པའི་དགྲ་བགེགས་མགོན་སྐྱབས་དང་བྲལ་བར་གྱུར་ཅིག༔ ངན་སྔགས་ལས་ཀྱི་ཕུར་པ་སེང་ལྡེང་དམར་པོ་ལས་གྲུབ་པ་གནམ་གྱི་འཇུ་ཐག་གཅོད་ཕྱིར་དགྲ་བོའི་སྤྱི་གཙུག་ཏུ་གདབ་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཚནྡྷི་ཚནྡྷི་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄༔ ཏིང་ངེ་འཛིན་ནི། དཔལ་ཆེན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་དབྱེ་བའི་ལས་མཛད། དགྲ་བགེགས་ལྷ་དང་ཕྲལ་ཏེ་བྱིའུ་འུར་རྡོས་ཕོག་པ་གཅིག་པུར་ལུས་པ་ལྟར་གྱུར་པར་བསམ་མོ། །ལས་རིམ་གཉིས་པ་གཟུགས་ལ་དབབ་པའི་ལ། གཉེན་པོ་སྟོབས་ཀྱི་ལྷ་ཁྲོ་བོ་མི་གཡོ་བ། འཇིག་རྟེན་ལས་ཀྱི་ལྷ་བཙན་རྒྱལ་ཡམ་ཤུད་དམར་པོ་བཙན་དམག་གི་དཔུང་དང་བཅས་པ་དཔལ་ཆེན་པོའི་ལྟེ་བ་ནས་སྤྲོས་པ་སྤྲུལ་པའི་ཕོ་ཉའི་ཚོགས་དང་བཅས་པ་བསྐལ་པའི་མེ་ལྟར་འབར་བར་མོས་ལ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ རྦད་ཅིང་བསྐུལ་བ་ང་ཡིས་བྱེད༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོའི་ཆེན་པོ་བྱིན་རླབས་ཀྱིས༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ཞེས་འཕྱང་གདགས། བསགས་པའི་རྫས་ཡུངས་ཀར་ནག་ཁྲག་གིས་སྦག་པས་བྲབ་ལ། གབ་པའི་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ མཱ་ར་ཡ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཁྱད་པར་གྱི་ཕོ་ཉ་བསྐུལ་ཞིང་ཐུན་གྱིས་བྲབ་སྟེ། ཕྱོགས་བཞིའི་དཔལ་གྱི་ལས་མཁན་མ༔ ལག་ན་འབར་བའི་སྤུ་གྲི་གདེང༔ ཕུར་པའི་ལྷ་མོ་ལག་བརྒྱ་མས༔ སྔོན་ནས་དགྲ་བོའི་བླ་ཁུག་ཅིག༔ བཅའ་བའི་ཕྱག་རྒྱ་ཐལ་མོ་ཁ་སྦུབ་ཏུ་བྱས་ཏེ། གདབ་བྱའི་དམོད་པ་ནི། ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་རླབས་སོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙཱརྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ དགྲ་བགེགས་གཟུགས་ལིང་ག་འདི་ལ་ཕོབ་ཅིག༔ དགྲ་བགེགས་ཀྱི་རྣམ་པར་ཤེས་པ་བླ་དང་བཅས་པ་ལིང་ག་འདི་ལ་བཀུག་ནས་ཐིམ་པར་གྱུར་ཅིག༔ ངན་སྔགས་ལས་ཀྱི་ཕུར་པ་བྱ་རྒོད་ཀྱི་རྐང་ལས་གྲུབ་པ་ས་ཡི་བརྟན་ཕུར་ཕྱུང་ཕྱིར་རྐང་མཐིལ་དུ་གདབ་པས་དབུགས་ཀྱི་གནད་ཆད་པར་བསམ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྱཱ་གྲྀ་མུ་ཁ་ཨཾ་ཀུ་ཤ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄༔ ཏིང་ངེ་འཛིན་ནི། དཔལ་ཆེན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་དགྲ་བགེགས་རྟེན་བཀུག་ཅིང་ཕབ་སྟེ་གཟེར་བར་བསམ་མོ། །ལས་རིམ་གསུམ་པ་བྱད་དུ་གཞུག་པ་ལ། གཉེན་པོ་སྟོབས་ཀྱི་ལྷ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང༌། འཇིག་རྟེན་ལས་ཀྱི་ལྷ་ཀླུའི་རྒྱལ་པོ་དམག་གི་དཔུང་དང་བཅས་པ་དཔལ་ཆེན་པོའི་ཕྱག་ཞབས་ནས་སྤྲོས་པ་སྤྲུལ་པའི་ཕོ་ཉའི་ཚོགས་དང་བཅས་པ་སྤྲུལ་པར་མོས་ལ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ རྦད་ཅིང་བསྐུལ་བ་ང་ཡིས་བྱེད༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོའི་ཆེན་པོའི་བྱིན་རླབས་ཀྱིས༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ ཞེས་འཕྱང་གདགས། བསགས་པའི་རྫས་བྱད་ཐག་ཚོན་སྐུད་ལྔ་དང་ཤི་སྐྲས་ཡན་ལག་བཅིངས་ལ། གབ་པའི་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ མཱ་ར་ཡ་ཤཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ྄༔ སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ བཅའ་བའི་ཕྱག་རྒྱ་ཞགས་པས་འཆིང་ཚུལ་བྱ། གདབ་བྱའི་དམོད་པ་ནི། ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་རླབས་སོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙཱརྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ དགྲ་བགེགས་ཀྱི་དབང་པོ་ཡན་ལག་སྡོམས་ཤིག༔ དགྲ་བགེགས་འདི་གྲུ་གུ་ཐུར་དུ་ཆིངས་ཤིག༔ སྡོམས་ཤིག༔ ངན་སྔགས་ལས་ཀྱི་མཆོག་ཕུར་འབྱུང་བཞིའི་གནད་གཅོད་ཕྱིར་གསང་གནས་སུ་གདབ་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བིང་བིང་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄༔ ཏིང་ངེ་འཛིན་ནི། དཔལ་ཆེན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་དགྲ་བགེགས་གྲུ་གུ་ཐུར་དུ་བཅིངས་པར་བསམ་མོ། །ལས་རིམ་བཞི་པ་སྨྱོ་རུ་གཞུག་པ་ལ། གཉེན་པོ་སྟོབས་ཀྱི་ལྷ་ཁྲོ་བོ་རྟ་མགྲིན། འཇིག་རྟེན་ལས་ཀྱི་ལྷ་རྒྱལ་པོ་པེ་དཀར་ལྷ་གིང་འགོང་པོའི་དམག་དཔུང་དང་བཅས་པ་དཔལ་ཆེན་པོའི་ཐུགས་ཀྱི་རྩེ་མོ་དང་ལྗགས་དཀྱིལ་ནས་སྤྲོས་པ་སྤྲུལ་པའི་ཕོ་ཉའི་ཚོགས་དང་བཅས་པ་སྤྲུལ་པར་མོས་ལ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ རྦད་ཅིང་བསྐུལ་བ་ང་ཡིས་བྱེད༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ རིངས་པར་ཁུག་ལ་སྨྱོར་ཆུག་ཅིག༔ ཅེས་འཕྱང་གདགས། བསགས་པའི་རྫས་དུག་སྣ་ཁྲག་དང་སྦྱར་བས་བྲབ་སྟེ། གབ་པའི་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ མཱ་ར་ཡ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ བཅའ་བའི་ཕྱག་རྒྱ་ཐལ་མོ་གཟེངས་བསྐུམ་དང་བཅས་ཏེ། གདབ་བྱའི་དམོད་པ་ནི། ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་རླབས་སོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙཱརྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ དགྲ་བགེགས་སྨྱོ་རུ་ཆུག་ཅིག༔ སྨྱོ་རུ་ཆུག་འབོགས་སུ་ཆུག༔ དྲན་པ་ཉམས་པར་གྱུར་ཅིག༔ ངན་སྔགས་ལས་ཀྱི་ཕུར་པ་ཟངས་ལས་གྲུབ་པ་ངག་འཇོམས་པའི་ཕྱིར་ལྕེ་ཡི་དཀྱིལ་དུ་གདབ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མཿས་མནྟ་བི་ཤྭ་དྷ་བེ་ར་བེ་ར་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄༔ ཏིང་ངེ་འཛིན་ནི། དཔལ་ཆེན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་རྣམས་ཀྱི་ཐུགས་ཀ་ནས་འོད་ཚྭ་ཚྭ་ལྟ་བུ་འཕྲོས་པས་དགྲ་བོ་སྨྱོ་རུ་ཆུག །འབོགས་སུ་ཆུག །སྨྱོས་སུ་ཆུག་པར་བསམ་མོ། །ལས་རིམ་ལྔ་པ་རྡུལ་དུ་བརླག་པའི་ཁོངས་སུ་སྤུ་གྲི་གཅིག་ཤུར་གྱི་ལས་འབྱུང་བས་དེ་ནི། བདག་དཔལ་ཆེན་པོར་གསལ་བའི་ཐལ་མོ་གཉིས་ཐབས་ཤེས་ཀྱི་རང་བཞིན་ཉི་ཟླའི་མཚན་པའི་བར་དུ་བསྙེན་ཕུར་ཡཀྴ་ཀྲོ་དྷ་དུས་མེའི་ཚྭ་ཚྭ་འཕྲོ་བར་མོས་ལ་བྱིན་གྱིས་བརླབས་ཏེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ ཅེས་ཉེར་གཅིག་མཐར། ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ མོ་ཧ་གྷཱ་ཏ་ཡ་བྷ་ག་ཝན༔ ཧྲཱིཿཥྚཱི་བི་ཀྲྀ་ཏ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ སརྦ་བིགྷྣཱན༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ྄༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཨ་ཨཿ ཞེས་སྤུ་གྲིའི་གདབ་སྔགས་བརྗོད་ཅིང༌། དམིགས་པ། སྙིང་དཀར་ནག་གི་མཚམས་སུ་བསྒྲིལ་ཞིང་གདབ་པས་ཁོའི་གཟུགས་ཕུང་གི་འབྱུང་བཞིའི་དྭངས་མ་རིམ་བཞིན་འདུས་ནས་ཡལ། སྙིང་གར་ཚེ་རྟེན་ཨ་དཀར་པོ་འོད་ཀྱི་ཐིག་ལེའི་དབུས་སུ་ཀུན་གཞི་ནྲྀ་དུད་ཁའི་གཟུགས་སུ་གནས་པར་ཕུར་རྩེ་ཧཱུྃ་ལྡན་བཏབ་པས་ནྲྀ་ཐིག་ལེ་ཨ་བཅས་བསྡུས་ནས་རང་ལ་བསྟན་པས་ཨ་དཀར་པོ་འོད་ཀྱི་གོང་བུ་ཅན་དེ་བདག་གི་སྙིང་གར་ཐིམ། ཚེ་དཔལ་གཟི་བརྗིད་རྒྱས། སླར་ཡང་ཕུར་བུ་ལས་འཕྲོས་པའི་འོད་ཀྱི་རྩེ་ལས་གཟས་པོའི་རྣམ་ཤེས་ཨ་ཡིག་གི་གཟུགས་ཀྱིས་འོག་མིན་དུ་ཕཊ྄་ཅེས་གནས་སྤར་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཞུགས། ཀཱི་ལ་ཡ་བརྗོད་པས་རྡོར་སེམས་ཀྱི་སྲས་སུ་སྐྱེས་པར་བསམ་པ་ནི་ཐུགས་རྗེའི་འོད་ཀྱི་ཕུར་བུ་ཞེས་བྱ་སྟེ་ལས་ངན་རྣམ་སྨིན་གྱི་སྐྱེ་སྒོ་བཅད་ནས་སྐྱེ་མེད་ཀྱི་དབྱིངས་སུ་སྦྱོར་བར་དམིགས་ལ་གདབ་ཕུར་བཏབ་སྟེ། ཧཱུྃ༔ ང་ནི་ཁྲོ་རྒྱལ་བཛྲ་ཀཱི་ལ་ཡ༔ སངས་རྒྱས་ཀུན་གྱི་འབར་བའི་ཡེ་ཤེས་སྐུ༔ ཁམས་གསུམ་འཁོར་བ་ཐལ་འབྱིན་ཕུར་པ་ནི༔ ཡཀྴ་ཀྲོ་དྷ་ཁྲོ་བོའི་རྗེ་བཙན་ཏེ༔ ཀླད་ལ་བསྐོར་བས་བདག་ཅག་འཁོར་བཅས་སྲུང༔ གཡས་སུ་བསྒྲིལ་བས་ཕོ་རྒྱུད་དབང་དུ་འདུས༔ གཡོན་དུ་བསྒྲིལ་བས་མོ་རྒྱུད་ལས་ལ་བཀོལ༔ སྐེད་ལ་བསྐོར་བས་མི་ལྡོག་དགྲ་ལ་ཐེབས༔ འཕྱར་བ་ཙམ་གྱིས་ལྷ་ཡང་སྐྲག་བྱེད་ཅིང༔ བཏབ་པའི་མོད་ལ་དགྲ་བགེགས་གུམ་གུམ་བསྒྱེལ༔ རྣོ་ངར་ལྡན་པས་ཐལ་བར་རློག་པ་འདི༔ བཏབ་བོ་ཉམས་པ་བདུན་ལྡན་རུ་ཏྲར་ཡ༔ སྲིད་པ་མིང་མེད་གྱིས་ཤིག་མཱ་ར་ཡ༔ དེ་ནས་རྒྱུད་ལས། ཁྲོ་བོ་བཅུ་ཡི་ཕུར་པ་ཡིས། །ལུས་ཀྱི་གནས་བཅུ་དག་ཏུ་གདབ། །ཅེས་གསུངས་པ་ལྟར་ཕྱིར་མི་ལྡོག་པའི་ཕྱིར་ཁྲོ་བོ་བཅུའི་ཕུར་པ་གདབ་སྟེ། ཧཱུྃ༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་དང༔ དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཧ་ན་ཧ་ན་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ རྣམ་རྒྱལ་དཔྲལ་བ། ད་ཧ་ད་ཧ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ དབྱུག་སྔོན་དཔུང་གཡས། པ་ཙ་པ་ཙ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ གཤིན་རྗེ་ལྟེ་བ། མ་ཐ་མ་ཐ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ མི་གཡོ་དཔྱི་གཡས། ཛྭ་ལ་ཛྭ་ལ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ རྟ་མགྲིན་མགྲིན་པ། སུ་རུ་སུ་རུ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ འདོད་རྒྱལ་དཔྱི་གཡོན། མུ་རུ་མུ་རུ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཧཱུྃ་མཛད་སྤྱི་བོ། ཀ་ཏཾ་ཀ་ཡེ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ སྟོབས་ཆེན་གསང་གནས། ཛ་ཡེ་བི་ཛ་ཡེ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཁམས་གསུམ་རྣམ་རྒྱལ་དཔུང་གཡོན། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ བདུད་རྩི་འཁྱིལ་བ་སྙིང་གར་གདབ་བོ། ལས་རིམ་ལྔ་པ་རྡུལ་དུ་བརླག་པ་དངོས་ལ། གཉེན་པོ་སྟོབས་ཀྱི་ལྷ་ཁྲོ་བོ་དབྱུག་པ་སྔོན་པོ་དང༌། འཇིག་རྟེན་ལས་ཀྱི་ལྷ་བདུད་དམག་བྱེ་བའི་དཔུང་དང་བཅས་པ་དཔལ་ཆེན་པོའི་དབུ་ཡི་གཙུག་ཏོར་ནས་སྤྲོས་པ་སྤྲུལ་པའི་ཕོ་ཉའི་ཚོགས་དང་བཅས་སྤྲུལ་པར་མོས་ལ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ བདག་ཉིད་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ རྦད་ཅིང་བསྐུལ་བ་ང་ཡིས་བྱེད༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཅེས་འཕྱང་གདགས། བསགས་པའི་རྫས་མིའི་རྗེ་ངར་དང་རྡོ་རྗེའི་ཐོ་བས་བརྡུང་ལ། གབ་པའི་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ མཱ་ར་ཡ་ཏ་ཐཱ་ཡ་ཏ་ཐཱ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ བཅའ་བའི་ཕྱག་རྒྱ་ཐལ་མོ་བསྣོལ་མ་ནང་བསྐུམ་གྱིས་བརྡུང་ཚུལ་དང་བཅས་ཏེ། གདབ་བྱའི་དམོད་པ་ནི། ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་རླབས་སོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙཱརྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ དགྲ་བགེགས་གནོད་བྱེད་རྡུལ་དུ་བརླག་པར་གྱུར་ཅིག །ངན་སྔགས་ལས་ཀྱི་ཕུར་པ་ལྕགས་ལས་གྲུབ་པ་སེམས་ཀྱི་དཔྱིས་འབྱིན་པར་སྙིང་གར་གདབ་སྟེ་ཚེ་ཡི་གནད་བཅད་པར་བསམ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿསརྦ་དུཥྚཾ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄༔ ཏིང་ངེ་འཛིན་ནི། དཔལ་ཆེན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་དགྲ་བགེགས་ཐལ་བའི་རྡུལ་དུ་བརླག་པར་བསམ་མོ། །ལས་རིམ་དྲུག་པ་ཞལ་དུ་བསྟབ་པ་ལ། གཉེན་པོ་སྟོབས་ཀྱི་ལྷ་ཁྲོ་བོ་སྟོབས་པོ་ཆེ་དང༌། འཇིག་རྟེན་ལས་ཀྱི་ལྷ་བཙན་དམག་དང་བཅས་པ་དཔལ་ཆེན་པོའི་གསང་བའི་སྦུབས་ནས་སྤྲོས་པ་སྤྲུལ་པའི་ཕོ་ཉའི་ཚོགས་དང་བཅས་པ་རྣམས་ཀྱིས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ཞལ་དུ་བསྟབ་པར་མོས་ལ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ས་བདག་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ རྦད་ཅིང་བསྐུལ་བ་ང་ཡིས་བྱེད༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ ཅེས་འཕྱང་གདགས། བསགས་པའི་རྫས་མི་རྐང་གི་གཟར་བུ་ཟུར་གསུམ་པས་ཞལ་དུ་བསྟབ་ལ། གབ་པའི་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ མཱ་ར་ཡ་བྷིནྡྷ་ཡ་བྷིནྡྷ་ཡ༔ སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ བཅའ་བའི་ཕྱག་རྒྱ་རྡོ་རྗེའི་ཐལ་མོ་ཁ་གྱེན་བསྟན་གྱིས། གདབ་བྱའི་དམོད་པ་ནི། ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་རླབས་སོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙཱརྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ ལྷ་ཚོགས་རྣམས་ཀྱིས་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་དང་བཅས་པ་ལྷག་མ་མེད་པར་རོལ་ཅིག །ངན་སྔགས་ལས་ཀྱི་ཕུར་པ་སྐྱེར་པ་ལས་གྲུབ་པ་སྲིད་པ་སྐྱེད་བྱེད་གཞོམ་ཞིང་བཀྲག་མདངས་ཀྱི་གནད་གཅོད་ཕྱིར་ལྟེ་བར་གདབ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ སུ་རུ་སུ་རུ་ཨུ་ཙུཥྨ་ཀྲོ་ཏ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄༔ ཏིང་ངེ་འཛིན་ནི། དཔལ་ཆེན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་ཤ་ཁྲག་རུས་པ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབ་པས་དགྱེས་པའི་རྐན་སྒྲ་དང་བཅས་ཏེ་གསོལ་བར་བསམ་མོ། །དེ་ལྟར་དྲག་པོ་དགྲ་བགེགས་སྒྲོལ་བའི་དབང་བསྐུར་ཡོངས་རྫོགས་གྲུབ་ནས་ལས་ཀྱི་མཐའ་སྡུད་རྣམ་གསུམ་གྱི་དབང་སྦྱིན་པའི་ཐོག་མར་ཟློག་པའི་མཐའ་སྡུད་ཟོར་རྫས་རྣམས་གཏད་པས་དགྲ་བགེགས་ཐམས་ཅད་རྩད་ནས་བརླག་པའི་མཐུ་དབང་ཐོབ་པར་མོས་ཤིག །ཟོར་རྫས་རྣམས་གཏད་ལ། ཧཱུྃ༔ དགྲ་བགེགས་གཟུགས་ཕུང་བཤིག་པའི་ཕྱིར༔ ཀེ་ཚེ་ཤང་ཚེ་ཡུངས་ཀར་དང༔ རྡོ་ཕྱེ་ལྕགས་ཕྱེ་ཁྲག་གི་ཐུན༔ ཀོང་ཟོར་རྡོ་ཟོར་ཐོད་ཟོར་དང༔ དྲེགས་པའི་ཕུར་པ་སོར་ལྔ་པ༔ འཕང་བའི་ཕུར་པ་སོར་དྲུག་པ༔ མདའ་ཟོར་དུག་གི་གཏོར་མ་དང༔ གཏོར་ཟོར་མཚོན་ཆས་དབང་བསྐུར་བས༔ དགྲ་བགེགས་ཐམས་ཅད་ཕུང་བར་གྱིས༔ སྤུ་གྲིའི་སྔགས་ཤམ་དུ། དགྲ་བགེགས་མཱ་ར་ཡ་རྦད༔ ཅེས་བཏགས་པ་བརྗོད། གཉིས་པ་བསད་པའི་མཐའ་སྡུད་སྲེག་པའི་ཧོམ་དང་གཟར་བུ་གཏད་པས་དགྲ་བགེགས་ཐམས་ཅད་རྗེས་མེད་དུ་བསྲེག་པའི་མཐུ་དབང་ཐོབ་པར་མོས་ཤིག །ཧོམ་དང་གཟར་བླུགས་གཏད་ལ། ཧཱུྃ༔ དགྲ་བགེགས་ཞལ་དུ་གསོལ་བའི་ཕྱིར༔ ཧོམ་དང་དགང་གཟར་བླུགས་གཟར་དང༔ སྲེག་པའི་རྫས་ཀྱིས་དབང་བསྐུར་བས༔ གཞིག་དང་སྤོར་བའི་ནུས་ལྡན་ཤོག༔ སྤུ་གྲིའི་སྔགས་ཤམ་དུ། དགྲ་བགེགས་མཱ་ར་ཡ་ཛྭ་ལ་རཾ༔ ཞེས་བརྗོད། གསུམ་པ་སྲུང་བའི་མཐའ་སྡུད་མནན་པའི་ཆས་རྣམས་གཏད་པས་དགྲ་བགེགས་ཐམས་ཅད་བསྐལ་པའི་མཐར་ཡང་ལྡང་མི་ནུས་པར་གནོན་པའི་མཐུ་དབང་ཐོབ་པར་མོས་ཤིག །མནན་ཆས་གཏད་ལ། ཧཱུྃ༔ ལྕགས་ཀྱི་ཁང་སྒྲོམ་འབར་བ་དང༔ ཁྱི་མགོ་ནག་པོའི་དུང་ཁང་དང༔ རོ་གཡམ་རྡོ་རྗེ་རྒྱ་གྲམ་དང༔ མནན་པའི་ཕུར་པ་སོར་བཞི་པ༔ རང་འཐག་གླིང་བཞི་རྣམས་གཏད་པས༔ མི་ལྡོག་ནོན་པའི་མཐུ་ཐོབ་ཤོག༔ སྤུ་གྲིའི་སྔགས་ཤམ་དུ། དགྲ་བགེགས་དམ་སྲི་མཱ་ར་ཡ་ནན༔ ཏྲིག་ནན་སྟྭམྦྷ་ནན༔ མོ་ཧ་ཡ་ནན༔ སྟྭམྦྷ་ཡ་ནན༔ མཐར་བཅོལ་བསྐུལ་བྱ་བ་ནི། གདབ་ཕུར་བསྒྲིལ་ལ། སླར་ཡང་བཀའ་ལ་མི་ཉན་པ་ཐམས་ཅད་འདི་ལྟ་བུའི་སྦྱོར་བས་བསྒྲལ་བར་བྱ་བ་གདོན་མི་ཟའོ། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱར་ཁོས་ལ༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧ་ཧ་ཧ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄༔ དེ་རྣམས་ཀྱིས་གདབ་པའི་ལས་རིམ་རྒྱས་པར་རྫོགས་ནས། མཐའ་རྟེན་འཆི་མེད་ཚེ་ཡི་དབང་བསྐུར་བ་ལ། ཚེ་འབྲང་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་གསལ་བས་དབང་བསྐུར་བའི་ཚེ་སྐུ་གསུང་ཐུགས་ལས་འཆི་མེད་བདུད་རྩི་འོད་ཟེར་གྱི་རྒྱུན་བྱུང༌། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་གསང་གསུམ་རྡོ་རྗེ་མི་ཤིགས་པའི་ཚེ་དབང་ཐོབ་པར་མོས་ཤིག །ཚེ་འབྲང་གནས་གསུམ་དུ་བཞག་ལ། ཨོཾ༔ བུམ་པ་རིན་ཆེན་ཚེའི་གཞལ་ཡས༔ འཆི་མེད་དྭངས་མའི་བདུད་རྩིས་གཏམས༔ མི་ཤིགས་རྡོ་རྗེ་ཚེ་ཡི་ལྷས༔ སྐྱེ་འཆི་མེད་པའི་ཚེ་ཐོབ་ཤོག༔ ཀཱ་ཡ་ཨཱ་ཡུ་ཛྙཱ་ན་ཏིཥྛནྟུ༔ བདུད་རྩི་མྱང་དུ་གཞུག་ལ། ཨཱཿ རང་བྱུང་ཡེ་ཤེས་བདུད་རྩིའི་རྒྱུན༔ འབྱུང་ལྔ་འདུས་པའི་དྭངས་མའི་རྒྱུན༔ ཚེ་ཡི་ལྷ་ཚོགས་བྱང་སེམས་ཀྱིས༔ རྒྱུན་ཆད་མེད་པའི་ཚེ་ཐོབ་ཤོག༔ ཝཱཀ་ཨཱ་ཡུ་ཛྙཱ་ན་ཏིཥྛནྟུ༔ ཚེ་རིལ་སྙིང་གར་བཞག་ཅིང་བྱིན་ལ། ཧཱུྃ༔ རྟག་ཏུ་འཕོ་མེད་ཚེའི་རིལ་བུ༔ ལྷ་ཚོགས་དྭངས་མ་མི་ཤིགས་ཁམས༔ སྙིང་གི་དབུས་སུ་བསྟིམ་པ་ཡིས༔ རྡོ་རྗེ་རྟག་པའི་ཚེ་ཐོབ་ཤོག༔ ཙིཏྟ་ཨཱ་ཡུ་ཛྙཱ་ན་ཏིཥྛནྟུ༔ ཚོགས་རྫས་གཏད་ལ། ཧཱུྃ༔ གཞོང་པ་རྣམ་དག་ཉི་ཟླའི་སྣོད་ནང་དུ༔ ཞལ་ཟས་སྣ་ཚོགས་བདུད་རྩིའི་རྒྱ་མཚོ་འཁྱིལ༔ ལུས་དཀྱིལ་ལྷ་ལ་ཚོགས་ཀྱི་འཁོར་ལོ་འབུལ༔ བདེ་ཆེན་ཡེ་ཤེས་མཆོག་དང་ལྡན་པར་ཤོག༔ ཅེས་གཏད་ལ་རོལ་དུ་གཞུག །མཚམས་སྦྱོར་སྤྱི་འགྲོ་ལྟར་ལ་ཡེ་དྷར་དང་ཤིས་བརྗོད་རྒྱས་པར་བྱས་ལ་མེ་ཏོག་འཐོར། རོལ་མོའི་སྒྲ་བསྒྲག། རྗེས་དམ་ཚིག་བསྒྲག་བཟུང༌། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་བྱས་ལ་སློབ་མ་རང་གནས་སུ་བཏང་ངོ༌། །གསུམ་པ་རྗེས་ཀྱི་བྱ་བ་ལ། སློབ་དཔོན་གྱིས་ཚོགས་ལ་རོལ་བ་སོགས་མཇུག་གི་ཆིངས་ལྟར་བྱའོ། ༈ གཉིས་པ་ཡན་ལག་གི་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པའི་དབང་བྱེ་བྲག་ཏུ་བསྐུར་ཚུལ་ནི། དང་པོ་སྟེགས་བུའི་དབུས་སུ་གཞུང་མཐུན་གྱི་རས་བྲིས་སམ། འབྲུ་ནག་གི་ཚོམ་བུ་བཀོད་ལ། མཉྫིའི་ཁར་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་སྔོན་པོ་ཅན། ཐུན་མོང་རིགས་དབང་ལྔའི་ཆས། གཞུང་མཐུན་ལྷ་ཚོགས་ཡོངས་རྫོགས་ཀྱི་སྐུ་ཙཀ །སྔགས་བྱང༌། ཕྱག་མཚན། དུར་ཁྲོད་དཔལ་ཆས། ལས་ཕུར་བཅས་དང༌། རྩ་བའི་དབང་བསྐུར་སྔོན་དུ་སོང་ཟིན་ན་ཟབ་དབང་གསུམ་མ་བསྐུར་ཀྱང་རུང་ལ། འདི་ཉིད་ཁོ་ནའི་སྐབས་སྦྱར་ན་ལེགས་པས་དེ་ལྟར་ན་གསང་ཐོད་དང༌། རིག་ཙཀ་བཅས་འདུ་བྱ། མཐར་ཉེར་སྤྱོད་མཆོད་པ་དང༌། ཚོགས། དཀར་བགེགས། བཀའ་གཏེར་ཆོས་སྲུང་གཏོར་འབུལ་ཆད་བརྟན་རྣམས་འདུ་བྱའོ། །གཉིས་པ་དབང་དོན་སྒྲུབ་མཆོད་ལ་བརྒྱུད་འདེབས་སྔོན་དུ་འགྲོ་བས་ལས་བྱང་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་སྐྱབས་སེམས་ནས་བརྩམས་བཟླས་པའི་བར་དང༌། བསྙེན་དམིགས་མགོར་ཛཔ་ཁང་ཕྱེས་ལ་སྒྲུབ་པ་དང་སྒྲུབ་ཆེན་གྱི་སྔགས་གཙོ་བོར་བྱ་ཞིང༌། བསྙེན་པ་དང་ལས་སྔགས་ཐམས་ཅད་ཁྱུག་ཙམ་བཟླས་ལ་གཙོ་ལས་ཀྱི་བུམ་པ་སྒྲུབ། མཐར་མཆོད་བསྟོད་དང་ཆོས་སྐྱོང་གཏོར་འབུལ། ཚོགས་བསྒྲལ་བའི་བར་བྱས་ལ། བདག་འཇུག་གམ་རིག་པའི་མེ་ཏོག་དོར་བ་ལ་སློབ་མ་འཇུག་པར་གནང་བ་ཞུ། གསུམ་པ་དབང་དངོས་ལ་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བཏང་ཞིང་སྲུང་འཁོར་བསྒོམས་ནས། དེ་ཡང་ཆོས་སྐུ་མཉམ་པ་ཆེན་པོའི་ཀློང་དུ་སངས་རྒྱས་ཐམས་ཅད་བདེ་ཆེན་ཐིག་ལེ་ཉག་གཅིག་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ལྟར་མངོན་པར་རྫོགས་པ་སངས་རྒྱས་པའི་འབྲས་བུའི་སྤང་རྟོགས་ལ་མངའ་དབང་བསྒྱུར་བ་ལས་བཟང་ངན་གྱི་རྣམ་དབྱེར་མ་མཆིས་ཀྱང༌། གཟུགས་སྐུ་ངེས་པ་ལྔ་ལྡན་དུ་རིགས་དང་ཕྲིན་ལས་ཀྱི་རྣམ་པར་རོལ་པ་གང་འདུལ་དུ་བསྟན་པའི་དབང་གིས་སྒྲུབ་ཐག་ཉེ་བ། ཕྲིན་ལས་མྱུར་བ་ལ་ཁྱད་པར་འཕགས་པ་ནི་ལས་ཀྱི་རིགས་ཏེ། དེ་ལས་ཀྱང་ཡབ་རྡོ་རྗེ་གཞོན་ནུ་དང༌། ཡུམ་སྒྲོལ་མ་གཉིས་པོ་ནི་ལས་དང་དངོས་གྲུབ་སྩོལ་བ་ལ་ཐོགས་པ་མེད་པའི་ཐུགས་བསྐྱེད་ཀྱི་མཐུ་ཆེ་ཞིང༌། ཕྲིན་ལས་མངོན་རྟགས་ད་ལྟའི་བར་ཟམ་མ་ཆད་པར་གསར་རྙིང་མཁས་གྲུབ་ཀུན་གྱི་ཐུགས་དམ་ལྷག་པའི་ལྷར་རྩོད་མེད་དུ་གྲགས་པ་ལ། སྔ་འགྱུར་གྱི་ཆོས་སྐད་ལ་བཀའ་གཏེར་དག་སྣང་གསུམ་དུ་དབྱེ་བའི་བཀའ་སྲོལ་རྒྱས་བསྡུས་བསམ་མི་ཁྱབ་པ་བཞུགས་པ་ལས། སྐབས་སུ་བབ་པ་འདི་ནི་གངས་ཅན་མཁས་གྲུབ་ཀུན་གྱི་གཙུག་རྒྱན། ཐུབ་བསྟན་རིས་སུ་མ་ཆད་པའི་ཤིང་རྟ། གསང་བ་རྒྱ་མཚོའི་མཛོད་ལ་མངའ་དབང་བསྒྱུར་བའི་ཐམས་ཅད་མཁྱེན་གཟིགས་འཇམ་པའི་རྡོ་རྗེ་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་བབ་ཆོས་མཛོད་ཆེན་པོ་བདུན་བཞུགས་པའི་བྱེ་བྲག་རྡོ་རྗེ་ཕུར་པ་པཎ་ཆེན་བི་མ་ལ་མི་ཏྲ་དང༌། གཉགས་ལོ་ཆེན་པོ་ཛྙཱ་ན་ཀུ་མཱ་ར་རྣམ་པ་གཉིས་ཀྱི་རིང་ལུགས་ཕུར་པའི་སྒྲུབ་སྡེ་ཆེན་པོ་རྨད་དུ་བྱུང་བར་བཞུགས་པ་ཉིད་བླ་མ་དང་ལྷག་པའི་ལྷའི་ཐུགས་རྗེའི་ཟླ་ཟེར་སྐལ་པ་བཟང་པོར་སིམ་པ་འཐུང་བའི་ཉེར་ལེན་གྱིས། མདོ་ཁམས་ཟལ་མོ་སྒང་གི་ཆར། སྐུ་ཡི་གསུང་གི་གནས་མཆོག་ཀརྨའི་རི་སུལ་གྱི་རྡོ་རྗེའི་གནས་སུ་ཕྱིན་པའི་སྐབས་ཀློང་ཆེན་ནམ་མཁའ་འོད་གསལ་ཨོ་རྒྱན་མདོ་སྔགས་གླིང་པ་ལ་དངོས་གྲུབ་ཏུ་ཐོབ་པའི་རྡོ་རྗེ་ཕུར་པའི་ཡན་ལག་གི་སྒྲུབ་སྡེ་ཆེན་པོ་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པའི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་གདབ་ནས་བརྩམས་སྐྱབས་སེམས། ཡན་ལག་བརྒྱད་པ། སྡོམ་བཟུང༌། དམ་ཆུ་སྦྱིན་པ། ཡེ་ཤེས་དབབ་བསྟིམ་བརྟན་བཞུགས། བུམ་དབང་གི་གསོལ་གདབ་བཅས་དབང་ཆེན་གྱི་གཞུང་ལྟར་ལ། དངོས་གཞི་མངོན་པར་དབང་བསྐུར་བར་བྱེད་པ་ལ། རིགས་པའི་དབང་ལྔའི་ཐོག་མར་མི་བསྐྱོད་པ་ཆུ་ཡི་དབང་གི་སོགས་ནས། རིགས་ལྔའི་ངོ་བོར་སངས་རྒྱས་པ་ཡིན་ནོ། །བར་དང་དོན་དབང་གི་རྣམ་རྒྱལ་བུམ་པའི་དབང་རིགས་ཀྱི་བུ་བརྒྱན་པའི་བར་བསྐུར་རྗེས། ཁྱད་པར་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ནུས་པ་རྒྱུད་ལ་འཇུག་པའི་ཕྱིར་ལྷ་སྔགས་རིག་པའི་དབང་བསྐུར་སྦྱིན་པའི་ཐོག་མར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ་སོགས་ནས། གཙོ་བོ་ཡབ་ཡུམ་གྱི་རྗེས་སུ། ཧཱུྃ༔ ཉོན་མོངས་ཞེ་སྡང་གནས་དག་ཅིང༔ མེ་ལོང་ཡེ་ཤེས་ཁྲོས་པའི་སྐུ༔ བཅོམ་ལྡན་བཛྲ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་ང་རྒྱལ་གནས་དག་ཅིང༔ མཉམ་ཉིད་ཡེ་ཤེས་ཁྲོས་པའི་སྐུ༔ བཅོམ་ལྡན་རཏྣ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་འདོད་ཆགས་གནས་དག་ཅིང༔ སོར་རྟོག་ཡེ་ཤེས་ཁྲོས་པའི་སྐུ༔ བཅོམ་ལྡན་པདྨ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་ཕྲག་དོག་གནས་དག་ཅིང༔ བྱ་གྲུབ་ཡེ་ཤེས་ཁྲོས་པའི་སྐུ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར༔ ཡུམ་ནི་རྡོ་རྗེ་སྒྲ་འབྱིན་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨ་བྷི་ཥིཉྩ་ཧཱུྃ༔ རང་སྔགས་ལ། ཧཱུྃ༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ༔ ཡུམ་ནི་རྡོ་རྗེ་མདའ་སྙེམས་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས་སྦྱར་བ་འགྲེ། ཧཱུྃ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད༔ ཡུམ་ནི་རྡོ་རྗེ་དུར་ཁྲོད་བདག༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས། ཧཱུྃ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང༔ ཡུམ་ནི་རྡོ་རྗེ་གཏུམ་མོ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས། ཧཱུྃ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ ཡུམ་ནི་རྡོ་རྗེ་རླུང་འབྱིན་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས། ཧཱུྃ༔ ཤར་ལྷོ་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་དབྱུག་པ་སྔོན༔ ཡུམ་ནི་རྡོ་རྗེ་སྡེར་མོ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས། ཧཱུྃ༔ ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན༔ ཡུམ་ནི་རྡོ་རྗེ་གཏུན་ཁུང་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས། ཧཱུྃ༔ ནུབ་བྱང་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་འདོད་པའི་རྒྱལ༔ ཡུམ་ནི་རྡོ་རྗེ་སྙེམས་མ་དམར༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས། ཧཱུྃ༔ བྱང་ཤར་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ༔ ཡུམ་ནི་རྡོ་རྗེ་གསོད་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས། ཧཱུྃ༔ འོག་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་པོ༔ ཡུམ་ནི་རྡོ་རྗེ་སྐྱོད་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས། ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ རྟོག་འཇོམས་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་ཕག་གདོང་གིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་སུ་ཀ་ར་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ དཔའ་གཏུམ་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་སྟག་གི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་བྱཱ་གྲྀ་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ རྫིས་ཚོར་སྤངས་པའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་གཡག་གི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཙ་མ་ར་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ དུས་འཇུག་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་ཤ་བའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཧ་རི་ཎ་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ ཡེ་རྫོགས་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་གཟིག་གི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཏྱ་ཀི་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩཱཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ ཐབས་མཁས་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་བྱི་ལའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་བི་ཊཱ་ལ་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ ཟ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་སྤྱང་ཀིའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་སྲI་ག་ལ་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ རིགས་བཙུན་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་སེང་གེའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་སིང་ཧ་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ ཟ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་དྲེད་ཀྱི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་རཀྵི་ས་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ མྱོས་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་དོམ་གྱི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་རཀྵ་ས་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ མི་འགྱུར་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་རྨིགས་བུའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཨི་ཥུ་པ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ ཐོགས་མེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་བྱ་རྒོད་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་གྲྀ་ཌྷ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ གསལ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་བྱ་རོག་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཏ་ནཱ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ མཐོང་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་འུག་པའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཨཱུ་ལུ་ཀ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ ཐལ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་ཁྭ་ཏའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་པྲི་ཏ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ བཀྲག་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་པུ་ཤུད་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་པཀྵི་ཏ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ སྒྲིབ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་ཁྲ་ཡི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་པཉྩ་ར་ཎ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ གསོ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་ཕ་ཝཾ་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཏི་རི་ལ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ བཙལ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་སྲེ་མོང་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ན་ཀུ་ལཾ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ འགུགས་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་བྱི་བའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀ་ཤི་ཀ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མདུན་ཕྱོགས་ཟླ་གམ་གདན་སྟེང་ནས༔ ཐུགས་ཀྱི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུགས་མེད་ཁམས་འདུལ་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཡས་ཕྱོགས་ཟླ་གམ་གདན་སྟེང་ནས༔ སྐུ་ཡི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འདོད་ཁམས་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཡོན་ཕྱོགས་ཟླ་གམ་གདན་སྟེང་ནས༔ གསུང་གི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུགས་ཁམས་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཞི་བྱེད་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་ཞི་བར་བྱེད་པའི་མཆོག༔ གནས་ཀྱི་མ་མོ་གཽ་རི་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་གཽ་རི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ དབང་མཛད་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་མ་ལུས་དབང་དུ་མཛད༔ གནས་ཀྱི་མ་མོ་ཙཽ་རི་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཙཽ་རི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ གཉིས་མེད་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་མ་ལུས་གཉིས་མེད་སྦྱོར༔ གནས་ཀྱི་མ་མོ་རྨོངས་མོ་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་པྲ་མོ་ཧེ་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ དྲག་མོ་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་མ་ལུས་རྡུལ་དུ་བྱེད༔ གནས་ཀྱི་མ་མོ་ཐལ་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་བཻ་ཏ་ལི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ རྒྱས་པ་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་ཀུན་ནས་རྒྱས་པར་བྱེད༔ གནས་ཀྱི་མ་མོ་སྦོས་མོ་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་པུཀྐ་སི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ དྲག་ཤུལ་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་མ་ལུས་བརླག་པར་བྱེད༔ གནས་ཀྱི་མ་མོ་གཏུམ་མོ་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་གྷསྨ་རི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཐམས་ཅད་འགྲུབ་པའི་ཏིང་འཛིན་གྱིས༔ ལས་རྣམས་མ་ལུས་ཀུན་ཀྱང་བྱེད༔ གནས་ཀྱི་མ་མོ་སྨེ་ཤ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཙཎྜ་ལི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ རོལ་པ་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་ཀུན་ཀྱང་འཕེལ་བར་བྱེད༔ གནས་ཀྱི་མ་མོ་མ་ཚོགས་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་སྨེ་ཤ་ནི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་སེང་གེའི་གདོང༔ རྟོག་པའི་བདུད་འཇོམས་ཟ་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་སྟག་གི་གདོང༔ དཔའ་བརྟུལ་འབར་བའི་ཆོ་འཕྲུལ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་བྱཱ་གྲྀ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་ཝ་ཡི་གདོང༔ ཕུང་པོའི་བདུད་འཇོམས་ཐབས་མཁས་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཤྲི་ལ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་ཁྱི་ཡི་གདོང༔ ལྷ་བུའི་བདུད་འཇོམས་མེལ་ཚེ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཤྭ་ན་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་བཞད་ཀྱི་གདོང༔ ཤེས་བྱ་ཐོགས་མེད་མིག་རྣོན་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་གྲྀ་དྷ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་ཀངྐའི་གདོང༔ འཆི་བདག་བདུད་འཇོམས་རོ་ཟ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀངྐ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་ཁྭ་ཏའི་གདོང༔ ཉོན་མོངས་བདུད་འཇོམས་ཟད་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱ་ཀ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་འུག་པའི་གདོང༔ མི་འདོད་ཐུགས་རྗེ་དྲག་ཤུལ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཨཱུ་ལུ་ཀ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དཀྱིལ་འཁོར་ཕྱོགས་ཀྱི་སྒོ་བཞི་ནས༔ ཕྲིན་ལས་བཞི་མཛད་སྒོ་མ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚར་གཅོད་རྗེས་འཛིན་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོདྷཱི་ཨངྐུ་ཤ་ཛཿ ཨོཾ་བཛྲ་ཀྲོ་དྷཱི་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་སྥོ་ཊ་བྃ༔ ཨོཾ་བཛྲ་ཀྲོ་དྷཱི་གཎྜེ་ཧོཿ ཨ་བྷི་ཥིཉྩ་ཧཱུྃ བྷྱོ༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང༔ དྲག་པོ་སྲིན་པོ་ལ་སོགས་པའི༔ ཆུང་མ་ཞི་བའི་ལས་མཛད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ མ་ནུ་རཀྴ་སི་བྷྱོ༔ བྲ་ཧྨ་ནི་བྷྱོ༔ རཽ་ཏྲཱི་བྷྱོ༔ བིཥྞ་བྷྱ་བྷྱོ༔ ཀུ་མཱ་རི་བྷྱོ༔ ཨིནྡྲ་ཎཱི་བྷྱོ༔ ཤིནྟཾ་ཀུ་རུ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང༔ དྲག་པོ་འཇུག་སྲེད་ལ་སོགས་པའི༔ ཆུང་མ་རྒྱས་པའི་ལས་མཛད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨ་མྲྀ་ཏཾ་བྷྱོ༔ སཽ་མྱེ་བྷྱོ༔ དཎྚ་དཾ་བྷྱོ༔ རཀྴ་སི་བྷྱོ༔ བྷཀྵ་སི་བྷྱོ༔ ར་ཏི་བཛྲ་བྷྱོ༔ པུཥྚིཾ་ཀུ་རུ་ཨོཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང༔ དྲག་པོ་དགའ་བྱེད་དབང་ཕྱུག་གི༔ ཆུང་མ་དབང་གི་ལས་མཛད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨེ་ཀ་ཙ་ཏི་ཎི་བྷྱོ༔ མ་ནུ་ཧ་རཾ་བྷྱོ༔ སི་ཏི་ཀཾ་བྷྱོ༔ ཝཱ་ཡ་ཝེ་བྷྱོ༔ མ་ཧཱ་མ་ར་ཎ་བྷྱོ༔ ཨགྣི་བཛྲ་བྷྱོ༔ ཝཱ་ཤཾ་ཀུ་རུ་ཧོཿ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང༔ དྲག་པོ་གསོད་བྱེད་ལ་སོགས་པའི༔ ཆུང་མ་དྲག་པོའི་ལས་མཛད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཙ་མུནྟི་བྷྱོ༔ སུ་ཏ་ནི་བྷྱོ༔ ཝ་རུ་ཎ་བྷྱོ༔ མ་ཧཱ་ཀཱ་ལི་བྷྱོ༔ ཙ་ཀ་ལ་བྷྱོ༔ ཀུཾ་བྷ་ཀརྞ་བྷྱོ༔ མཱ་ར་ཡ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ གཞལ་ཡས་ཕྱི་ཡི་སྒོ་སྲུང་མ༔ ལྷ་མཆོག་ནག་པོའི་ཆུང་མ་ནི༔ ནག་པོ་ཆེན་མོ་མ་མོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སིང་ག་ལཾ་བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ གཞལ་ཡས་ཕྱི་ཡི་སྒོ་སྲུང་མ༔ ར་གདོང་ཆེན་པོའི་ཆུང་མ་ནི༔ ར་མགོ་དམར་སེར་ཆེན་མོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རུ་ཏི་ར་མ་ཏི་བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ གཞལ་ཡས་ཕྱི་ཡི་སྒོ་སྲུང་མ༔ སྲིན་པོ་བུམ་སྣའི་ཆུང་མ་ནི༔ བུམ་སྣ་སྔོ་ནག་ཆེན་མོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ བྷ་ར་ཧི་བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ གཞལ་ཡས་ཕྱི་ཡི་སྒོ་སྲུང་མ༔ གསུས་པོ་ཆེ་ཡི་ཆུང་མ་ནི༔ གསུས་འཛིན་སེར་ནག་ཆེན་མོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ལམྦྷོ་དྷཱ་ར་བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀའ་སྲུང་གི་དབང་ནི༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཕུར་སྲུང་ཤྭ་ན་ལྕམ་དྲལ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ མ་ཐ་མ་ཐ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཕུར་སྲུང་རེ་ཏི་ལྕམ་དྲལ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ མ་མ་ཝ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་དན་དྷ་ཏི་མ་མ་ཤི་གྷྲཾ་ཀཱ་ར་ཡེ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཕུར་སྲུང་ས་བདག་ལྕམ་དྲལ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པཱ་ར་ཛི་ཏེ་མ་ར་སེ་ན་བྲ་མརྡྷ་ན་ཡེ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ལྷ་ཚོགས་རྣམས་ཀྱི་སྐུ་ཕྱག་རྒྱའི་བྱིན་རླབས་ལུས་ལ་ཞུགས་པས་དེང་ནས་བཟུང་སྟེ་རང་ལུས་སོགས་ནས། གསུང་བཟླས་པའི་ལུང་གི་གཙོ་བོའི་བསྙེན་སྒྲུབ་གཉིས་གྲུབ་པ་དང༌། ལས་བྱང་གི་བཟླས་དམིགས། དཔལ་གྱི་ཐུགས་ཀའི་འོད་ཟེར་སོགས་ནས། ཀཱི་ལ་ཡ་རིགས་བཞི། སྲས་མཆོག་ཉེར་གཅིག །ཁྲོ་བཅུ་ཡབ་ཡུམ། ཕྲ་ཕྱག་ཉི་ཤུ། གནས་ཡུལ་མ་མོ། སྒོ་བཞི། དབང་ཕྱུག་ཉེར་བརྒྱད་བར་བཟླས་དམིགས་སྔོན་འགྲོའི་སྔགས་ཀྱི་རྗེས་ཟློས་ལན་གསུམ་རེ་བྱར་གཞུག །སླར་ཡང་ཐུགས་ཀའི་འོད་ཟེར་སོགས་དོན་དབང་ལྟར་ལས་སྦྱོར་གྱི་བཟླས་པ་བྱ་བ་ནས། ཐུགས་ཡེ་ཤེས་ཀྱི་དགོངས་པ་ངོ་སྤྲད་ནས་དུར་ཁྲོད་དཔལ་ཆས་ཀྱི་མངའ་གསོལ་ཞིང་བཟའ་བཏུང་གཏད་པའི་བར་སྦྱར་ལ། དེ་ལྟར་དབང་བསྐུར་ཡོངས་སུ་རྫོགས་པས་ཁྱེད་རང་རྣམས་རིགས་ཀུན་ཁྱབ་བདག་དཀྱིལ་འཁོར་གཙོ་བོ་རྡོ་རྗེ་གཞོན་ནུ་ཤེས་རབ་མ་དང་བཅས་སྙོམས་པར་ཞུགས་པ་ལ་དམ་ཚིག་གསུམ་སྦྱིན་པའི་སླད་དུ་རྡོ་རྗེ་ལག་གཡས་སུ་གཏད་པ་གསོར་ལ། རྡོ་རྗེ་འདི་ནི་ཐབས་ཆེན་པོ༔ སྐུ་ཡི་དབང་གི་མཆོག་ཡིན་ཏེ༔ བདེ་བ་ཆེན་པོའི་ཡེ་ཤེས་ཀྱི༔ དེ་ཉིད་ཤེས་པས་ཁྱོད་ཀྱིས་ལོངས༔ མ་ཧཱ་བཛྲ་ཧོཿ དྲིལ་བུ་ལག་གཡོན་དུ་གཏད་པ་དཀྲོལ་ཞིང་དཀུར་བསྟེན་ལ། ཆོས་ཉིད་སྐྱེ་མེད་སྟོང་པ་ཉིད༔ འགག་པ་མེད་པའི་སྒྲ་གདངས་བཅས༔ རང་བྱུང་གསུང་སྟེ་གསུང་གི་མཆོག༔ མཚོན་པར་བྱེད་པའི་དབང་ཡང་སྦྱིན༔ མ་ཧཱ་གཎྜེ་ཧོཿ རྡོར་དྲིལ་ཐུགས་ཀར་བསྣོལ་ཏེ་བཟུང་ལ། ཨེ་མ་རྡོ་རྗེ་སེམས་དཔའ་ཆེ༔ དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་གཙོ༔ ཁྱོད་ནི་རྟག་ཏུ་བདེ་ཆེན་ཏེ༔ བཅོམ་ལྡན་སྙེམས་མར་རོལ་པས་དགྱེས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ དེ་ལྟར་དམ་ཚིག་བྱིན་པས་དབང་གི་བྱེད་ལས་ཐམས་ཅད་ཡོངས་སུ་རྫོགས་པས་དཀྱིལ་འཁོར་གྱི་ལས་རབ་འབྱམས་སྒྲུབ་པ་ལ་སྐལ་ལྡན་དུ་བྱས་པའོ། །དེ་ལྟར་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྙེན་པའི་རྣལ་འབྱོར་བསྐྱེད་རིམ་བསྒོམ་པ་དབང༌། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཛཿཧཱུྃ་བྃ་ཧོཿ ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། མཆོག་དབང་གོང་མ་གསུམ་དགོས་ན་དོན་དབང་ལྟར་བྱ། དམ་ཚིག་ཁས་བླང་ནས་བརྩམས་མཎྜལ་ལུས་འབུལ་དགེ་བསྔོ་དང༌། སློབ་དཔོན་གྱིས་ཕྲིན་ལས་རྗེས་ཀྱི་རིམ་པ་མཐར་དབྱུང་བས་གྲུབ་པའོ། ༈ །གསུམ་པ་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་གྱི་སྲོག་དབང་ཟབ་མོ་ཇི་ལྟར་བསྐུར་བའི་ཚུལ་ནི། སྟེགས་བུའི་སྟེང་གཞུང་མཐུན་གྱི་དཀྱིལ་འཁོར་རས་བྲིས་སམ་མ་འབྱོར་ན་མཎྜལ་སྟེང་འབྲུ་ནག་ཁྲག་གིས་གཤེར་བའི་ཚོམ་བུ་དབུས་སུ་གཅིག །མདུན་དང་གཡས་གཡོན་དུ་རེ་རེ། དེ་རྒྱབ་ཕྱོགས་རེར་གཉིས་གཉིས། མཚམས་བཞིར་རེ་རེ་བཅས་བཅུ་གཉིས། མཐའ་བསྐོར་འབྲུ་གཅལ་དུ་བཀྲམ་པའི་སྟེང་མཉྫིའི་ཁར་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་སྔོ་ནག །མགོན་པོ། ཡུམ་གསུམ། ཕུར་སྲུང་བཅུ་གཉིས། དབང་མོ་ཉེར་བརྒྱད་བཅས་ཀྱི་སྐུ་ཙཀ །སྔགས་ཕྲེང༌། གྲི་ཐོད། རལ་གྲི་དང་ཐོད་ཁྲག །ཕུར་པ་རཀྟ་རྣམས་དང༌། མཚོན་ཆ་སྣ་ཚོགས་ཀྱི་ཙཀ་ལི་རྣམས་བཤམས། མདུན་དུ་དམར་གཏོར་དཔུང་རོང་འཁོར་གསུམ། དེ་རྒྱབ་བཅུ་གཉིས། མཐེབ་ཀྱུ་གྲངས་མེད་ཀྱིས་གཏམས་པར་སྐུ་ཙཀ་དར་གདུགས་ཤ་ཁྲག་གིས་བརྒྱན་པ་དང༌། གཞན་ཡང་བདག་བསྐྱེད་ཀྱི་གཏོར་མ་དང་མཆོད་གཏོར། སྨན་རཀ །ཉེར་སྤྱོད་ཀྱི་མཆོད་པ་བསྐོར་བཤམས། བདག་གི་རྣལ་འབྱོར་རྒྱས་བསྡུས་སྐབས་དང་འབྲེལ་བ་སྔོན་དུ་འགྲོ་བས་བཟླས་པ་བསྡུ་ལྡང་བཅས་བྱས་ལ། ཆོས་སྐྱོང་གི་ཕྲིན་ལས་ཀྱི་གཞུང་བསྲང་ཞིང་བཟླས་པ་བྱ། བུམ་པ་རང་བྱུང་གི་གཞལ་མེད་ཁང་ཆེན་པོར་ཡེ་ཤེས་ཀྱི་མགོན་པོ་ཡབ་ཡུམ་སྐད་ཅིག་གིས་གསལ་བ་ལ་བདག་གི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བ་མགོན་པོའི་ཐུགས་སྲོག་ལ་རེག་པས་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན་བབ་པས་བུམ་པ་ཡོངས་སུ་གང་བར་བསམ་ལ་གཟུངས་ཐག་བླངས་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ྄༔ ལས་བུམ་ཀྱང་བདུད་རྩི་འཁྱིལ་བས་སྒྲུབ། བསྐང་བཤགས་རྒྱས་པར་བཏང་ལ་དབང་ལེན་གྱི་དམིགས་པ་ཙམ་བྱ། དམ་གཙང་སྣོད་ལྡན་གྱི་སློབ་མ་བདུན་ལས་མི་མང་བར་ཁྲུས་བྱས། བགེགས་གཏོར་བཏང༌། སྲུང་འཁོར་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལའང་བདེ་བར་གཤེགས་པ་རིགས་ལྔ་ཡབ་ཡུམ་དང་བཅས་པ་རྣམས་ཞི་བས་མི་ཐུལ་བའི་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་དོན་དུ་ཐུགས་རྗེ་ཁྲོས་པ་དཔལ་ཧེ་རུ་ཀ་རིགས་ལྔ་ཡབ་ཡུམ་གྱི་སྐུར་བཞེངས་ཤིང༌། དེ་ལས་ཀྱང་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་དོན་དུ་གཏུམ་ཆེན་མི་བཟད་པའི་གཟུགས་ཅན་ནག་པོ་ཆེན་པོ་ལྕམ་དྲལ་གྱི་ཚུལ་དུ་སྣང་བ་ནི་ཡེ་ཤེས་ཀྱི་ཆོས་སྐྱོང་བ་རྣམས་ཡིན་ལ། ངོ་བོ་ཡེ་ཤེས་པ་ལས་སྤྲུལ་ཞིང་རྣམ་པ་དྲེགས་བྱེད་རང་ག་བའི་སྐྱེ་རྒྱུད་ལྟར་བསྟན་ནས་དཔལ་ཧེ་རུ་ཀ་དང་སངས་རྒྱས་སྤྲུལ་པའི་སྐུ་ལས་ཆོས་ཐོས་ཤིང་བདེན་པ་མཐོང་ནས་བཀའ་དང་ཐ་ཚིག་ལ་གནས་པ་ནི་ལས་ལས་གྲུབ་པའི་ཆོས་སྐྱོང་དང༌། འཇིག་རྟེན་རང་རྒྱུད་པར་གཏོགས་པའི་དྲེགས་པ་ཅན་འབྱུང་པོ་སྔོན་གྱི་སྨོན་ལམ་དགེ་བའི་སྟོབས་ཀྱིས་མཐུ་རྩལ་གཟི་བརྗིད་དང་ལྡན་པ་རྣམས་རྒྱལ་བ་རིག་འཛིན་གོང་མས་གནད་ལ་ཕབ་སྟེ་རྡོ་རྗེའི་ཐ་ཚིག་ཕོག་ཅིང་བསྟན་པ་སྲུང་བར་བསྒོས་པ་ཆོས་སྐྱོང་འཇིག་རྟེན་པར་གྲགས་ཏེ། དེ་ལ་སྐབས་སུ་བབ་པ་འདི་ནི་རྡོ་རྗེ་ཕུར་པའི་རྒྱུད་རྩ་དུམ་ལས། ཁྱི་གདོང་རྡོ་རྗེས་གདབ་པར་བྱ། ཞེས་གསུངས་པ་ལྟར་ངོ་བོ་ཡེ་ཤེས་ཀྱི་ལྷ་གཙོ་མཆོག་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཉིད། རྣམ་པ་ཕྲིན་ལས་ཀྱི་རིགས་སུ་བསྡུས་པའི་ལས་ཀྱི་སྲུང་མའི་ཚུལ་དུ་བསྟན་པའི་མགོན་པོ་སྟེ། ཨོ་རྒྱན་ཆེན་པོའི་རྡོ་རྗེའི་གསུང་ལས། ངོ་བོ་ཀ་དག་ཆོས་ཀྱི་སྐུ༔ རང་བཞིན་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་མ་འགག་སྣ་ཚོགས་སྤྲུལ༔ དཔལ་ཆེན་ཁྲག་འཐུང་ཆེན་པོ་ནི༔ འཇིགས་བྱེད་ཆེན་པོའི་གར་བསྒྱུར་བ༔ ཞིང་སྐྱོང་ཆེན་པོའི་སྐུ་རུ་སྣང༔ ཞེས་དང༌། ཆོས་ཀྱི་དབྱིངས་ལས་དཔལ་ཆེན་ཧེ་རུ་ཀ༔ ༔ལས་ལ་ཆས་ཚེ་ཕྲ་མེན་འབར་བའི་སྐུ༔ མ་ཧཱ་ཀཱ་ལ་ཕྲིན་ལས་མགོན་པོ་ནི༔ མི་འགྱུར་མཐིང་ནག་མུན་པ་ཆེན་པོའི་མདོག༔ དབྱིངས་ལ་བཟང་ངན་མེད་པས་ཁྱི་གདོང་མ༔ དམན་པའི་ཡུལ་འདས་སེང་ཞལ་ལྕགས་རལ་ཅན༔ ཞེས་གསུངས་པ་ལྟར་རྡོ་རྗེ་ཐེག་པའི་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོའི་ཡ་གྱལ་དཔལ་མགོན་ཞལ་བཞི་པ་ཞེས་གནས་ཡུལ་རྡོ་རྗེའི་ཞིང་གི་བདག་པོའི་གདམས་སྐོར་གསར་རྙིང་གི་རིང་ལུགས་དུ་མ་ནས་འབྱུང་བ་དང༌། བདུད་མགོན་སེང་གེའི་གདོང་ཅན་ཞེས་དཔལ་གྱི་ཙཱ་རི་ཏྲའི་ཞིང་སྐྱོང་གི་མགོན་པོར་བསྟན་པ་རྣམས་དང་གཉིས་སུ་མེད་པའི་བདག་ཉིད་རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་བཀའ་སྲུང་ལས་བྱུང་བ་འདི་ཉིད་ཀྱི་སྲོག་དབང་དངོས་དང༌། བྱིན་རླབས་གཏོར་མའི་དབང་བསྐུར་གཉིས་ཀ་སྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཚོན་ཆའི་མཎྜལ་ཕུལ། ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་བློས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ལན་གསུམ། སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧེ་རུ་ཀ་དཔལ་བླ་མ་རྗེ༔ གཉིས་མེད་དགྱེས་པས་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བརྩེ་བས་རྗེས་སུ་བཟུང་དུ་གསོལ༔ སླར་ཡང་ནན་ཏན་གྱིས་གསོལ་བ་འདེབས་ཤིང་དམ་ཚིག་རྣམས་ཚུལ་བཞིན་དུ་སྲུང་བར་ཁས་ལེན་པ་འདིའི་རྗེས་ཟློས། ཧོཿ དཔལ་ཆེན་ཁྲག་འཐུང་དཀྱིལ་འཁོར་འདིར༔ མི་ཕྱེད་དད་པས་ཞུགས་པ་ན༔ དབང་བསྐུར་མ་ལུས་བསྩལ་དུ་གསོལ༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ སྐུ་གསུང་ཐུགས་དང་ཡན་ལག་གི༔ དམ་ཚིག་མ་ལུས་བདག་གིས་བཟུང༔ ལོག་པར་ལྟ་བ་ཀུན་བསྒྲལ་ནས༔ བྱང་ཆུབ་མྱུར་དུ་ཐོབ་པར་བགྱི༔ དེ་ནས་ཡེ་ཤེས་པ་དབབ་པ་ཡིན་པས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལེགས་པར་གཅུན་ཏེ་དམིགས་པ་འདི་བཞིན་རྩེ་གཅིག་ཏུ་གསལ་ཐོབ་ཅིག །བདག་གི་ཐུགས་ཀའི་ཧཱུྃ་ཡིག་ལས༔ འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས༔ སློབ་མའི་ལུས་ལ་ཕོག་པ་ཡིས༔ རྣམ་པར་རྟོག་པ་ཀུན་སྦྱངས་ནས༔ སེམས་ཉིད་ཧཱུྃ་གི་རང་བཞིན་ལས༔ སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་བྱུང་བའི་འོད་ཟེར་གྱིས་སློབ་མའི་སྒོ་གསུམ་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣོད་བཅུད་དུར་ཁྲོད་དྲག་པོའི་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ་གྲུ་གསུམ་མཐིང་ནག་ཁྲག་མཚོ་འཁྱིལ་བར་པད་ཉི་དགྲ་བགེགས་ཀྱི་སྟེང་དུ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྲིན་ལས་མི་བཟད་འབར་བ་ཆེན་པོའི་ཚུལ་ལས་བཞེངས་པས་སྐུ་མདོག་ལྗང་ནག་འོད་དུ་འཚེར་བ༔ འཇིགས་པའི་གདོང་པ་སེང་གེའི་ཞལ་ཅན་ཁ་གདངས་མཆེ་བ་གཙིགས་ཤིང་ལྗགས་འཁྱུགས་པས་རྐན་སྒྲ་སྒྲོགས་པ༔ ཐོད་སྐམ་ལྔས་དབུ་ལ་བརྒྱན་ཅིང་གཡུ་རལ་གནམ་དུ་གཟེངས་པ་ལས་སྤྲུལ་པའི་སེང་ཆུང་སྤྲོ་བ༔ སྨ་ར་དང་སྨིན་མ་འབར་བའི་མེ་ལྕེ་ལས་ཚྭ་ཚྭ་དམར་ནག་ཏུ་མཆེད་པ༔ ཕྱག་གཡས་གནམ་ལྕགས་ཀྱི་ཟངས་གྲི་འཕྱར་བའི་རྩེ་ལས་སྐྱིན་ཐང་གི་བུ་ཡུག་འཚུབས་པ༔ གཡོན་པས་ཐོད་པ་ཁྲག་གིས་གང་བ་འཕྱུར་ཏེ་ཞལ་དུ་རྔུབ་པ༔ སྐུ་ལ་གསང་གོས་དཀར་པོ་ཕོད་ཆེན་ལྗང་གུ་དར་ནག་གི་བེར་དགུ་བརྩེགས་སུ་གསོལ་ཞིང༔ མགོ་ཕྲེང་སྦྲུལ་ཆུན་བེང་ཚར་རྣམས་ཀྱིས་བརྒྱན་པ༔ སྐུ་སྨད་ཆུ་སྲིན་གྱི་ཁ་ལས་ཐོན་པའི་གནམ་ལྕགས་ཕུར་བུའི་རྣོ་དབལ་ཉམས་པའི་སྙིང་དཀར་ནག་གི་མཚམས་སུ་གཟིར་ཞིང་བཞད་སྒྲ་འབྱིན་ཏེ་ཟུར་ཞལ་གཡོན་དུ་གཟིགས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དཔལ་རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ་ཞིང་དཔལ་དང་དུར་ཁྲོད་ཀྱི་ཆས་ཅན་ཡུམ་འཁོར་ལོ་རྒྱས་འདེབས་དང་གཉིས་སུ་མེད་པར་སྦྱོར་བས་བདེ་བའི་སྒྲ་དང་འོད་ཟེར་གྱིས་བླ་མ་དང་དཀྱིལ་འཁོར་གྱི་ལྷའི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ་ཕྱོགས་བཅུ་དུས་བཞིའི་བླ་མ་རྒྱལ་བ་སྲས་དང་བཅས་པ་དཔའ་བོ་རྣལ་འབྱོར་མ། ཡེ་ཤེས་ཀྱི་ཆོས་སྐྱོང་བའི་ཚོགས་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་བ་བུ་ཡུག་འཚུབས་པ་བཞིན་བྱོན་ཏེ་སློབ་མའི་སྒོ་གསུམ་ལ་སིབ་སིབ་ཐིམ་པས་གསང་བ་གསུམ་གྱི་བྱིན་རླབས་ཆིག་རྫོགས་སུ་ཐོབ་པར་གྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄་ཛཿཧཱུྃ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཀུ་ཀུ་ཨ་བེ་ཤ་ཡ་ཛྙཱ་ན་ཨ་ཨཿ ཞེས་མང་དུ་བརྗོད། གུ་གུལ་བདུག་ཅིང་རོལ་མོས་བྱིན་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་མོས་ཤིག །ཏིཥྛ་བཛྲ། རྡོ་རྗེ་མགོར་བཞག དེ་རྣམས་ཀྱི་སྔོན་འགྲོའི་རིམ་པ་གྲུབ་ནས། དངོས་གཞི་ལ་ཐོག་མར་བུམ་པའི་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དཔལ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཁྱེད་རྣམས་ཀྱིས་སློབ་མ་ལ་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་བུམ་པའི་བདུད་རྩིས་དབང་བསྐུར་བསྩལ་བའི་མོས་པ་མཛོད་ཅིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ སྣང་བ་རྣམ་དག་བུམ་པ་རུ༔ སྟོང་ཉིད་ཡེ་ཤེས་བདུད་རྩིའི་བཅུད༔ རོལ་པ་ཆེན་པོའི་དབང་བསྐུར་བས༔ ཕུང་ཁམས་ལྷ་རུ་འཆར་བར་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧོཿ ཡེ་ཤེས་མགོན་པོའི་བྱིན་རླབས་ཀྱིས། སྐལ་ལྡན་སློབ་མ་རྣམས་ལ་བུམ་པའི་དབང་བསྐུར་བས་སྣོད་བཅུད་ལྷ་རུ་འཆར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་བ་འགྲེ། དེའི་མཐའ་རྟེན་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་རྫོགས་པར་སྦྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་ལས་རང་འདྲ་བ་འཕྲོས་ནས་སློབ་མ་ལ་ཐིམ་པས་ལྷ་དེ་རྣམས་ཀྱི་མཐུ་ནུས་ཐོབ་པར་མོས་ཤིག །སྐུ་ཙཀ་རྣམས་གཏད་ལ། ཧཱུྃ༔ མཐིང་ནག་གྲུ་གསུམ་ཨེ་ཀློང་ལས༔ འབར་བའི་སྐུ་ནི་རྔམ་ཞིང་བརྗིད༔ ནག་པོ་ཆེན་པོས་དབང་བསྐུར་བས༔ ཕོ་རྒྱུད་ལས་ལ་འགྱེད་ནུས་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཟླ་གམ་ལེ་བརྒན་འབར་བ་ནས༔ སྦྱོར་སྒྲོལ་གསང་བའི་ཡུམ་ཆེན་གསུམ༔ མ་མོའི་རྒྱལ་པོས་དབང་བསྐུར་བས༔ མོ་རྒྱུད་སྦྱོར་བས་དབང་བྱེད་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ མཐིང་ནག་འཁོར་ལོའི་རྩིབས་སྟེང་ནས༔ དམ་ཅན་མ་མོ་བཅུ་གཉིས་ཞེས༔ ཕུར་པའི་སྲུང་མས་དབང་བསྐུར་བས༔ དམ་ཅན་བྲན་དུ་ཁོལ་གྱུར་ཅིག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཁོར་ཡུག་དཀྱིལ་འཁོར་མུ་རན་ནས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཅེས༔ མ་སྲིང་མཁའ་འགྲོས་དབང་བསྐུར་བས༔ རྣལ་འབྱོར་བུ་བཞིན་སྐྱོང་གྱུར་ཅིག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧོཿ སྐལ་ལྡན་སློབ་མ་རྣམས་ལ་མ་མགོན་ལྕམ་དྲལ་བཀའ་སྡོད་དང་བཅས་པའི་སྐུ་བསྟིམ་པས་དེའི་སྐུར་བསྒོམ་པའི་མཐུ་རྩལ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གསུང་ལས་སྔགས་ཀྱི་ཕྲེང་བ་འཕྲོས་སློབ་མའི་མགྲིན་པར་ཐིམ་པས་སྔགས་ཀྱི་ནུས་རྩལ་ཐོབ་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ྄༔ ལན་གསུམ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏི་ཨ་པ་རཱ་ཛི་ཏེ༔ མ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ྄༔ ལན་གསུམ་རྗེས་ཟློས་བྱར་གཞུག བྱིན་རླབས་བརྟན་པའི་ཕྱིར་སྔགས་བྱང་མགྲིན་པར་བཞག་སྟེ་དབང་བསྐུར་བར་མོས་ཤིག །སྔགས་བྱང་ཐོགས་ལ། ཧཱུྃ༔ ཚོགས་རྗེ་ཚོགས་བདག་དབང་དང་ལྡན༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ དེ་ཡི་རིགས་སྔགས་བཟླས་པ་ཡིས༔ དམོད་པ་འགྲུབ་པའི་དབང་ཐོབ་ཤོག༔ གོང་སྨོས་རང་སྔགས་མཐར། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཧོཿ སྐལ་ལྡན་སློབ་མ་རྣམས་ལ་མ་མགོན་ལྕམ་དྲལ་གྱི་སྔགས་བསྟིམས་པས་བཟླས་པ་ལ་བརྩོན་པའི་མཐུ་རྩལ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ལས་ཕྱག་མཚན་གྱི་ཚོགས་འཕྲོས་སློབ་མའི་སྙིང་གར་ཐིམ་པས་ཡེ་ཤེས་ཀྱི་སྟོབས་རྩལ་རྫོགས་པར་མོས་ཤིག །ཕྱག་མཚན་རྣམས་གཏད་ལ། ཧཱུྃ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ རྡོ་རྗེའི་གྲི་གུག་གཟུང་འཛིན་གཅོད༔ ཐོད་ཁྲག་འཁོར་བ་ཆགས་པས་འཛིན༔ བརྡ་དོན་རྟགས་ཀྱིས་དབང་བསྐུར་རོ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་རལ་གྲིས་སྐྱེ་རྒྱུན་གཅོད༔ ཐོད་ཁྲག་བདུད་རྩིས་འཆི་བདག་འཇོམས༔ སྲིད་པ་རང་གྲོལ་ཕྱག་རྒྱ་ཡིས༔ དབང་བསྐུར་དོན་གྱི་ས་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འབར་བ་མི་བཟད་རྔམ་པའི་མཐུ༔ ཕྲིན་ལས་མཚོན་རྣོན་ཀཱི་ལ་ཡ༔ རྣམ་པ་བཅུ་གཉིས་དབང་བསྐུར་བས༔ བདེན་དོན་དྷཱུ་ཏིར་དག་གྱུར་ཅིག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དམར་ཆེན་རཀྟ་འཁྲུགས་པ་ནི༔ ཟུར་གསུམ་རྣམ་པར་ཐར་པར་རྫོགས༔ ཐུགས་རྗེ་ཆགས་པས་དབང་བསྐུར་བས༔ དེ་ཉིད་ཡེ་ཤེས་དོན་རྟོགས་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོཿ སྐལ་ལྡན་སློབ་མ་རྣམས་ལ་ལྷ་དང་བདག་ཉིད་གཉིས་སུ་མེད་པར་བལྟས་ནས་ཕྱག་མཚན་རྣམས་གཏད་པས་དགྲ་བགེགས་ཐོགས་པ་མེད་པར་བསྒྲལ་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཁྲག་འཐུང་ཁྲོ་བོའི་སྤྱི་དཔལ་སྲིད་ཞིའི་ཡོན་ཏན་དཔལ་གྱི་རྒྱན་དུ་རྫོགས་པའི་འཁོར་འདས་ཟིལ་གྱིས་གནོན་པའི་དཔལ་གྱི་ཆས་རྣམས་ཀྱིས་མངའ་གསོལ་བར་མོས་ཤིག །དཔལ་ཆས་གཏད་ལ། ཧཱུྃ༔ མཐིང་ནག་དར་ཆེན་རིན་ཆེན་རྒྱན༔ མགོ་ཕྲེང་སྦྲུལ་ཆུན་དཔལ་གྱི་ཆས༔ ཡོན་ཏན་རྒྱན་གྱིས་མངའ་གསོལ་བས༔ ཟག་མེད་འབྲས་བུའི་དོན་རྟོགས་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་ཨོཾ༔ མཁའ་ཁྱབ་ཀྱི་གདུལ་བྱ་གདུག་པ་ཅན་གདུལ་དཀའ་བརླང་པོར་སྤྱོད་པ་ཐམས་ཅད་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་མཐར་ཕྱིན་པའི་རྟགས་སུ་དྲག་པོ་སྒྲོལ་བའི་མཚོན་ཆ་རྣམས་གཏད་དེ་མངའ་གསོལ་བར་མོས་ཤིག །བསྒྲལ་ཆས་རྣམས་གཏད་ལ། ཧཱུྃ༔ གདུག་པ་བསྒྲལ་བའི་མཚོན་ཆ་ནི༔ དྲག་ཤུལ་རོལ་པ་ལས་ཀྱི་གཟུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དགྲ་བགེགས་བདུད་རྣམས་འཇོམས་པར་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཨ༔ ཧོཿ སྐལ་ལྡན་སློབ་མ་རྣམས་ལ་དཔལ་ཁྲག་འཐུང་ཆེན་པོའི་ཡོན་ཏན་དང་ཕྲིན་ལས་ཡོངས་སུ་རྫོགས་པའི་ཆེ་རྟགས་སུ་དཔལ་གྱི་ཆས་དང་བསྒྲལ་བའི་མཚོན་ཆས་མངའ་གསོལ་བས་ཡོན་ཏན་དང་ཕྲིན་ལས་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་རྣམས་ཀྱིས་ཡེ་ཤེས་མགོན་པོ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བསྐུར་ཡོངས་རྫོགས་ཐོབ་པ་ཡིན་པས་ཟུང་འཇུག་དེ་ཁོ་ན་ཉིད་ཀྱི་ངང་དུ་མཉམ་པར་བཞག་པ་ལ་བརྩོན་པར་གྱིས་ཤིག །གཉིས་པ་བྱིན་རླབས་གཏོར་མའི་དབང་བསྐུར་ནི། མདུན་གྱི་གཏོར་མ་འདི་ཉིད་གཏོར་སྣོད་གྲུ་གསུམ་མཐིང་ནག་དྲག་པོ་ཨེ་ཡི་གཞལ་ཡས་ཁང་དུ་གཏོར་མ་འདི་ཉིད་དཔལ་ཡེ་ཤེས་ཀྱི་མགོན་པོ་བདུད་འདུལ་ཕྲིན་ལས་ཀྱི་ལྷ་མཆོག་ཞིང་སྐྱོང་ཆེན་པོ་སིཾ་ཧ་མུ་ཁ། སྦྱོར་སྒྲོལ་གསང་བའི་ཡུམ་གསུམ། ཕུར་སྲུང་མ་མོ་བཅུ་གཉིས་ལྕམ་དྲལ་ཕོ་ཉ་དང་བཅས་པ། མི་བསྲུན་སྡེ་བརྒྱད་ཀྱི་གཙོ་བོ། དབང་ཕྱུག་ཉི་ཤུ་རྩ་བརྒྱད་གིང་ལང་འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས་པ་མ་འདྲེས་གསལ་རྫོགས་ནམ་མཁའ་ལ་སྤྲིན་ཕུང་འཁྲིགས་པ་བཞིན་གསལ་བའི་སྐུ་ལས་ཕྱག་རྒྱ་ཁྲོ་ཆུང་གི་ཚོགས། ཞལ་ནས་གསུང་སྔགས་ཀྱི་ཕྲེང་བ་སྒྲ་འོད་དང་བཅས་པ། ཐུགས་ཀ་ནས་ཡེ་ཤེས་ཀྱི་ཕྱག་མཚན་རལ་གྲི་ཐོད་ཁྲག་གི་རྣམ་པར་འཕྲོས། སློབ་མའི་གནས་གསུམ་དུ་ཐིམ་པས་རྡོ་རྗེའི་གསང་བ་གསུམ་གྱི་བྱིན་རླབས་ཡོངས་རྫོགས་སུ་ཐོབ་པར་མོས་ཤིག །གཏོར་མ་ཚིག་དང་བསྟུན་ཏེ་གནས་གསུམ་དུ་བཞག ཧཱུྃ༔ དཔལ་གྱི་དམ་རྫས་བ་ལིཾ་ཏ༔ ཡོན་ཏན་ཁྱད་པར་མ་ལུས་རྫོགས༔ དམ་ཅན་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས༔ ལུས་ངག་ཡིད་ཀྱི་སྒྲིབ་པ་སྦྱོངས༔ རྣམ་པ་ཐམས་ཅད་རྫོགས་པ་ཡི༔ དངོས་གྲུབ་འབད་མེད་ཐོབ་གྱུར་ཅིག༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ དེས་སྐུ་གསུང་ཐུགས་ཀྱི་དབང་ཐོབ། གཟི་བརྗིད་སྟོབས། ནུས་པ་སྔགས། ཡེ་ཤེས་ཆེན་པོའི་བྱིན་རླབས་ཞུགས། ལུས་ངག་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་བསལ། ལྷ་སྔགས་ཏིང་ངེ་འཛིན་བསྒོམ་པ་ལ་དབང༌། སྣང་གྲགས་རིག་སྟོང་རྡོ་རྗེ་གསུམ་ལྡན་ཆོས་ཉིད་ཀྱི་དཀྱིལ་འཁོར་ལས་ནམ་ཡང་མ་གཡོས་པར་གྱིས་ཤིག །སླར་ཡང་སློབ་དཔོན་གྱིས་རྡོ་རྗེའི་ཐ་ཚིག་གིས་ཐུགས་དམ་བསྐུལ་བས་ཕྲིན་ལས་ཀྱི་གཉེར་འཛིན་པའི་ཕུར་སྲུང་དམ་ཅན་བཅུ་གཉིས་ལྕམ་དྲལ་བཀའ་སྡོད་བྲན་གཡོག་དང་བཅས་པའི་སྔོན་གྱི་ཐ་ཚིག་རྗེས་སུ་དྲན་ཏེ་ཇི་ལྟར་འདོད་པའི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་མོས་ཤིག །རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་ཕྲིན་ལས་ཕུར་པའི་བཀའ་ཡི་གཉེར་འཛིན་བདུད་འདུལ་ཡེ་ཤེས་ཀྱི་མགོན་པོ་ཞིང་སྐྱོང་སིཾ་ཧ་མུ་ཁ། སྦྱོར་སྒྲོལ་གསང་བའི་ཡུམ་གསུམ། ཕུར་སྲུང་མ་མོ་བཅུ་གཉིས། བསེ་ལྕགས་དུང་གི་སྐྱེས་བུ། དཔའ་བོ་གིང་ཆེན་བཅུ་གཉིས། ས་བདག་འབྱུང་པོ་སེར་པོ། ཕོ་ཉ་སྡེ་བརྒྱད་འབྱུང་པོ། དབང་ཕྱུག་ཉི་ཤུ་རྩ་བརྒྱད། དམ་ཅན་བརྟན་མ་བཅུ་གཉིས། གིང་ལང་མཁའ་འགྲོ་འབུམ་སྡེ་ལ་སོགས་པ་སྣང་སྲིད་དྲེགས་པའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོར་སེམས་ཞི་ཁྲོ། མཁའ་འགྲོ་ལས་ཀྱི་དབང་མོ། གྲུབ་ཆེན་པྲ་བྷ་ཧསྟི། པཎ་ཆེན་བི་མ་མི་ཏྲ། ཨོ་རྒྱན་པདྨ་ཐོད་ཕྲེང༌། གཉགས་ཆེན་ཡེ་ཤེས་གཞོན་ནུ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། སོག་པོ་དཔལ་གྱི་ཡེ་ཤེས། པདྨ་མདོ་སྔགས་གླིང་པ། ཀློང་ཆེན་ནམ་མཁའ་འོད་གསལ། རང་བྱུང་པདྨ་གླིང་པ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། རྡོ་རྗེའི་སློབ་མ་འདི་རྣམས་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། འགོ་བའི་ཕྲིན་ལས་མཛད་དུ་གསོལ། འདི་རྣམས་ཀྱི་ནད་གདོན་བགེགས་དང་བར་དུ་གཅོད་པ་ཕ་རོལ་གྱི་རྦད་འདྲེ་རྦོད་གཏོང༌། བྱད་ཟོར། གཏད་ཁྲམ། ཆག་ཆེ་ཉམ་ང་ལ་སོགས་མི་མཐུན་པའི་བར་ཆད་ཐམས་ཅད་ཞི་ཞིང༌། མཐུན་རྐྱེན་ཚེ་དང་བསོད་ནམས། ནང་གི་ཉམས་རྟོགས་ཡོན་ཏན་ཡེ་ཤེས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷ་འདྲེ་མི་གསུམ་གྱི་འགྲོ་བ་དབང་དུ་འདུ་བ་དང༌། སྒོ་གསུམ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀྱིས་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདུལ་བར་མཛད་དུ་གསོལ། གལ་ཏེ་ཞི་བའི་ཐབས་ཀྱིས་འདུལ་དུ་མི་འཚལ་ན། གང་ལ་གང་འཚམ་པའི་ཆད་པས་བཅད་དེ་ལོག་སྒྲུབ་མཐའ་དག་མྱུར་དུ་ཚར་གཅོད་ཅིང་ཞི་བའི་ཕྲིན་ལས་མཛོད་ཅིག །མདོར་ན་ཚེ་རབས་ཐམས་ཅད་དུ་ལུས་དང་གྲིབ་མའི་ཚུལ་གྱིས་མི་འབྲལ་བར་འགྲོགས་ལ། བྱང་ཆུབ་སྒྲུབ་པའི་སྟོང་གྲོགས་དང༌། ཆོས་ལྡན་གྱི་ཕྲིན་ལས་ཅི་བཅོལ་གཡེལ་བ་མེད་པར་སྒྲུབ་པར་མཛད་དུ་གསོལ། གཏོར་མ་ལག་ཏུ་གཏད། ཧཱུྃ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ རྒྱལ་བའི་བསྟན་པ་སྐྱོང་བ་དང༔ དམ་ལྡན་རྡོ་རྗེའི་བུ་འདི་ཡི༔ མགོན་དང་དཔུང་གཉེན་བྲན་དང་གྲོགས༔ མཛད་ཅིང་དམ་ཚིག་གཅིག་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏི་ཨ་པ་རཱ་ཛི་ཏེ༔ མ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་རཀྵནྟུ༔ སརྦ་དུཥྚན་ཀརྨ་ཀུ་རུ་ཧོཿ ཞེས་བདུད་རྩི་དང་རཀྟ་སྦྱིན། དེང་ནས་བརྩམས་ཏེ་རང་འདོད་ཀྱི་འཁྲིས་མེད་པར་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་སླད་དུ་ཕྲིན་ལས་ཟབ་མོས་དགྲ་བགེགས་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་གྱིས་ཤིག །དེས་རྒྱལ་བའི་བསྟན་སྲུང་ཆེན་པོ་མ་ཧཱ་ཀཱ་ལ་བདུད་འདུལ་སིཾ་ཧ་མུ་ཁ་འཁོར་དང་བཅས་པའི་སྲོག་དབང་ལེགས་པར་གྲུབ་པ་ཡིན་ཏེ། རྡོ་རྗེ་ཐེག་པའི་དམ་ཚིག་གི་རིམ་པ་སྤྱི་དང་ཁྱད་པར་དཔལ་ལྡན་ནག་པོ་ཆེན་པོའི་དམ་ཚིག་རྒྱུད་དང་མན་ངག་ལས་ཇི་ལྟར་འབྱུང་བ་ཐམས་ཅད་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་ལེན། གཏང་རག་མཎྜལ་བཅས་དབང་རྗེས་རིམ་རྣམས་སྤྱི་མཐུན་བྱ། སྲོག་དབང་འདི་ཁྱབ་བརྡལ་དུ་སྤེལ་མི་རུང་བས་ཐུན་མོང་ལ་སྲུང་མའི་གཏོར་དབང་ཙམ་བྱེད་ན། སྦྱོར་བའི་སྐབས་གཏོར་མ་ལས་དབང་རྫས་གཞན་མི་དགོས། བདག་བསྐྱེད་སྔོན་འགྲོས་བཟླས་པ་དང༌། ལས་བུམ་སྒྲུབ། བསྐང་བཤགས་མཐར། ཁྲུས་ནས་བརྩམས་ལོ་རྒྱུས་སྐབས། འདི་ཉིད་ཀྱི་སྲོག་དབང་དངོས་དང༌། བྱིན་རླབས་གཏོར་མའི་དབང་གཉིས་སུ་ཡོད་པ་ལས་ཕྱི་མ་སྒྲུབ་པ་ལ་སོགས་དང༌། ཡན་ལག་བརྒྱད་པའི་བསགས་སྦྱངས། གསོལ་གདབ་སྔ་མ། ཡེ་ཤེས་དབབ་བསྟིམ། བརྟན་བཞུགས་རྗེས། མདུན་གྱི་གཏོར་མ་འདི་ཉིད་སོགས་ཀྱི་གཏོར་དབང་བྱ་ཞིང༌། སྐུ་གསུང་ཐུགས་དབང་ཁ་ཕྲལ་ན་ལེགས་པས། སྐུ་ལས་ཕྱག་རྒྱ་ཁྲོ་ཆུང་གི་ཚོགས་སྤྲོས། སློབ་མའི་དཔྲལ་བར་ཐིམ་པས་སྐུ་ཡི་བྱིན་རླབས་ཡོངས་རྫོགས་སུ་ཐོབ་པར་མོས་ཤིག །གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ༔ དཔལ་གྱི་དམ་རྫས་བ་ལིཾ་ཏ༔ ཡོན་ཏན་ཁྱད་པར་མ་ལུས་རྫོགས༔ དམ་ཅན་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས༔ ལུས་ཀྱི་སྒྲིབ་པ་ཐམས་ཅད་སྦྱོངས༔ རྣམ་པ་ཐམས་ཅད་རྫོགས་པ་ཡི༔ དངོས་གྲུབ་འབད་མེད་ཐོབ་གྱུར་ཅིག༔ ཀཱ་ཡ་སརྦ་སིདྡྷི་ཕ་ལ་ཧོཿ དེས་སྐུ་ཡི་དབང་ཐོབ། གཟི་བརྗིད་སྟོབས་ཀྱི་བྱིན་རླབས་ཞུགས། ལུས་ཀྱི་ནད་གདོན་སྡིག་སྒྲིབ་བསལ། ཕྱག་རྒྱ་ལྷ་ཡི་ཏིང་ངེ་འཛིན་སྒོམ་པ་ལ་དབང༌། སྣང་བ་སྐུ་ཡི་དཀྱིལ་འཁོར་ལས་ནམ་ཡང་མ་གཡོས་པར་གྱིས་ཤིག །མདུན་གྱི་གཏོར་མ་སོགས་ནས། སྤྲིན་ཕུང་འཁྲིགས་པ་བཞིན་གསལ་བའི། ཞལ་ནས་གསུང་སྔགས་ཀྱི་ཕྲེང་བ་སྒྲ་འོད་དང་བཅས་པ་འཕྲོས། སློབ་མའི་མགྲིན་པར་ཐིམ་པས་གསུང་གི་བྱིན་རླབས་ཡོངས་རྫོགས་སུ་ཐོབ་པར་མོས་ཤིག །གཏོར་མ་མགྲིན་པར་བཞག་ལ། ཧཱུྃ༔ དཔལ་གྱི་དམ་རྫས་བ་ལིཾ་ཏ༔ ཡོན་ཏན་ཁྱད་པར་མ་ལུས་རྫོགས༔ དམ་ཅན་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་གསུང་དུ་བྱིན་གྱིས་རློབས༔ ངག་གི་སྒྲིབ་པ་ཐམས་ཅད་སྦྱོངས༔ རྣམ་པ་ཐམས་ཅད་རྫོགས་པ་ཡི༔ དངོས་གྲུབ་འབད་མེད་ཐོབ་གྱུར་ཅིག༔ ཝཱཀ་སརྦ་སིདྡྷི་ཕ་ལ་ཧོཿ དེས་གསུང་གི་དབང་ཐོབ། ནུས་པ་སྔགས་ཀྱི་བྱིན་རླབས་ཞུགས། ངག་གི་ནད་གདོན་སྡིག་སྒྲིབ་བསལ། བཟླས་བརྗོད་ཀྱི་ཏིང་ངེ་འཛིན་སྒོམ་པ་ལ་དབང༌། སྒྲ་གྲགས་གསུང་གི་དཀྱིལ་འཁོར་ལས་ནམ་ཡང་མ་གཡོས་པར་གྱིས་ཤིག །མདུན་གྱི་གཏོར་མ་སོགས་ནས། སྤྲིན་ཕུང་འཁྲིགས་པ་བཞིན་གསལ་བའི། ཐུགས་ཀ་ནས་ཡེ་ཤེས་ཀྱི་ཕྱག་མཚན་རལ་གྲི་ཐོད་ཁྲག་གི་རྣམ་པར་འཕྲོས། སློབ་མའི་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་ཡོངས་རྫོགས་སུ་ཐོབ་པར་མོས་ཤིག །གཏོར་མ་སྙིང་གར་བཞག་ལ། ཧཱུྃ༔ དཔལ་གྱི་དམ་རྫས་བ་ལིཾ་ཏ༔ ཡོན་ཏན་ཁྱད་པར་མ་ལུས་རྫོགས༔ དམ་ཅན་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་ཐུགས་སུ་བྱིན་གྱིས་རློབས༔ ཡིད་ཀྱི་སྒྲིབ་པ་ཐམས་ཅད་སྦྱོངས༔ རྣམ་པ་ཐམས་ཅད་རྫོགས་པ་ཡི༔ དངོས་གྲུབ་འབད་མེད་ཐོབ་གྱུར་ཅིག༔ ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ དེས་ཐུགས་ཀྱི་དབང་ཐོབ། ཡེ་ཤེས་ཆེན་པོའི་བྱིན་རླབས་ཞུགས། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་བསལ། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་སྒོམ་པ་ལ་དབང༌། ཐུགས་ཆོས་ཉིད་ཀྱི་དཀྱིལ་འཁོར་ལས་ནམ་ཡང་མ་གཡོས་པར་གྱིས་ཤིག །སླར་ཡང་སློབ་དཔོན་གྱིས་རྡོ་རྗེའི་ཐ་ཚིག་གིས་ཐུགས་དམ་བསྐུལ་སོགས་ལས་ཀྱི་གཉེར་གཏད་བྱས་ལ་གཏོར་མ་ལག་ཏུ་གཏད། སྨན་རཀ་སྦྱིན། དེང་ནས་བརྩམས་ཏེ་སོགས་ནས་དམ་ཚིག་ཁས་བླང༌། གཏང་རག་ལུས་འབུལ་དགེ་བསྔོ་རྣམས་བྱས་པ་ཐུན་མོང་དུ་སྦྱིན་པར་རུང་བའོ། །སློབ་དཔོན་གྱི་བསྐང་བཤགས་སོགས་རྗེས་རིམ་མཐའ་རྒྱས་སུ་བྱའོ། །རྒྱལ་ཀུན་སྟོབས་བཅུའི་ཡེ་ཤེས་རྩེ་བརྒྱའི་མཚོན། །ནག་ཕྱོགས་ལྷ་མིན་གཡུལ་ངོར་ཆེས་དཔའ་ཞིང༌། །མཁས་གྲུབ་རིག་འཛིན་དབང་པོའི་ཕྱག་མཚན་དུ། །བཞེས་པའི་བྱིན་རླབས་ནམ་ཡང་ཉམས་པ་མེད། །ཚུལ་དེ་བདག་རྒྱུད་དད་པའི་ཨཱ་དརྴར། །ལྷ་དང་བླ་མའི་བྱིན་རླབས་གཟུགས་གསལ་བས། །ཆོས་བཟང་ལང་ཚོ་གསར་པའི་ཚོན་རིས་འདིས། །ཐར་འདོད་ཡིད་ཀྱི་གདུང་བ་སེལ་སྲིད་སྙམ། །བཀའ་གཏེར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་མ་ཉམས་གསེར་གྱི་རྩིབས་སྟོང་བཀྲ། །རྒྱུད་ལུང་མན་ངག་དགོངས་པ་དང་འབྲེལ་གཡས་འཁྱིལ་ལྟེ་བ་ཟབ་ལ་བརླིང༌། ངེས་གསང་བསྟན་མཆོག་གླིང་བཞིའི་བླ་ན་བཤད་སྒྲུབ་དཔུང་བཞིས་བཏེགས་འདིས་ཀྱང༌། །རིས་མེད་རྒྱལ་བསྟན་འགྲོ་བའི་བདེ་སྐྱིད་རྫོགས་ལྡན་མགྲོན་དུ་*འགུག་གྱུར་ཅིག །དཔལ་རྡོ་རྗེ་ཕུར་པ་རྩ་བ་ཡན་ལག་བཀའ་སྲུང་དང་བཅས་པའི་སྨིན་བྱེད་ཆུ་*འབབས་སུ་བཀོད་པ་འདི་ཡང་རྒྱལ་ཀུན་ཕྲིན་ལས་ཀྱི་མེས་པོ་འཇམ་མགོན་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་གྱིས་ཆོས་སྐོར་འདི་དག་དེང་དུས་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང༌། ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་ཟབ་གཏེར་གྱི་ཆ་ཤས་ངེས་པར་ཡིན་ཞེས་དགྱེས་པ་ཆེན་པོས་དབུག་དབྱུང་བསྩལ་ཞིང༌། སྨིན་གྲོལ་རིགས་ཆེད་དུ་གསན་ནས་དབང་དང་སྒྲུབ་ཐབས་བཅས་ཆོག་ཁྲིགས་བཀའ་དྲིན་བསྩལ་ཀྱང༌། སྙིགས་དུས་ཡོ་ལངས་འཁྲུགས་པས་དབང་ཁྲིགས་ཀྱི་དཔེ་མི་མངོན་པར་གྱུར་པ་ལ། སླར་ཡང་སྔ་འགྱུར་བཀའ་གཏེར་གྱི་རིང་ལུགས་ལ་རྒྱུ་མཚན་ཤེས་པའི་ཆོས་སྤྱན་མངའ་བ་དམ་པའི་སྐྱེས་མཆོག་འཁྲུལ་ཞིག་མཆོག་སྤྲུལ་འགྱུར་མེད་ཆོས་ཀྱི་བློ་གྲོས་དང༌། རྒྱལ་བ་ཀཿཐོག་པའི་གདན་འཛིན་ཐེག་མཆོག་སྙིང་པོའི་བསྟན་པའི་གསལ་བྱེད་སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ། སྒྲུབ་བརྩོན་བླ་མ་དམ་པ་ཀུན་དགའ་སོགས་ནས་སྨིན་གྲོལ་ཉམས་བཞེས་གནང་བཞེད་ཀྱིས་རྟེན་དང་བཅས་བསྐུལ་བའི་ཁར། འཇམ་མགོན་བརྒྱུད་པའི་རིང་ལུགས་ལ་ལས་སྨོན་དག་པས་འབྲེལ་བའི་ངེས་དོན་གྱི་རྣལ་འབྱོར་ཀློང་ཆེན་ཡེ་ཤེས་རྡོ་རྗེས་སངས་གླིང་གཏེར་བྱོན་གནམ་ལྕགས་ཀྱི་ཕུར་པའི་སྐྱེས་བཅས་ཆེད་དུ་ཡང་ཡང་བསྐུལ་བ་དང༌། ལུང་ཟིན་རྩ་བའི་ཆོས་བདག་འཇམ་མགོན་བླ་མའི་མཆོག་སྤྲུལ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་དང༌། ཞེ་ཆེན་རབ་འབྱམས་སྤྲུལ་སྐུ་འགྱུར་མེད་ཆོས་ཀྱི་སེང་གེ་རྣམས་ཀྱི་སྐུ་ཚེ་དང་མཛད་ཕྲིན་ལ་བར་ཆད་སེལ་བའི་རྟེན་འབྲེལ་དུ་དམིགས་པས་མཚམས་སྦྱར་ནས། སློབ་དཔོན་པྲ་བྷ་ཧསྟི་དངོས་བྱོན་ཞེ་ཆེན་པ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་སོགས་རྡོ་རྗེ་ཕུར་པ་དངོས་སུ་གྲུབ་པའི་རིག་འཛིན་དུ་མས་རྗེས་སུ་བཟུང་ཞིང༌། ཕུར་པ་བཀའ་གཏེར་གྱི་སྨིན་གྲོལ་བདུད་རྩིས་བློ་ཡི་བུམ་པ་ཁེངས་པའི་སྔགས་བཙུན་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པ་ཕྲིན་ལས་དྲག་པོ་རྩལ་གྱིས་བལ་ཡུལ་ཡང་ལེ་ཤོད་ཀྱི་རྡོ་རྗེའི་ཀེའུ་ཚང་ནས་དབུ་བརྩམ་སྟེ་རིམ་གྱིས་རྫོགས་པར་བགྱིས་པའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པའི་རིང་ལུགས་ལ་ཡིད་ཆེས་ཀྱི་དད་བློ་དགེ་བ་རྙིང་བཙུན་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང༌། རང་སློབ་དད་བློ་གསལ་བ་ཨོ་རྒྱན་གཞན་ཕན་ཟུང་གིས་བགྱིས་པ་འདིས་ཀྱང་རྒྱལ་བསྟན་རིན་པོ་ཆེ་གྲུ་བཞི་ལམ་ཁྱེར་དུ་རྒྱས་ནས་ནག་ཕྱོགས་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་དཔལ་དུ་ངེས་པར་གྱུར་ཅིག །ཤྲཱི་བི་ཛ་ཡནྟུ།། །།}} | ༄༅། །ཨོཾ་སྭ་སྟི་ཤྲཱི་བི་ཛ་ཡནྟུ། རྡོ་རྗེ་ཁྲོས་པ་འབར་བའི་མཚོན་གྱིས་བདུད་ཚོགས་བཅོམ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ་གཅིག་གཞོན་ནུའི་དཔལ། །སྙིང་རྗེའི་མཚོན་ཆེན་ཤིན་ཏུ་རྣོ་བས་མཐའ་གཉིས་འདས། །ཕྲིན་ལས་སྟོབས་འདུས་ཧེ་རུ་ཀ་དཔལ་རྒྱལ་གྱུར་ཅིག །གོ་འཕང་དེ་སྒྲུབ་རྒྱུད་ལུང་མན་ངག་གི །སྙིང་པོའི་དཔལ་གཅིག་སྐལ་བཟང་བཙས་ཐོབ་པ། །དོན་མཐུན་རྡོ་རྗེའི་མཆེད་ཀྱི་དགའ་སྟོན་དུ། །མཁས་གྲུབ་གོང་མའི་གསུང་བཞིན་བསྡེབ་ལ་སྤྲོ། །དེ་ལ་འདིར་སྔ་འགྱུར་རྡོ་རྗེ་སྙིང་པོའི་རིང་ལུགས་ལ་སྒྲུབ་སྡེ་ཆེན་པོ་བརྒྱད་དུ་གྲགས་པའི་ཡ་གྱལ། ཕྲིན་ལས་རྡོ་རྗེ་ཕུར་པའི་སྒོས་བཀའ་ཆེན་པོའི་བྱེ་བྲག །ཕུར་པ་གྲུབ་པའི་རིག་འཛིན་བི་མ་ལ་མི་ཏྲས་གཉགས་ལོ་ཆེན་པོར་སྙན་བརྒྱུད་གསང་བའི་སྨར་ཆོས་སུ་གདམས་ཤིང༌། སངས་རྒྱས་ཀུན་གྱི་ཕྲིན་ལས་ཀྱི་སྤྱི་གཟུགས་སློབ་དཔོན་ཆེན་པོ་པདྨའི་བཀའ་སྲོལ་ཡང་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་སྨིན་བྱེད་ཀྱི་ཕྲེང་བ་བཀླག་ཆོག་དཀྱུས་གཅིག་ཏུ་བསྡེབ་པ་ལ། གཞུང་རྩ་བ་ལས། དབང་སྦྱིན་པའི་སྣོད་སློབ་མ་དམ་ལྡན༔ དབང་བསྐུར་བའི་བདག་པོ་སློབ་དཔོན་མཚན་ལྡན༔ སྨིན་པའི་རྒྱུ་ཆོ་ག་དང་ཏིང་ངེ་འཛིན་ལས་སུ་རུང་བས་དབང་བསྐུར་བ་ནི༔ ཞེས་གསུངས་པ་ལྟར་སྤྱི་ཡི་གནད་ཤེས་པར་བྱས་ལ། དབང་དངོས་ལ་གསུམ། རྩ་བ་རྡོ་རྗེ་ཕུར་པའི་དབང་བསྐུར། ཡན་ལག་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པའི་དབང་བསྐུར། བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོའི་རྗེས་གནང་ངོ༌། །དང་པོ་ལ་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བཞི་བསྐུར་བ་དང༌། སྨད་ལས་དགྲ་བགེགས་སྒྲོལ་བའི་རྗེས་གནང་གཉིས། དང་པོ་ལའང་རྒྱས་འབྲིང་བསྡུས་གསུམ་ལས་ཐོག་མར་དབང་བསྐུར་རྒྱས་པ་བསྙེན་སྒྲུབ་ཡན་ལག་བཞིས་འཆད་ན། །དང་པོ་རང་དོན་བསྙེན་པའི་ལས་རིམ་ལ་བསྙེན་སྒྲུབ་ཡན་ལག་བཞིའི་རྣམ་བཞག་བསྙེན་ཁྲིད་ཀྱི་སྐབས་སུ་བཤད་ཟིན་ལ། གཉིས་པ་བདག་གཞན་གཉིས་ཀའི་དོན་དུ་ཉེ་བསྙེན་སྟ་གོན་གྱི་རིམ་པ་ལ་བཞི་སྟེ། སྒྲུབ་པའི་གནས་ཉེ་བར་བསྙེན་པ་ས་ཆོག །བསྒྲུབ་བྱའི་ལྷ་ཉེ་བར་བསྙེན་པ་ལྷ་སྟ་གོན། སྒྲུབ་རྫས་ཉེ་བར་བསྙེན་པ་བུམ་པ་དང་དབང་རྫས་སྟ་གོན། སྒྲུབ་ཡུལ་སྣོད་ཉེ་བར་བསྙེན་པ་སློབ་མ་སྟ་གོན་གྱི་རིམ་པའོ། །དང་པོ་ལ། རྒྱས་པར་སྒྲུབ་པའི་གནས་ཀྱི་མཚན་ཉིད་བརྟགས་ཏེ། རུང་ན་སྣང་བ་དང་མི་སྣང་བ་ལས་རིན་འཇལ་ཏེ་བསླང༌། ཉེས་པའི་ཕྱོགས་སྦྱངས་བས་ས་གཞི་བཏུལ། ལྷ་དང་རྣལ་འབྱོར་གྱིས་བསྲུངས་ཏེ་བདག་གིར་བྱ་བའི་ཚུལ་བཞི་ཡིན་ཀྱང་སྒྲུབ་པའི་ཁོག་དབུབ་ཏུ་འཆད་པར་འོས་ལ། དབང་རྐྱང་ཙམ་ལ་དབང་སྟེགས་སུ་དཀར་གཏོར་གསེར་སྐྱེམས་དང་བཅས་པ་བཤམས་ཏེ། རྒྱུན་གྱི་རྣལ་འབྱོར་མདོར་བསྡུས་སྔོན་དུ་འགྲོ་བས། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་འབྲུ་གསུམ་འོད་དུ་ཞུ་བ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་བརླབས་ནས། ཨོཾ་པྲི་ཐི་དི་ཝཱི་བྷཱུ་མི་པ་ཏི་ས་པ་རི་ཝ་ར་བཛྲ་ས་མཱ་ཛཿས་མགྲོན་སྤྱན་དྲངས། སྔགས་དེའི་མཐར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐཱ་ཁཾ་ཨུཏག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྷྲྀཧྞ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་སྔགས་བཏགས་པ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ གང་ཞིག་དཀར་པོའི་ཕྱོགས་འཛིན་ཅིང༔ འཛམ་གླིང་ས་ལ་དབང་བྱེད་ཀུན༔ བདག་གིས་གནས་འདིར་དཀྱིལ་འཁོར་བཞེངས༔ ཀོ་ལོང་ཕྲག་དོག་མ་མཛད་པར༔ བརྔན་དུ་གཏོར་མ་གསེར་སྐྱེམས་འབུལ༔ དགྱེས་པར་བཞེས་ལ་ས་འདི་སྩོལ༔ བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད༔ ཅེས་ཕུལ་བས་ས་ཡི་ལྷས་གནང་བ་བྱིན་པར་བསམ་མོ། །གཉིས་པ་བསྒྲུབ་བྱའི་ལྷ་ཉེ་བར་བསྙེན་པ་ལྷ་སྟ་གོན་ནི། དཀྱིལ་འཁོར་གྱི་སྟེགས་བུར་རྡུལ་ཚོན་ཡིན་ན་ཐིག་དང་ཚོན་གྱི་ལས་རིམ་དགོས་ཀྱང་འདིར་རས་བྲིས་ཀྱི་དབང་དུ་བྱས་ཏེ་རིན་པོ་ཆེའི་མཎྜལ་ཆེ་ལེགས་ལ་ལྷ་གཙོ་འཁོར་ལྟར་འབྲུ་དཀར་དྲི་བཟང་གིས་སྦགས་པའི་ཚོམ་བུ་དབུས་སུ་གཙོ་བོ། མདུན། གཡས། གཡོན། དེ་རྒྱབ་ཕྱོགས་མཚམས་སྟེང་འོག་བཅུ། གྲྭ་བཞི། ཕྱོགས་བཞིར་ཚོམ་བུ་རེ་རེ་དང་མཐར་འབྲུ་གཅལ་དུ་བཀྲམ་ལ་སོ་སོའི་སྔགས་བརྗོད་ཅིང་དྲི་བཟང་དང་བདུད་རྩིའི་ཐིག་ལེ་བྱས་པ་སྟེང་དུ་བཀོད། མཐའ་ཉེར་སྤྱོད་མཆོད་པས་བསྐོར། ཧཱུྃ་ཧྲཱིཿ སྣང་སྲིད་བདེ་ཆེན་རོལ་པ་ཡི༔ ཡེ་ཤེས་སྣང་བ་ཁྱབ་བརྡལ་སྤྲིན༔ ཀུན་བཟང་མཆོད་པ་བསམ་ཡས་གཏེར༔ རང་བྱུང་རང་ཤར་ལྷུན་གྱིས་གྲུབ༔ སརྦ་ས་མ་ཡ་པཱུ་ཛ་ཧོཿ ཨོཾ་བཛྲཨརྒྷཾ་ནས། ཤབྡ་མ་ཧཱ་པཱུ་ཛ་སྥ་ར་ཎ་ཁཾ༔ ཞེས་ཕྱི་མཆོད་དང༌། ཨོཾ་མ་ཧཱ་ཤྨ་ཤ་ན་རུ་ཏྲ་བྷོ་གཿརཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ཨཱཿཧཱུྃ༔ ཞེས་ནང་མཆོད་དྲག་པོའི་ཉེར་སྤྱོད་དང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ་གྱིས་སྨན། ཨོཾ་ཨཱཿཧཱུྃ་མ་ཧཱ་ཀ་པཱ་ལ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ༔ ལན་གསུམ་གྱིས་རཀྟ། ཨོཾ་ཨཱ་ཧཱུྃ་མ་ཧཱ་བ་ལིཾ་ཏ་སརྦ་ཀཱ་མ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ་གྱིས་གཏོར་མ་རྣམས་བྱིན་གྱིས་བརླབས། བཛྲ་སྥ་ར་ཎ་ཁཾ་གིས་མཁའ་ཁྱབ་ཏུ་སྤེལ། སྭ་བྷཱས་སྦྱང༌། མདུན་རྟེན་ཡོངས་སུ་གྱུར་པ་ལས༔ མེ་ཀློང་བྷྲཱུཾ་ཡིག་ལྔ་ལྡན་ཆད༔ ཡོངས་གྱུར་པད་ཉི་རྒྱ་གྲམ་སྟེང༔ ཡེ་ཤེས་རང་སྣང་གཞལ་ཡས་ཁང༔ རང་བྱུང་དུར་ཁྲོད་བཀོད་པ་ཅན༔ ཕྱི་ནི་རྩིག་པ་ཁ་དོག་ལྔ༔ ནང་ནི་སྐམ་རློན་རྙིད་པའི་མགོ༔ གནམ་ལྕགས་གཟེར་བཏབ་རཀྟས་སྦྱར༔ རིན་ཆེན་ཕ་གུ་དྲྭ་བ་ཕྱེད༔ ཆུ་སྲིན་རྔམ་པའི་ཁ་ལས་དཔྱང༔ ཤར་བུ་མདའ་ཡབ་པུ་ཤུ་དང༔ གཟའ་དང་ལྷ་ཀླུ་ཀ་གདུང་ཕྱམ༔ རྒྱུ་སྐར་དྲལ་གཟེབ་ཞིང་གི་ཐོག༔ ལྷ་ཆེན་ཐོད་པ་དབུས་ཕྱུར་བུ༔ མ་ཧཱ་རུ་ཏྲའི་ཙིཏྟའི་ཏོག༔ ཡེ་ཤེས་ཟེར་འཕྲོ་འོད་ཕུང་འཁྱིལ༔ རོ་སྐྲའི་རྔ་ཡབ་ཞིང་གི་འཕན༔ གཅན་གཟན་ལྤགས་པའི་རྒྱལ་མཚན་གདུགས༔ ཕྱི་ནང་སྒོ་བཞི་རྟ་བབ་བརྒྱད༔ ཆོས་འཁོར་རི་དྭགས་གདུགས་ཏོག་མཛེས༔ དལ་དབུས་གནམ་ལྕགས་འཁོར་ལོ་དང༔ ལྟེ་བ་ཟླུམ་པོ་ཨེ་ཡིས་མཚན༔ ཟླ་གམ་གསུམ་ལ་ཁྲག་མཚོ་འཁྱིལ༔ བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཀྲོ་དྷ་མཎྜ་ལ་ཧཱུྃ༔ གཞལ་ཡས་དབུས་སུ་རྡོ་རྗེ་ཡི༔ བྲག་ཆེན་པད་ཉི་ལྷ་ཆེན་པོ༔ ཁྱོ་ཤུག་ཟླ་གམ་གསུམ་གྱི་སྟེང༔ པད་ཉི་དགྲ་བགེགས་དྲག་པོ་ཡི༔ འཁོར་ལོ་རྩིབས་བཅུ་རེ་རེ་བཞིན༔ ཕྱོགས་སྐྱོང་ཕོ་མོ་པད་ཉི་དང༔ སྒོ་བཞིར་ཞིང་རྐྱང་གདན་བཅས་གསལ༔ མ་སཱུརྻ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ༔ པྃ་པདྨ་མཎྜ་ལ༔ ཧཱུྃ༔ དབུས་ཀྱི་ཆོས་འབྱུང་ལྟེ་བ་རུ༔ རང་རིག་ཧཱུྃ་བབ་ཡོངས་གྱུར་ལས༔ སྤྲོ་བསྡུས་འོད་ཀྱིས་དོན་གཉིས་བྱས༔ འོད་ཀྱི་ཕུང་པོ་རྡོ་རྗེར་གྱུར༔ བཛྲ་ཧཱུྃ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་འཆང་ཆེན་ཧེ་རུ་ཀ༔ སྤྱི་དཔལ་ཀརྨ་ཀཱི་ལ་ཡ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ རྩ་ཞལ་སྲིན་པོ་ཁྲོས་པའི་ཞལ༔ གཡས་པ་དཀར་བ་ཀུ་མུཏ་ད༔ གཡོན་པ་དམར་ནག་ཨམ་གཙིགས་བསྡམས༔ དེ་སྟེང་ཞལ་གསུམ་ལྗང་སེར་ནག༔ སྟེང་གི་ཞལ་གསུམ་སྨུག་མཐིང་དམར༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ སྤྱི་བོར་རྡོ་རྗེ་ཕྱེད་པའི་ཏོག༔ རྭ་གདེང་ཟར་བུ་སྦྲུལ་གྱིས་བཅིངས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཞལ་བགྲད་མཆེ་གཙིགས་ལྗགས་བརྐྱང་འདྲིལ༔ ཧཱུྃ་ཕཊ་ཕེཾ་གྱི་སྒྲ་དྲག་སྒྲོག༔ ཁྲོ་གཉེར་ཆུ་རླབས་ལྟ་བུར་འཁྲུགས༔ སྨ་ར་སྨིན་མ་མེ་ལྟར་འབར༔ རྡོ་རྗེའི་སྐུ་མཆོག་སྤྲིན་བཞིན་གནག༔ གཡས་དགུའི་དང་པོས་རྡོ་རྗེ་གདེང༔ འཁོར་ལོ་དགྲ་སྟྭ་རལ་གྲི་མདུང༔ ཐོ་བ་ལྕགས་ཀྱུ་གསལ་ཤིང་བསྣམས༔ གཡོན་དགུས་མེ་དཔུང་ཁཊྭཱཾ་ག༔ རི་རབ་ཞགས་པ་བྷནྡྷ་དམར༔ སྡིག་མཛུབ་མདའ་དང་བདུད་བཞིའི་མགོ༔ ཐ་མའི་ཕྱག་གཉིས་ཕུར་བུ་འདྲིལ༔ དྲག་པོའི་སྟང་སྟབས་ཕྱོགས་བཅུར་གཡོ༔ འབར་བའི་ཞབས་བཞི་བརྐྱང་བསྐུམ་གྱིས༔ བར་ཆད་བདུད་བཞི་བརྫིས་ཤིང་མནན༔ གླང་ཆེན་ཞིང་ལྤགས་སྟོད་གཡོགས་ཤིང༔ སྟག་གི་ཤམ་ཐབས་གྲོལ་ཞིང་འཆིང༔ སྐུ་ལ་རུས་པའི་ཕྱག་རྒྱ་དྲུག༔ མགོ་ཕྲེང་དཔལ་གྱི་ཆས་གོས་རྫོགས༔ རྡོ་རྗེ་རིན་ཆེན་གཤོག་པ་གདེང༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང༔ ཁམས་གསུམ་ཟིལ་གནོན་ཆེན་པོར་གསལ༔ པང་དུ་བདེ་ཆེན་སྐྱེད་པའི་ཡུམ༔ འཁོར་ལོ་རྒྱས་འདེབས་ཁྲོ་གཏུམ་སྒེག༔ གཅེར་བུ་གཟིག་གི་ཤམ་ཐབས་གསོལ༔ ཐོད་སྐམ་རུས་པའི་རྒྱན་གྱིས་སྤྲས༔ ཕྱག་གཉིས་གཡས་པས་ཡབ་མགུལ་འཁྱུད༔ ཨུཏྤལ་མཐེབ་སྲིན་སྦྱར་བས་འཛིན༔ གཡོན་པས་དམར་གྱི་བྷནྡྷ་སྟོབ༔ ནུ་འབུར་བྷ་ག་རྒྱས་པས་སྦྱོར༔ སྐེད་སྐབས་ཕྲ་ལྡེམ་གཡས་པའི་ཞབས༔ ཡབ་ཀྱི་དཀུ་ལ་འཁྱུད་ཅིང་ལྡེམ༔ གཡོན་པ་བརྐྱང་སྟེ་དགྲ་བགེགས་བརྫིས༔ འབར་བའི་བརྟུལ་ཞུགས་ཡོངས་སུ་རྫོགས༔ གཙོ་བོའི་གཡོན་དུ་སྒྲོལ་བྱེད་ཀྱི༔ ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ༔ ཁྲོ་གཏུམ་སྒེག་པའི་གཟི་བྱིན་གྱིས༔ ཡབ་ལ་ལྟ་ཞིང་ཆགས་པའི་ཚུལ༔ གཡས་པས་གྲི་གུག་ནམ་མཁར་འཕྱར༔ གཡོན་པས་ཙིཏྟ་ཁྲག་འཛག་ཟ༔ གཅེར་བུ་རུས་པའི་རྒྱན་འཕྱང་བའི༔ གཡེར་ཁའི་སྒྲ་ལས་ཆོས་སྒྲ་སྒྲོག༔ ཕྱོགས་བཅུར་འཁོར་ལོའི་རྩིབས་རྣམས་སུ༔ པད་ཉི་ཕྱོགས་སྐྱོང་ཕོ་མོའི་སྟེང༔ ཧཱུྃ་རྣམས་ཡོངས་གྱུར་ཁྲོ་བཅུར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ྄༔ སྟེང་ཕྱོགས་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་མཛད་སྒྲ་འབྱིན་ཡབ་ཡུམ་ལ༔ ཕྲ་མེན་ཕག་དང་རྨིགས་བུའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ༔ རྣམ་རྒྱལ་སྙེམས་མ་ཡབ་ཡུམ་ལ༔ ཕྲ་མེན་སྟག་དང་བྱ་རྒོད་མགོ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ྄༔ ཤར་ལྷོ་མེ་ལྷའི་གདན་སྟེང་དུ༔ དབྱུག་སྔོན་སྡེར་མོ་ཡབ་ཡུམ་ལ༔ ཕྲ་མེན་གཡག་དང་བྱ་རོག་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ྄༔ ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་དུ༔ གཤིན་རྗེ་དུར་ཁྲོད་ཡབ་ཡུམ་ལ༔ ཕྲ་མེན་ཤ་བ་འུག་པའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄༔ ལྷོ་ནུབ་སྲིན་པོའི་གདན་སྟེང་དུ༔ མི་གཡོ་གཏུན་ཁུང་ཡབ་ཡུམ་ལ༔ ཕྲ་མེན་གཟིག་དང་ཁྭ་ཏའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ནུབ་ཕྱོགས་ཆུ་ལྷའི་གདན་སྟེང་དུ༔ རྟ་མགྲིན་གཏུམ་མོ་ཡབ་ཡུམ་ལ༔ ཕྲ་མེན་བྱི་ལ་པུ་ཤུད་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄༔ ནུབ་བྱང་རླུང་ལྷའི་གདན་སྟེང་དུ༔ འདོད་རྒྱལ་མདའ་སྙེམས་ཡབ་ཡུམ་ལ༔ ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄༔ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ༔ བདུད་རྩི་རླུང་འབྱིན་ཡབ་ཡུམ་ལ༔ ཕྲ་མེན་སེང་གེ་ཕ་ཝཾ་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ྄༔ བྱང་ཤར་དབང་ལྡན་གདན་སྟེང་དུ༔ ཁམས་གསུམ་གསོད་བྱེད་ཡབ་ཡུམ་ལ༔ ཕྲ་མེན་དོམ་དང་སྲེ་མོང་མགོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ྄༔ འོག་ཕྱོགས་ས་བདག་གདན་སྟེང་དུ༔ སྟོབས་ཆེན་བསྐྱོད་བྱེད་ཡབ་ཡུམ་ལ༔ ཕྲ་མེན་དྲེད་དང་བྱི་བའི་མགོ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་མཎྜ་ལ་ཧཱུྃ༔ ཟླ་གམ་འཁྱིལ་པ་གསུམ་གྱི་སྟེང༔ མདུན་དུ་ཐུགས་ཀྱི་སྲས་མཆོག་མཐིང༔ གཡས་སུ་སྐུ་ཡི་སྲས་ལྗང་ནག༔ གཡོན་དུ་གསུང་གི་སྲས་དམར་ནག༔ མཚན་མ་རྫས་ཀྱི་དཀྱིལ་འཁོར་རྫོགས༔ དཔལ་ཆེན་གསང་བ་གསུམ་དུ་གྱུར༔ ཨོཾ་བུདྡྷ་རཏྣ་པདྨ་ཀརྨ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ གཞལ་ཡས་ཁང་གི་གྲྭ་བཞི་རུ༔ ཤར་ལྷོར་བུདྡྷ་ཀཱི་ལ་ཡ༔ ལྷོ་ནུབ་རིན་ཆེན་ཀཱི་ལ་ཡ༔ ནུབ་བྱང་པདྨ་ཀཱི་ལ་ཡ༔ བྱང་ཤར་ཀརྨ་ཀཱི་ལ་ཡ༔ བདུད་བཞི་འདུལ་བའི་ཕྲིན་ལས་རྫོགས༔ ཛཿཧཱུྃ་བྃ་ཧོཿ ཤར་དུ་སྒོ་མ་ལྕགས་ཀྱུ་མ༔ ལྷོ་རུ་སྒོ་མ་ཞགས་པ་མ༔ ནུབ་ཏུ་སྒོ་མ་ལྕགས་སྒྲོག་མ༔ བྱང་དུ་སྒོ་མ་དྲིལ་བུ་མ༔ ཁྲག་ཁྱམས་དཔལ་གྱི་བཀའ་སྡོད་ཚོགས༔ ཀུན་ཀྱང་རང་རང་རྒྱན་ཆས་ཚོགས༔ རྫོགས་པ་བཀའ་སྡོད་ཚུལ་དུ་གནས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ བདེ་གཤེགས་དབང་བསྐུར་ཡེ་ཤེས་ལྔ༔ ཁྲག་འཐུང་རིགས་ལྔའི་ཕྱག་རྒྱར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཿ ཞེས་གསལ་བཏབ་སྟེ་ལས་རིམ་མདོར་བསྡུས་བྱ་བ་ནི། ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་དབུས་བྲལ་བ་ནས༔ དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ འཇིགས་མཛད་རྡོ་རྗེ་གཞོན་ནུ་ཆེ༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་ས་མ་ཡ་ཛཿཛཿ རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་ཚིག་གི་དཀྱིལ་འཁོར་ལ་དབྱེར་མེད་དུ་བཞུགས་པར་གྱུར། ཧཱུྃ་ཧྲཱིཿ བདེ་ཆེན་དབྱིངས་ཀྱི་གཞལ་ཡས་དབུས༔ རང་སྣང་རིག་པའི་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བཞུགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ ཡུལ་དང་དབང་པོ་གཉིས་མེད་པ༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་བཞེས༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷ་ཏུ་པཱུ་ཛ་ས་མ་ཡ་ཧོཿ མ་ཧཱ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ྄་ཕཊ྄་ཕཊ྄༔ ཧ་ཧ་ཧ༔ ཧཱུྃ༔ སྒེག་པ་དཔའ་བ་མི་སྡུག་རྡོ་རྗེའི་སྐུ༔ རྒོད་གཤེ་དྲག་ཤུལ་སྔགས་ཀྱི་སྒྲ་གདངས་ཅན༔ སྙིང་རྗེ་རྔམ་ཞི་ཡེ་ཤེས་སྲོག་ལྡན་པའི༔ ཕྲིན་ལས་འདུས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ སློབ་དཔོན་གྱིས་སྤོས་དང་རྡོར་དྲིལ་ཐོགས་ནས་དཀྱིལ་འཁོར་གྱི་ལྷ་ལ་གནང་བ་ཞུ་བ་ནི། ཨོཾ༔ རྡོ་རྗེ་རྒྱལ་པོ་ཡེ་ཤེས་ཆེ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་ལྷ༔ འབར་བ་དཔལ་ཆེན་རྔམ་པའི་གཟུགས༔ དཀྱིལ་འཁོར་ལྷ་རྣམས་དགོངས་སུ་གསོལ༔ སང་ནི་དམ་ཚིག་ལྷག་པའི་རྟེན༔ རྡོ་རྗེའི་ཕོ་བྲང་འདེབས་འཚལ་གྱིས༔ དགྱེས་པའི་དམ་ཚིག་མ་བསྙེལ་བར༔ ཅི་བདེར་གནང་བ་བསྩལ་དུ་གསོལ༔ ལན་གསུམ་གྱིས་གསོལ་བ་བཏབ་པས། རྡོ་རྗེ་སློབ་དཔོན་སྙིང་རྗེ་ཆེ༔ ཁྱོད་ཀྱིས་རང་གཞན་ཕན་གདགས་ཕྱིར༔ སྒྲུབ་པའི་ཆོ་ག་ཚུལ་བཞིན་གྱིས༔ བདེ་གཤེགས་རྒྱལ་བས་བྱིན་རློབས་འགྱུར༔ གནང་བ་བསྩལ་ནས་འོད་དུ་ཞུ༔ བདག་དང་གནས་ལ་ཐིམ་པ་ཡིས༔ ཐ་མལ་སྣང་ཞེན་རབ་སྦྱངས་ཏེ༔ ཡེ་ཤེས་ཆེན་པོར་བྱིན་བརླབས་བསམ༔ ཞེས་གསལ་བཏབ། གསུམ་པ་སྒྲུབ་རྫས་ཉེ་བར་བསྙེན་པ་བུམ་པ་དང་དབང་རྫས་སྟ་གོན་ལ། སྤྲོ་ན་རྣམ་བུམ་ལྷ་གྲངས་ལྟར་བཅུ་གཅིག་གམ་མ་འབྱོར་ན་གཅིག་གིས་ཀྱང་རུང༌། ལས་བུམ་བཅས་འདུ་བྱས་པ་གུ་གུལ་གྱིས་བདུག་ཅིང་བི་ཤྭའི་སྔགས་དང་ཡུངས་ཐུན་གྱིས་བྲབ། བུམ་རྫས་སོ་ལྔ་དང་ལྡན་པའི་དྲི་བཟང་གི་ཆུས་སུམ་ཉིས་བཀང་བ་ལྷ་གྲངས་ཡོད་ན་དབུས་དང་ཕྱོགས་མཚམས་སུ་འགོད། གཅིག་གི་ཚེ་དཀྱིལ་འཁོར་དབུས་སུ་མཉྫི་ལ་བཀོད། ལས་བུམ་སློབ་དཔོན་གྱི་མདུན་དུ་བཞག་ལ་ཁ་རྒྱན་སོགས་ཀྱིས་བརྒྱན་པ་རྣམས། བསང་སྦྱང༌། སྟོང་པའི་ངང་ལས་པད་ཉིའི་སྟེང༔ ཁ་དོག་ལྔ་ལྡན་ཡི་གེ་བྷྲཱུྃ༔ ཡོངས་གྱུར་ཕྱི་ནི་རིན་པོ་ཆེའི༔ རང་བཞིན་བུམ་པ་བཟང་པོ་ཆེ༔ མཚན་ཉིད་ཡོངས་རྫོགས་འོད་དུ་འབར༔ ནང་ནི་ལྷ་ཚོགས་བཞུགས་པའི་གནས༔ དུར་ཁྲོད་གཞལ་མེད་ཁང་ཆེན་པོར༔ དཔལ་ཆེན་རྡོ་རྗེ་ཕུར་པ་ཡི༔ དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས༔ གཙོ་འཁོར་སྤྲུལ་པར་བཅས་པ་ཡི༔ རྟེན་དང་བརྟེན་པ་རབ་འབྱམས་ཀུན༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ བདེ་གཤེགས་དབང་བསྐུར་ཡེ་ཤེས་ལྔ༔ ཁྲག་འཐུང་རིགས་ལྔའི་ཕྱག་རྒྱར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཿ ཞེས་གསལ་ཏེ་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་ནི། ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་དབུས་བྲལ་བ་ནས༔ དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ འཇིགས་མཛད་རྡོ་རྗེ་གཞོན་ནུ་ཆེ༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་ས་མ་ཡ་ཛཿཛཿ ཧཱུྃ་ཧྲཱིཿ བདེ་ཆེན་དབྱིངས་ཀྱི་གཞལ་ཡས་དབུས༔ རང་སྣང་རིག་པའི་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བཞུགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ ཡུལ་དང་དབང་པོ་གཉིས་མེད་པ༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་བཞེས༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷཱུ་ཏུ་པཱུ་ཛ་ས་མ་ཡ་ཧོཿ མ་ཧཱ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ྄་ཕཊ྄་ཕཊ྄༔ ཧ་ཧ་ཧ༔ ཧཱུྃ༔ སྒེག་པ་དཔའ་བ་མི་སྡུག་རྡོ་རྗེའི་སྐུ༔ རྒོད་གཤེ་དྲག་ཤུལ་སྔགས་ཀྱི་སྒྲ་གདངས་ཅན༔ སྙིང་རྗེ་རྔམ་ཞི་ཡེ་ཤེས་སྲོག་ལྡན་པའི༔ ཕྲིན་ལས་འདུས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་གཟུངས་ཐག་བླང་ལ། རང་གི་ཐུགས་ལས་སྔགས་ཀྱི་ཕྲེང༔ རྡོ་རྗེའི་གཟུངས་ཐག་ལས་བརྒྱུད་དེ༔ བུམ་ལྷའི་ཐུགས་དམ་རྒྱུད་བསྐུལ་བས༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཔག་མེད་བྱུང་བས་བུམ་པའི་བཅུད༔ དངོས་གྲུབ་ཀུན་གྱི་སྙིང་པོར་གྱུར༔ ཞེས་གསལ་གདབ་ནས་བཟླས་པ་གཙོ་འཁོར་གྱི་འགྲོས་དང་སྦྱར་བ་ཅི་ནུས་མཐར་དབྱངས་གསལ་རྟེན་སྙིང༌། མཆོད་བསྟོད། ཡིག་བརྒྱ། ལྷ་རྣམས་ཆགས་པ་ཆེན་པོས་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ཏུ་གྱུར་པའི་ཁར་ས་བོན་འབྲུ་ལྔས་མཚན་པར་གྱུར། གཙོ་བོའི་སྙིང་པོ་བརྗོད་ལ་དུང་ཞལ་གྱི་དྲི་ཆུ་བུམ་པར་འབུལ་ལོ། །ལས་བུམ་ལ་དམིགས་ནས། ལས་བུམ་ནང་དུ་པད་ཉི་གནོད་སྦྱིན་སྟེང༌། །བདུད་འཁྱིལ་ལྗང་ནག་གཡས་སེར་གཡོན་དུད་ཁ། །ཕྱག་དྲུག་དང་པོས་རྡོ་རྗེས་བྷན་དམར་དཀྲུགས། །བར་པའི་ཕྱག་གཉིས་རྒྱ་གྲམ་དབྱུག་ཏོ་སྡིགས། །ཐ་མ་གཉིས་ཀྱིས་དྲག་པོའི་ཕུར་བུ་འདྲིལ། །རླུང་འབྱིན་ལྗང་ནག་གཡོན་ནས་འཁྲིལ་བའི་ཡུམ། །གཡས་པ་དྲིལ་འཁྱུད་གཡོན་པ་དུང་དམར་སྟོབ། །དུར་ཁྲོད་ཆས་ལྡན་མེ་དཔུང་ཀློང་དུ་གསལ། ཞེས་མོས་ལ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཕཊ྄། ཅེས་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ། བུམ་ལྷ་འོད་ཞུ་བདུད་རྩིར་གྱུར༔ ཞར་བྱུང་དུ་ཐོད་པ་མཚན་ལྡན་དུ་བདུད་རྩི་རིལ་བུ་དང་བཅས་པའི་མྱོས་བྱེད་ཀྱིས་བཀང་བའི་ཁ་མེ་ལོང་ལ་སྙིང་པོ་བྲིས་པས་བཀབ་པར། ཐོད་པ་གཞལ་ཡས་ཁང་དུ་ལྷ་རྣམས་རང་རང་གི་ཤེས་རབ་མ་དང་སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། རྩ་སྔགས་ལ། བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བེ་ཤ་ཡ་ཨ་ཨ༔ བཏགས་པ་ཉེར་གཅིག ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་དགུ་པའི་སྔགས་ཚར་བཅུ་ཙམ་གྱི་བྱིན་གྱིས་བརླབས། དབང་རྫས་རྣམས་དཀྱིལ་འཁོར་དང་ཉེ་བར་བཀོད་ལ། བསང་སྦྱང༌། སྟོང་པའི་ངང་ལས་དབང་རྫས་རྣམས་ངོ་བོ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་དཀྱིལ་འཁོར་གསུམ་གྱི་རང་བཞིན་ལ་རྣམ་པ་རིགས་ལྔ་ཡབ་ཡུམ་གྱི་དཀྱིལ་འཁོར་མ་འདྲེས་གསལ་རྫོགས་སུ་ཤར་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འདུས་པའི་ངོ་བོར་གྱུར། ཀཱི་ལ་ཡ་ཅུང་ཟད་བཟླ་ཞིང༌། ཡེ་དྷར་བརྗོད་ནས་མེ་ཏོག་འཐོར་བས་ལྷག་གནས་བྱའོ། །བཞི་པ་སྒྲུབ་ཡུལ་སྣོད་ཉེ་བར་བསྙེན་པ་སློབ་མ་སྟ་གོན་ནི། དཀྱིལ་འཁོར་ཡོལ་བས་སྒྲིབ། དེ་དང་ཉེ་བར་དཔུང་སྐུད། སོ་ཤིང༌། དོ་ར་པདྨ་འདབ་བརྒྱད་ཚོམ་བུ་ལྔས་སྤྲས་པ། ཁྱོར་ཆུ། ཀུ་ཤའི་ཆུན་པོ་ཆེ་ཆུང་གཉིས། སློབ་མ་མཆོད་པ་ཉེར་སྤྱོད་ལྔ་བཅས་འདུ་བྱས་ལ། སྣོད་དུ་རུང་བའི་སློབ་མ་རྣམས་བོས་ལ་སྒོ་དྲུང་དུ་སླེབ་པ་དང༌། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་ནས་དབྱུང༌། ནང་དུ་སླེབས་པ་དང་ལས་བྱང་ལྟར་བགེགས་བསྐྲད། སྲུང་འཁོར་གྱིས་མཚམས་བཅད་ལ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་མངོན་པར་དབང་བསྐུར་བ་ནོད་ནས་དོན་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། སློབ་དཔོན་ལ་ཡི་དམ་དངོས་སུ་འདུ་ཤེས་པས་གུས་པ་དང༌། རང་གི་སྒོ་གསུམ་བསྡམ་ཞིང་རྣམ་པར་མི་གཡེང་བར་རྩེ་གཅིག་པའི་ཡིད་དང་ལྡན་པ་སྟེ། ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་བཟང་པོ་དང་བཅས་ཏེ་གསན་འཚལ། དེ་ལྟར་གསན་དགོས་པའི་རྒྱུ་མཚན་ཡང་ཁམས་གསུམ་འཁོར་བ་ནི་མེ་ཡི་འོབས་ལྟ་བུ་སྟེ་གང་ལྷུང་ཐམས་ཅད་འཚིག་པའོ། །ཉོན་མོངས་པ་ནི་སྤུ་གྲིའི་སོ་དང་མཚུངས་ཏེ་གང་ལ་རེག་པས་གཅོད་པའོ། །འདོད་པ་ནི་དུག་གི་ལོ་མ་ལྟ་བུ་སྟེ་ཡུན་རིང་དུ་ཕུང་ཁྲོལ་ཆེན་པོ་བསྐྱེད་པའོ། །སྐྱེས་བུའི་ཚེ་ནི་འབབ་ཆུའམ་གློག་དང་འདྲ་སྟེ་མི་བརྟན་ཅིང་མྱུར་དུ་འཇིག་པའོ། །གཏན་དུ་བདེ་བ་ནི་མི་གནས་པའི་མྱང་འདས་ཡིན་པས་དེ་ཡི་གོ་འཕང་དོན་དུ་གཉེར་དགོས་ལ། དེ་ཐོབ་པར་བྱེད་པའི་ཐབས་ཐུན་མོང་མ་ཡིན་པ་དམ་པའི་ཆོས་སྒྲུབ་པའི་རྟེན་ཁྱད་པར་ཅན་དལ་འབྱོར་གྱི་མི་ལུས་ཐོབ་དགོས། དམ་པའི་ཆོས་དེའི་ཁྱད་པར་ཡང་ཚེ་གཅིག་གིས་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་ནུས་པ་གསང་སྔགས་རྡོ་རྗེ་ཐེག་པ་ལ་འཇུག་དགོས་ཏེ། སློབ་དཔོན་སངས་རྒྱས་གསང་བས། སངས་རྒྱས་མཆོག་གིས་ཆོས་གསུངས་པ། །འདུལ་བ་མདོ་སྡེ་མངོན་པ་དང༌། །རིག་པ་འཛིན་པའི་སྡེ་བཞིར་གནས། །ཞེས་སྡེ་སྣོད་ཆེན་པོ་བཞི་དང༌། སྤྱི་མདོ་དགོངས་པ་འདུས་པ་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུངས་པ་ལྟར་ཕྱི་ཀུན་འབྱུང་འདྲེན་པ། ནང་དཀའ་ཐུབ་རིག་བྱེད། གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་དང༌། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང༌། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་པ་ལྟར་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུའང་བསྡུ་ཞིང༌། དབྱེ་བསྡུ་གང་ལྟར་བྱས་ཀྱང༌། ལམ་བདེ་བ། དུས་མྱུར་བ། ཐབས་མང་བ་གསུམ་གྱིས་ཁྱད་པར་དུ་འཕགས་པ་ནི་རིག་པ་འཛིན་པའི་སྡེ་སྣོད་དམ། གསང་སྔགས་རྡོ་རྗེ་ཐེག་པ་ཉིད་ཡིན་ལ། དེ་ལའང་རྒྱུད་ལུང་མན་ངག་གི་རྣམ་བཞག་གསུམ་གྱི་ཕྱི་མོ་ནི་རྒྱུད་སྡེ་སྟེ། དེ་ལ་ཏནྟྲ་ཆེན་པོ་བཅོ་བརྒྱད་དུ་གྲགས་པའི་ཡ་གྱལ་ཕུར་པ་རོལ་པའི་རྒྱུད་ཀྱི་དགོངས་པ། སྒྲུབ་སྡེ་ལ་སྤྱི་དང་བྱེ་བྲག་གཉིས་ལས། བྱེ་བྲག་ཕྲིན་ལས་ཀྱི་རིགས་འཇིག་རྟེན་ལས་འདས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ལྔ་བཞུགས་པའི་སྒྲུབ་སྡེའི་གཙོ་བོ་ཕྲིན་ལས་ཕུར་པའི་ལྷ་འདི་ཉིད་རྒྱ་གར་དུ་སློབ་དཔོན་ཆེན་པོ་པྲ་བྷ་ཧསྟི། པཎ་ཆེན་བི་མ་ལ་མི་ཏྲ། སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝ་སོགས་ལ་བཀའ་བབ། བོད་གངས་ཅན་གྱི་ལྗོངས་སུའང་རྡོ་རྗེའི་སྐུ་བརྙེས་སློབ་དཔོན་བི་མ་ལས་ཕུར་པ་ཕུན་སུམ་ཚོགས་པ་དང༌། གཤམ་སྔོན་ཅན། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་རྗེ་འབངས་སྤྱི་དང་བྱེ་བྲག་ལ་བསྩལ་བ་ལས་བྱོན་པ་མཚོན་ཕུར་པ་བཀའ་གཏེར་གྱི་རིམ་པ་རྒྱ་ཆེ་མུ་མེད་པ་བཞུགས་པ་ལས། སྐབས་སུ་བབ་པ་འདི་ནི་གཙོ་བོ་སློབ་དཔོན་ཆེན་པོ་བི་མ་མི་ཏྲས་གཉགས་ཛྙཱ་ན་ཀུ་མཱ་ར་ལ་བསྩལ་ཞིང་པདྨའི་བཀའ་སྲོལ་གྱི་བྱིན་རླབས་ཀྱང་འདུས་པའི་རྡོ་རྗེ་ཕུར་པའི་མན་ངག །པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པའམ་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་ལ་བཀའ་བབ་པའི་ཟབ་མོ་གཏེར་གྱི་ཤིང་རྟ་ལས་བྱོན་པ་སྟེ། འདི་ལ་རྩ་བའི་སྨིན་བྱེད་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པའི་དང་པོ་དབང་བསྐུར་རྒྱས་པ། དེ་ལའང་སྔོན་འགྲོ་སྟ་གོན་དང༌། དབང་དངོས་གཉིས་ལས། ཐོག་མར་སྔོན་འགྲོ་སྟ་གོན་གྱི་རིམ་པ་ཞུ་བའི་ཆེད་དུ་མཎྜལ་འབུལ། ཞེས་མཎྜལ་ཕུལ། བླ་མ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་ཕྱག་སྙིམ་པ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དཔལ་རིག་འཛིན་ཆེ༔ ཁྲོ་བོ་ཆེན་པོ་བདག་ལ་དགོངས༔ རྡོ་རྗེའི་གདུང་དུ་སྒྲུབ་པའི་ཕྱིར༔ བདག་ཅག་དཀྱིལ་འཁོར་ཆེར་འཇུག་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྐབས་ཕྱེ་བ་དང་བཅས་གནང་བ་སྦྱིན་པ་དང་སྤྲོ་བ་བསྐྱེད་པ་འདི་ལ་གསན་འཚལ། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་ཉམས་མེད་དེས། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེས་བཅོམ་སྟེ། །འཇིག་རྟེན་མཐུན་པར་གཤེགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངག་འདས། །དེ་བས་ཀུན་མཁྱེན་འཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལ་སངས་རྒྱས་བྱང་སེམས་དང་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་གཏིབ་པ་ལྟ་བུས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་བདག་གཞན་འགྲོ་ཀུན་སྒོ་གསུམ་འཇུག་པ་གཅིག་པས་དུས་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་སོགས་འགྲོ་ཀུན་སོགས། ལན་གསུམ། མཁའ་ཁྱབ་ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ཟུང་འཇུག་གི་སེམས་བསྐྱེད་ཀྱི་འཕེན་པས་སངས་རྒྱས་ཀུན་གྱི་རྣམ་ཐར་དང་ཕྲིན་ལས་རྫོགས་པར་འཛིན་སྙམ་པས་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན་སོགས། ལན་གསུམ། ཡུལ་མཆོག་དེ་དག་གི་སྤྱན་སྔར་བསགས་སྦྱང་སྤེལ་གསུམ་གྱི་ཐབས་ཁྱད་པར་ཅན་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ལན་གསུམ། དེ་ནས་རིགས་ལྔ་སྤྱི་དང་བྱེ་བྲག་གིས་བསྡུས་པ་སོགས་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་དམ་ཚིག་དང་སྡོམ་པ་རྣམས་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཇི་ལྟར་དུས་གསུམ་མགོན་པོ་རྣམས༔ བྱང་ཆུབ་ཏུ་ནི་ངེས་མཛད་པའི༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སངས་རྒྱས་རྣལ་འབྱོར་སྡོམ་པ་ལ༔ ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༔ དགེ་བའི་ཆོས་ནི་སྡུད་པ་དང༔ སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ༔ བདག་གིས་བརྟན་པོར་གཟུང་བར་བགྱི༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ དེང་ནས་བརྩམས་ཏེ་གཟུང་བར་བགྱི༔ ནམ་དུ་ཡང་ནི་མི་སྤང་ངོ༔ རྡོ་རྗེའི་རིགས་མཆོག་ཆེན་པོ་ལ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༔ ཡང་དག་ཉིད་དུ་གཟུང་བར་བགྱི༔ སློབ་དཔོན་དག་ཀྱང་གཟུང་བར་བགྱི༔ རིན་ཆེན་རིགས་མཆོག་ཆེན་པོ་ཡི༔ དམ་ཚིག་ཡིད་དུ་འོང་བ་ལ༔ ཉིན་རེ་བཞིན་དུ་དུས་དྲུག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ བྱང་ཆུབ་ཆེན་པོ་ལས་བྱུང་བའི༔ པདྨའི་རིགས་ཆེན་དག་པ་ལ༔ ཕྱི་ནང་གསང་བ་ཐེག་པ་གསུམ༔ དམ་པའི་ཆོས་ནི་གཟུང་བར་བགྱི༔ ལས་ཀྱི་རིགས་མཆོག་ཆེན་པོ་ལ༔ སྡོམ་པ་ཐམས་ཅད་ལྡན་པར་ནི༔ ཡང་དག་ཉིད་དུ་གཟུང་བར་བགྱི༔ མཆོད་པའི་ལས་ཀྱང་ཅི་ནུས་བགྱི༔ བླ་ན་མེད་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་བགྱིས་ནས༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བདག་གིས་སྡོམ་པ་མ་ལུས་གཟུང༔ མ་བརྒལ་བ་རྣམས་བསྒྲལ་བར་བགྱི༔ མ་གྲོལ་བ་རྣམས་བདག་གིས་དགྲོལ༔ དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༔ སེམས་ཅན་མྱ་ངན་འདས་ལ་འགོད༔ ལན་གསུམ། དངོས་གྲུབ་ཀྱི་ལྟས་བརྟགས་པའི་ཕྱིར་ཨུ་དུམ་ཝཱ་ར་ལ་སོགས་པའི་སོ་ཤིང་དྲང་པོ་སོར་བཅུ་གཉིས་པ་དྲི་ཡིས་བྱུགས་ཤིང་རྩེ་མོར་མེ་ཏོག་གི་ཕྲེང་བས་བཅིངས་པ་འདི་ཉིད་ཁྱེད་རང་རྣམས་ཁ་ཤར་དུ་ཕྱོགས་པས་མཎྜལ་ཉིད་གདོད་ནས་གྲུབ་པའི་རིགས་ལྔའི་དཀྱིལ་འཁོར་དུ་དངོས་སུ་མོས་ལ། སོ་ཤིང་རྩེ་མོས་སོ་དྲུད་པས་ཚེ་འཁོར་བ་ཐོགས་མེད་ནས་བསགས་པའི་སྡིག་པ་ཐམས་ཅད་སྨན་པ་མཁས་པས་སྐྱུག་སྨན་བཏང་བ་བཞིན་སྐྱུག་པར་བསམ་ལ་ཚིག་འདིའི་རྗེས་ཟློས་དང་བཅས་པས་འདོར་བར་ཞུ། ལུས་ཀྱི་དྲི་མ་སྦྱང་བའི་ཕྱིར༔ བྱང་ཆུབ་དམ་པའི་སོ་ཤིང་འདི༔ རྡོ་རྗེའི་རིགས་ཀྱི་བུ་ལ་སྦྱིན༔ ཕུང་པོ་རྡོ་རྗེའི་ལུས་སྒྲུབ་ཕྱིར༔ འཆོས་ལ་དཀྱིལ་འཁོར་འདི་རུ་དོར༔ བཛྲ་ཧ་ས་ཧ༔ ཞེས་བརྗོད་དེ་དོར་དུ་གཞུག དེ་ལྟར་སོ་ཤིང་གི་རྩེ་མོ་དེ་ཉིད་རང་ངམ་བླ་མ་ལ་བསྟན་ན་མཆོག །ཕྱོགས་བཞིར་ལས་བཞི། སྟེང་དུ་མཁའ་སྤྱོད། འོག་དང་མཚམས་བཞིར་ས་འོག་གི་གཏེར་དང༌། བུམ་པ་བཟང་པོ་སོགས་དངོས་གྲུབ་ཅི་རིགས་ཐོབ་པར་འགྱུར་རོ། །བྃ་ལས་བྱུང་བའི་དྲི་བཟང་གི་ཆུ་ཉིད་ཁྱོར་བར་ལན་གསུམ་བྱིན་ནས་བཏུང་བའི་ལྷག་མ་རྒྱབ་ཏུ་དོར་བས་ངག་གི་ཉེས་སྐྱོན་ཐམས་ཅད་སང་སང་དག་པར་མོས་མཛོད། རྡོ་རྗེ་ལས་ཀྱི་འབར་བའི་ཆུ༔ སྐལ་པ་ལྡན་པས་བཏུང་ནས་ཀྱང༔ མི་ཤེས་ངག་གི་དྲི་སྦྱངས་ཏེ༔ རྡོ་རྗེའི་ཛཔ་ཏུ་རྟོགས་པར་གྱིས༔ ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་པ་པཱྃ་བི་ཤུདྡྷ་ནི་ཙ་སྱ་བི་ཤྭ་དྷ་ཡ་སརྦ་བི་ཀལྤ་མ་ན་ཡ་ཧཱུྃ༔ ཞེས་ཁྱོར་ཆུ་སྦྱིན། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲད་བུ་ཁ་དོག་ལྔ་པ་རྡོ་རྗེའི་སློབ་མའི་ལུས་ཚད་དང་མཉམ་པ་ལྔ་སྒྲིལ་བྱས་པ་རྡོ་རྗེའི་མདུད་པ་ལྔ་བཏབ། དེ་ལ་ཧཱུྃ་ཨོཾ་སྭཱ་ཨཱྃཿཧཱ་ལྔ་བཀོད་པ་དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་དེ་བཞིན་གཤེགས་པ་ལྔ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཡིག་འབྲུ་རྣམས་ལ་ཐིམ། དེ་འོད་དུ་ཞུ་ནས་སྲད་བུ་ལ་ཐིམ་པས་རིགས་ལྔའི་སྲད་བུར་གྱུར། རྡོ་རྗེ་རང་བྱུང་ཡེ་ཤེས་ཀྱི༔ མི་ཤིགས་འཆིང་བྱེད་སྲད་བུའི་གཟུགས༔ ཁྱོད་ལ་བཅིངས་པས་བར་ཆད་ཐུབ༔ ཡེ་ཤེས་དག་པའི་དེ་ཉིད་སྟོན༔ ལས་ཀྱི་ཁྲོ་བོའི་སྔགས་བརྗོད། རྡོ་རྗེ་རྒྱ་གྲམ་དུ་བཞག །ལས་ཀྱི་ཆུ་འཐོར་བར་བྱ། དེ་ལྟར་མངོན་པར་བསྔགས་པའི་སྲད་བུ་ཉིད་སྐྱེས་པའི་དཔུང་པ་གཡོན། བུད་མེད་ཀྱི་གཡས་སུ་བཅིངས་པས་བར་ཆད་ཐམས་ཅད་སྲུང་བའི་མོས་པ་མཛོད། རྨི་ལམ་མི་འཁྲུགས་པར་བྱ་བའི་ཕྱིར་བྱུར་དང་མི་གཙང་བ་ཐམས་ཅད་འཇོམས་པར་བྱེད་པ་དྷཱིཿདང་ཧཱུྃ་ལས་སྐྱེས་པའི་དག་བྱེད་མཆོག་ཏུ་དགེ་བའི་རྩྭ་མཆོག་ཀུ་ཤའི་ཆུན་པོ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོད་དུ་བྱིན་པ་ལོངས་ལ་བླ་མ་དང་དཀྱིལ་འཁོར་ལ་མགོ་ཕྱོགས་པས་དོ་ནུབ་སེང་གེའི་ཉལ་སྟབས་ཀྱིས་ལྷག་པའི་ལྷ་ཡིད་ལ་དྲན་པས་དངོས་གྲུབ་དང་མཐུན་པའི་རྨི་ལམ་བསྟན་དུ་གསོལ་སྙམ་པས་ཉལ་ན་རྨི་ལམ་གྱི་མཚན་མ་གང་ཡང་རུང་བ་ཞིག་འབྱུང་བར་འགྱུར་རོ། །བུ་ཀྱཻ་ཀུ་ཤ་དགེ་བ་འདི༔ ཁྱོད་ལ་གཙང་བྱེད་སྔས་དང་སྟན༔ སྦྱིན་གྱིས་ལེགས་པར་ཉལ་ནས་ཀྱང༔ དཀྱིལ་འཁོར་མཆོག་ཏུ་འཇུག་པར་རུང༔ ཞེས་ཀུ་ཤའི་ཆུན་པོ་ལག་གཉིས་སུ་གཏད། ཕྱིར་མི་ལྡོག་པ་ཟབ་མོའི་ཆོས་བཤད་པ་འདི་ལ་གསན་པས་ཁྱབ་པར་གདའ། ཨེ་མ་བུ་ཁྱོད་སྐལ་པ་ལྡན༔ འཇིག་རྟེན་ཁམས་ན་ཨུ་དུམ་ཝར༔ སངས་རྒྱས་འབྱུང་བ་ཤིན་ཏུ་དཀའ༔ དེ་བས་རྡོ་རྗེ་ཐེག་འདི་ནི༔ སྐལ་པ་མཆོག་གི་རིགས་ཅན་ལས༔ ནམ་དུ་ཡང་ནི་མི་འབྱུང་ཞིང༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ངེས་པའི་གསང་བ་བླ་མེད་པའི༔ རྙེད་པ་ཆེན་པོ་དེ་རིང་རྙེད༔ འདི་ནི་དབང་པོ་མཆོག་གི་ལམ༔ རྨད་དུ་བྱུང་བའི་ཐབས་མང་ཞིང༔ རིང་པོར་མི་ཐོག་མངོན་འཚང་རྒྱ༔ དཀའ་ཐུབ་གདུང་བ་དང་བྲལ་ཏེ༔ ཟུང་འཇུག་ཡེ་ཤེས་ཚེ་འདིར་བསྐྱེད༔ དེ་ཕྱིར་ཁྱེད་རྣམས་སྤྲོ་དགའ་བསྐྱེད༔ སང་ནི་དཀྱིལ་འཁོར་ཡང་དག་འཇུག༔ བློ་གྲོས་ངེས་པར་སྨིན་པའི་ཚེ༔ རྣལ་འབྱོར་ཟབ་མོར་འཇུག་པར་གྱིས༔ དེ་ནས་གཞི་ལུས་དང་བཅས་པའི་སྒོ་གསུམ་ལྷ་ཡི་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབ་པ་ཡིན་པས་དམིགས་པ་འདི་ལྟར་གསལ་ཐོབ་ཅིག །ཅེས་གདམས། སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོར་དྲིལ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པར་གྱུར། དྲིའི་ཐིག་ལེ་གནས་གསུམ་དུ་བྱས་ལ། སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་གིས་མཚན་པར་གྱུར། སློབ་མ་རྣམས་ཀྱིས་བདེན་གཉིས་ཟུང་འཇུག་ཏུ་སེམས་བསྐྱེད་པའི་མོས་པ་མཛོད། ཨོཾ་བོ་དྷི་ཙིཏྟ་ཨུ་པ་ད་ཡ་མི༔ དེ་བརྟན་པར་བྱེད་པའི་ཕྱིར་སློབ་དཔོན་གྱིས་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཞག་སྟེ། སུ་ར་ཏི་ས་མ་ཡ་སྟྭཾ་སིདྡྷི་བཛྲ་སད་ཐ་སུ་ཁཾ༔ དེ་ལྟར་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་པ་དེ་མཆོད་པའི་ཡུལ་དུ་བཟུང་བས་དབུ་ལ་མེ་ཏོག །ཤངས་ལ་བདུག་སྤོས། སྤྱན་ལམ་དུ་མར་མེ། ཐུགས་ཀར་དྲི་ཡི་བྱུག་པ། ཞས་ཟས་ལྗགས་ལ་ཕུལ་བས་མཆོད་པར་མོས། མཆོད་པ་རྣམས་གནས་སོ་སོར་འབུལ་ཚུལ་བྱ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཧོཿ ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཧོཿ ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་ཧོཿ ཨོཾ་བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་ཧོཿ ཞེས་མཆོད་ནས། དེས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་སྨིན་བྱེད་དབང་གི་སྔོན་འགྲོ་སློབ་མ་སྟ་གོན་གྱི་ཆོས་རྣམས་ངེས་པར་གྲུབ་པ་ལགས་པས་དགེ་བ་རྫོགས་བྱང་དུ་བསྔོ་བར་ཞུ། ཞེས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གཏང་ངོ༌། །གསུམ་པ་སྒྲུབ་པ་ལ་བཞི་ལས། སྒྲུབ་གཞི་དཀྱིལ་འཁོར་འདུ་བྱ་བ། སྒྲུབ་ཆོས་རྟེན་དང་རྒྱན་བཀོད་པ། སྒྲུབ་པ་བསྐྱེད་བཟླས་ཀྱིས་གཞུང་བསྲང་བ། སྒྲུབ་པའི་ཁྱད་པར་ལས་ལ་སྦྱར་བའོ། །དང་པོ་གཉིས་སོ་སོར་དབྱེ་ན་ཚོགས་སྒྲུབ་ཀྱི་ཁོག་དབུབ་དང་སྦྱར་ཏེ་སྨིན་ལམ་སྒྲུབ་དབང་ཆེན་མོའི་ཕྱག་བཞེས་ཡོད་ཀྱང༌། སྐབས་འདིར་སློབ་མ་རྗེས་འཛིན་ཁོ་ན་དབང་རྐྱང་དེང་སང་གི་ཕྱག་བཞེས་ལྟར་ས་བཅད་དང་པོ་གཉིས་གཅིག་ཏུ་བསྡུས་ཏེ་འཆད་པ་ལ། སྟེགས་བུའི་སྟེང་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་བཀྲམ་པའི་དབུས་སུ་མཉྫིའི་ཁར་སྟ་གོན་བྱས་པའི་བུམ་པ་ལྷ་གྲངས་ཡོད་ན་གཙོ་འཁོར་མ་ནོར་བར་བཀོད། རྣམ་རྒྱལ་བུམ་པ་གཅིག་ལས་མེད་ན་དཀྱིལ་འཁོར་དབུས་སུ་མཉྫིའི་ཁར་བཤམ། ཤར་དུ་རིན་པོ་ཆེའི་དབུ་རྒྱན། ལྷོར་རྡོ་རྗེ། ནུབ་ཏུ་དྲིལ་བུ། བྱང་དུ་རྡོར་དྲིལ་ལྷན་ཅིག་པ། མཚམས་སུ་གསང་དབང་གི་ཐོད་པ་བདུད་རྩིས་བཀང་བ། རིག་ཙཀ །ཤེལ་རྡོ་རྣམས་བཀོད། མདུན་ཕྱོགས་གང་བདེར་སྨན་རཀ་གཏོར་གསུམ་ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། ཕྱོགས་གང་བདེར་རྗེས་གནང་ཆས་གདུགས། གླེགས་བམ། དྲིལ་བུ། དུང་དཀར། འཁོར་ལོ་རྣམས་དང༌། མིག་དར། མེ་ཏོག །མིག་ཐུར། ཕྱག་ཤིང༌། ལས་བུམ་བཅས་དང༌། སྔོན་འགྲོའི་བགེགས་གཏོར། ཚོགས་ཀྱི་ཡོ་བྱད། གཏོར་འབུལ་སོགས་སྤྱི་ལྟར་ཚོགས་པར་བྱའོ། །གསུམ་པ་སྒྲུབ་པ་བསྐྱེད་བཟླས་ཀྱི་གཞུང་བསྲང་བ་ནི། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ལས་བྱང་ལྟར་བཟླས་པའི་བར་མཐར་ཆགས་སུ་བཏང༌། ལས་བྱང་དཀྱུས་ལྟར་ཛཔ་ཁང་དབྱེ། ཛཔ་བསྐུལ་དང་བཅས་བསྙེན་སྒྲུབ་ལས་ཀྱི་བཟླས་པའི་གཞུང་བསྲང༌། ཁྱད་པར་སྒྲུབ་པའི་ཛཔ་བཟླས་མང་དུ་བྱ། སྟ་གོན་སྐབས་ལྟར་བུམ་པ་ཡང་བསྒྲུབ། མཐར་གཏང་རག་གི་མཆོད་བསྟོད་དང༌། སྲུང་མའི་གཏོར་ཆོག །ཚོགས་བྱིན་རླབས་ནས་རོལ་པའི་བར་བྱའོ། །བཞི་པ་སྒྲུབ་པ་ཆེན་པོ་ལ། བདག་དོན་དུ་དངོས་གྲུབ་བླང་བ། གཉིས་དོན་དུ་དབང་བླང་བ། གཞན་དོན་དུ་སློབ་མ་གཞུག་པ་གསུམ་ལས། དང་པོ་ནི་བསྙེན་སྒྲུབ་ཀྱི་ཡི་གེ་དག་ཏུ་བཤད་པས་ཤེས་པར་བྱ་དགོས་ལ། གཉིས་པ་དབང་ཆོག་རྒྱས་པ་ལྟར་རམ། བསྡུ་ན་དོན་དབང་སྙིང་པོའི་ཚུལ་དུ་སློབ་དཔོན་བདག་ཉིད་འཇུག་པའམ་རིག་པའི་མེ་ཏོག་དོར་ལ་སློབ་མ་འཇུག་པར་གནང་བ་ཞུ། གསུམ་པ་ལ་དངོས་དང་རྗེས་རིམ་གཉིས་ལས། དང་པོ་ནི། དཀྱིལ་འཁོར་ཡོལ་བས་སྒྲིབ་ལ་སློབ་མ་རྣམས་བོས་ཏེ་ཁྲུས་ནས་དབྱུང༌། ལས་བྱང་ལྟར་བཀའ་བསྒོ་དང་དྲག་སྔགས་གུལ་ཡུངས་དང་བཅས་པས་བགེགས་བསྐྲད། སྲུང་འཁོར་བསྒོམ་པས་མཚམས་བཅད། གྲལ་ལ་འཁོད་ནས་མེ་ཏོག་བཀྱེ་བསྡུ་དང་བཅས། གང་གསན་པར་བྱ་བའི་ཆོས་ནི་འཇིག་རྟེན་དབང་ཕྱུག་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཕྱག་མཚན་དུ་བཞེས་པའི་གངས་ཅན་བོད་ཀྱི་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པའི་ཉིན་བྱེད་དྲངས་པར་མཛད་པའི་ཆོས་རྒྱལ་ལོ་པཎ་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱིས་ཐོག་མར་བསྒྱུར་བཤད་འཆད་ཉན་གྱིས་གཏན་ལ་ཕབ་པ་སྔ་འགྱུར་རྙིང་མ་དང༌། རྒྱུད་དང་མན་ངག་ཁྱད་པར་ཅན་ཕྱིས་སུ་དྲངས་པ་ལ་ཕྱི་འགྱུར་གསར་མ་སྟེ། བཀའ་སྲོལ་འདྲེན་པའི་ཤིང་རྟ་གཉིས་སུ་བྱོན་པ་ལས། སྐབས་འདིར་ཆེ་བ་དྲུག་གིས་ཁྱད་པར་དུ་འཕགས་པ་སྔགས་རྙིང་མའི་རིང་ལུགས་སུ་གཏོགས་པ་སྟེ། དེ་ལའང་ཞལ་ནས་གསུངས་པའི་བཀའ་མ། རྗེས་སུ་གནང་བའི་གཏེར་མ། བྱིན་གྱིས་བརླབས་པའི་དག་སྣང་སྟེ་བརྒྱུད་པའི་ཁྱད་པར་གསུམ་དུ་དབྱེར་ཡོད་པ་ལས། སྔ་མ་ལའང་རྒྱུད་ལས། ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན། །ཕུར་པ་ལུང་གི་བླ་མ་ཡིན། །ཕུར་པ་མན་ངག་ངེས་པའི་དོན། །ཞེས་གསུངས་པ་ལྟར་རྒྱུད་རྡོ་རྗེ་ཁྲོས་པ་ཀློང་ཆེན་པོ་བཅོ་བརྒྱད། ལུང་ཉི་ཤུ་རྩ་གཅིག །མན་ངག་བརྒྱ་རྩ་བརྒྱད་སོགས་གསུངས། རྒྱུད་སྡེ་ལའང་རྩ་བཤད་མན་ངག་གིས་དབྱེ་ན། རྡོ་རྗེ་ཕུར་པ་ལ་རྩ་བ་ལྟ་བུའི་རྒྱུད་གསུམ། བཤད་པའི་རྒྱུད་ལྔ། ཆ་མཐུན་གྱི་རྒྱུད་གསུམ། རྒྱུད་ཕྱི་མ་གཉིས། ཕྱི་མའི་ཕྱི་མ་གསང་བ་སྡེ་དྲུག །བསྟན་བྱའི་ལམ་གྱི་རིམ་པ་གཙོ་ཆེ་ཆུང་གིས་དབྱེ་ན། བསྐྱེད་རིམ་གཙོ་བོར་སྟོན་པའི་རྒྱུད་ལྔ། རྫོགས་རིམ་གཙོ་བོར་སྟོན་པའི་རྒྱུད་ལྔ། ལ་བཟླ་བའི་རྒྱུད་ལྔ། དྲག་པོ་རྨེ་ཐབས་ཅན་གྱི་རྒྱུད་གཉིས། ཕྲིན་ལས་གཙོ་བོར་སྟོན་པ་འབུམ་རྐོས་དང་སུམ་ཅུ་རྩ་བདུན་ཡོད་པར་སློབ་དཔོན་ལང་ལབ་ཀྱིས་བཞེད་པ་སོགས་དབྱེར་ཡོད་ཅིང༌། གང་ལྟར་ཡང་རྡོ་རྗེ་ཁྲོས་པའི་རྩ་བཤད་ལས། འདི་ལ་བརྟེན་པའི་གང་ཟག་རྣམས། །ཐམས་ཅད་གྲོལ་འགྱུར་ཐེ་ཚོམ་མེད། །རྡོ་རྗེ་ཁྲག་འཐུང་ང་ཉིད་ཀྱི། །ཡི་གེ་ཧཱུྃ་ཙམ་བཟླས་པ་དང༌། །བར་ཆད་བདུད་ཀྱིས་མི་ཚུགས་ཤིང༌། །མཚན་མ་འགྲུབ་པར་ཐེ་ཚོམ་མེད། །རྡོ་རྗེ་ཅན་གྱི་ཞིང་དུ་སྐྱེ། །ལྷ་རྣམས་ཀུན་ལ་དབང་བྱེད་འགྱུར། །འདི་སྒྲུབ་པ་ཡི་གང་ཟག་རྣམས། །སྔར་ནས་སྦྱངས་པར་ཐེ་ཚོམ་མེད། །ཚེ་གཅིག་འདི་ལ་བརྩོན་ལྡན་པས། །འཁོར་བར་མི་ལྡོག་མངོན་སངས་རྒྱ། གང་ཞིག་དབང་དང་མན་ངག་ཐོབ། །སྐད་ཅིག་ཙམ་ཞིག་མོས་གྱུར་ན། །འཆི་བ་ཞེས་ནི་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་འགྱུར། །གང་ཞིག་འདི་ལ་མོས་པ་ཙམ། །དབང་དང་དམ་ཚིག་འཛིན་གྱུར་ན། །སྐྱེ་བདུན་ཉིད་ནས་སངས་རྒྱས་འགྱུར། །སྐྱེ་བ་གཞན་གྱིས་བར་མི་ཆོད། །འདི་ལ་ཐེ་ཚོམ་ལེ་ལོ་སྤངས། །བརྩོན་འགྲུས་དད་ལྡན་ཅན་གྱིས་སྒྲུབས། །རྒྱུད་ནི་རྟག་ཏུ་གསང་བར་བྱ། །མཁའ་འགྲོའི་ཚོགས་ཀྱིས་བསྲུང་བར་འགྱུར། །ཞེས་འབྱུང་བ་ལྟར་ཆེས་ཟབ་ཅིང་རྒྱས་ལ་རྣོ་ཞིང་མྱུར་བའི་ཆོས་སྒོ་འདི་ཉིད་ཀྱི་རྒྱུད་ལུང་མན་ངག་ཐམས་ཅད་གུ་རུ་རིན་པོ་ཆེ་ལ་ལྷག་པར་དུ་བཀའ་བབ་སྟེ། བདག་ཉིད་ཆེན་པོ་སློབ་དཔོན་པདྨ་ཐོད་ཕྲེང་རྩལ་གྱིས་གདུལ་བྱ་དྲང་བའི་དོན་དུ་སློབ་དཔོན་པྲ་བྷ་ཧསྟི་ལས་ཕྲིན་ལས་ཕུར་པའི་ཆོས་སྐོར་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་པའི་ཚུལ་བསྟན། བལ་ཡུལ་ཡང་ལེ་ཤོད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་གྱི་གོ་འཕང་མངོན་དུ་མཛད་སྐབས་བར་ཆད་བསལ་ཞིང༌། གངས་ཅན་གྱི་ལྗོངས་སུ་ལྷ་སྲིན་དམ་ལ་བཏགས་ཤིང༌། ས་གཞི་བཏུལ་བ་སོགས་ཐམས་ཅད་ལྷ་འདིའི་སྐུར་བཞེངས་ནས་མཛད། རྡོ་རྗེའི་སྐུ་བརྙེས་པ་བི་མ་ལས་ཕུར་པའི་རྒྱུད་ཕུན་སུམ་ཚོགས་པ་དང༌། གཤམ་སྔོན་ཅན་གཉིས་ཀྱི་སྒྲུབ་ཐབས་དང་མན་ངག་གཉགས་ལོ་ཡེ་ཤེས་གཞོན་ནུ་ལ་གནང་ཞིང་གཉགས་ཆེན་གྱིས་ཕུར་པ་གདེང་པ་ཙམ་གྱིས་འཛམ་གླིང་གི་བྱ་རོག་བསྡུས་པ་དང༌། སྐུ་དགྲ་མངོན་སྤྱོད་ཀྱིས་ཚར་བཅད་པ་སོགས་གྲུབ་རྟགས་མངོན་དུ་མཛད་དེ་སོག་པོ་དཔལ་གྱི་ཡེ་ཤེས་སོགས་ལས་རིམ་པར་བརྒྱུད་དེ་བཀའ་མ་ཕུར་པ་རྒྱལ་པོ་ལུགས། ཇོ་མོ་ལུགས། ལྕམ་ལུགས། གཉགས་ལུགས། རོང་ཟོམ་ལུགས། རོག་ལུགས། འཁོན་ལུགས་སོགས་མཐའ་ཡས་པ་དང༌། གཉིས་པ་ནི་ཁྱད་པར་གསུམ་ལྡན་ཟབ་མོ་གཏེར་གྱི་ཤིང་རྟ་སྟེ། དེ་ལས་བྱོན་པའི་ཟབ་ཆོས་ལའང༌། དབང༌། རྒྱུད། བསྐྱེད་རྫོགས། མན་ངག་གི་སྒོ་མི་འདྲ་བ་བསམ་ལས་འདས་པར་བྱོན་པ་ཀུན་ཀྱང་བསྡུ་ན་སྒྲུབ་སྡེ་ཆེན་པོ་བཀའ་བརྒྱད། སྤྱི་དྲིལ་དང་བཅས་པ་དགུ་རུ་གྲགས་པ་ལས། འདི་ནི་ཕྲིན་ལས་ཀྱི་རིགས་སྒོས་སུ་སྒྲུབ་པ་ཀརྨ་ཧེ་རུ་ཀ་བདུད་འདུལ་ཕུར་པ་རོལ་པའི་སྒྲུབ་སྡེ་སྟེ། ཟབ་གཏེར་གྱི་ཤིང་རྟ་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག །རཏྣ་གླིང་པ། རིག་འཛིན་དངོས་གྲུབ་རྒྱལ་མཚན་སོགས་ཀྱི་གཏེར་བྱོན་སྤུ་གྲི་རྣམ་གསུམ། ཡང་གསང་རྣམ་གསུམ་ལ་སོགས་པ་རྒྱུད་ལུང་མན་ངག་གི་དགོངས་པ་རྒྱས་བསྡུས་དུ་མ་ཞིག་གཏེར་ཁ་ཀུན་ལས་མ་བྱོན་པ་མེད་པ་ལྟ་བུ་མཐའ་ཡས་པ་ལས། སྐབས་སུ་བབ་པ་འདི་ནི་རྒྱལ་བ་ཀུན་གྱི་མཛད་པ་རླབས་པོ་རྗེས་སུ་སྒྲུབ་པ་ལ་རྨད་དུ་བྱུང་བའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ཐོབ་པ་རྗེ་བཙུན་འཇམ་དཔལ་དབྱངས་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོའི་རྣམ་པར་རོལ་པ་ཀུན་མཁྱེན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཉིད་ཀྱིས་གངས་ཅན་དུ་བཞུགས་སོ་འཚལ་གྱི་རྡོ་རྗེ་ཕུར་པ་བཀའ་གཏེར་ཡོངས་རྫོགས་ཀྱི་སྨིན་གྲོལ་གསན། དེ་ཐམས་ཅད་བསྙེན་སྒྲུབ་ཉམས་བཞེས་དཔྱིས་ཕྱིན་པར་གནང་བས་བླ་མ་དང་ལྷག་པའི་ལྷ་ཡིས་བྱིན་གྱིས་བརླབས་པའི་རྟགས་མཚན་ཁྱད་པར་ཅན་དུ་མ་དང༌། ལྷག་པར་དགུང་གྲངས་དགུར་ཕེབས་སྐབས་སུ་སློབ་དཔོན་རིན་པོ་ཆེ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱིས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་བར་ཆད་བསལ་ཞིང་སྙན་བརྒྱུད་ཡང་ཕུར་སྦྲག་མའི་བཀའ་བབ་པ་དང༌། སློབ་དཔོན་པྲ་བྷ་ཧསྟི་དང༌། བདུད་འདུལ་ཤཱཀྱ་སེང་གེ་དབྱེར་མེད་པ་ལས་སྙན་བརྒྱུད་ཕྲིན་ལས་ཕུར་པའི་གནད་ཏིག་དངོས་སུ་གསན་པ་དང༌། རྡོ་རྗེ་ཕུར་པའི་གྲུབ་བརྙེས་ཟམ་མ་ཆད་པའི་བླ་མ་ས་ཆེན་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་བཀའ་མ་འཁོན་ལུགས་ཕུར་པའི་སྨིན་གྲོལ། ཕུར་པ་རྩ་དུམ་གྱི་བཤད་རྒྱུད་དང་བཅས་ཉེ་བརྒྱུད་དུ་གསན་པ་སོགས་ངོ་མཚར་རྨད་དུ་བྱུང་བའི་བདག་ཉིད་ཆེན་པོ་དེ་ཉིད་ཀྱི་གསང་གསུམ་རྡོ་རྗེ་བཀོད་པས་བྱིན་གྱིས་བརླབས་པ་ལས། མདོ་ཁམས་གནས་ཆེན་ཉེར་ལྔའི་བྱེ་བྲག་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་རི་ཞོལ་གྱི་གནྡྷོ་ལ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་གྱིས་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པའམ་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་ལ་དངོས་སུ་གཏད་པའི་ཤོག་སེར་ལས་གཏན་ལ་ཕབ་པའི་རྡོ་རྗེ་ཕུར་པ་པཎ་ཆེན་བི་མ་ལ་མི་ཏྲས་གཉགས་ཆེན་ཛྙཱ་ན་ཀུ་མཱ་རར་སྙན་བརྒྱུད་གསང་བའི་ཐུགས་དམ་དུ་གདམས་ཤིང༌། གུ་རུ་རིན་པོ་ཆེ་པདྨ་ཐོད་ཕྲེང་དང་མཚོ་རྒྱལ་གྱི་ཐུགས་བཅུད་ཀྱང་ཆུ་བོ་གཅིག་འདྲེས་སུ་འདུས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སྡེའི་ བྱིན་རླབས་ཀྱི་ཚན་ཁ་ཐོབ་སྟེ་ལུང་ཟིན་རྩ་བའི་ཆོས་བདག་འཇམ་མགོན་བླ་མ་རིན་པོ་ཆེར་ཕུལ་བས་དགྱེས་བཞེས་ཀྱིས་རྟེན་འབྲེལ་ལེགས་ཚོགས་སྨིན་པའི་རྡོ་རྗེ་ཕུར་པའི་རྩ་བའི་དབང་བསྐུར་ཞུ་བའི་ཆེད་དུ་མཎྜལ་ཕུལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་དད་མོས་གདུང་ཤུགས་དྲག་པོས་པུས་བཙུགས་ཐལ་སྦྱར་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ཕྲིན་ལས་སྟོབས་རྫོགས་ཀཱི་ལ་ཡ༔ དཔལ་ཆེན་ཀརྨ་ཧེ་རུ་ཀའི༔ དཀྱིལ་འཁོར་གཉན་པོར་འཇུག་པར་འཚལ༔ ལན་གསུམ། སྐྱབས་འགྲོ་སེམས་བསྐྱེད། ཡན་ལག་བརྒྱད་པའི་བསགས་སྦྱང༌། སྡོམ་བཟུང༌། རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པ་བཅས་སྟ་གོན་སྐབས་ལྟར་བྱས་མཐར། དེ་ཡང་གསང་སྔགས་ཀྱི་དབང་མ་ཐོབ་པར་གསང་སྔགས་འཆད་དུ་མི་རུང་ཞིང༌། བསྒོམ་པའི་སྐལ་པ་མི་ལྡན་ལ། དེས་ན་བླ་མ་མཚན་ཉིད་དང་ལྡན་པས་ཆོ་ག་མ་འཁྲུལ་པའི་སྒོ་ནས་མངོན་པར་དབང་བསྐུར་ན་ཡོན་ཏན་ཐམས་ཅད་སྐྱེ་བའི་སྣོད་དུ་འགྱུར་བ་མ་ཟད། ཟབ་མོའི་དཀྱིལ་འཁོར་འདི་ལྟ་བུར་དབང་ཐོབ་ཅིང་ལམ་བསྒོམ་ན་བརྩོན་འགྲུས་དང་སྐལ་པ་རབ་ཚེ་འདི། འབྲིང་འཆི་ཁ། ཐ་མ་སྐྱེ་བ་བདུན་ནས་དཔལ་ཆེན་པོའི་གོ་འཕང་ཐོབ་ཅིང༌། གནས་སྐབས་ཀྱི་དགོས་པའང་དཀྱིལ་འཁོར་དུ་འཇུག་པ་དང༌། རྒྱུད་དང་མན་ངག་ལྟ་ཞིང་སྒོམ་པ་ལ་དབང་བའི་དགོས་པ་དུ་མ་དང་ལྡན་ཀྱང་ཁེ་ཉེན་ཤིན་ཏུ་ཆེ་བས་ལྷ་དང་སྐལ་མཉམ་དུ་འཇུག་པར་དོན་འདྲི་བ་འདི་ལ་གསན་པས་ཁྱབ་པར་གདའ། བུ་ཀྱཻ༔ འབྲས་བུ་རྡོ་རྗེ་ཐེག་པ་ནི༔ འཇུག་པར་དཀའ་ལ་ཁེ་ཉེན་ཆེ༔ འདའ་དཀའི་ས་མ་ཡ་འབུམ་སྡེ༔ ཉམས་ན་མི་ཟད་སྡུག་བསྔལ་བྱེད༔ འདིར་ཡང་མི་འདོད་དུ་མ་འབྱུང༔ ལེགས་པར་རྟོགས་ཤིག་བློ་གྲོས་ཅན༔ ཨེ་མ་སྔགས་ཀྱི་ལམ་རྨད་བྱུང༔ འཇུག་པ་སྐལ་པ་ལྡན་པའི་བུ༔ དངོས་གྲུབ་ཡ་མཚན་རྨད་བྱུང་བ༔ ཚེ་འདི་ཉིད་ལ་བརྩོན་པས་འགྲུབ༔ དཀྱིལ་འཁོར་ཙམ་ཞིག་མཐོང་བས་ཀྱང༔ སྒྲིབ་བྱང་རྡོ་རྗེའི་རིགས་སུ་འགྱུར༔ དེ་ཕྱིར་འཇུག་པར་ཁྱོད་སྤྲོའམ༔ ཞེས་དྲིས་པས་གསང་བའི་དཀྱིལ་འཁོར་དུ་འཇུག་པ་ལ་མཆོག་ཏུ་དད་པས་སྤྲོ་བར་ཁས་བླང་བར་མོས་པས་འདིའི་རྗེས་ཟློས་མཛོད། ཀྱཻ་ཧོཿ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ༔ འཇིག་རྟེན་འདས་དང་མ་འདས་པའི༔ དངོས་གྲུབ་ཆེན་པོ་བདག་འཚོལ་གྱིས༔ དེང་འདིར་བདག་ལ་བསྩལ་དུ་གསོལ༔ དེ་ནས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སྔོན་འགྲོ་དམ་ལ་བཞག་པ་ལ་གསུམ་ལས། །དབང་ཐོབ་ཅིང་དཀྱིལ་འཁོར་དུ་ཞུགས་ནས་སྣོད་མིན་ལ་གསང་བ་བསྒྲགས་པ་སོགས་དམ་ཚིག་ལས་འགལ་ན་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བ་ལ་སྒྲིབ་ཅིང༌། མི་འདོད་པའི་ཆད་པ་དུ་མ་འབྱུང་བས་ཤིན་ཏུ་གཅེས་པས་དམ་ཚིག་ཐུབ་པར་སྲུངས་ཤིག་ཅེས་ཉེས་དམིགས་བཤད་པས་བཀའ་བསྒོ་བའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ནི༔ ཡེ་ནས་རང་བྱུང་སེམས་ལ་རྫོགས༔ དམ་ཚིག་ཉམས་ན་དེ་ལ་སྒྲིབ༔ དེ་བས་ཤིན་ཏུ་དམ་ཚིག་སྲུངས༔ བཛྲ་ཙིཏྟ་ས་མ་ཡ༔ ལྷ་དང་བླ་མ་ལ་གུས་ཤིང་གསང་བའི་དམ་ཚིག་ཚུལ་བཞིན་བསྲུངས་ནས་དཀྱིལ་འཁོར་དུ་ཞུགས་ན་དངོས་གྲུབ་མཆོག་གི་སྐལ་པ་ལྡན་པར་འགྱུར་བས་བག་ཡོད་པས་བསྒྲིམས་ཏེ་དམ་ཚིག་སྲུངས་ཤིག་ཅེས་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་མགོར་བཞག་སྟེ། ཧོཿ དེང་ཁྱོད་རང་སྣང་དཀྱིལ་འཁོར་ཆེར༔ མཆོག་ཏུ་གསང་བས་རབ་ཞུགས་ན༔ ཡེ་ཤེས་དངོས་གྲུབ་ཐོབ་འགྱུར་གྱི༔ གཞན་དུ་སྨྲས་པ་དེ་ལྟར་མིན༔ བཛྲ་གུ་ཧྱ་ས་མ་ཡ་ཧོཿ དམ་ཚིག་བདུད་རྩིའི་ཆུ་འདི་བྱིན་པས། དཔལ་ཆེན་ཡེ་ཤེས་སེམས་དཔའི་བྱིན་རླབས་སྙིང་གར་ཞུགས་པས་མཆོག་ཐུན་གྱི་དངོས་གྲུབ་འབད་མེད་དུ་ཐོབ་པར་འགྱུར་བ་དང༌། དམ་ལས་འགལ་ན་སྲོག་གཅོད་ཀྱི་བདུད་དང་གཤེད་མར་གྱུར་ནས་ཚེ་འདིར་མཐོང་ཆོས་ཀྱི་འབྲས་བུ་མི་བཟད་པ་དང༌། ཕྱི་མ་མནར་མེད་པའི་དམྱལ་མེས་བསྲེག་པར་འགྱུར་བས་ན་ལེགས་ཉེས་ཀྱི་ཤན་འབྱེད་ཁྲིམས་དཔང་ལྟ་བུ་སྟེ། ཕན་ཡོན་དང་ཉེས་དམིགས་གཉིས་ཀ་བསྟན་པའི་སྒོ་ནས་དམ་ལ་བཞག་པ་ནི། ནང་མཆོད་དང་དམ་ཆུ་བསྲེས་པ་བྱིན་ལ། འདི་ནི་རྡོ་རྗེ་བདུད་རྩིའི་ཆུ༔ ཧེ་རུ་ཀ་དཔལ་ཉིད་ཡིན་ཏེ༔ བསྲུང་ན་དངོས་གྲུབ་སེམས་དཔའ་སྩོལ༔ མ་བསྲུང་ངེས་པར་འཚིག་སྟེ་བརླག༔ ས་མ་ཡ་ཨི་དཾ་ཏོ་ད་ཀ་ཋ་ཋ་ཋ་ཧཱུྃ༔ སླར་ཡང་རྡོ་རྗེ་གདེང་སྟེ། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི༔ རྡོ་རྗེ་གཞོན་ནུ་ང་ཡིན་གྱི༔ ང་ཡིས་ཇི་ལྟར་བསྒོས་པ་རྣམས༔ བརྩོན་པས་ཁྱོད་ཀྱིས་བྱེད་དགོས་སོ༔ ཁྱོད་ཀྱིས་ང་ལ་སྨད་མི་བྱ༔ གང་ཡང་ང་ལ་མ་གུས་མིན༔ གལ་ཏེ་གུས་པར་མ་བྱས་ན༔ སེམས་ཅན་དམྱལ་བ་ཆེན་པོར་ལྟུང༔ དེ་དག་གིས་སྔོན་འགྲོ་དམ་བཞག་བཞི་སོང་ནས། དངོས་གཞི་དཀྱིལ་འཁོར་དུ་འཇུག་པའི་དང་པོ་དཀྱིལ་འཁོར་པ་ལ་གནང་བ་ཞུ་བ་ནི། སློབ་དཔོན་གྱིས་བགྱི་བར་གདའ་སྟེ། སློབ་དཔོན་བཞེངས་ནས་དཀྱིལ་འཁོར་ལ་གདོང་ཕྱོགས་པས་བཏུད་དེ། བདེ་བ་ཆེན་པོ་རྣམ་པར་དག༔ དེ་བཞིན་གཤེགས་པའི་གྲོང་ཁྱེར་མཆོག༔ གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ བདག་གིས་སློབ་མ་གཞུག་པར་བགྱི༔ ཞེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་དགྱེས་པ་ཆེན་པོས་གནང་བ་བསྩལ་བར་གྱུར། ཞེས་གདན་ལ་བཞུགས། དེ་ནས་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོང་བས་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ་མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་སྤྱན་དར་དམར་པོ་རེས་གདོང་གཡོགས་པའི་མོས་པ་མཛོད། ཨོཾ་ཙཀྵུ་བྷནྡྷ་ཝཱ་ར་མ་ཎ་ཡེ་སྭཱ་ཧཱ། ཞེས་མིག་དར་འཆིང༌། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་མི་རུང་བས་ཨུ་དུམ་ཝཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བཟུང་བའི་མོས་པ་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་གི་ཕྲེང་བ་གཏད། ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་ལྟར་མཛོད། ལས་ཆུས་བྲན་ཏེ། ཤཱུ་ནྱ་ཏས་སྟོང་པར་སྦྱང༌། སློབ་མའི་ཕུང་ཁམས་སྐྱེ་མཆེད་ཀྱི་མཚོན་པའི་སྣོད་བཅུད་རྒྱུད་གསུམ་གྱི་ཆོས་ཀུན་སྟོང་པར་གྱུར། སྟོང་པའི་ངང་ལས་ཕྱི་སྣོད་རྣམ་པར་དག་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་གི་ཟག་མེད་བདེ་བ་ཆེན་པོའི་འབྱོར་པས་བརྒྱན་པའི་དབུས་སུ། ནང་བཅུད་རྣམ་པར་དག་པ་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པད་ཉི་བདུད་བཞི་བསྣོལ་བའི་གདན་གྱི་སྟེང་དུ་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་པུ་རབ་འབྱམས་སྲས་བཅས་རྒྱལ་བའི་ཕྲིན་ལས་ཀྱི་མཐུ་སྟོབས་ཡོངས་སུ་རྫོགས་པའི་འཇིགས་མཛད་ཀརྨ་ཧེ་རུ་ཀ་ཆེན་པོ་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་བཻཌཱུ་ཡའི་ལྷུན་པོ་ལྟར་བརྗིད་པ་དབུ་དགུའི་རྩ་ཞལ་གསུམ་དབུས་མཐིང་གཡས་དཀར་གཡོན་དམར། དེའི་སྟེང་ཞལ་གསུམ་ལྗང་སེར་ནག་པ། དེའི་སྟེང་ཞལ་གསུམ་སྨུག་མཐིང་དམར་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པའི་དབུས་སུ་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ། ཕྱག་གཡས་བརྒྱད་ཀྱིས་རྡོ་རྗེ་འཁོར་ལོ་དགྲ་སྟྭ་རལ་གྲི་མདུང་ཐོ་བ་ལྕགས་ཀྱུ་གསལ་ཤིང༌། གཡོན་བརྒྱད་ན་མེ་དཔུང་ཁཊྭཱཾ་ག་རི་རབ་ཞགས་པ་བྷན་དམར་སྡིགས་མཛུབ་མདའ་བདུད་བཞིའི་མགོ་བོ་རྣམས་བསྣམས་པ། ཕྱག་ཐ་མ་གཉིས་ཀྱིས་ཕྲིན་ལས་ཀྱི་དོན་རྟགས་རི་རབ་ལྟ་བུའི་ཕུར་པ་འདྲིལ་བ། གར་གྱི་ཉམས་དགུའི་གཟི་བྱིན་ཉི་མ་འབུམ་ལྟར་བརྗིད་པའི་སྐུ་ལ་དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་པའི་ཞབས་བཞི་བརྐྱང་བསྐུམ་གྱིས་དོར་སྟབས་སུ་འགྱིང་བའི་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་ཀྱིས་ཨུཏྤལ་དང་དུང་ཁྲག་བསྣམས་པ། སྐུ་གཅེར་བུ་ལང་ཚོ་རྒྱས་པ་གཟིག་ཤམ་དང་རུས་པའི་ཕྱག་རྒྱ་ལྔ། ཐོད་སྐམ་གྱི་ཕྲེང་བས་བརྒྱན་པ་དང༌། ཞབས་གཡོན་བརྐྱང་གཡས་བསྐུམ་གྱིས་གཉིས་སུ་མེད་པར་སྦྱོར་ཞིང༌། གཙོ་བོའི་སྐུའི་གཡོན་ཕྱོགས་སུ་སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི་ཁྲོ་གཏུམ་མི་སྡུག་པའི་གཟུགས་ཀྱིས་ཡབ་ལ་ལྟ་ཞིང་ཆགས་པའི་ཉམས་ཅན། ཕྱག་གཡས་གྲི་གུག་འཕྱར་ཞིང་གཡོན་པས་དགྲ་སྙིང་ཟ་བ། རུས་པའི་རྒྱན་དང་མགོ་རློན་གྱི་ཕྲེང་བ། ཐོད་སྐམ་གྱི་དབུ་རྒྱན་ཅན་ཞབས་བརྐྱང་བསྐུམ་གྱིས་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་འགྱིང་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ནག་གིས་མཚན་པར་གསལ་བ་དང༌། སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་འོད་ཟེར་ཅིག་ཅར་དུ་འཕྲོས་པས། ཕྱོགས་བཅུའི་ཞིང་རབ་འབྱམས་རྒྱ་མཚོ་ནས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཞི་ཁྲོ་སྐུ་ཡི་རྣམ་རོལ་དུ་གར་ཉམས་སུ་ཁྱུག་ཁྱུག །གཟི་བྱིན་དུ་ལམ་ལམ། འཇའ་ཟེར་ཤིག་ཤིག །མེ་འོད་ལྷག་ལྷག །ཐོག་ཟེར་ཆེམ་ཆེམ། དྲག་སྔགས་འུར་འུར། ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་ཁྱབ་པར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་བྱུང་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོ་རྩེ་གཅིག་ཏུ་མཛད་པར་ཞུ། ཞེས་བརྡ་སྦྱར་ལ། སྤོས་དང་ཌཱ་དྲིལ་དབྱངས་དང་བཅས་པས། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་ཕུར་བུ་སྒྲུབ་པའི་ཕྱིར༔ སྔོན་གྱི་ཞལ་བཞེས་མ་བསྙེལ་བར༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཡེ་ཤེས་ཁྲོ་རྒྱལ་འཁོར་དང་བཅས༔ འཁོར་བ་རྡོ་རྗེར་སྒྲུབ་པའི་ཕྱིར༔ ནམ་མཁའ་ཁྱབ་པའི་གར་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཚེ་ཁས་བླངས་དམ་བཅས་བཞིན༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ནམ་མཁའ་གང་བའི་ལྷ་ཚོགས་རྣམས༔ སྐུ་ཡི་གར་སྟབས་སྣ་ཚོགས་བསྒྱུར༔ རྡོ་རྗེའི་གླུ་བྲོ་གར་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ གསུང་ནི་སྔགས་སྒྲ་འབྲུག་ལྟར་སྒྲོགས༔ དགོད་གཤེ་དྲག་ཤུལ་རོལ་པ་ཡིས༔ ས་གསུམ་འཇིགས་པའི་ང་རོ་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཐུགས་ནི་ཡེ་ཤེས་རྔམས་པའི་དཔལ༔ སྙིང་རྗེ་ཞི་དང་ཁྲོ་བོ་ཡི༔ རིག་རྩལ་དགོངས་པའི་གདེངས་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་མ་ལུས་པའི༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནི་བཛྲ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ་ཨ༔ ཧྲཱིཾ་ཧྲཱིཾཿ ཕེཾ་ཕེཾ༔ ཞེས་རྟགས་མ་བྱུང་བར་དུ་ནན་ཏན་བྱ། དེ་ལྟར་དབབ་པའི་ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། ཅེས་རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ་ཞེས་བརྗོད་པས་བརྟན་པར་བྱའོ། དེ་ནས་བརྡའི་སྒོ་དབྱེ་བ་ལ་ཐལ་མོ་ནང་བསྡམ་དཀྲོལ་བཞིན་པས་འདིའི་རྗེས་ཟློས་མཛོད། ཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་སོ་ཅོག༔ ཀུན་ཀྱང་དག་པ་ལྷའི་གྲོང་ཁྱེར༔ མ་བཅོས་དོན་གྱི་ལྷ་མཆོག་ལ༔ ཚད་མེད་སྒོ་བཞི་དབྱེ་བས་འཇུག༔ བྷྲཱུཾ་པྲ་ཝེ་ཤ་ཡ་ཕཊ྄༔ དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་ཕྱེས་པར་མོས་ཤིག །ཅེས་བྱས་ལ་ཡོལ་བ་བསལ་བ་ནི་ཕྱི་འཇུག་གོ །དཀྱིལ་འཁོར་གསུམ་ལ་ཕྱག་འཚལ་བར་མོས་ལ་འདིའི་རྗེས་ཟློས་མཛོད། ཧོཿ ལྷ་དང་རང་སེམས་བཟང་ངན་བྲལ༔ གཉིས་མེད་རང་སྣང་སྤྱི་དཔལ་ཆེ༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ རྡོ་རྗེའི་ལྟ་བའི་ཕྱག་གིས་འདུད༔ ཨ་ལ་ལ་ཧོཿ གཉིས་པ་ནང་འཇུག་ནི། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ཕྱེད་བྱིན་ཏེ། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་འདོད་སྣམ་གྱི་སྟེང་ནས་ལན་གསུམ་བསྐོར་ཏེ། ཤར་སྒོའི་ནང་དུ་ཞུགས་པར་མོས་ཤིག །སྔར་གཏད་པའི་མེ་ཏོག་དེ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕྱག་རྟེན་དུ་འབུལ་སྙམ་པས་ཐལ་སྦྱར་བར་དུ་བཟུང་བས་འདིའི་རྗེས་ཟློས་མཛོད། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རིན་ཆེན་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ སྐུ་གསུང་ཐུགས་ཀྱི་དབྱིངས་སུ་བདག་འབུལ་གྱིས༔ དངོས་གྲུབ་རྣམ་གཉིས་བདག་ལ་བསྩལ་དུ་གསོལ༔ བོ་དྷི་ཙིཏྟ་ཨ་པྲ་ཏི་པཱུ་ཛ་ཧོཿ ཞེས་བརྗོད་དེ་མེ་ཏོག་འདོར་དུ་བཅུག་ནས་དབུས་དང་ཕྱོགས་མཚམས་གང་དུ་བབ་པ་བརྟགས་ལ་རིགས་དང་མཐུན་པའི་གསང་མཚན། རྡོ་རྗེ་ཕྲིན་ལས་གྲུབ་པ་རྩལ། བདེ་གཤེགས་སྣང་མཛད་དགྱེས་པ་རྩལ་སོགས་བཏགས། དེ་ལྟར་ཁྱེད་རང་རྣམས་ཀྱི་མེ་ཏོག་དབུས་དང་ཕྱོགས་མཚམས་གང་དུ་ཕོག་ཀྱང་འདྲ་སྟེ། དཀྱིལ་འཁོར་ལྷ་ཚོགས་ཀུན་གྱི་ཁྱབ་བདག་དཔལ་ཆེན་གཙོ་བོའི་ཐུགས་ཀ་ཁོ་ནར་བབ་པ་ཡིན་ཏེ། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱང་གཙོ་བོའི་ཡེ་ཤེས་ཀྱི་རང་མདངས་གང་འདུལ་གྱི་རོལ་པར་འཆར་བ་ཡིན་པའི་ཕྱིར། ཁྱེད་ཅག་རྣམས་ཀྱི་ལྷ་སྐལ་དུ་ཡི་དམ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཉིད་བསྙེན་ཅིང་སྒྲུབ་པར་བྱ། ལྷ་དང་མི་འབྲལ་ཞིང་རང་རྒྱུད་བྱིན་གྱིས་བརླབ་པའི་བརྡར་མེ་ཏོག་དེ་ཉིད་དབང་རྟགས་སུ་སྤྱི་བོར་བཅིང་པའི་མོས་པ་མཛོད། པྲ་ཏཱིཙྪ་གྲྀཧྣ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་མེ་ཏོག་སྤྱི་བོར་བཅིངས། མིག་དར་དང་ལྷན་ཅིག་ཏུ་མ་རིག་པའི་ལིང་ཐོག་ཀྱང་བསལ་བའི་མོས་པ་མཛོད། ཧཱུྃ༔ སྔོན་གྱི་རྒྱལ་བ་མིག་མཁན་གྱིས༔ གཟུང་འཛིན་རབ་རིབ་བསལ་བ་ལྟར༔ བུ་ཁྱོད་ཀྱི་ནི་མི་ཤེས་པའི༔ རབ་རིབ་ང་ཡིས་བསལ་བར་བྱ༔ བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ ཅེས་མིག་དར་དབྱེ། དཀྱིལ་འཁོར་བསྟན་པ་ནི། ཧོཿ བུ་ཁྱོད་རྩོལ་སེམས་མ་ཆུང་ཞིག༔ རང་བྱུང་ཡེ་ཤེས་ཕྱི་ནང་མེད༔ ཟང་ཐལ་བླ་མེད་ཡི་དམ་ལྷ༔ རང་ལ་རྟག་ཏུ་གནས་པའི་ཕྱིར༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ སྔགས་དང་ཕྱག་རྒྱའི་དངོས་གྲུབ་ཐོབ༔ རྟག་ཏུ་དམ་ཚིག་གཉན་པོ་སྲུངས༔ ས་མ་ཡ་ཨི་དན་ན་ར་ཀན༔ འདིར་སྤྲོ་ན་རྟེན་དང་བརྟེན་པའི་མངོན་རྟོགས་རྒྱས་པར་བརྗོད། བསྡུ་ན། མདུན་གྱི་དཀྱིལ་འཁོར་སྲུང་བའི་གུར་ཁང་དུར་ཁྲོད་བརྒྱད་དང་བཅས་པ་གཟུང་འཛིན་འཁྲུལ་རྟོག་གི་བདུད་བཅོམ་ཞིང་ཚོགས་བརྒྱད་དག་པའི་དབུས་སུ་དུར་ཁྲོད་འབར་བའི་གཞལ་ཡས་ཁང་རྒྱན་དང་མཚན་ཉིད་ཡོངས་སུ་རྫོགས་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམ་པར་དག་པའི་ནང་དུ། ང་བདག་ཉོན་མོངས་དག་པ་རུ་ཏྲ་ལ་སོགས་པའི་གདན་ལ་དཀྱིལ་འཁོར་གཙོ་བོ་རྡོ་རྗེ་གཞོན་ནུ་དབུ་དགུ་སྒེག་གཏུམ་དཔའ་བའི་ཉམས་ཀྱིས་བརྗིད་པའི་མཚན་དཔེའི་དཔལ་དུ་འབར་ཞིང༌། ཕྱག་བཅོ་བརྒྱད་ཀྱིས་འཇིགས་པའི་མཚོན་ཆ་རྣམ་པ་སྣ་ཚོགས་འཛིན་པ། དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྗིད་པས་སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་སྐུ་ལ་འཁྲིལ་ཞིང་སྒྲོལ་ཡུམ་ཨེ་ཀ་ཛཱ་ཊིས་གཡོན་ནས་བསྟེན་པ་ནི་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ཅན། ཡིད་ཆོས་རྣམ་པར་དག་པའི་རང་བཞིན། རྩིབས་བཅུ་ལ་ས་བཅུའི་དབང་ཕྱུག་ཞིང་བཅུ་སྒྲོལ་བའི་ཕྱིར་ཁྲོ་བོ་བཅུ་ཞལ་གསུམ་ཕྱག་དྲུག་གར་གྱི་ཉམས་དགུས་དཔའ་ཞིང་དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་སྤྲས་པ་ལ་མི་དགེ་བ་བཅུ་གནས་སུ་དག་ནས་ཕར་ཕྱིན་བཅུའི་དོན་མཐར་ཕྱིན་པའི་ཁྲོ་མོ་བཅུས་མཉམ་པར་སྦྱོར་བ། ཉོན་མོངས་པ་ཉི་ཤུ་རྣམ་པར་དག་པའི་ཕྲ་ཐབས་ཉི་ཤུ་གཡས་གཡོན་དུ་འགྱེད་པ། དཀྱིལ་འཁོར་གྲྭ་བཞིར་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་ཅན་ཀཱི་ལ་ཡ་རིགས་བཞི་སྐུ་སྟོད་ཁྲོ་བོ་ལ། སྐུ་སྨད་ཕུར་བུའི་དབལ་དགྲ་བགེགས་ཀྱི་སྙིང་ལ་ཟུག་པ་ནི་རྡོ་རྗེ་བཞི་ཡི་ཡེ་ཤེས་ཀྱི་བདག་ཉིད། གཙོ་བོའི་མདུན་དང་གཡས་གཡོན་དུ་ཟླ་གམ་གསུམ་དུ་སྲིད་པ་གསུམ་གྱི་གདུག་ཅན་སྒྲོལ་བྱེད་འབར་བའི་སྲས་མཆོག་ཉེར་གཅིག །སྒོ་བཞིར་ཕྲིན་ལས་བཞི་སྒྲུབ་པའི་གདོང་ཅན་མ་བཞི། ནང་དང་ཕྱི་ཡི་ཁྱམས་ལ་ཕུང་ཁམས་རྟོག་ཚོགས་རྣམ་པར་དག་པ་དམ་ཅན་ཕུར་སྲུང་ཕོ་ཉའི་རང་བཞིན་དུ་གྱུར་པ་སྟེ། མདོར་ན་སློབ་དཔོན་ལུས་དཀྱིལ་དང་བཅས་པ་བདག་ཉིད་རྩ་བའི་དཀྱིལ་འཁོར། དེའི་འཁོར་དུ་ཕྱོགས་བཅུའི་ཁྲོ་བོའི་དཀྱིལ་འཁོར། མདུན་གྱི་དཀྱིལ་འཁོར་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཏེ་ཡེ་ཤེས་རང་སྣང་གཅིག་ལས་ཐ་དད་པའི་ཚུལ་གྱིས་ཆུ་ཟླའི་གཟུགས་བརྙན་བཞིན་ཤར་བ་དེ་ཉིད་མངོན་སུམ་དུ་མཇལ་བས་མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་དེས། མཚོན་བྱ་རང་བྱུང་གི་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བའི་རྒྱུར་བྱས་ཏེ་ཕྱི་ནང་གི་འཛིན་རྟོག་ཐམས་ཅད་ལྷ་དང་ཡེ་ཤེས་ཀྱི་རོལ་པར་ཤར་བའི་མོས་པ་མཛོད། དེ་དག་གིས་འཇུག་པའི་ཆོས་འཁོར་དང་བཅས་པ་སོང་བས་ལམ་ལྔ་ལས་དད་པའི་ས་ཚོགས་ཀྱི་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེ་བའི་མཐུ་དང་ལྡན་པར་བྱས་པའོ། །དབང་དངོས་གཞི་ལ་བུམ་དབང༌། གསང་དབང༌། ཤེས་རབ་ཡེ་ཤེས། བཞི་པ་ཚིག་དབང་རྣམས་སུ་ཡོད་པ་ལས། བུམ་དབང་ལའང་སློབ་མ་དང༌། སློབ་དཔོན་གྱི་དབང་གཉིས་ལས། དང་པོ་རྡོ་རྗེ་སློབ་མའི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དཔལ་བླ་མ་དགོངས༔ བདག་ཅག་རྡོ་རྗེའི་རིགས་ཅན་དུ༔ བསྒྲུབ་པ་སྐལ་པ་ཤིན་ཏུ་བཟང༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ ལན་གསུམ་བརྗོད། དངོས་གཞི་མངོན་པར་དབང་བསྐུར་བ་སྒྲུབ་པར་བྱེད་པ་ལ། རིགས་པའི་དབང་ལྔའི་ཐོག་མར་མི་བསྐྱོད་པ་ཆུ་ཡི་དབང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སྭ་བྷཱ་ཝ་སོགས། སློབ་མ་དང་དབང་རྫས་བུམ་པ་སྟོང་པའི་ངང་ལས་པད་ཉི་ལ་གནས་པའི་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། བཛྲ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་མཐིང་ནག །རྡོ་རྗེ་དང་དྲིལ་བུ་འཛིན་པ། དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། དབང་རྫས་ཀྱི་ལྷ་ཞུ་བ་ལས་ཡེ་ཤེས་ཀྱི་བུམ་ཆུར་གྱུར་པ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པས་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་ཁྱེད་རང་རྣམས་ལ་དབང་བསྐུར་བའི་མོས་པ་མཛོད། སློབ་དཔོན་གྱིས་རྣམ་རྒྱལ་བུམ་པས་དབང་བསྐུར་ཏེ། ཧཱུྃ༔ ཞེ་སྡང་བདུད་འཇོམས་ཧེ་རུ་ཀ༔ བཛྲ་སྤྱི་དཔལ་མེ་ལོང་གི༔ ཡེ་ཤེས་བུམ་ཆུའི་དབང་བསྐུར་བས༔ སྒྲིབ་དག་སྐལ་པ་མཆོག་ལྡན་ཤོག༔ ཨོཾ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་ཆུ་སྦྱིན་ཞིང་ཟེགས་མ་སྤྱི་བོར་འཐོར་བ་དང་བཅས། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དེ་ལྟར་ན་ཁྱེད་རང་རྣམས་ཀྱིས་མི་བསྐྱོད་པའི་སྒོ་ནས་ཆུའི་མངོན་པར་དབང་བསྐུར་བ་ཐོབ། ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར། མི་བསྐྱོད་པའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་གོ །རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སྭ་བྷཱ་ཝ་སོགས། སློབ་མ་དང་དབང་རྫས་དབུ་རྒྱན་དང་དར་དཔྱང་སྟོང་པའི་ངང་ལས་པད་ཉི་ལ་གནས་པའི་ཏྲཱྃ་ལས་རིན་པོ་ཆེ་ཏྲཱྃ་གིས་མཚན་པ་ལས་རཏྣ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་སེར་ནག་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། དབང་རྫས་ཀྱི་ལྷ་ཞུ་བ་ལས་དབུ་རྒྱན་དར་དཔྱང་དང་བཅས་པར་གྱུར་པ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པས་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་ཁྱེད་རང་རྣམས་ལ་དབང་བསྐུར་བའི་མོས་པ་མཛོད། རིན་པོ་ཆེའི་དབུ་རྒྱན་སྤྱི་བོར་བཅིངས་ཏེ། ཏྲཱྃ༔ ང་རྒྱལ་བདུད་འཇོམས་ཧེ་རུ་ཀ༔ རཏྣ་སྤྱི་དཔལ་ཡེ་ཤེས་ཀྱི༔ ཕྱག་རྒྱ་དབུ་རྒྱན་དབང་བསྐུར་བས༔ མཉམ་ཉིད་རྟོགས་པའི་དབང་ཐོབ་ཤོག༔ རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྃ༔ མཐའ་རྟེན་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྣམ་རྒྱལ་བུམ་པའི་ཆུ་ཀུ་ཤས་འཐོར་ལ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣ་ལྟག་གཡས་སུ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ན་ཁྱེད་རང་རྣམས་ཀྱིས་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་དབུ་རྒྱན་གྱི་མངོན་པར་དབང་བསྐུར་བ་ཐོབ། ང་རྒྱལ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར། རིན་ཆེན་འབྱུང་ལྡན་གྱི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་གོ །སྣང་བ་མཐའ་ཡས་རྡོ་རྗེའི་དབང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སྭ་བྷཱ་ཝ་སོགས། སློབ་མ་དང་དབང་རྫས་རྡོ་རྗེ་སྟོང་པའི་ངང་ལས་པད་ཉི་ལ་གནས་པའི་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལས་པདྨ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་དམར་ནག །པདྨ་དང་དྲིལ་བུ་འཛིན་པ། དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། དབང་རྫས་ཀྱི་ལྷ་ཞུ་བ་ལས་རྡོ་རྗེར་གྱུར་པ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པས་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་ཁྱེད་རང་རྣམས་ཀྱི་ལག་པ་གཡས་སུ་གཏད་དེ་དབང་བསྐུར་བའི་མོས་པ་མཛོད། རྡོ་རྗེ་ལག་གཡས་སུ་གཏད། ཧྲཱིཿ འདོད་ཆགས་བདུད་འཇོམས་ཧེ་རུ་ཀ༔ པདྨ་སྤྱི་དཔལ་སོར་རྟོག་གི༔ ཡེ་ཤེས་རྡོ་རྗེའི་དབང་བསྐུར་བས༔ རྗེས་ཆགས་དབང་གི་དོན་རྟོགས་ཤོག༔ བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧྲཱིཿ མཐའ་རྟེན་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། བཛྲི་བྷ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྣམ་རྒྱལ་བུམ་པའི་ཆུ་ཀུ་ཤས་འཐོར། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་ལྟག་པར་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ཁྱེད་རང་རྣམས་ཀྱིས་སྣང་བ་མཐའ་ཡས་ཀྱི་སྒོ་ནས་རྡོ་རྗེའི་མངོན་པར་དབང་བསྐུར་བ་ཐོབ། འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་གྱུར། སྣང་བ་མཐའ་ཡས་ཀྱི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་གོ །དོན་ཡོད་གྲུབ་པ་དྲིལ་བུའི་དབང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སྭ་བྷཱ་ཝ་སོགས། སློབ་མ་དང་དབང་རྫས་དྲིལ་བུ་སྟོང་པའི་ངང་ལས་པད་ཉི་ལ་གནས་པའི་ཨཱཿལས་དྲིལ་བུ་ཨཱཿས་མཚན་པ་ལས་ཀརྨ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་ལྗང་ནག་རལ་གྲི་དང་དྲིལ་བུ་འཛིན་པ། དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། དབང་རྫས་ཀྱི་ལྷ་ཞུ་བ་ལས་དྲིལ་བུར་གྱུར་པ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པས་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་ཁྱེད་རང་རྣམས་ཀྱི་ལག་པ་གཡོན་དུ་གཏད་དེ་དབང་བསྐུར་བའི་མོས་པ་མཛོད། དྲིལ་བུ་དཀྲོལ་ཞིང་ལག་གཡོན་དུ་གཏད་ལ། ཨཱཿ ཕྲག་དོག་བདུད་འཇོམས་ཧེ་རུ་ཀ༔ ཀརྨ་སྤྱི་དཔལ་བྱ་བ་གྲུབ༔ ཤེས་རབ་དྲིལ་བུའི་དབང་བསྐུར་བས༔ དོན་གཉིས་རྫོགས་པའི་གནས་ཐོབ་ཤོག༔ ཀརྨ་གཎྜེ་ཨ་བྷི་ཥིཉྩ་ཨཿ མཐའ་རྟེན་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྣམ་རྒྱལ་བུམ་པའི་ཆུ་ཀུ་ཤས་འཐོར། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣ་ལྟག་གཡོན་དུ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། དེ་ལྟར་ཁྱེད་རང་རྣམས་ཀྱིས་དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་མངོན་པར་དབང་བསྐུར་བ་ཐོབ། ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་གྱུར། དོན་ཡོད་གྲུབ་པའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་གོ །རྣམ་པར་སྣང་མཛད་མིང་གི་དབང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སྭ་བྷཱ་ཝ་སོགས། སློབ་མ་དང་དབང་རྫས་རྡོ་རྗེ་དང་དྲིལ་བུ་སྟོང་པའི་ངང་ལས་པད་ཉི་ལ་གནས་པའི་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་སྨུག་ནག །འཁོར་ལོ་དང་དྲིལ་བུ་འཛིན་པ། དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། དབང་རྫས་ཀྱི་ལྷ་ཞུ་བ་ལས་རྡོར་དྲིལ་བསྣོལ་མར་གྱུར་པ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པས་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་ཁྱེད་རང་རྣམས་ལ་དབང་བསྐུར་བའི་མོས་པ་མཛོད། རྡོར་དྲིལ་བསྣོལ་མ་སྤྱི་བོར་བཟུང་སྟེ་དཀྲོལ་ལ། ཨོཾ༔ གཏི་མུག་བདུད་འཇོམས་ཧེ་རུ་ཀ༔ བུདྡྷ་སྤྱི་དཔལ་ཆོས་ཀྱི་དབྱིངས༔ རྡོ་རྗེའི་མིང་གི་དབང་བསྐུར་བས༔ རིགས་ཀྱི་འཁོར་ལོར་ངེས་པར་ཤོག༔ ཀྱཻ་བཻ་རོ་ཙ་ན་ཨོཾ་ཨ་བྷི་ཥིཉྩ་ཧཱུྃ༔ སྔར་བྱིན་པའི་གསང་བའི་མིང་གི་ཐོག་མ་ཀྱཻ་དཔལ། མཐར་དེ་བཞིན་གཤེགས་པའོ། །ཞེས་དྲིལ་བསྒྲགས་མཐར། མཐའ་རྟེན་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྣམ་རྒྱལ་བུམ་པའི་ཆུ་ཀུ་ཤས་འཐོར། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོ་ལ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། དེ་ལྟར་ཁྱེད་རང་རྣམས་ཀྱིས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་མིང་གི་མངོན་པར་དབང་བསྐུར་བ་ཐོབ། གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར། རྣམ་པར་སྣང་མཛད་ཀྱི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་གོ །དེ་ལྟར་དབང་ལྔ་བསྐུར་བས། ཉོན་མོངས་ལྔ་ཡེ་ཤེས་ལྔར་གྱུར། ཕུང་པོ་ལྔ་རྒྱལ་བ་རིགས་ལྔའི་ངོ་བོར་སངས་རྒྱས་པ་ཡིན་ནོ། །དེ་རྣམས་ཀྱི་སློབ་མའི་དབང་བསྐུར་བ་སོང་ནས། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་ཁྱོད་ཀྱི་བཀའ་དྲིན་གྱིས༔ བདག་ལ་རང་དང་གཞན་གྱི་དོན༔ རྫོགས་ཕྱིར་རྡོ་རྗེ་སློབ་དཔོན་དབང༔ ཐུགས་རྗེའི་སྟོབས་དང་ལྡན་པས་བྱིན༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་དུ་མཛོད། དབང་སྟེགས་ཀྱི་སྟེང་དུ་ཁྱེད་རང་རྣམས་རྡོ་རྗེ་གཞོན་ནུ་ཤེས་རབ་མ་དང་བཅས་པའི་སྐུར་གྱུར་ཏེ། སྟེང་དུ་གདུགས་དཀར་པོ། མཐའ་བསྐོར་དུ་མཆོད་པའི་སྤྲིན་གྱི་ཕུང་པོ་དང་བཅས་པའོ། །ཧཱུྃ་ལས་བྱུང་བའི་རྡོ་རྗེ་དང༌། ཨ་ལས་བྱུང་བའི་དྲིལ་བུ་ཕྱག་གཡས་གཡོན་དུ་བྱིན་པས་དམ་ཚིག་གསུམ་པོ་ཆབས་ཅིག་བྱིན་པའི་མོས་པ་མཛོད། རྡོ་རྗེ་ལག་གཡས་སུ་གཏད་ཅིང་གསོར་ལ། རྡོ་རྗེ་འདི་ནི་ཐབས་ཆེན་པོ༔ སྐུ་ཡི་དབང་གི་མཆོག་ཡིན་ཏེ༔ བདེ་བ་ཆེན་པོའི་ཡེ་ཤེས་ཀྱི༔ དེ་ཉིད་ཤེས་པས་ཁྱོད་ཀྱིས་ལོངས༔ མ་ཧཱ་བཛྲ་ཧོཿ དྲིལ་བུ་ལག་གཡོན་དུ་གཏད་པ་དཀྲོལ་ཞིང་དཀུར་བསྟེན་ཏེ། ཆོས་ཉིད་སྐྱེ་མེད་སྟོང་པ་ཉིད༔ འགག་པ་མེད་པའི་སྒྲ་གདངས་བཅས༔ རང་བྱུང་གསུང་སྟེ་གསུང་གི་མཆོག༔ མཚོན་པར་བྱེད་པའི་དབང་ཡང་སྦྱིན༔ མ་ཧཱ་གཎྜེ་ཧོཿ རྡོར་དྲིལ་ཐུགས་ཀར་བསྣོལ་ཏེ་བཟུང་ལ། ཨེ་མ་རྡོ་རྗེ་སེམས་དཔའ་ཆེ༔ དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་གཙོ༔ ཁྱོད་ནི་རྟག་ཏུ་བདེ་ཆེན་ཏེ༔ བཅོམ་ལྡན་སྙེམས་མར་རོལ་པས་དགྱེས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་ཛྙཱ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ དབང་གི་ནུས་པ་ཡོངས་སུ་རྫོགས་པའི་ཕྱིར་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དབྱེར་མེད་པས་སླར་ཡང་རྣམ་རྒྱལ་བུམ་པའི་ཆུས་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་བཏེགས་ལ། ཧཱུྃ༔ བུམ་པ་རང་བྱུང་གཞལ་ཡས་ཁང༔ ནང་བཅུད་རིགས་ལྔའི་ཧེ་རུ་ཀ༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ །དེ་ལྟར་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པ་ཧེ་རུ་ཀས་གཙོར་མཛད་པའི་ཁྲོ་བོ་རིགས་ལྔས་དབུ་བརྒྱན་པ་ལ་སློབ་དཔོན་གྱིས་མཆོད་པས་མཆོད་པའི་མོས་པ་མཛོད། ཨརྒྷཾ་སོགས། དེ་ལྟར་དབང་ཡོངས་སུ་རྫོགས་པའི་མཐར། རང་དོན་དུ་དཀྱིལ་འཁོར་སྒྲུབ་མཆོད། གཞན་དོན་དུ་དབང་བསྐུར་རྒྱུད་འཆད་ཉན། གཉིས་ཀའི་དོན་དུ་རབ་གནས་སྦྱིན་སྲེག་སོགས་དཀྱིལ་འཁོར་གྱི་ལས་རབ་འབྱམས་སྒྲུབ་པའི་ཡོ་བྱད་རྣམས་གཏད་དེ་མངའ་གསོལ་བའི་མོས་པ་མཛོད། རྗེས་གནང་གི་ཆས་དུང་དང་ཕྱག་ཤིང་སོགས་གཏད་ལ། བུ་ཁྱོད་ཁམས་གསུམ་ལས་རྒྱལ་བའི༔ ཆོས་ཀྱི་རྒྱལ་པོ་ཉིད་ཡིན་པས༔ རང་དང་གཞན་གྱི་དོན་ཆེན་ཕྱིར༔ སློབ་མའི་ཚོགས་ཀུན་བསྡུ་བར་གྱིས༔ རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར༔ ལས་རྣམས་མ་ལུས་ཀུན་གྱིས་ཤིག༔ སློབ་དཔོན་དབང་གི་ལྷ་དང་བཅས་པས་མེ་ཏོག་འཐོར་ཞིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་ཞིང་རབ་ཏུ་གནས་པར་མོས་མཛོད། ཡེ་དྷར་བརྗོད་ཅིང་མེ་ཏོག་འཐོར། དེ་དག་གིས་ཁྱེད་རྣམས་ཀྱི་རྒྱུད་ལ་སློབ་དཔོན་གྱི་དབང་ཡན་ལག་དང་བཅས་པ་ཐོབ་པ་ཡིན་པས་དཀྱིལ་འཁོར་བྲི་བ་དང་རབ་ཏུ་གནས་པ་དང་སློབ་མ་བསྡུ་བ་སོགས་ལས་རབ་འབྱམས་སྒྲུབ་པར་གྱིས་ཤིག །དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་ཐོབ་པས་བསྐྱེད་རིམ་སྲིད་པ་ཕུར་བུའི་རྣལ་འབྱོར་སྤྲོས་པ་དང་བཅས་པ་སྒོམ་པ་ལ་དབང༌། ལམ་ལྔ་ལས་སྦྱོར་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེ་བའི་མཐུ་དང་ལྡན་པར་བྱས། ལུས་ཀྱི་དྲི་མ་དག །སྤྲུལ་པའི་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གསང་བའི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ། གཟུགས་དང་ལང་ཚོས་བརྒྱན་པའི་གཟུངས་མ་ཕྱག་རྒྱའི་དོན་དུ་ཕུལ་བར་མོས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་བ་རྡོ་རྗེ་གཞོན་ནུ་ནི༔ སྟོང་ཉིད་ཤེས་རབ་རྒྱས་འདེབས་སྦྱོར༔ ཟུང་འཇུག་བླ་མ་ཧེ་རུ་ཀས༔ བདག་ཅག་སྨིན་པར་མཛད་དུ་གསོལ༔ ལན་གསུམ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པའི་ཆོ་གས་བདེ་བ་ཆེན་པོའི་ཉམས་སྐྱེད། ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་སྤྱན་དྲངས་པའི་བདེ་བར་གཤེགས་པ་རྣམས་ཞལ་དུ་ཞུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཐུགས་ཀར་བྱང་ཆུབ་སེམས་སུ་ཞུ། སྐུ་ཡི་དབྱིབས་བརྒྱུད་དེ་སློབ་མའི་ལྕེ་ཐོག་ཏུ་བཞག་པར་མོས་ལ། བྷནྡྷའི་བདུད་རྩི་ལྕེ་ཐོག་ཏུ་བཞག་ལ། ཨེ་མ་ཧོཿ སངས་རྒྱས་ཀུན་གྱི་གསང་བ་ནི༔ ལྷག་པའི་བྱང་ཆུབ་སེམས་ཆེན་པོ༔ དེ་རིང་བུ་ལ་སྦྱིན་པར་བྱ༔ རྟོག་པ་བྲལ་བས་རོལ་ཅིག་བུ༔ སློབ་མས་བདུད་རྩི་མྱང་སྟེ། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་རྗེས་ཟློས་བྱར་གཞུག །དེ་ལྟར་བྱང་ཆུབ་སེམས་ཀྱི་བདུད་རྩི་མྱངས་བས་ལུས་ཀྱི་རྩ་ཁམས་ཐམས་ཅད་བདེ་བར་སྨིན། རང་བཞིན་བརྒྱད་ཅུའི་རྟོག་པ་འགགས། །གསལ་སྟོང་བདེ་བས་བརྒྱན་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་མོས་ཏེ་ང་རྒྱལ་བཟུང་བ་འདིའི་རྗེས་ཟློས་མཛོད། དེ་རིང་སངས་རྒྱས་ཀུན་དང་མཉམ། །བདག་གི་བསོད་ནམས་སྐལ་པ་ནི། །དཔལ་ལྡན་ཡོན་ཏན་ཀུན་གྱི་རྒྱན། །རྡོ་རྗེ་གཞོན་ནུའི་བདག་ཉིད་དོ། །སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་མཆོག་གི་སྤྲུལ་སྐུ་ཤཱཀྱའི་དབང་པོའི་རྣམ་པར་བཞེངས་ནས་ཁྱེད་རང་རྣམས་བྱང་ཆུབ་མཆོག་ཏུ་ལུང་བསྟན་པར་མོས་མཛོད། ཞྭ་ཕུད། སྣམ་སྦྱར་བཞེས། ཆོས་གོས་ཀྱི་གྲྭ་ནས་བཟུང་སྟེ་རྡོར་དྲིལ་ལྷན་ཅིག་བཟུང་བ་སློབ་མའི་སྤྱི་བོར་བཞག་ལ། ཀྱེ། རྡོ་རྗེ་ཕྲིན་ལས་གྲུབ་པ་རྩལ། །ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བྷུརྦྷུ་ཝ་སྭ། འདི་ལྟར་ངས་ལུང་བསྟན་པས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ལུང་བསྟན་པར་མཛད་པ་འདི་ནི་སྔགས་འདི་དང་ཕྱག་རྒྱ་འདིའི་མཐུའོ། །ཞེས་བརྗོད་ལ་སྣམ་སྦྱར་དང་རྡོར་དྲིལ་བཞག དེ་ལྟར་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་དུ་གསང་བ་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བ་ཐོབ་པས་རྫོགས་རིམ་བདེ་ཆེན་བྱང་ཆུབ་སེམས་ཀྱི་ཕུར་པ་རང་ལུས་བདེ་བ་ཆེན་པོའི་རྣལ་འབྱོར་སྒོམ་པ་ལ་དབང༌། ལམ་ལྔ་ལས་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་མཐོང་ལམ་ས་དང་པོའི་རྟོགས་པ་རྒྱུད་ལ་སྐྱེ་བའི་མཐུ་དང་ལྡན་པར་བྱས། ངག་གི་དྲི་མ་དག །ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་པ་ཡིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བདག་ནི་ཐེག་ཆེན་ཆོས་ལ་སྤྱོད༔ རྟག་ཏུ་བདེ་བ་ཆེན་པོར་འདོད༔ བླ་མེད་ཐབས་ཀྱི་ལམ་མཆོག་ཏུ༔ སྨིན་པའི་སྐལ་བཟང་མཛད་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་ལ་སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་རིག་མ་ལོ་བཅུ་དྲུག་ལོན་ཅིང་ལང་ཚོ་ཕུལ་དུ་བྱུང་བ་མཚན་ཉིད་ཡོངས་སུ་རྫོགས་པ་བྱིན་པར་མོས་མཛོད། ཨེ་མ་བདེ་བ་ཐམས་ཅད་ཀྱི༔ འབྱུང་གནས་རྡོ་རྗེ་སྣ་ཚོགས་གཟུགས༔ བདེ་མཆོག་སྐྱེད་བྱེད་དེང་གཏད་པས༔ རྟོག་པ་བྲལ་བས་རོལ་ཅིག་བུ༔ མ་ཧཱ་ས་མུ་དྲ་ཧོཿ དེ་ལྟར་གཏད་པའི་ཕྱག་རྒྱ་ཁྱེད་རང་རྣམས་ཀྱི་མདུན་དུ་བྱོན་ནས་བདེ་དགའ་སྤེལ་བའི་སྒྱུ་རྩལ་དང་བཅས་གསང་བའི་ཆུ་སྐྱེས་བསྟན་ནས་འདི་སྐད་གསུང་པར་མོས་མཛོད། བུ་ཀྱེ་ང་ཡི་པདྨ་འདིས༔ མཆོག་ཏུ་ཟབ་པའི་ཡེ་ཤེས་སྟོན༔ སངས་རྒྱས་ཐམས་ཅད་འདི་ལས་བྱུང༔ ཁྱོད་ནི་ཡང་དག་ལམ་འདོད་ན༔ གུས་པའི་ཚུལ་གྱིས་བསྟེན་ནུས་སམ༔ གཤང་གཅི་ཁུ་བ་ཁྲག་དང་བཅས༔ རྟོག་པ་བྲལ་བར་རོལ་འདོད་དམ༔ ཞེས་དྲིས་པ་ལ་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ་རྨད་དུ་བྱུང་བའི་ལམ༔ གསང་བ་བས་ཀྱང་ཆེས་གསང་བ༔ བདག་གིས་ཐོབ་པར་ཤིན་ཏུ་འདོད༔ རྟོགས་པར་དཀའ་བའི་ཡེ་ཤེས་དེ༔ བདག་གིས་འདོད་པས་ཁྱོད་ལ་གུས༔ གཙང་དང་དམེ་བ་རྟོག་པ་ཙམ༔ ཐམས་ཅད་མཉམ་པར་རོལ་ལ་སྤྲོ༔ ཞེས་ཞུས་པས་དངོས་གྲུབ་མཆོག་གི་རིགས་ཅན་དུ་དགོངས་ནས་དགྱེས་པའི་ཚུལ་གྱིས་པང་དུ་བྱོན་པར་མོས། རིག་མ་དེ་ཉིད་དགྱེས་ཏེ་རྒྱན་དང་བྲལ་བ་ལུས་ནམ་མཁའི་གོས་ཅན་དུ་བྱས་ལ་གུར་གུམ་དང་སྨན་དྲི་ཞིམ་པོས་བྱུག །ཆུ་སྐྱེས་ཀྱི་རྩ་མཛེས་པའི་བྷ་ག་བསྟན་ནས་པདྨའི་ཆེ་བ་བརྗོད་པར་མོས། སློབ་དཔོན་གྱིས་རིག་མའི་ལག་གཡོན་པ་ཁྱེད་རང་རྣམས་ཀྱི་ལག་གཡས་སུ་གཏད་དེ་རིག་མའི་བརྟུལ་ཞུགས་བྱིན་པར་མོས་མཛོད། ཁྱེད་རང་རྣམས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་དང༌། རིག་མ་འཁོར་ལོ་རྒྱས་འདེབས་མར་གསལ་བའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པའི་ནོར་བུར་ཨོཾ། རྩེ་མོར་ཕཊ྄་དང་བཅས་པ། ཡུམ་གྱི་མཁའ་ཨ་ལས་པདྨ་ཨས་མཚན་པ། ཡབ་ཀྱི་རྡོ་རྗེ་ནོར་བུའི་རྩ་བར་རྩ་གསུམ་འདུས་པའི་རྩ་གཡས་ལ་ཨོཾ་དཀར་པོ། གཡོན་ལ་ཨཱཿདམར་པོ། དབུས་སུ་ཧཱུྃ་མཐིང་ནག །ཡབ་ཡུམ་འཁྱུད་པ་དང་ཙུམྦ་ན་དང༌། གསང་གནས་སྦྱར་བའི་འདོད་ཆགས་ཆེན་པོས་མེའི་དྲོད་སྐྱེས་ཏེ་ཐིག་ལེའི་དྭངས་མ་རྣམས་ཞུ། ཁྱེད་རང་གི་སྤྱི་བོ་ནས་འཁོར་ལོ་བཞི་བརྒྱུད་དེ་རྡོ་རྗེ་ནོར་བུའི་རྩ་བར་བྱོན་པས་དགའ་བ། དབུས་སུ་བྱོན་པས་མཆོག་དགའ། རྩ་གསུམ་འདོམ་པའི་གནས་སུ་བྱོན་པས་དགའ་བྲལ་གྱི་དགའ་བ། རྡོ་རྗེ་ནོར་བུའི་རྩེ་མོར་བྱོན་པས་མཐར་ཐུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པར་མོས་ཏེ་ཅུང་ཟད་མཉམ་པར་ཞོག །ཕྱིར་བ་ཐག་ཙམ་ཡང་མ་འཛག་པར་བྱས་ཏེ་རླུང་འཕོ་བ་མེད་པའི་གདངས་དང་བཅས་ཧཱུྃ་ཞེས་དྲངས། ཡབ་ཡུམ་སོ་སོའི་ལྟེ་བའི་རྩ་འཁོར་གང་བས་དགའ་བ། ཡར་དྲངས་པ་སྙིང་གའི་རྩ་འཁོར་གང་བས་མཆོག་དགའ། ཡར་དྲངས་པ་མགྲིན་པའི་རྩ་འཁོར་གང་བས་དགའ་བྲལ་གྱི་དགའ་བ། ཡར་དྲངས་པ་སྤྱི་བོའི་རྩ་འཁོར་གང་བས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པར་མོས་ལ་ལུས་ཀྱི་འཁྲུལ་འཁོར་དང༌། རླུང་དང་སྤྱོད་ལམ་གྱི་སྒོ་ནས་ལུས་ཐམས་ཅད་ལ་ཁྱབ་པར་དགྲམ་པ་ལ་བརྟེན་ལུས་ཐམས་ཅད་ལ་རྩས་ཁྱབ། རྩ་ཐམས་ཅད་ལ་བྱང་ཆུབ་སེམས་ཀྱིས་ཁྱབ། དེ་ཐམས་ཅད་ལ་བདེ་བ་དང་སྟོང་པ་ཟུང་འཇུག་གིས་ཁྱབ་པ་སྟེ། བདེ་སྟོང་ཟུང་འཇུག་རྣམ་པར་མི་རྟོག་པའི་ངང་ལ་ཅུང་ཟད་མཉམ་པར་འཇོག་པར་ཞུ། དེ་ལྟར་ཐ་མལ་གྱི་རྟོག་པ་སྤངས་ནས་ལྷ་སྔགས་ཆོས་ཉིད་ཀྱི་ཐབས་མཁས་སུ་བསྒྱུར་ནས་རྗེས་ཆགས་སྙོམ་འཇུག་བདེ་བ་ཆེན་པོ་ལ་བརྟེན་ནས་ཞུ་བདེ་ལྷན་ཅིག་སྐྱེས་པ་མངོན་དུ་བྱས་ཏེ། དེའི་མཐུས་སྲིད་པའི་སྡུག་བསྔལ་ལས་འདས་ནས་བདེ་ཆེན་རྡོ་རྗེ་སེམས་དཔའ་ཉིད་དུ་ངེས་པར་འཚང་རྒྱ་བར་འགྱུར་རོ། །དེས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལམ་གཞན་ལུས་བདེ་ཆེན་ཕོ་ཉའི་རྣལ་འབྱོར་ཟབ་མོ་སྒོམ་པ་ལ་དབང༌། ལམ་ལྔ་ལས་རྒྱུ་ཡི་ཐེག་པ་མཐར་ཕྱིན་པ་སྒོམ་ལམ་ཀུན་ཏུ་འོད་ཀྱི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས། ཡིད་ཀྱི་དྲི་མ་དག །ཆོས་ཀྱི་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་པ་ཡིན་ནོ། །ཚིག་དབང་རིན་པོ་ཆེ་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་དཔལ་ཆེན་ཀུན་ཏུ་བཟང༔ སྲིད་ཞིའི་སྤྱི་དཔལ་དགོངས་སུ་གསོལ༔ བླ་མེད་འོད་གསལ་སྙིང་པོའི་ལམ༔ མངོན་སུམ་བདག་ལ་བསྩལ་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་ཀྱིས་བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་ལ་མོས་གུས་རྩེ་གཅིག་གིས་བླ་སློབ་ལྷན་ཅིག་པས་གསོལ་བ་འདི་ལྟར་ཐོབ། ཅེས་བརྡ་སྦྱར། བརྒྱུད་འདེབས་དཔོན་སློབ་ལྷན་ནས་བཏང༌། བླ་མ་དཔལ་ཆེན་པོ་དངོས་སུ་གསལ་བས་ཐ་མལ་གཉིས་སྣང་གི་བགེགས་རིགས་དབྱིངས་སུ་བསྐྲད་པར་མོས་ལ་ལྟ་སྟངས་སྡིག་མཛུབ་དང་བཅས་ཕྱོགས་ཀུན་ཏུ་གཏད་ལ་ཧ་ཧ་ཞེས་པས་རྡོ་རྗེའི་གད་མོ་སྒྲོགས། རིག་པ་གསལ་སྟོང་གཉིས་མེད་མཚོན་པའི་བརྡར་རྡོ་རྗེ་སེམས་དཔའི་མེ་ལོང་འཕྱར་ཞིང༌། དགོངས་པ་རྩེ་གཅིག་ཏུ་གཏད་དེ་དབང་བསྐུར་བ་ཡིན་པས། བླ་མའི་ཐུགས་ཀར་ཨ་ཡིག་མཐིང་གསལ་ནམ་མཁའི་མདོག་ཅན་ཞིག་འོད་ཙེ་རེ་གནས་པ་ལ་སེམས་གཏོད་ཅིག །ཤེལ་རྡོ་ཕྱར་ལ། ཨ༔ ད་ལྟའི་ཤེས་པ་བློ་བྲལ་འདི༔ ཟང་ཐལ་ཀུན་ཁྱབ་ས་ལེ་བ༔ རིག་སྟོང་ཆོས་སྐུའི་དགོངས་པ་འདི༔ ངེས་དོན་རྡོ་རྗེ་གཞོན་ནུ་ཡིན༔ ཨ་ཨ་ཨ༔ དུས་གསུམ་རྟོག་པ་ལས་འདས་པའི༔ སྐྱེ་འགག་གནས་བྲལ་ཆོས་ཀྱི་དབྱིངས༔ རྣམ་ཐར་གསུམ་དང་འདུ་འབྲལ་མེད༔ ཨེ་ཀ་འཁོར་ལོ་རྒྱས་འདེབས་སོ༔ ཨ་ཨ་ཨ༔ རིག་རྩལ་ཁྱབ་བརྡལ་ཆེན་པོ་ནི༔ ཁྲོ་བཅུ་ཡབ་ཡུམ་ཕྲ་ཐབས་དང༔ སྲས་མཆོག་སྒོ་མ་དམ་ཅན་ཏེ༔ ཀུན་ཀྱང་རང་སེམས་ཉིད་དུ་རྫོགས༔ ཨ་ཨ་ཨ༔ ངོ་བོ་སྟོང་ཉིད་རྡོ་རྗེ་སེམས༔ རང་བཞིན་འོད་གསལ་ཀཱི་ལ་ཡ༔ ཐུགས་རྗེ་ཀུན་ཁྱབ་ལས་ཀྱི་ལྷ༔ བདེ་གཤེགས་སྙིང་པོའི་དཀྱིལ་འཁོར་ཏེ༔ བུ་ཁྱོད་སྐལ་པ་བཟང་བས་མཐོང༔ ལྷ་བདག་གཉིས་མེད་ལྟ་བ་སྟེ༔ རང་སྣང་རང་ཤར་སྒོམ་པའི་མཆོག༔ ཤུགས་འབྱུང་འགག་མེད་སྤྱོད་པའི་ཀློང༔ ཐིག་ལེ་གཅིག་ཏུ་ཡེ་ནས་རྫོགས༔ དོན་འདི་རྟོགས་ན་སྲིད་ཞིའི་ཆོས༔ ཀུན་ཀྱང་སྲོག་འདིས་དབང་བྱེད་པས༔ དགོངས་པ་མི་འགྱུར་དོན་གྱི་གཟེར༔ རྒྱུད་ལུང་མན་ངག་ཐམས་ཅད་འདུས༔ ཨ་ཨ་ཨ་དྷརྨ་དྷཱ་ཏུ་ཨ་ཧོཿ ཞེས་ཚིག་གིས་ངོ་སྤྲད་དེ། སྔར་དབང་གསུམ་པའི་སྐབས་ཤེས་རབ་མ་དང་སྦྱོར་བས་དཔེ་ལས་སྐྱེས་པའི་ཡེ་ཤེས་མྱོང་བ་དྲན་པར་བྱས་ཏེ་དེའི་རང་ངོ་ལ་བལྟས་པས་གདོད་ནས་དག་པའི་ཆོས་ཉིད་ངོ་བོ་སྟོང་པ་ཤེལ་ལྟ་བུ་ལས། རང་བཞིན་འོད་གསལ་འཇའ་ཚོན་ལྟར་འགག་མེད་དུ་གསལ་བའི་ཟུང་འཇུག་རིག་པའི་ཡེ་ཤེས་དེ་ཁོ་ན་དངོས་སུ་མཐོང་བའི་དོན་ལ་མཉམ་པར་ཞོག་ཅིག །ཅུང་ཟད་བཞག་མཐར་སློབ་དཔོན་གྱིས། ཕཊ྄། དྲག་ཏུ་བརྗོད། དེ་ལྟ་བུའི་ཆོས་ཉིད་ཀྱི་རང་གཤིས་དཔེ་དང་ཚིག་ལས་འདས་ཀྱང་ལུས་སྐུ་གསུམ་གྱི་བཞུགས་སྟངས། མིག་གཟིགས་སྟངས་ཀྱིས་གཅུན་པའི་སྒོ་ཡུལ་རླུང་རིག་གི་གནད་ལ་བརྟེན་ནས་འོད་གསལ་སྒྲོན་མ་བཞིའི་སྣང་བ་ལ་ལོངས་སྤྱོད་པས་ཕྱི་ནང་སེམས་ཀྱི་ཟག་པ་ཐམས་ཅད་ནང་དབྱིངས་ཆེན་པོའི་ཀློང་དུ་ཟད་པ་ཀུན་བཟང་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་གསང་ལམ་ངོ་སྤྲད་པའི་སླད་དུ་ཁྱེད་རང་རྣམས་ལུས་སེང་གེའི་འདུག་སྟངས་སུ་བཅོས། མིག་བར་སྣང་དུ་ཧ་རེ་གཏོད་ལ་ཆོས་ཉིད་ཀྱི་རང་ངོ་ལ་གཅེར་གྱིས་ལྟོས་ཤིག །ཤེལ་རྡོ་དང་རྨ་བྱའི་མདོངས་བསྟན་ཏེ། ཨ༔ སྙིང་དབུས་ཡེ་ཤེས་རིན་པོ་ཆེའི༔ ཙིཏྟ་འོད་ཀྱི་གུར་ཁང་ན༔ འོད་གསལ་སྣང་བ་བསམ་མི་ཁྱབ༔ སྐུ་གསུམ་སྒྲོན་མ་བརྡ་འདིས་བསྟན༔ ཨ་ཨ་ཨ་ཨ་ཨ༔ ཞེས་བརྗོད་ལ་ཅུང་ཟད་མཉམ་པར་བཞག དེ་ལྟར་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བ། བསམ་བརྗོད་ཀྱི་ཡུལ་ལས་འདས་ཤིང༌། རྣམ་ཐར་སྒོ་གསུམ་གྱི་མཚོན་བྱེད་ཅན་དེ་ཉིད་རང་གི་སེམས་བདེ་སྟོང་གི་ངོ་བོར་ཤར་བ། ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་རང་བྱུང་གི་ཡེ་ཤེས་དང་གཉིས་སུ་མེད་པ་ཡིན་ནོ། །དེས་ཁྱེད་རང་རྣམས་ལ་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ་པས་རིག་པ་ཡེ་ཤེས་ཀྱི་ཕུར་བུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྒོམ་པ་ལ་དབང༌། ལམ་ལྔ་ལས་འབྲས་བུའི་ཐེག་པ་མཐར་ཕྱིན་པ་མི་སློབ་པའི་ལམ་བཅུ་གསུམ་རྡོ་རྗེ་འཛིན་པའི་རྟོགས་པ་རྒྱུད་ལ་སྐྱེ་བའི་མཐུ་དང་ལྡན་པར་བྱས། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་པ་ཡིན་ནོ། །མཚམས་སྦྱོར་སྤྱི་ལྟར་བྱས་ལ་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱས་པར་བརྗོད་ཅིང་མེ་ཏོག་འཐོར་ལ་རོལ་མོ་བསྒྲགས། འོག་གི་དོན་དབང་དང་གཏོར་དབང་རྣམས་སྦྲེལ་ནས་བྱེད་ན་ཁྲུས་དང་བགེགས་བསྐྲད་དོན་དབང་གི་ལོ་རྒྱུས། མཎྜལ་འབུལ་བ་དམ་བཞག་བར་མི་དགོས། བྱིན་འབེབས་མན་ཆད་དཀྱུས་ལྟར་གྱི་དོན་དབང་རྫོགས་པ་དང་གཏོར་དབང་སྦྱར་ཞིང་ཤིས་བརྗོད་ནས་འདི་བཞིན་མཐར་དབྱུང་དགོས་སོ། དེ་དག་གིས་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ་མི་ཏྲས་གསང་སྔགས་ཆུ་བོ་བཞི་ཡི་བཀའ་བབ་གཅིག་འདུས་གཉགས་ལོ་ཙཱ་བ་ཆེན་པོ་ཛྙཱ་ན་ཀུ་མཱ་ར་ལ་སྙན་བརྒྱུད་གསང་བའི་མནོག་ཆོས་སུ་བསྩལ་བའི་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཆེན་པོའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བསྐུར་རྒྱས་པ་ལེགས་པར་གྲུབ་པ་ཡིན་པས། དབང་གི་སྲོག་གམ་གཞི་རྟེན་དུ་གྱུར་པ། སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་རྩ་བ་དང་ཡན་ལག་གི་སྡོམ་པ་དང་དམ་ཚིག་མཐའ་དག་ཚུལ་བཞིན་དུ་སྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་མཚམས་སྦྱོར་སྤྱི་འགྲོ་ལྟར་བྱས་ལ་སློབ་མ་གྱེས་སོ། །གཉིས་པ་རྗེས་ཀྱི་ལས་རིམ་ནི། སློབ་དཔོན་གྱིས་ལས་གཞུང་ལྟར་ཚོགས་ལ་རོལ་ཞིང་ལྷག་མ་བཏང༌། སྨོན་ལམ་གདབ། ཆད་ཐོ་བརྟན་སྐྱོང་རྟ་བྲོ་བཅས་སོང་ནས། གཏང་རག་གི་མཆོད་བསྟོད་རྒྱས་བསྡུས་གང་ལྕོག་སྦྱར། ནོངས་བཤགས་དང༌། མདུན་བསྐྱེད་ཀྱི་ཡེ་ཤེས་པ་རས་བྲིས་ལ་བརྟན་བཞུགས། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་འོད་གསལ་གྱི་དབྱིངས་སུ་བསྡུ་ཞིང་ཟུང་འཇུག་སྒྱུ་མའི་ལྷ་སྐུར་ལྡང༌། བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་མཐར་ཆགས་སུ་བཏང་བས་ལེགས་པར་གྲུབ་བོ། ༈ གཉིས་པ་དབང་བསྐུར་འབྲིང་པོ་དོན་དབང་སྙིང་པོའི་ཚུལ་དུ་འབོག་ན། མཚན་མའི་དཀྱིལ་འཁོར་གཉིས་ཇི་ལྟར་འབྱོར་པའི་སྟེང་མཉྫིའི་ཁར་རྣམ་བུམ་རྒྱན་ལྡན། ལྷ་ཚོགས་ཡོངས་རྫོགས་ཀྱི་སྐུ་ཙཀ །རཀྴའི་སྔགས་ཕྲེང༌། ཕྱག་མཚན་རྡོ་རྗེ། དཔལ་གྱི་ཆས་བཅུ། ཤ་ཁྲག་རུས་གསུམ། གསང་ཐོད། རིག་ཙཀ །ཤེལ་རྡོ་བཅས་འདུ་བྱས་ལ། ལས་བྱང་གི་གཞུང་བསྲངས་ནས་བསྙེན་སྒྲུབ་ལས་ཀྱི་བཟླས་པའི་འཇུག་ཏུ་བུམ་པ་གཉིས་ཀ་སྟ་གོན་ལྟར་སྒྲུབ། ཚོགས་མཆོད་བར་དཀྱུས་ལྟར་གྲུབ་རྗེས། སློབ་མ་རྣམས་ལ་ཁྲུས་བྱ། གྲལ་དུ་འཁོད་པ་ན་བགེགས་གཏོར་བཏང༌། སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་གྲུབ་པ་དང༌། དེ་ལ་འདིར་བསྒྲུབ་བྱའི་ལྷ་ཆེན་པོ་རྡོ་རྗེ་གཞོན་ནུ་འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་དུ་གསང་བའི་བདག་པོ། རྒྱུད་སྡེ་ཆེན་པོ་བཞི་ཀའི་ལས་རབ་འབྱམས་སྒྲུབ་པའི་ལྷ་རྡོ་རྗེ་རྣམ་པར་འཇོམས་པ། ཉམས་གྲིབ་དང་མི་གཙང་བ་ཀུན་སེལ་བྱེད་ཁྲོ་རྒྱལ་སྨེ་བ་བརྩེགས་པ། སྲུང་བའི་ལྷ་མཆོག་གཙུག་ཏོར་འཁོར་ལོས་བསྒྱུར་བ། རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའ་རྣམས་ཀྱང་དཔལ་རྡོ་རྗེ་གཞོན་ནུའི་རོལ་རྩེད་དུ་གསུངས་ཤིང༌། སྒྲུབ་བྱེད་སྨིན་གྲོལ་གྱི་བཀའ་སྲོལ་ལའང་སྔ་འགྱུར་བཀའ་མ་ལ་རྒྱལ་པོ་ལུགས། ཇོ་མོ་ལུགས། ལྕམ་ལུགས། སོ་ཟུར་གནུབས་གསུམ། རོག་འགོས་ཁྱུང་གསུམ། འཁོན་ལུགས་ཀྱི་ཡང་ཕུར་དཔལ་ས་སྐྱ་པ་ལ་བཀའ་བབ་བརྙེས་པ་དང༌། གཞན་ཡང་དམ་པ་སངས་རྒྱས། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ལས་བརྒྱུད་པ་སོགས་དུ་མ་དང༌། ཟབ་གཏེར་གྱི་རིང་ལུགས་ལས་རྒྱ་ཆེ་མུ་མེད་དུ་བྱོན་པས་མཚོན་གངས་ཅན་གྱི་གྲུབ་མཐའ་ཀུན་ལ་ལྷ་འདིའི་ཕྲིན་ལས་ཀྱིས་མ་ཁྱབ་པ་མེད་ཅིང༌། སྤྱིར་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་སྤྱི་དཔལ་ཡིན་ཀྱང་ཁྱད་པར་ཀརྨ་ཧེ་རུ་ཀ་ཕྲིན་ལས་ཀྱི་ཁྱབ་བདག་ཏུ་བཞེངས་པས་སྒྲུབ་ཐག་ཉེ་བ་དང༌། བྱང་ཆུབ་སྒྲུབ་པའི་ལམ་གྱི་བར་ཆད་སེལ་བ་ལ་མེད་དུ་མི་རུང་བའི་ལྷག་པའི་ལྷ་གཅིག་པུར་མཁས་གྲུབ་ཀུན་ལ་གྲགས་ཤིང༌། ད་ལྟའི་བར་དངོས་གྲུབ་བརྙེས་པ་ཟམ་མ་ཆད་པར་བཞུགས་པ་ལྟར། འདིར་ཡང་པཎ་ཆེན་བི་མ་ལ་མི་ཏྲ། སློབ་དཔོན་སངས་རྒྱས་གཉིས་པ། གཉགས་ཛྙཱ་ན་ཀུ་མཱ་རའི་བཀའ་སྲོལ་གཅིག་དྲིལ་གྱི་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབ་པ་སྟེ། འདི་ལའང་རྩ་བའི་སྨིན་བྱེད་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པ་ལས། དོན་དབང་སྙིང་པོའི་བཅུད་དྲིལ་ལྟར་སྒྲུབ་པ་ལ་མཎྜལ་ཕུལ། ཙཀྵུ་བྷནྡྷ་བ་ར་མ་ན་ཡེ་སྭཱ་ཧཱ། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མིག་དར་དང་མེ་ཏོག་གཏད། སངས་རྒྱས་ཀུན་གྱི་སོགས་ཀྱིས་གསོལ་བ་གདབ། སྐྱབས་སེམས་ཡན་ལག་བརྒྱད་པ་སྡོམ་བཟུང་རྣམས་ལན་གསུམ་གསུམ་བཅས་བྱ། བྷྲཱུཾ་པྲ་བེ་ཤ་ཡ་ཕཊ྄་ཀྱིས་སྒོ་དབྱེ། ཛཿཧཱུྃ་བྃ་ཧོཿས་ནང་དུ་གཞུག ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མི་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ་གིས་ཕྱག་ལན་གསུམ་བྱ། འདི་ནི་རྡོ་རྗེ་བདུད་རྩིའི་ཆུ༔ ཧེ་རུ་ཀ་དཔལ་ཉིད་ཡིན་ཏེ༔ བསྲུང་ན་དངོས་གྲུབ་སེམས་དཔའ་སྩོལ༔ མ་བསྲུང་ངེས་པར་འཚིགས་ཏེ་བརླག༔ ས་མ་ཡ་ཨི་དཾ་ཏོ་ད་ཀ་ཋ་ཋ་ཋ་ཧཱུྃ༔ ཞེས་དམ་ཆུ་མྱང༌། ཡེ་ཤེས་པ་དབབ་པ་ནི། སྣོད་ནི་འོག་མིན་སྟུག་པོ་བཀོད། །བཅུད་ཀྱི་རྟོག་པ་ཀཱི་ལ་ཡ། །མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད། །གཡས་དཀར་གཡོན་དམར་དབུས་མཐིང་ནག །དེ་སྟེང་ཞལ་གསུམ་ལྗང་སེར་ནག །དེ་སྟེང་ཞལ་གསུམ་སྨུག་མཐིང་དམར། །གཡས་དགུ་དང་པོས་རྡོ་རྗེ་གདེང༌། །འཁོར་ལོ་དགྲ་སྟྭ་རལ་གྲི་མདུང༌། །ཐོ་བ་ལྕགས་ཀྱུ་གསལ་ཤིང་བསྣམས། །གཡོན་དགུས་མེ་དཔུང་ཁཊྭཱཾ་ག །རི་རབ་ཞགས་པ་བྷནྡྷ་དམར། །སྡིག་མཛུབ་མདའ་དང་བདུད་བཞིའི་མགོ །ཐ་མས་རི་རབ་ཕུར་བུ་འདྲིལ། །རང་འོད་ཡུམ་དང་མཉམ་སྦྱོར་བས། །ཐུགས་སྲོག་ཧཱུྃ་ལ་སེམས་བཟུང་ཞིང༌། །སྙོམས་འཇུག་སྒྲ་དང་འོད་ཟེར་སྤྲིན། །གདུང་བའི་གླུ་ཡིས་ཐུགས་དམ་བསྐུལ། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །ཆར་བཞིན་བབ་སྟེ་དབྱེར་མེད་ཐིམ། །ཡེ་ཤེས་ཆེན་པོའི་བྱིན་ཐོབ་གྱུར། །སྤོས་རོལ་བཅས་ལས་བྱང་གི་བྱིན་འབེབས་བཏང་ལ་དབབ། རྡོ་རྗེ་སྤྱི་བོར་བཞག་ཏིཥྛ་བཛྲས་བརྟན་པར་བྱ། བོ་དྷི་ཙིཏྟ་ཨ་པྲ་ཏཱི་པཱུ་ཛ་ཧོཿས་མེ་ཏོག་དོར། པྲ་ཏཱིཙྪ་གྲཱྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལས་བཅིངས། བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ྄་ཀྱིས་མིག་དར་བསལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་བདག་ཉིད་རྩ་བ། ཕྱོགས་བཅུ་ཁྲོ་བོ། སྲས་མཆོག་ཕུར་པའི་དཀྱིལ་འཁོར་གསུམ། བཀའ་སྲུང་ཆོས་སྐྱོང་དང་བཅས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཇལ་བར་གྱུར། དེས་སྔོན་འགྲོ་འཇུག་པའི་ཆོས་རྣམས་སོང་ནས་དངོས་གཞིའི་སླད་དུ་མཎྜལ་ཕུལ། ཧེ་རུ་ཀ་དཔལ་བླ་མ་དགོངས༔ བདག་ཅག་རྡོ་རྗེའི་རིགས་ཅན་དུ༔ སྒྲུབ་པ་སྐལ་པ་ཤིན་ཏུ་བཟང༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ ལན་གསུམ་གྱིས་གསོལ་བ་གདབ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་ཐུག་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་ནས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་དགྱེས་བཞིན་དུ་དབང་བསྐུར་བར་གྱུར། བུམ་པ་སྤྱི་བོར་བཞག ཧཱུྃ༔ བུམ་པ་རང་བྱུང་གཞལ་ཡས་ཁང༔ ནང་བཅུད་རིགས་ལྔའི་ཧེ་རུ་ཀ༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ སྐུ་གང་སྒྲིབ་དག་ནུས་པ་བཞག༔ ཆུ་ལྷག་གྱེན་དུ་འཁྱིལ་བ་ལས༔ རྡོ་རྗེ་སེམས་དཔས་དབུ་བརྒྱན་གྱུར༔ ཛཿཧཱུྃ་བྃ་ཧོཿ ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཁྱེད་རང་རྣམས་ལ་ཐིམ་པར་མོས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱས་མེ་ཏོག་སྤྱི་བོར་བཞག་ཅིང་བརྟན་པར་བྱས་ནས། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཤིས་བརྗོད་གང་རིགས་བྱ། དེ་ལྟར་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྙེན་པའི་རྣལ་འབྱོར་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །སྟོད་སྨད་ཀྱི་དབང་ཆེན་སྦྲེལ་བའི་གཤམ་དུ་དོན་དབང་བྱེད་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་འདི་དག་སྦྱར་མི་དགོས་ལ། དོན་དབང་ཁོ་ན་ཡིན་ན་ནུས་པ་འཇུག་དབང་འདི་དགོས་པས་སྐབས་ཕྱེད་པར་བྱ་དགོས་སོ། ཁྱད་པར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དང་ནུས་པ་རྒྱུད་ལ་འཇུག་པའི་ཕྱིར་ལྷ་སྔགས་རིག་པའི་དབང་བསྐུར་སྦྱིན་པའི་ཐོག་མར་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། མདུན་གྱི་ལྷ་ཚོགས་གཙོ་འཁོར་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་གཉིས་སུ་མེད་པར་མོས་ཤིག །ལྷ་ཙཀ་རྣམས་རིམ་པར་བསྐུར་ལ། ཧཱུྃ༔ དབུས་ཕྱོགས་གྲུ་གསུམ་གཞལ་ཡས་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་སྦྱོར༔ སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི་བཅས༔ སྤྲུལ་པ་སྲས་མཆོག་ཁྲོ་བཅུ་སྤྲོ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔལ་ཆེན་པོ་དང་གཉིས་མེད་ཤོག༔ རྩ་སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་མཛད་ཧཱུྃ༔ ཡུམ་ནི་རྡོ་རྗེ་སྒྲ་འབྱིན་མ༔ སྤྲུལ་པ་ཕག་དང་རྨིགས་བུའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྟེང་གདོན་འདུལ་བའི་མཐུ་ཐོབ་ཤོག༔ རང་སྔགས། ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ༔ ཡུམ་ནི་རྡོ་རྗེ་མདའ་སྙེམས་མ༔ སྤྲུལ་པ་སྟག་དང་བྱ་རྒོད་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲི་ཟ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད༔ ཡུམ་ནི་རྡོ་རྗེ་དུར་ཁྲོད་བདག༔ སྤྲུལ་པ་ཤ་བ་འུག་པའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཤིན་རྗེ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང༔ ཡུམ་ནི་རྡོ་རྗེ་གཏུམ་མོ་མ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཀླུ་གདོན་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ ཡུམ་ནི་རྡོ་རྗེ་རླུང་འབྱིན་མ༔ སྤྲུལ་པ་སེང་གེ་ཕ་ཝཾ་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གནོད་སྦྱིན་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ཤར་ལྷོ་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་དབྱུག་པ་སྔོན༔ ཡུམ་ནི་རྡོ་རྗེ་སྡེར་མོ་མ༔ སྤྲུལ་པ་གཡག་དང་བྱ་རོག་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མེ་ལྷ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན༔ ཡུམ་ནི་རྡོ་རྗེ་གཏུན་ཁུང་མ༔ སྤྲུལ་པ་གཟིག་དང་ཁྭ་ཏའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྲིན་པོ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ནུབ་བྱང་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་འདོད་པའི་རྒྱལ༔ ཡུམ་ནི་རྡོ་རྗེ་སྙེམས་མ་དམར༔ སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རླུང་ལྷ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ བྱང་ཤར་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ༔ ཡུམ་ནི་རྡོ་རྗེ་གསོད་བྱེད་མ༔ སྤྲུལ་པ་དོམ་དང་སྲེ་མོང་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབང་ལྡན་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ འོག་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་པོ༔ ཡུམ་ནི་རྡོ་རྗེ་སྐྱོད་བྱེད་མ༔ སྤྲུལ་པ་དྲེད་དང་བྱི་བའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ས་བདག་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ མདུན་ཕྱོགས་ཟླ་གམ་གདན་སྟེང་ནས༔ ཐུགས་ཀྱི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུགས་མེད་ཁམས་འདུལ་དབང་ཐོབ་ཤོག༔ སྔགས། ཧཱུྃ༔ གཡས་ཕྱོགས་ཟླ་གམ་གདན་སྟེང་ནས༔ སྐུ་ཡི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འདོད་ཁམས་འདུལ་བའི་དབང་ཐོབ་ཤོག༔ སྔགས། ཧཱུྃ༔ གཡོན་ཕྱོགས་ཟླ་གམ་གདན་སྟེང་ནས༔ གསུང་གི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུགས་ཁམས་འདུལ་བའི་དབང་ཐོབ་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་གྲུ་ཆད་ཤར་ལྷོ་ནས༔ ཞི་བའི་ལས་མཛད་བུདྡྷའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཞི་བྱེད་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་གྲུ་ཆད་ལྷོ་ནུབ་ནས༔ རྒྱས་པའི་ལས་མཛད་རཏྣའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱས་བྱེད་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་གྲུ་ཆད་ནུབ་བྱང་ནས༔ དབང་གི་ལས་མཛད་པདྨའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབང་བྱེད་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་གྲུ་ཆད་བྱང་ཤར་ནས༔ དྲག་པོའི་ལས་མཛད་ཀརྨའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲག་པོའི་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་ཁོར་ཡུག་ཁྲག་ཁྱམས་ནས༔ ཕུར་པའི་ལས་མཁན་དམ་ཅན་ཚོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གདུག་པ་ཀུན་འདུལ་དབང་ཐོབ་ཤོག༔ སྔགས། ཧཱུྃ༔ དཀྱིལ་འཁོར་ཕྱོགས་ཀྱི་སྒོ་བཞི་ནས༔ ཕྲིན་ལས་བཞི་མཛད་སྒོ་མ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚར་གཅོད་རྗེས་འཛིན་དབང་ཐོབ་ཤོག༔ སྔགས། དེང་ནས་བཟུང་སྟེ་རང་ལུས་སྣང་སྟོང་ལྷའི་སྐུ་སྒོམ་པ་དང་མ་བྲལ་བས་སྣང་བ་ཐམས་ཅད་ལ་ལྷ་སྐུ་ཕྱག་རྒྱའི་གཟེར་གྱིས་ཐེབས་པར་གྱིས་ཤིག །གསུང་བཟླས་པའི་ལུང་སྦྱིན་པ་ལ་དམིགས་པ་འདི་རྣམས་གསལ་ཐོབ་མཛོད། བདག་མདུན་གྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བཛྲ་སཏྭ་དཀར་གསལ་རྡོར་དྲིལ་བསྣམས་པ་དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་ཕྱེད་སྐྱིལ་གྱིས་པད་ཟླ་ལ་བཞུགས་པ། ཙིཏྟ་མཆོང་གུར་སྨུག་པོའི་དབུས་སུ་ཉི་མའི་སྟེང་དུ་གསེར་གྱི་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཧཱུྃ་ལ་ཀཱི་ལ་ཡ་འབྲུ་དགུ་པས་བསྐོར་བའི་སྔགས་ཀྱི་ཐོག་མཐའི་མཚམས་སུ་རྟ་མགྲིན་དམར་པོ་པདྨ་དང་བྷཉྫ་འཛིན་པ་ཞལ་ནང་དུ་ཕྱོགས་ཏེ་སྲུང་བའི་ལས་མཛད་པར་གསལ། ཁྱེད་རང་རྣམས་ཀྱང་ལྷར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བཛྲ་སཏྭའི་ཐུགས་མཆོང་གུར་སྨུག་པོར་རྡོ་རྗེ་ཧཱུྃ་ཡིག་སྔགས་ཕྲེང་བར་ཆད་སྲུང་བའི་ལྷ་དང་བཅས་པ་གསལ་ཐོབ་མཛོད། སློབ་དཔོན་དང་ལྷ་ལ་མོས་གུས་བྱས་པའི་རྐྱེན་གྱིས་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན། ཁྱེད་རང་རྣམས་དང་ཐུགས་ཀའི་ལྷའི་ཞལ་དུ་ཞུགས་ནས་ཐུགས་སྲོག་ཧཱུྃ་གི་མཐར་འཁོད་པ་བཟླས་པའི་རྐྱེན་གྱིས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས། སྣོད་བཅུད་སྲིད་པ་ཕུར་བུའི་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་སད་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ ལན་གསུམ། སླར་ཡང་གཙོ་བོའི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་ཞལ་ནས་ཐོན་སློབ་མ་ལྷར་གསལ་བའི་ཁར་ཞུགས། ཡབ་ཡུམ་གྱི་མཁའ་གསང་ནས་ཐོན། གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཞུགས། ཐུགས་ཀར་ཐིམ་པས་བདེ་ཆེན་ཡེ་ཤེས་ཀྱི་གཟི་བྱིན་འབར། བརྟན་གཡོའི་རྩི་ཤིང་ནགས་ཚལ་ཐམས་ཅད་ཕུར་པའི་དཀྱིལ་འཁོར་དུ་ཤར་བས་བཛྲ་ཀཱི་ལ་ཡའི་སྔགས་སྒྲ་འུར་དིར་གྱིས་སྒྲོག་པས་སྣང་སྲིད་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་འཁོར་ལོར་རྫོགས་པར་མོས་ལ་སྒྲུབ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄་ཛཿཧཱུྃ་ཨཱཿ སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་སྐུ་ལས་འོད་ཟེར་ལྗང་ནག་མཚོན་ཆའི་ཟེགས་མ་འཕྲོས། དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་རྣམ་པ་དྲུག་མཐར་ཕྱིན་པར་མོས་ལ་ལས་སྔགས་སྤུ་གྲི་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ༔ མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ༔ སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཤྲཱི་གྷྲཾ་ཀརྨ་ཀཱ་ར་ཡེ་མ་ར་སེ་ན་པྲ་མརྟ་ན་ཡེ་ཧཱུྃ་ཕཊ྄༔ ལན་གསུམ་བཟླར་གཞུག །སྔགས་ཀྱི་ཕྲེང་བ་གཏད་པས་བཟླས་བརྗོད་ཀྱི་ནུས་པ་སྐྱེད་ཅིང་བརྟན་པར་མོས་ཤིག །ཕྲེང་བ་གཏད་ལ། ཨཱཿ ཇི་སྙེད་བརྗོད་པ་ཐམས་ཅད་ཀུན༔ རྡོ་རྗེའི་སྔགས་སུ་རྣམ་པར་དག༔ ནུས་པ་སྐྱེད་པའི་དབང་བསྐུར་བས༔ དངོས་གྲུབ་རྣམ་གཉིས་མྱུར་འགྲུབ་ཤོག༔ ཨོཾ་སརྦ་མཎྜ་ལ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དེང་ཕྱིན་ཆད་གྲགས་སྟོང་སྔགས་ཀྱི་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་བརྩོན་ནས་བརྟན་གཡོའི་སྒྲ་སྐད་ཐམས་ཅད་ལ་རྡོ་རྗེའི་སྔགས་ཀྱིས་གཟེར་ཐེབ་པར་གྱིས་ཤིག །ཐུགས་རང་བྱུང་གི་དགོངས་པ་ངོ་སྤྲད་པའི་སླད་དུ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་དབུས་སུ་ཐིམ་པས་ཟུང་འཇུག་འོད་གསལ་རང་བྱུང་གི་དགོངས་པ་མངོན་དུ་གྱུར་པར་མོས་ཤིག །ཕྱག་མཚན་རྡོ་རྗེ་གཏད་ལ། ཧཱུྃ༔ རྡོ་རྗེ་སྟོང་པ་ཉིད་ཀྱི་དབྱིངས༔ གཞོན་ནུ་ཡེ་ཤེས་རིག་པའི་སྐུ༔ མཚོན་བྱེད་དཔལ་གྱི་ཕྱག་མཚན་འདི༔ སྐལ་ལྡན་བུ་ལ་སྦྱིན་གྱིས་ལོངས༔ ཨོཾ་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ནས་བཟུང་སྟེ་རིག་སྟོང་ཡེ་ཤེས་ཆེན་པོའི་ངང་ལ་རྟག་ཏུ་མཉམ་པར་བཞག་པ་ལས་མ་གཡོས་པས་རྟོག་ཚོགས་ཐམས་ཅད་ལ་དགོངས་པ་མི་འགྱུར་བའི་གཟེར་དང་འཕྲོ་འདུའི་ཏིང་ངེ་འཛིན་གྱིས་གཟེར་ཐེབ་པར་གྱིས་ཤིག །དཔལ་གྱི་ཆས་ཆེན་བཅུ་དང་དུར་ཁྲོད་འབར་བའི་ཆས་བརྒྱད་རྣམས་གནས་སོ་སོར་བགོས་ཏེ་མངའ་གསོལ་བས་སྟོབས་དང་རྣམ་ཐར་ཐམས་ཅད་ཡོངས་སུ་རྫོགས་པར་མོས་ཤིག །དཔལ་གྱི་ཆས་བཅུས་མངའ་གསོལ་ཏེ། ཨོཾ༔ ཁྱོད་ནི་རྡོ་རྗེ་སྒྲོལ་བྱེད་ཆེ༔ སྔོན་ཚེ་ཧེ་རུ་ཀ་ཆེན་པོས༔ རུ་ཏྲ་སྡེ་གསུམ་བཏུལ་བ་ལས༔ རྒྱལ་བྱེད་དཔལ་གྱི་ཆས་རྣམས་ལོངས༔ ཤྲཱི་ཨཱ་ལངྐ་ར་ཨ་བྷི་ཥིཉྩ་ཧོཿ དེ་ལྟར་དཔལ་ཆེན་པོ་དང་མཉམ་པར་གྱུར་པ་ལ་དུག་གསུམ་རྒྱན་དུ་རོལ་པའི་བརྡར་རུ་ཏྲའི་ཤ་ཁྲག་རུས་པའི་བཟའ་བཅའ་གཏད་པར་མོས་མཛོད། ཤ་ཁྲག་རུས་གསུམ་གཏད་དེ། ཧཱུྃ༔ ཟ་བྱེད་རྡོ་རྗེ་འབར་བ་ཆེ༔ ཁམས་གསུམ་གདུག་པ་བསྒྲལ་བ་ཡི༔ དུག་གསུམ་མཆོད་པ་བླ་མེད་པ༔ རོལ་པའི་སྐལ་བཟང་ཁྱོད་ཡིན་ནོ༔ ཧ་ཧ་ཧ་ཨ་ལ་ལ་ཧོཿ ཞེས་ཕུལ་བ་དགྱེས་པའི་གད་མོ་དང་བཅས་ཏེ་རོལ་པས་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་རྔམ་པས་གདུལ་དཀའ་དབྱིངས་སུ་སྒྲོལ་བའི་མཐུ་སྟོབས་ཐོགས་པ་མེད་པར་གྱུར་པའི་མོས་པ་མཛོད། གསང་དབང་ནི། གསང་བའི་དབང་གི་སླད་དུ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་རང་འོད་ཀྱི་ཡུམ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་གྱུར། བྷནྡྷའི་བདུད་རྩི་ལྕེ་ཐོག་ཏུ་བཞག་ལ། ཨེ་མ་ཧོཿ སངས་རྒྱས་ཀུན་གྱི་གསང་བ་ནི༔ ལྷག་པའི་བྱང་ཆུབ་སེམས་ཆེན་པོ༔ དེ་རིང་བུ་ལ་སྦྱིན་པར་བྱ༔ རྟོག་པ་བྲལ་བས་རོལ་ཅིག་བུ༔ སློབ་མས་བདུད་རྩི་མྱང་སྟེ། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་རྗེས་ཟློས་བྱར་གཞུག །དེ་ལྟར་ན་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་ཉེ་བསྙེན་རྩ་རླུང་གཏུམ་མོ་སྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཤེར་དབང་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་རྡོ་རྗེ་གཞོན་ནུའི་སྐུར་གསལ་བ་ལ་སློབ་དཔོན་གྱི་ཐུགས་ཀ་ནས་གཟུགས་དང་ལང་ཚོ་རྫོགས་པའི་རིག་མ་འཁོར་ལོ་རྒྱས་འདེབས་ཀྱི་ངོ་བོ་ཅན་རེ་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་གྱུར། རིག་ཙཀ་གཏད་ལ། ཨེ་མ་བདེ་བ་ཐམས་ཅད་ཀྱི༔ འབྱུང་གནས་རྡོ་རྗེ་སྣ་ཚོགས་གཟུགས༔ བདེ་མཆོག་སྐྱེད་བྱེད་དེང་གཏད་པས༔ རྟོག་པ་བྲལ་བས་རོལ་ཅིག་བུ༔ མ་ཧཱ་ས་མུ་དྲ་ཧོཿ རང་དང་རིག་མ་འདུ་ཤེས་སུམ་ལྡན་གྱིས་སྙོམས་པར་ཞུགས་པས་དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་རྒྱུད་ལ་སྐྱེས་པར་གྱུར། འཁྱུད་རྒྱ་བྱ། དེ་ལྟར་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་སྒྲུབ་པ་ཕོ་ཉའི་རྣལ་འབྱོར་སྒོམ་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །དབང་བཞི་པ་ནི། རྡོ་རྗེ་སེམས་དཔའི་མེ་ལོང་འཇའ་ཤེལ་བཟུང་ལ། ཨ༔ ད་ལྟའི་ཤེས་པ་བློ་བྲལ་འདི༔ ཟང་ཐལ་ཀུན་ཁྱབ་ས་ལེ་བ༔ རིག་སྟོང་ཆོས་སྐུའི་དགོངས་པ་འདི༔ ངེས་དོན་རྡོ་རྗེ་གཞོན་ནུ་ཡིན༔ ཨ་ཨ་ཨ་དྷརྨ་དྷཱ་ཏུ་ཨ་ཧོཿ ཞེས་དཔེ་ཡི་བརྡ་ཐབས་ཀྱིས་མཚོན་ཏེ། ཨ༔ ལྟ་བ་བློ་འདས་གདོད་མའི་བབ༔ སྒོམ་པ་མ་བཅོས་ལྷུག་པར་བཞག༔ སྤྱོད་པ་རང་གྲོལ་གཉུག་མའི་ངང༔ འབྲས་བུ་གཞི་སྣང་ཆེན་པོར་རྫོགས༔ ཨ་ཨ་ཨ༔ ཞེས་དགོངས་པ་སྐྱོང༌། དེ་ལྟར་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་དག །ལམ་སྒྲུབ་པ་ཆེན་པོ་དབྱིངས་རིག་ཟུང་འཇུག་སྒོམ་པ་ལ་དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །རྗེས། གཙོ་བོས་ཇི་ལྟར་སོགས་དང༌། དེང་ནས་བརྩམས་ཏེ་སོགས་སྤྱི་ལྟར་དང་དགེ་བསྔོ་བྱས་པས་གྲུབ་བོ། ༈ གསུམ་པ་བསྡུས་པ་གཏོར་མའི་དབང་བསྐུར་རྐྱང་པ་བྱེད་འདོད་ན། དཔལ་གཏོར་འཁོར་རང་འདྲ་བཅུ་དང་མཐེབ་ཀྱུ་གང་མང་གིས་བསྐོར་བར་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་དཀྱིལ་འཁོར་དབུས་སུ་བཞག་ལ་མཆོད་པས་བསྐོར། ལས་བྱང་བཟླས་པ་དང་བཅས་པ་བཏང་སྟེ་གཏོར་མ་ཉིད་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་ཞིང་ཐུན་མཐར་ཏིང་ངེ་འཛིན་གྱི་དབང་ལེན་གྲུབ་པ་དང༌། སློབ་མ་ཁྲུས་ནས་དབྱུང༌། བགེགས་བསྐྲད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་འདེབས་དང་བཅས་དོན་དབང་གི་ལོ་རྒྱུས་ལྟར་སྦྱར་ཏེ། སྨིན་བྱེད་རྒྱས་འབྲིང་བསྡུས་གསུམ་ལས། བསྡུས་པ་བྱིན་རླབས་གཏོར་མའི་དབང་གིས་སྨིན་པར་བྱ་བའི་ཕྱིར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་དཔལ་ཆེན་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱིས༔ བདག་ལ་བྱིན་གྱིས་བརླབས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་སྩོལ༔ ལན་གསུམ། དབང་རྒྱས་པ་དང་དོན་དབང་གི་གཤམ་དུ་སྦྲེལ་ན་དབང་སྒྲུབ་དང་དབང་ལེན་མཎྜལ་ནས་བྱིན་འབེབས་བར་མི་དགོས། འོག་གི་གཏོར་དབང་དངོས་ལ་འཇུག །གཏོར་དབང་ཁོ་ནའི་ཚེ། བསགས་སྦྱང་སྤེལ་གསུམ་གྱི་ཐབས་ཁྱད་པར་ཅན་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ལན་གསུམ། ཡེ་ཤེས་པ་དབབ་པ་ནི། སྣོད་ནི་འོག་མིན་སྟུག་པོ་བཀོད། །བཅུད་ཀྱི་རྟོག་པ་ཀཱི་ལ་ཡ། །མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད། །གཡས་དཀར་གཡོན་དམར་དབུས་མཐིང་ནག །དེ་སྟེང་ཞལ་གསུམ་ལྗང་སེར་ནག །དེ་སྟེང་ཞལ་གསུམ་སྨུག་མཐིང་དམར། །གཡས་དགུ་དང་པོས་རྡོ་རྗེ་གདེང༌། །འཁོར་ལོ་དགྲ་སྟྭ་རལ་གྲི་མདུང༌། །ཐོ་བ་ལྕགས་ཀྱུ་གསལ་ཤིང་བསྣམས། །གཡོན་དགུས་མེ་དཔུང་ཁཊྭཱཾ་ག །རི་རབ་ཞགས་པ་བྷནྡྷ་དམར། །སྡིག་མཛུབ་མདའ་དང་བདུད་བཞིའི་མགོ །ཐ་མས་རི་རབ་ཕུར་བུ་འདྲིལ། །རང་འོད་ཡུམ་དང་མཉམ་སྦྱོར་བས། །ཐུགས་སྲོག་ཧཱུྃ་ལ་སེམས་བཟུང་ཞིང༌། །སྙོམས་འཇུག་སྒྲ་དང་འོད་ཟེར་སྤྲིན། །གདུང་བའི་གླུ་ཡིས་ཐུགས་དམ་བསྐུལ། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །ཆར་བཞིན་བབ་སྟེ་དབྱེར་མེད་ཐིམ། །ཡེ་ཤེས་ཆེན་པོའི་བྱིན་ཐོབ་གྱུར། སྤོས་རོལ་དང་བཅས་ལས་བྱང་གི་བྱིན་འབེབས་བཏང་ལ་དབབ། རྡོ་རྗེ་སྤྱི་བོར་བཞག ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དབང་དངོས་ལ་གཏོར་མ་འདི་ཉིད་དུར་ཁྲོད་ཆེན་པོའི་ཀློང༌། དཀྱིལ་འཁོར་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་སུ་པདྨ་ཉི་ཟླ་དབང་ཕྱུག་ཕོ་མོ་བསྣོལ་བའི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད་ཡུམ་འཁོར་ལོ་རྒྱས་འདེབས་མ་དང་མཉམ་པར་སྦྱོར་བའི་སྐུར་གསལ་བའི་སྤྱི་བོའི་ཨོཾ་དཀར་པོ་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། སྐུ་ཡི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་འདུན་མཛོད། གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པ༔ རྡོ་རྗེ་སྐུ་ཡིས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄་ཛཿཧཱུྃ་ཨཱཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གཏོར་མ་དུར་ཁྲོད་རོལ་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་སུ་པདྨ་ཉི་ཟླ་དབང་ཕྱུག་ཕོ་མོ་བསྣོལ་བའི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་གསལ་བའི་མགྲིན་པའི་ཨཱཿལས་སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་དམར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ངག་གི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། གསུང་གི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་འདུན་མཛོད། གཏོར་མ་མགྲིན་པར་བཞག་ལ། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པ༔ རྡོ་རྗེའི་གསུང་གིས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄་ཛཿཧཱུྃ་ཨཱཿ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ གཏོར་མ་དུར་ཁྲོད་རོལ་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་སུ་པདྨ་ཉི་ཟླ་དབང་ཕྱུག་ཕོ་མོ་བསྣོལ་བའི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་མཐིང་ནག་གི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་འདུན་མཛོད། གཏོར་མ་སྙིང་གར་བཞག་ལ། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པ༔ རྡོ་རྗེའི་ཐུགས་ཀྱིས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄་ཛཿཧཱུྃ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་དུར་ཁྲོད་རོལ་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་སུ་པདྨ་ཉི་ཟླ་དབང་ཕྱུག་ཕོ་མོ་བསྣོལ་བའི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། རྡོ་རྗེ་གསུམ་གྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་འདུན་མཛོད། གཏོར་མ་གནས་གསུམ་དུ་བཞག་ལ། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པ༔ རྡོ་རྗེའི་གསུམ་གྱི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄་ཛཿཧཱུྃ་ཨཱཿ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ མཐར་གཏོར་མའི་བཀའ་བསྒོ་བྱེད་ན། སླར་ཡང་གཏོར་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གཙོ་འཁོར་སྤྲུལ་པ་ཕྱག་བརྙན་དང་བཅས་པའི་སྟེང་གི་ཆ་ལ་རིག་འཛིན་རྩ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེའི་ལྷ་ཚོགས། འོག་གི་ཆ་ལ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་ཏེ་བཞུགས་པ། ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན། སྐུ་ཡི་ཆ་ཐམས་ཅད་ནས་ཁྲོ་ཆུང་མཚོན་ཆ་མེ་དཔུང་གི་ཚོགས་འཕྲོས་པས་ནད་གདོན་བར་དུ་གཅོད་པ་ཐམས་ཅད་རྒྱང་རིང་དུ་བསྐྲད་ཅིང་བསལ། རྡོ་རྗེ་བདུད་རྩིའི་བྱིན་རླབས་ཡེ་ཤེས་ཀྱི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང་ཞིང་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་དབང་བཞི་རྩལ་རྫོགས་སུ་ཐོབ། དངོས་གྲུབ་རྣམ་གཉིས་སྟན་ཐོག་གཅིག་ཏུ་བརྙེས་པར་མོས་ཤིག །སློབ་དཔོན་གྱིས་གཏོར་མ་ཐོགས་ལ། ཆོས་སྐུ་ཀུན་ཏུ་བཟང་པོ། ཁྱབ་བདག་རྡོ་རྗེ་སེམས་དཔའ། དཔལ་ཆེན་རྡོ་རྗེ་གཞོན་ནུ། ཡུམ་ཆེན་འཁོར་ལོ་རྒྱས་འདེབས། སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི། བདུད་འདུལ་ཁྲོ་བཅུ་ཡབ་ཡུམ། སྤྲུལ་པའི་ཕྲ་ཕྱག་ཉི་ཤུ། བདུད་འདུལ་སྲས་མཆོག་ཉེར་གཅིག །ལས་མཛད་རིགས་བཞིའི་སྲས་མཆོག །སྒོ་སྐྱོང་ཁྲོ་མོ་རྣམ་བཞི། འབར་བའི་བཀའ་སྡོད་རྒྱ་མཚོ་སོགས་ཕྲིན་ལས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། མཁའ་འགྲོ་ལས་ཀྱི་དབང་མོ། སློབ་དཔོན་པྲ་བྷ་ཧསྟི། པཎ་ཆེན་བི་མ་མི་ཏྲ། ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང༌། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཉགས་ཆེན་ཡེ་ཤེས་གཞོན་ནུ། སོག་པོ་དཔལ་གྱི་ཡེ་ཤེས། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། པདྨ་མདོ་སྔགས་གླིང་པ། འཇམ་མགོན་ཡེ་ཤེས་རྡོ་རྗེ་ལ་སོགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། གཞན་ཡང་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ། དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་རྡོ་རྗེའི་ཡེ་ཤེས་ཆེན་པོའི་གཟི་བྱིན་གྱིས་ཇི་སྲིད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་འགལ་རྐྱེན་བར་ཆད་ཐམས་ཅད་ལས་སྲུངས་ཤིག །མི་མཐུན་པའི་ཕྱོགས་ཐམས་ཅད་ལས་སྐྱོབས་ཤིག །མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་སྒྲུབ་པར་མཛོད་ཅིག །བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བའི་ཕྲིན་ལས་མཛད་དུ་གསོལ། ནད་གདོན་བགེགས་དང་བར་དུ་གཅོད་པ་ཕ་རོལ་གྱི་རྦོད་གཏོང༌། བྱད་ཟོར། གཏད་ཁྲམ། ཆག་ཆེ་ཉམ་ང་ལ་སོགས་པ་མི་མཐུན་པའི་བར་ཆད་ཐམས་ཅད་ཞི་ཞིང༌། མཐུན་རྐྱེན་ཚེ་དང་བསོད་ནམས། ནང་གི་ཉམས་རྟོགས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷ་འདྲེ་མི་གསུམ་གྱི་འགྲོ་བ་དབང་དུ་འདུ་བ་དང༌། སྒོ་གསུམ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀྱིས་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདུལ་བར་མཛད་དུ་གསོལ། གལ་ཏེ་ཞི་བའི་ཐབས་ཀྱིས་འདུལ་བར་མི་འཚལ་ན། གང་ལ་གང་འཚམ་པའི་ཆད་པས་བཅད་དེ་ལོག་སྒྲུབ་མཐའ་དག་མྱུར་དུ་ཚར་གཅོད་ཅིང་ཞི་བའི་ཕྲིན་ལས་མཛོད་ཅིག །མདོར་ན་ལས་བཞི་གྲུབ་པ་བརྒྱད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐམས་ཅད་ལ་དབང་ཐོབ་ནས་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་དཔལ་ཀུན་འབད་པ་མེད་པར་ལྷུན་གྱིས་གྲུབ་ནས་མཐོང་བའི་ཆོས་འདིར་སྤྱི་དཔལ་ཆེན་པོ་ཁྲོ་རྒྱལ་སྟོབས་འདུས་ཀྱི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པར་བྱང་ཆུབ་པར་མཛད་དུ་གསོལ། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་གཏོར་མའི་ལྷ་ཚོགས་ཐམས་ཅད་དགྱེས་པ་ཆེན་པོས་འོད་དུ་ལྟེམ་གྱིས་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ལྷག་པའི་ལྷ་ཡི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པ་ལ་ནམ་མཁའ་གང་བའི་དབང་གི་ལྷ་རྣམས་ཀྱིས་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པའི་གླུ་དབྱངས་དང་བཅས་ཏེ་མེ་ཏོག་གི་ཆར་བསྙིལ་བས་དུས་གསུམ་ཀུན་ཏུ་དགེ་ལེགས་རྟག་པའི་ཉི་མ་ཁོར་ཡུག་ཏུ་འཆར་བར་མོས་མཛོད། ཁྲོ་རྒྱལ་སྟོབས་འདུས་ཕྲིན་ལས་ཀཱི་ལ་ཡ། །ཐོགས་མེད་གཅོད་པའི་མཐུ་ལྡན་རྡོ་རྗེའི་མཚོན། །སྒྲོལ་བྱེད་དྲག་པོའི་མཐར་ཐུག་ཕྲིན་ལས་ལྷ། །རྡོ་རྗེ་ཕུར་པའི་ལྷ་ཡི་བཀྲ་ཤིས་ཤོག །ཕུར་ནི་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང༌། །པ་ནི་རྟེན་འབྲེལ་བསླུ་མེད་ཡེ་ཤེས་ལྔ། །ཟུང་འཇུག་འབྲས་བུའི་བཀྲ་ཤིས་གང་ལགས་པ། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག །མཉམ་ཉིད་ངང་ལས་ཐུགས་རྗེ་ཁྲོས་པའི་གར། །གདུག་པའི་ཚོགས་ཀུན་མཐར་བྱེད་ཡེ་ཤེས་སྐུ། །དེ་བཞིན་གཤེགས་པ་ཀུན་གྱི་དམ་ཚིག་མཆོག །རྡོ་རྗེ་ཁྲོས་པའི་རྒྱལ་པོ་འགྲུབ་གྱུར་ཅིག །མེ་ཏོག་འཐོར་ཞིང་རོལ་མོ་སྙན་པར་རྒྱུན་རིང་དུ་འཁྲོལ། རྗེས་དམ་ཚིག་ཁས་བླང་གཏང་རག་ལུས་འབུལ་བསྔོ་སྨོན་དང་རྗེས་རིམ་བཅས་སྤྱི་ལྟར་བྱའོ། ༈ རྩ་བའི་གཉིས་པ་སྨད་ལས་དགྲ་བགེགས་བསྒྲལ་བའི་རྗེས་གནང་ནི། ཕྱག་ལེན་རྒྱས་པ་ལ་སྟོད་ལས་ཀྱི་དབང་སོ་སོར་བྱེད་པ་སྟེ་ཞག་གིས་བཅད་པ་ཡིན་ན། སྟོད་ལས་ཀྱི་དབང་ཆས་བུམ་པ་སོགས་བསྡུ། དཀྱིལ་འཁོར་སྔ་མའི་སྟེང་དུ་ཨེ་ཁྲོམ་གྱི་དཀྱིལ་འཁོར་རམ། བསྡུ་ན་ལྷ་ཕུར་རྣམས་དཀྱིལ་འཁོར་གྱི་ལྷ་གནས་སོ་སོའི་རང་མལ་དུ་བཀོད། ལྷ་ཙཀ་ཡོངས་རྫོགས། རཀྴའི་ཕྲེང་བ། ཕྱག་མཚན་རྡོ་རྗེ། གདབ་ཕུར། ལས་བཞིའི་ཕུར་པ་བཞི། ཕོ་ཉའི་ཕུར་པ། གུ་གུལ། རཀྟ །ཡུངས་ཀར་རྣམས་སྣོད་སོ་སོར། ཀོང་ཟོར། གཏོར་ཟོར་དངོས་སུ་དགོས། མེ་ཧོམ། མནན་ཆས་རྣམས་དངོས་སམ་ཙཀ་ལི། གསེར་སྐྱེམས་ཀྱི་སྣོད། ཕྱག་རྒྱ་བཞི། བྱ་འུག་གི་སྒྲོ། ཡུངས་ཐུན། བྱད་ཐག་སྔོ་དམར་དང་ཚོན་སྐུད་སྣ་ལྔ། དུག་ཁྲག །ཐོ་གཏུན། ཧོམ་གཟར། འབྱོར་ན་སེང་ལྡེང་དང༌། བྱ་རྒོད་ཀྱི་རྐང༌། མཆོག་ཕུར། ཙནྡན་དམར་པོ། ལྕགས། སྐྱེར་པ་རྣམས་ཀྱི་ཕུར་པའམ་མ་འབྱོར་ན་ལྕགས་སོགས་ཀྱི་གདབ་ཕུར་དྲུག །སྒྲོལ་གྲི །ལྕགས་ཧོམ། ཟན་ལིང་སོགས་འདུ་བྱ། ཚེ་འབྲང༌། ཚེ་རིལ་ཆང༌། ཚོགས་རྫས། སྨན་རཀ་གཏོར་གསུམ། དྲག་མཆོད་རྣམས་བཤམས། ཕྲིན་ལས་རྫོགས་པར་བཏང༌། ཉིན་གཅིག་ལ་སྦྲེལ་ན་མཆོད་པ་ཁ་གསོས་ལ་སྔགས་ཙམ་གྱིས་བརླབ། མ་ཏྲཾ་ཀ་རུ་དྲ་ཛཿ ལན་བདུན། མདུན་དུ་མ་ཏྲཾ་དངོས་སུ་གསལ་བར་གྱུར། རྩ་བའི་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ གནོད་བྱེད་ཐམས་ཅད་བཀུག༔ མ་ཏྲཾ་ལ་ཐིམ༔ ཏྲི་ལས་མ་ཏྲཾ་སྔོ་སྐྱ་མགོ་བོ་ལྷོ་ནུབ་རྐང་པ་བྱང་ཤར་གན་རྐྱལ་དུ་གནས་པ༔ སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མ་ཏྲཾ་གི་ཏྲི་ལ་ཕོག༔ དེ་ལས་འོད་ཟེར་ནག་པོ་ཕྱོགས་བཅུར་འཕྲོས༔ ཁམས་གསུམ་རིགས་དྲུག་གི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བསྡུས་ནས་མ་ཏྲཾ་ལ་ཐིམ༔ ཧཱུྃ་ལས་མཚོན་ཆའི་ཆར་འཕྲོས་པས་མ་ཏྲཾ་བསྒྲལ་བའི་ཁོག་པ་ཨེ་ཁྲོམ་གྱི་དཀྱིལ་འཁོར་དུ་གྱུར་པ་ནི༔ དབུས་སུ་མཐིང་ནག་གྲུ་གསུམ་ཁྱམས་ནག་པོ༔ ལྕགས་སྲེག་དང་མེའི་ཁྲམ་རིས་བཅད་པའི་དབུས་ཨེ་མཐིང་ནག༔ ཕྱི་རོལ་དུར་ཁྲོད་ཀྱི་གཞལ་ཡས་ཁྲག་མཚོ་དང༔ དུར་ཁྲོད་ཀྱི་ས་གཞི་དང་བཅས་པར་གྱུར༔ སླར་ཡང་ཧཱུྃ་གི་འོད་ཟེར་གྱིས་ལྷ་ཆེན་སོགས་ཕྱོགས་བཅུའི་འབྱུང་པོ་དགྲ་བགེགས་ཐམས་ཅད་བཀུག་གདན་དུ་བྱས༔ དེའི་སྟེང་དུ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། སྲས་མཆོག་ཉེར་གཅིག །ཀཱི་ལ་རིགས་བཞི། ཁྲོ་བཅུ་ཡབ་ཡུམ། ཕྲ་མེན་ཕྱག་བརྙན་དང་བཅས་པ། སྒོ་བཞིར་སྒོ་མ་བཞི། བར་ཁྱམས་སུ་ཕུར་སྲུང་བཅུ་གཉིས། ཕྱི་སྒོ་རུ་སྐྱེས་བུ་གིང་བཞི། ཕྱི་ཁྱམས་སུ་དབང་ཕྱུག་ཉེར་བརྒྱད། དགེ་བསྙེན་ཉེར་གཅིག་སོགས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སོ་སོའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་ཞིང༌། ཕྲིན་ལས་འདོད་རྒུར་སྒྱུར་བའི་རང་བཞིན་ཅན། དཀྱིལ་འཁོར་བར་མཚམས་ཐམས་ཅད་དུ་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བའི་བདག་ཉིད་ཅན་དུ་གྱུར། ཞེས་དཀྱིལ་འཁོར་ཞལ་བསྒྱུར་ལ། ལས་བྱང་ལྷ་བསྐྱེད་ནས་བསྟོད་པའི་བར་བཏང༌། བདག་བསྐྱེད་འོད་ཟེར་སྤྲོ་བསྡུ་ལ་དམིགས་ཏེ་བསྙེན་སྒྲུབ་ཀྱི་བཟླས་པ་དང༌། ལས་སྦྱོར་སྤུ་གྲིའི་སྔགས་ཀྱང་ཉེར་གཅིག་ཙམ་བཟླས་ལ་ཐུན་སོགས་བྱིན་གྱིས་བརླབ། སློབ་དཔོན་ཆས་སུ་ཞུགས། ཆོག་རོག་པས་རྔ་རོལ་ཙམ་འཛོམ་ན་ལེགས། གོང་ལྟར་སློབ་མ་ཁྲུས་ནས་དབྱུང༌། གྲལ་དུ་འཁོད་པ་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཐར་ལམ་སྒྲུབ་པ་ལ་བར་གཅོད་བདུད་བགེགས་ལོག་འདྲེན་ཐམས་ཅད་མངོན་སྤྱོད་རོལ་པའི་ཕྲིན་ལས་ཀྱིས་ཚར་གཅོད་པར་བྱེད་པ་དྲག་པོའི་སྒྲོལ་དབང་གསན་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ལ་གསན་འཚལ། དེ་ཡང་ངོ་བོ་རྒྱུད་ཀྱི་དགོངས་པ་དང་འབྲེལ་བའི་ཚིག་དོན་ཟབ་ཅིང་རྒྱ་ཆེ་བ། རྣམ་པ་ཟབ་གཏེར་ལུང་གི་ཚུལ་དུ་བཀའ་བབ་པས་གནད་དོན་ཁ་ཚང་དོན་འདྲིལ། མཆོག་དང་ཐུན་མོང་གི་ལས་རབ་འབྱམས་སྒྲུབ་པའི་ཁྱད་ཆོས་དུ་མ་དང་ལྡན་པ་ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྟོད་ལས་ཀྱི་དབང་བསྐུར་བ་སྔོན་དུ་སོང་གྲུབ་ནས། འདིར་ཚད་མེད་སྙིང་རྗེའི་ཕུར་པ་རིགས་དྲུག་གི་སེམས་ཅན་ཀུན་ལ་འདེབས་པའི་སྙིང་རྗེའི་དཔྱང་ཐག་དང་ལྡན་པ། མཚན་མ་རྫས་ཀྱི་ཕུར་བུ་སྒྲུབ་པའི་ལས་ཀྱི་གཟེར་ཁ་བརྣག་པའི་ཡུལ་ལ་འདེབས་པའི་ཕྲིན་ལས་སྒྲུབ་པ་ལ་དབང་བར་བྱེད་པ་སྨད་ལས་དྲག་པོ་སྒྲོལ་བའི་དབང་བསྐུར་ནས་མངོན་སྤྱོད་ཀྱི་ལས་རིམ་ལ་འཇུག་དགོས་པའི་རྒྱུ་མཚན་ནི། སྔོན་བསྐལ་པ་ཀུན་བཀོད་ལ་རུ་ཏྲ་ཐར་པ་ནག་པོ་འདུལ་བའི་ཕྱིར་ཀརྨ་ཧེ་རུ་ཀས་དུས་གསུམ་གྱི་རྒྱལ་བ་བསྐུལ་ནས་རྡོ་རྗེ་རྟ་ཡི་ཚོགས་སོགས་ཁྲོ་བོ་ཆེན་པོ་རྣམས་རིམ་བཞིན་སྤྲོས་པ་ལས་མ་ཐུལ་བའི་ཚུལ་མཛད་ནས་རུ་ཏྲའི་ཆུང་མ་ཀྲོ་དྷཱི་ཤྭ་རི་མ་ལ་མ་ཆགས་ཐབས་ཀྱིས་སྦྱོར་བས་སྲས་རྡོ་རྗེ་གཞོན་ནུ་དབུ་གསུམ་ཕྱག་དྲུག་པ་རྡོ་རྗེའི་གཤོག་པས་བར་སྣང་ཁྱབ་པ། ཀཱི་ལ་ཡའི་སྒྲ་སྒྲོགས་པ་སྐྱེས་པ་རུ་ཏྲས་མཐོང་མ་ཐག་འཁོར་དང་བཅས་པ་བརྒྱལ་ནས་འགྱེལ། ཁ་ནས་ཁྲག་སྐྱུག །འཁོར་གཏུམ་མོ་དང་སྲིན་མོ་རྣམས་ལའང་ཕག་གདོང་དང་དོམ་གྱི་མགོ་ཅན་སོགས་ལྟས་ངན་མང་པོ་སྐྱེས། བརྒྱལ་སངས་པ་དང་ལངས་ནས་འཁོར་རྣམས་བོས་ཏེ་སྨྲེ་སྔགས་མང་དུ་བཏོན་ནས་བདུད་ཀྱི་དམག་དང་མཚོན་ཆའི་ཆར་ཕབ་ཅིང་རུ་ཏྲས་ཀྱང་དབུ་གསུམ། ཕྱག་དྲུག་ཏུ་བྱས་པ་དང༌། རྡོ་རྗེ་གཞོན་ནུས་དབུ་དགུ་ཕྱག་བཅོ་བརྒྱད་པར་སྤྲུལ་ཞིང༌། ཡང་དེ་འདྲ་དཔག་མེད་སྤྲུལ་པས་ངག་སྨྲ་བརྗོད་དང་བྲལ་བར་བྱས། མཛད་པ་དེ་དང་མཐུན་པའི་སྒྲུབ་ཐབས་ཕུར་པ་མྱང་འདས་གསུངས། སླར་ཡང་རུ་ཏྲས་ཀྱང་དབུ་དགུ་ཕྱག་བཅོ་བརྒྱད་དུ་སྤྲུལ་པས་གཉེན་པོ་རྡོ་རྗེ་གཞོན་ནུས་དབུ་སྟོང་ཕྱག་སྟོང་སྤྱན་བྱེ་བ་སྟོང་དུ་སྤྲུལ། དབུ་དགུ་པ་མང་པོ་བ་སྤུའི་བུ་ག་ནས་བཀྱེས། ཁྲོ་བོ་བཅུ་སྤྲུལ་ནས་ཕྱོགས་སྐྱོང་རྣམས་གདན་དུ་གཏིང༌། བསྒྲལ་བའི་ལས་དྲུག་གིས་བསྒྲལ་བས་བདུད་དམག་སོ་སོར་བྱེར། རྡོ་རྗེ་གཞོན་ནུ་ལ་དུས་གསུམ་གྱི་བུདྡྷ་ཐམས་ཅད་ཀྱིས་རྡོ་རྗེ་སྲིན་པོའི་ངུར་དབྱངས་ཀྱིས་བསྟོད། རྡོ་རྗེ་རྟ་ཡི་ཚོགས་ཀྱིས་རྟའི་རྔམ་དབྱངས་ཀྱིས་དཔའ་བཀོང་བའི་ཚུལ་དང་མཐུན་པ་སྒྲུབ་ཐབས་ཕུར་པ་གསང་རྒྱུད་གསུངས་པས་མཚོན། མདོར་ན་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་མཛད་པར་རྡོ་རྗེ་གཞོན་ནུ་ལ་དུས་གསུམ་གྱི་རྒྱལ་བས་བསྔགས་པ་བཞིན་སྔོན་བྱུང་སྟོན་པའི་རྣམ་ཐར་དང་མཐུན་པར་རྗེས་འཇུག་གདུལ་བྱའི་ཉམས་ལེན་ལ་སྦྱོར་བའི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཁྲག་འཐུང་དཔའ་བོ་ཆེ༔ བདག་ཅག་རྡོ་རྗེའི་རིགས་སྒྲུབ་ཕྱིར༔ དྲག་ཤུལ་རོལ་པའི་ཕྲིན་ལས་དབང༔ དེང་འདིར་མངོན་པར་བསྐུར་དུ་གསོལ༔ ལན་གསུམ། སྟོད་ལས་དང་སྨད་ལས་ཀྱི་དབང་ཞག་གིས་བཅད་ན་སྐབས་འདིར་སྐྱབས་སེམས་རྒྱུད་སྦྱངས། སྡོམ་བཟུང་རྣམས་སྟོད་ལས་དབང་གི་སྐབས་བཞིན་སྦྱར། ཞག་གིས་མ་བཅད་ན། དེ་ལ་ཐོག་མར་ཁྱེད་རང་རྣམས་ཡེ་ཤེས་ལྷའི་བསྐྱེད་རིམ་འདི་ལྟར་དུ་གྱིས་ཤིག །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སོགས་ནས། ཐུགས་ཀར་ཧཱུྃ་མཐིང་ནག་གིས་མཚན་པ་གསལ་ཐོབ་ཅིག །དཀྱིལ་འཁོར་གྱི་གཙོ་བོ་ཁྲོ་བཅུ་དང་བཅས་པ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་རེ་འཕྲོས་པས་སོ་སོའི་སྐུ་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པར་མོས་ཤིག །སྐུ་ཙཀ་རྣམས་ཀྱིས་རིམ་བཞིན་དབང་བསྐུར་ལ། ཧཱུྃ༔ དབུས་ཕྱོགས་གྲུ་གསུམ་གཞལ་ཡས་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་སྦྱོར༔ སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི་བཅས༔ སྤྲུལ་པ་སྲས་མཆོག་ཁྲོ་བཅུ་སྤྲོ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔལ་ཆེན་པོ་དང་གཉིས་མེད་ཤོག༔ རྩ་སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་མཛད་ཧཱུྃ༔ ཡུམ་ནི་རྡོ་རྗེ་སྒྲ་འབྱིན་མ༔ སྤྲུལ་པ་ཕག་དང་རྨིགས་བུའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྟེང་གདོན་འདུལ་བའི་མཐུ་ཐོབ་ཤོག༔ རང་སྔགས། ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ༔ ཡུམ་ནི་རྡོ་རྗེ་མདའ་སྙེམས་མ༔ སྤྲུལ་པ་སྟག་དང་བྱ་རྒོད་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲི་ཟ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད༔ ཡུམ་ནི་རྡོ་རྗེ་དུར་ཁྲོད་བདག༔ སྤྲུལ་པ་ཤ་བ་འུག་པའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཤིན་རྗེ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང༔ ཡུམ་ནི་རྡོ་རྗེ་གཏུམ་མོ་མ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཀླུ་གདོན་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ ཡུམ་ནི་རྡོ་རྗེ་རླུང་འབྱིན་མ༔ སྤྲུལ་པ་སེང་གེ་ཕ་ཝཾ་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གནོད་སྦྱིན་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ཤར་ལྷོ་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་དབྱུག་པ་སྔོན༔ ཡུམ་ནི་རྡོ་རྗེ་སྡེར་མོ་མ༔ སྤྲུལ་པ་གཡག་དང་བྱ་རོག་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མེ་ལྷ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན༔ ཡུམ་ནི་རྡོ་རྗེ་གཏུན་ཁུང་མ༔ སྤྲུལ་པ་གཟིག་དང་ཁྭ་ཏའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྲིན་པོ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ ནུབ་བྱང་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་འདོད་པའི་རྒྱལ༔ ཡུམ་ནི་རྡོ་རྗེ་སྙེམས་མ་དམར༔ སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རླུང་ལྷ་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ བྱང་ཤར་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ༔ ཡུམ་ནི་རྡོ་རྗེ་གསོད་བྱེད་མ༔ སྤྲུལ་པ་དོམ་དང་སྲེ་མོང་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབང་ལྡན་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ འོག་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་པོ༔ ཡུམ་ནི་རྡོ་རྗེ་བསྐྱོད་བྱེད་མ༔ སྤྲུལ་པ་དྲེད་དང་བྱི་བའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ས་བདག་འདུལ་བའི་མཐུ་ཐོབ་ཤོག༔ སྔགས། ཧཱུྃ༔ མདུན་ཕྱོགས་ཟླ་གམ་གདན་སྟེང་ནས༔ ཐུགས་ཀྱི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུགས་མེད་ཁམས་འདུལ་དབང་ཐོབ་ཤོག༔ སྔགས། ཧཱུྃ༔ གཡས་ཕྱོགས་ཟླ་གམ་གདན་སྟེང་ནས༔ སྐུ་ཡི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འདོད་ཁམས་འདུལ་བའི་དབང་ཐོབ་ཤོག༔ སྔགས། ཧཱུྃ༔ གཡོན་ཕྱོགས་ཟླ་གམ་གདན་སྟེང་ནས༔ གསུང་གི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུགས་ཁམས་འདུལ་བའི་དབང་ཐོབ་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་གྲུ་ཆད་ཤར་ལྷོ་ནས༔ ཞི་བའི་ལས་མཛད་བུདྡྷའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཞི་བྱེད་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་གྲུ་ཆད་ལྷོ་ནུབ་ནས༔ རྒྱས་པའི་ལས་མཛད་རཏྣའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱས་བྱེད་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་གྲུ་ཆད་ནུབ་བྱང་ནས༔ དབང་གི་ལས་མཛད་པདྨའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབང་བྱེད་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་གྲུ་ཆད་བྱང་ཤར་ནས༔ དྲག་པོའི་ལས་མཛད་ཀརྨའི་རིགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲག་པོའི་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས། ཧཱུྃ༔ གཞལ་ཡས་ཁོར་ཡུག་ཁྲག་ཁྱམས་ནས༔ ཕུར་པའི་ལས་མཁན་དམ་ཅན་ཚོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གདུག་པ་ཀུན་འདུལ་དབང་ཐོབ་ཤོག༔ སྔགས། ཧཱུྃ༔ དཀྱིལ་འཁོར་ཕྱོགས་ཀྱི་སྒོ་བཞི་ནས༔ ཕྲིན་ལས་བཞི་མཛད་སྒོ་མ་བཞི༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚར་གཅོད་རྗེས་འཛིན་དབང་ཐོབ་ཤོག༔ སྔགས། དེང་ཕྱིན་ཆད་གསལ་བརྟན་དག་གསུམ་དང་ལྡན་པའི་བསྐྱེད་རིམ་གྱད་དུ་གྱུར་པས་བདུད་བཞིས་ཀྱང་བསྐྱོད་དུ་མེད་པའི་གདིང་ཐོབ་པར་གྱིས་ཤིག །ལྷ་ཚོགས་རྣམས་ཀྱི་ཞལ་ནས་སྔགས་ཀྱི་ཕྲེང་བ་བྱུང༌། ཁྱེད་རང་རྣམས་ཀྱི་ངག་ལ་ཐིམ་པས་དྲག་སྔགས་ནུས་པའི་མཐུ་དབང་ཐོབ་པར་བསམ་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། རཀྴའི་ཕྲེང་བ་གཏད་ལ་རྒྱས་ན་དྲག་སྔགས་ཚང་མ་དང༌། བསྡུ་ན་འདི་སྐབས་སྤུ་གྲིའི་སྔགས་རྗེས་ཟློས་ལན་གསུམ་བྱར་གཞུག །དེང་ནས་དྲག་སྔགས་ཀྱི་བཟླས་པ་ཆུ་བོའི་རྒྱུན་ལྟར་བརྩོན་པས་ངག་གི་ནུས་པ་མེ་ལྟར་འབར་ཏེ་མངོན་སྤྱོད་ཀྱི་ཕྲིན་ལས་མཐའ་དག་ཐོགས་མེད་དུ་སྒྲུབ་པར་གྱིས་ཤིག །བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་དབུས་སུ་ཐིམ་པས་ཟུང་འཇུག་འོད་གསལ་རང་བྱུང་གི་དགོངས་པ་མངོན་དུ་གྱུར་པར་མོས་ཤིག །ཕྱག་མཚན་རྡོ་རྗེ་གཏད་ལ། ཧཱུྃ༔ རྡོ་རྗེ་སྟོང་པ་ཉིད་ཀྱི་དབྱིངས༔ གཞོན་ནུ་ཡེ་ཤེས་རིག་པའི་སྐུ༔ མཚོན་བྱེད་དཔལ་གྱི་ཕྱག་མཚན་འདི༔ སྐལ་ལྡན་བུ་ལ་སྦྱིན་གྱིས་ལོངས༔ ཨོཾ་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ནས་བཟུང་སྟེ་རིག་སྟོང་ཡེ་ཤེས་ཆེན་པོའི་ངང་ལ་རྟག་ཏུ་མཉམ་པར་བཞག་པ་ལས་མ་གཡོས་པས་རྟོག་ཚོགས་ཐམས་ཅད་ལ་དགོངས་པ་མི་འགྱུར་བའི་གཟེར་དང་འཕྲོ་འདུའི་ཏིང་ངེ་འཛིན་གྱིས་གཟེར་ཐེབ་པར་གྱིས་ཤིག །ཀརྨ་ཡཀྴ་ཀྲོ་དྷའི་ངོ་བོ་སྲས་མཆོག་དངོས་སུ་གསལ་བའི་ཕུར་བུ་དང༌། ལས་བཞི་སོ་སོ། ཕོ་ཉ་རྣམས་ཀྱི་ཐུན་ཕུར་བྱིན་པས་གདབ་པའི་ལས་སོ་སོ་ཐོགས་མེད་དུ་འགྲུབ་པའི་ནུས་མཐུ་ཐོབ་པར་མོས་ཤིག །གདབ་ཕུར་གྱིས་དབང་བསྐུར་ཞིང་ལག་ཏུ་གཏད། ཧཱུྃ༔ དཱིཔྟ་ཙཀྲ་ཕུར་བུའི་ལྷ༔ མཐིང་ནག་ལྕགས་ཀྱི་རལ་པ་ཅན༔ ཐམས་ཅད་ཨུཏྤལ་མདོག་ཅན་ལ༔ སྐུ་སྨད་ཨེ་ཡི་རང་བཞིན་ཅན༔ བཏབ་ན་ལྷ་ཡང་བརླག་བྱེད་ན༔ དགྲ་དང་བགེགས་ལ་སྨོས་ཅི་དགོས༔ སྒྲིལ་ཞིང་འདེབས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ ལས་བཞི་སོ་སོའི་འདེབས་ཕུར་གཏད་ལ། ཧཱུྃ༔ ཞི་བར་བྱེད་པ་ཕུར་བུའི་ལྷ༔ དངུལ་ལམ་དཀར་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ༔ ངོས་ལ་ཞི་བའི་ལྷ་བསྒོམས་ཏེ༔ གང་ལ་བཏབ་ཀྱང་ཞི་བར་འགྱུར༔ སྒྲིལ་ཞིང་འདེབས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤིཾནྟ་ཀུ་རུ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྒྱས་པར་བྱེད་པ་ཕུར་བུའི་ལྷ༔ གསེར་རམ་སེར་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་གྲུ་བཞི༔ ངོས་ལ་རྒྱས་པའི་ལྷ་བསྒོམས་ཏེ༔ གང་ལ་བཏབ་ཀྱང་རྒྱས་པར་འགྱུར༔ སྒྲིལ་ཞིང་འདེབས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཐམས་ཅད་དབང་སྡུད་ཕུར་བུའི་ལྷ༔ ཟངས་སམ་དམར་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་ཟླ་གམ༔ ངོས་ལ་དབང་གི་ལྷ་བསྒོམས་ཏེ༔ གང་ལ་བཏབ་ཀྱང་དབང་དུ་བྱེད༔ སྒྲིལ་ཞིང་འདེབས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བརླག་པར་བྱེད་པ་ཕུར་བུའི་ལྷ༔ ལྕགས་སམ་དྲག་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་མོ་ཨེ༔ ངོས་ལ་དྲག་པོའི་ལྷ་བསྒོམས་ཏེ༔ གང་ལ་བཏབ་ཀྱང་བརླག་པར་བྱེད༔ སྒྲིལ་ཞིང་འདེབས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ ཕོ་ཉ་རྣམས་ཀྱི་ཐུན་ཕུར་གཏད་ལ། ཧཱུྃ༔ བྲན་དང་བཀའ་ཉན་ཕུར་པའི་ལྷ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ གདུག་པའི་དགྲ་བགེགས་བསྒྲལ་བར་མཛད༔ སྒྲིལ་ཞིང་འདེབས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷ་ཏ་ཡ་མ་མ་ཤྲཱི་གྷྲཾ་ཀརྨ་ཀཱ་ར་ཡེ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ བྱུག་བདུག་བྲབ་གསུམ་གྱི་རྫས་གཏད་ལ། བྱུག་བདུག་བྲབ་གསུམ་བྱེད་པའི་རྫས་རྣམས་བྱིན་པས་ཕུར་བུའི་གཟི་བྱིན་བསྐྱེད་ཅིང་ཐུགས་དམ་བསྐུལ་བའི་མཐུ་ཐོབ་པར་མོས་ཤིག །ཧཱུྃ༔ ཕུར་བུའི་ཐུགས་དམ་བསྐུལ་བའི་རྫས༔ གཟི་བྱིན་བསྐྱེད་པའི་གུ་གུལ་དང༔ ཐུགས་རྗེ་ཆགས་པའི་རཀྟ་དང༔ བསྐུལ་རྫས་ཡུངས་ཀར་དབང་བསྐུར་རོ༔ སྤྲོ་ན་བྱུག་བདུག་བྲབ་པའི་སྔགས་རྣམས་ཀྱང་བརྗོད་པའི་གཤམ་དུ། ཨ་བྷི་ཥིཉྩ་ཧཱུྃ༔ སྔོན་དཔལ་ཆེན་རྡོ་རྗེ་གཞོན་ནུས་རུ་ཏྲ་བསྒྲལ་བའི་ཚེ་རྡོ་རྗེ་གཞོན་ནུའི་སྤྱི་གཙུག་ནས་ཧ་ས་ཡ་ར་ཧྲི་ཏ་ན་སྤྲོས། རུ་ཏྲའི་སྤྱི་གཙུག་ནས་ཞུགས། སྐྱོབ་པའི་ལྷ་དང་ཕྲལ་བས་མཚོན་གབ་པའི་སྔགས་དྲུག་སྐུ་ཡི་གནས་སོ་སོ་ནས་སྤྲོས་ཏེ་རུ་ཏྲའི་གནས་སོ་སོར་ཞུགས་པས་གདབ་པའི་ལས་དྲུག་མཐར་ཕྱིན་པར་མཛད་པས། བདུད་དམག་བྱེར་ཞིང་རྡོ་རྗེ་གཞོན་ནུ་ལ་དུས་གསུམ་རྒྱལ་བས་བསྔགས་ཤིང༌། ཁྲོ་བོའི་ཚོགས་དཔའ་བཀོང༌། རུ་ཏྲས་དགེ་སྡིག་མི་བསླུ་བར་རིག་སྟེ་སྨྲེ་བཤགས་བཏོན་ནས་ལུས་གཙོ་བོའི་གདན་དུ་གཏིང༌། འཁོར་ཕྱོགས་སྐྱོང་ཕོ་མོ་ཁྲོ་བཅུའི་གདན་དུ་ཕུལ། རྣ་བས་ཆོས་ཉན་རུ་ཏྲ་མ་ཧཱ་ཀཱ་ལ་བྱས་ནས་སངས་རྒྱས་སྟོང་གི་བསྟན་པ་སྲུང་བར་ཁས་བླངས། མཐར་འོག་ཕྱོགས་སུ་སངས་རྒྱས་པར་ལུང་བསྟན། རུ་ཏྲའི་ཐོད་མཁར་རྡོ་རྗེ་ཕུར་པའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པ་སྔོན་བྱུང་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་ལ་སྦྱར་བས་ཕུར་པ་མཁན་པོ་གདབ་ལས་ལ་བརྟེན་ནས་འཚང་རྒྱ་ཞེས་རྒྱུད་ཀྱི་གནད་ཐོ་བཅུ་གཉིས་ཀྱི་སྒོ་ནས་མངོན་སྤྱོད་མཐར་ཕྱིན་པ་སོགས། དྲག་པོ་སྒྲོལ་བའི་ཕྲིན་ལས་ལ་འཇུག་པའི་དབང་བསྐུར་དངོས་ལ། ལྟ་བའི་རྫོང་དང་ལྡན་ཞིང་བསྐྱེད་པའི་འཕྲང་ལས་གྲོལ་ཏེ་བདག་ཉིད་རྩ་བའི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། ཕུར་པ་རྫས་ཀྱི་དཀྱིལ་འཁོར་རྣམས་མངོན་སུམ་བཞིན་དུ་གསལ་ཞིང༌། སྙིང་རྗེའི་སྲོག་དང་ལྡན་པས་ཕྲིན་ལས་རབ་འབྱམས་ཀྱིས་འགྲོ་བ་རྣམས་ཐར་པའི་སར་བཀོད་པར་བྱ། གལ་ཏེ་ཞི་བས་མི་ཐུལ་བ་རྣམས་དྲག་པོ་མངོན་སྤྱོད་ཀྱི་ལས་བརྩམས་ཏེ་སྙིང་རྗེའི་ཀུན་སློང་དང་ལྡན་པའི་སྒོ་ནས་དྲག་པོའི་ལས་ཀྱི་སྦྱོར་བ་མཐར་ཕྱིན་པར་བརྩམས་པར་བགྱིའོ་སྙམ་པས་དམིགས་པ་རེ་རེ་བཞིན་དུ་གསལ་ཐོབ་ཅིག །ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཨེ་ཁྲོམ་འབར་བའི་རང་བཞིན། ནང་བཅུད་རྣམས་རྡོ་རྗེ་ཕུར་པ་རིག་འཛིན་དང་བཅས་པའི་ལྷ་ཚོགས་ཐམས་ཅད་པའི་སྐུར་བཞེངས་ཏེ་རྔམས་པའི་ཧཱུྃ་སྒྲ་སྒྲོགས་ཤིང་ལས་ལ་ཆས་པར་གྱུར། ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ མཐིང་ནག་གྲུ་གསུམ་ཨེ་ཡི་དབྱིངས༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ གཉིས་མེད་མཉམ་པར་སྦྱོར་བ་ལས༔ སྤྲུལ་པའི་བདུད་འདུལ་ཁྲོ་བོ་བཅུ༔ སྦྱོར་བའི་ཡུམ་མཆོག་ཁྲོ་མོ་བཅུ༔ ཕྲ་ཐབས་ཕོ་ཉ་ཉི་ཤུ་དང༔ སྲས་དང་སྒོ་མ་བཀའ་སྡོད་བཅས༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ༔ སྙིང་རྗེ་ཁྲོས་པའི་ཤུགས་ཀྱིས་བཞེངས༔ འབར་བའི་བརྟུལ་ཞུགས་ཆེན་པོ་བསྐྱེད༔ ཁྱེད་རྣམས་སྟོབས་བཅུའི་ཡེ་ཤེས་བདག༔ ལས་ཀུན་དབང་བསྒྱུར་ཐོགས་པ་མེད༔ བདག་གིས་རྩེ་གཅིག་གསོལ་ལགས་ན༔ མ་གཡེལ་ཐུགས་རྗེའི་རྩལ་ཤུགས་བསྐྱེད༔ ཡེ་ཤེས་དབྱིངས་སུ་རྟོག་བྲལ་ཡང༔ ཕྲིན་ལས་འགྲོ་བ་སྒྲོལ་བའི་ཕྱིར༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ སྡིག་ཅན་དགྲ་ལ་ལས་མཛོད་ཅིག༔ གནོད་པའི་བགེགས་ལ་རྟགས་ཕྱུངས་ཤིག༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ གཉིས་པ་གསེར་སྐྱེམས་ནི། རྃ་ཡྃ་ཁྃ། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ་བྱ། ཧཱུྃ། རྒྱལ་བ་དགོངས་པའི་བརྒྱུད་པ་དང༌། །རིག་འཛིན་རིག་པའི་བརྒྱུད་པ་དང༌། །སྙན་ནས་སྙན་བརྒྱུད་བླ་མ་མཆོད། །ཕྲིན་ལས་ཕུར་པའི་རིག་འཛིན་རྣམས། །རྩ་བ་བརྒྱུད་པར་བཅས་པ་ཡི། །དཔལ་ལྡན་བླ་མ་དམ་པ་སོགས། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་བཞེས། །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༌། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །འཇིགས་བྱེད་ཁྲོ་བཅུ་ཡབ་ཡུམ་དང༌། །སྤྲུལ་པའི་ཁྲ་ཐབས་ཉི་ཤུ་དང༌། །ཡེ་ཤེས་སྒོ་མ་བཞི་པོ་དང༌། །སྲས་མཆོག་ཕུར་པའི་ལྷ་ཚོགས་རྣམས། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་བཞེས། །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །བྱ་སྤྱོད་རྣལ་འབྱོར་བླ་མེད་པའི། །རྒྱུད་སྡེ་བཞི་ཡི་ཡི་དམ་རྣམས། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་བཞེས། །དཔལ་མགོན་ཕོ་རྒྱུད་མོ་རྒྱུད་སོགས། །ཆོས་སྐྱོང་སྲུང་མ་རྒྱ་མཚོ་དང༌། །དམ་ཅན་བཀའ་སྲུང་བཅུ་གཉིས་དང༌། །གིང་ཆེན་དགེ་བསྙེན་འཁོར་བཅས་མཆོད། །ཕྱི་ནང་མཁའ་འགྲོ་འཁོར་དང་བཅས། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་མཆོད། །ཕོ་ཉ་ཕྲ་མེན་འབར་མ་དང༌། །མ་བདུན་སྲིང་བཞི་ལ་སོགས་མཆོད། །བདུད་འདུལ་ནག་མོ་མཆེད་བཞི་དང༌། །དཔལ་ལྡན་རེ་མ་ཏི་ལ་སོགས། །མདོར་ན་སུམ་བརྒྱ་དྲུག་ཅུ་རྣམས། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་བཞེས། །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་རྣམས་དང༌། །གནས་བདག་ཀུན་དང་ཡུལ་བདག་ཀུན། །ས་ཡི་ཕྱོགས་ནི་འདི་ཉིད་ན། །སའམ་མཁའ་ལ་འཁོད་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང༌། །འབྱུང་པོ་མང་པོ་གང་འཁོད་པ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་བཞེས། །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །གསུམ་པ་གཟུ་དཔང་གསོལ་བ་ནི། ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ གདུག་པའི་རུ་ཏྲ་ནག་པོ་ཡིས༔ བྱང་ཆུབ་སྒྲུབ་ལ་བར་བཅད་ཚེ༔ མངོན་སྤྱོད་རྩལ་གྱིས་བསྒྲལ་བ་བཞིན༔ ད་དུས་བསྐལ་པའི་སྙིགས་མ་ལ༔ ལས་ངན་སྤྱི་སྒོས་རུ་ཏྲ་འདིས༔ སངས་རྒྱས་བསྟན་པ་ཐབས་ཀྱིས་བཤིག༔ འགྲོ་བའི་བདེ་སྐྱིད་ངང་གིས་བཅོམ༔ ཉེས་མེད་རྣལ་འབྱོར་གཤེ་ཞིང་སྡང༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ སྣོད་བཅུད་དཔལ་འབྱོར་འཇོམས་པ་ཡི༔ ཕུང་བྱེད་བསྟན་པའི་ནང་དམེ་མཁན༔ རྡོ་རྗེ་ཐེག་པའི་ལམ་ལ་སྡང༔ དགེ་འདུན་འདུ་བའི་སྒོ་འཕྲོག་ཅིང༔ དབེན་གནས་ཆོས་འཁོར་འཇིག་པ་སོགས༔ ཉེས་པ་དུ་མས་འཚེ་བྱེད་པས༔ བྱང་ཆུབ་སྒྲུབ་ལ་བར་གཅོད་པ༔ བསྒྲལ་བའི་ཞིང་དུ་འདི་གྱུར་པས༔ ལེགས་ཉེས་ཤན་འབྱེད་ཁྱེད་རྣམས་ཀྱིས༔ བདེན་རྫུན་གཉིས་ཀྱི་དཔང་པོ་མཛོད༔ དཀར་ཕྱོགས་རྒྱབ་རྟེན་ཁྱེད་རྣམས་ཕྱིར༔ ར་མདའ་ལྷོགས་ཤིག་ས་མ་ཡ༔ བཞི་པ་ཧོམ་བསྐྱེད་པ་ནི། སྟོང་པའི་ངང་ལས་ཨེ་ལས་ལྕགས་སྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་པ་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ལ་ཞེ་སྡང་གི་མེ་རླུང་འཚུབ་པ། སྟེང་ན་གཏི་མུག་གི་མུན་པ་འཐིབས་པ། མཚོན་ཆའི་ཆར་འབེབས་ཤིང་ནད་དང་དུག་གི་རླངས་པ་འཕྱོ་བ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་མི་བཟད་པ་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེ་ཡི་ནང་དུ་ནྲྀ་དུད་ཁ་ཡོངས་སུ་གྱུར་པ་ལས་དགྲ་བོ་དེ་ཉིད་ལུས་གཅེར་བུ་རིད་པ། མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན། བུ་ག་དགུ་ནས་རྣག་ཁྲག་འཛག་པ་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར། ལྔ་པ་བདེན་སྟོབས་བརྗོད་ཅིང་དགུག་པ་ནི། གཡབ་དྲིལ་དང་བཅས་འགུགས་རྒྱས། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། ཆོས་ཉིད་གདོད་ནས་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་ཡང་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུ་བདུད་འདུལ་ཕུར་པ་ཕྲིན་ལས་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་དུ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་སྔ་དགྲ་ལག་གིས་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་གནོད་ཅིང་འཚེ་བའི་གཟུགས་ཅན་སྡང་བའི་དགྲ། གཟུགས་མེད་གནོད་བྱེད་བགེགས་ཀྱི་རིགས་ལོག་པར་འདྲེན་པ་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་སྲིད་པ་གསུམ་གར་གནས་གར་བྲོས་ཀྱང་དམིགས་པའི་རྟེན་འདི་ལ་གཉིས་སུ་མེད་པར་ཁུག་ཅིག །ཀཱི་ལ་ཡའི་དྲག་སྔགས་སྦྲེལ་མའི་མཐར། ཛཿཧཱུྃ་བྃ་ཧོཿ པྲ་བེ་ཤ་ཡ་ཕཊ྄༔ ཨ་ཝེ་ཤ་ཡ་ཨས་དགུག་གཞུག་འཆིང་སྡོམ་མྱོས་དབྱེ་དབབ་ཀྱི་རྒྱ་དང་དམིགས་པས་གཟིར་བ་ལན་གསུམ་བྱ། དྲུག་པ་ཕྱག་རྒྱ་བཞིས་བཅིང་པ་ནི། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ༔ སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་དང༔ ཕོ་ཉ་དམ་ཅན་རྒྱ་མཚོའི་ཚོགས༔ འདིར་གཤེགས་བཞུགས་ཤིང་བྱིན་ཕོབ་ལ༔ དམ་སྲི་གདུག་པའི་དགྲ་དང་བགེགས༔ རྒྱལ་བའི་བཀའ་ལས་འདའ་བྱེད་ཅིང༔ རྣལ་འབྱོར་སྐུ་ལ་བསྡོ་བ་རྣམས༔ རྒྱལ་བས་བསྒྲལ་བར་གསུངས་པའི་ཕྱིར༔ གནས་པའི་ཡུལ་ནས་ཡུད་ཙམ་གྱིས༔ རྟེན་དང་ཕྲོལ་ལ་ཁྲིད་ལ་ཤོག༔ རྒྱབ་དང་ཕྲོལ་ལ་ཁྲིད་ལ་ཤོག༔ ས་གཞི་ཡན་ཆད་ཐོབ་ལ་ཤོག༔ བདུན་རྒྱུད་ཚུན་ཆད་ཁུག་ལ་ཤོག༔ མ་ཐོགས་མྱུར་དུ་ཁུག་ལ་ཤོག༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ལྕགས་ཀྱུས་གདབ། བཛྲ་པཱ་ཤ་ཧཱུྃ༔ ཞགས་པས་བཅིང༌། བཛྲ་སྥོ་ཊ་བྃ༔ ལྕགས་སྒྲོག་གིས་བསྡམ། བཛྲ་གཎྜེ་ཧོཿ དྲིལ་བུས་སྒྲས་མྱོས་སུ་གཞུག ཕོ་ཉ་རྣམས་ཀྱིས་ལྕགས་ཀྱུས་དགྲ་བགེགས་རྣམས་བཟུང་སྟེ་ལིང་ག་ལ་བསྟིམས། ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་མྱོས་སུ་བཅུག་པར་གྱུར། དེ་ནས་བསྒྲལ་བ་དངོས་ལ། སྔོན་དཔལ་ཆེན་རྡོ་རྗེ་གཞོན་ནུས་སྐུ་ཡི་གནས་དྲུག་ནས་གབ་པའི་སྔགས་དྲུག་སྤྲོས་ཏེ་རུ་ཏྲའི་གནས་སོ་སོར་ཞུགས་པས་བསྒྲལ་བའི་ལས་ལ་ཐོགས་པ་མེད་པས་རུ་ཏྲ་སྡེ་དང་བཅས་པ་བཏུལ་བའི་མཛད་པ་དང་མཐུན་པར་གདབ་པའི་ལས་རིམ་རྒྱས་པར་བྱ་བ་ལ། རིག་པ་མཆོག་གི་རྒྱུད་ལས། ལྷ་ཕྲལ་གཟུགས་ལ་དབབ་པ་དང༌། བྱད་དུ་གཞུགས་དང་སྨྱོ་རུ་གཞུག །རྡུལ་དུ་བརླག་དང་ཞལ་དུ་བསྟབ། །འདི་དྲུག་ཤེས་ན་ལས་རྣམས་འགྲུབ། །ཅེས་པས། དེ་ལྟར་དྲུག་ཚན་རེ་རེ་ལའང་དྲུག་རེ་འབྱུང་བས། ལས་རིམ་དང་པོ་ལྷ་དང་དབྲལ་བ་ལ། གཉེན་པོ་སྟོབས་ཀྱི་ལྷ་ཁྲོ་བོ་བདུད་རྩི་འཁྱིལ་བ་དང༌། འཇིག་རྟེན་ལས་ཀྱི་ལྷ་རྡོ་རྗེ་ལེགས་པ་ཐེའུ་རང་གི་དཔུང་དང་བཅས་པ་དཔལ་ཆེན་པོའི་དཔྲལ་བ་ནས་སྤྲོས་པ་སྤྲུལ་པའི་ཕོ་ཉའི་ཚོགས་དང་བཅས་པ་བྱ་འུག་གི་གདོང་ཅན་བུ་ཡུག་འཚུབས་པ་ལྟར་སྤྲོས་པར་མོས་ལ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ རྦད་ཅིང་བསྐུལ་བ་ང་ཡིས་བྱེད༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ཞེས་འཕྱང་གདགས། བསགས་པའི་རྫས་གུ་གུལ། ཁྱི་བྲུན། ཚིལ་ཆེན་རྣམས་ལིང་ག་ལ་བདུག་ལ། གབ་པའི་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ མཱ་ར་ཡ་ཧ་ས་ཡ་ར་ཧྲི་ཏ་ན་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཁྱད་པར་གྱི་ཕོ་ཉ་བསྐུལ་བས་བྱ་རོག་དང་འུག་པའི་དང་རུས་ཀྱིས་ལིང་ག་ལ་བྱབ་སྟེ། ཧཱུྃ༔ ཉེ་འབྱེད་རླུང་གི་ཕྲ་མ་མཁན༔ བྱ་རོག་འུག་པའི་གདོང་པ་ཅན༔ སྐུ་ལས་དྲི་ངན་ལྷ་སྲུང་བརྒྱལ༔ ལག་ན་དབྱེ་བྱེད་གཡབ་མོ་འབྱེད༔ དམ་ཉམས་བསྟན་པའི་ཕུང་བྱེད་འདི༔ འགོ་བའི་ལྷ་ལྔ་བྲལ་བར་གྱིས༔ སྐྱབས་དང་ཕྲོལ་ལ་གཤེད་དུ་ཕོབ༔ དམ་ལས་འདའ་བར་མ་བྱེད་ཅིག༔ བཅའ་བའི་ཕྱག་རྒྱ་ཐལ་མོ་རྒྱབ་སྤྲོད་དུ་དབྱེ་བའི་རྒྱས། གདབ་བྱའི་དམོད་པ་ནི། ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་རླབས་སོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙཱརྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ དགྲ་བགེགས་ལྷ་དང་ཕྲོལ་ཅིག༔ ཉམས་པའི་དགྲ་བགེགས་མགོན་སྐྱབས་དང་བྲལ་བར་གྱུར་ཅིག༔ ངན་སྔགས་ལས་ཀྱི་ཕུར་པ་སེང་ལྡེང་དམར་པོ་ལས་གྲུབ་པ་གནམ་གྱི་འཇུ་ཐག་གཅོད་ཕྱིར་དགྲ་བོའི་སྤྱི་གཙུག་ཏུ་གདབ་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཚནྡྷི་ཚནྡྷི་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄༔ ཏིང་ངེ་འཛིན་ནི། དཔལ་ཆེན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་དབྱེ་བའི་ལས་མཛད། དགྲ་བགེགས་ལྷ་དང་ཕྲལ་ཏེ་བྱིའུ་འུར་རྡོས་ཕོག་པ་གཅིག་པུར་ལུས་པ་ལྟར་གྱུར་པར་བསམ་མོ། །ལས་རིམ་གཉིས་པ་གཟུགས་ལ་དབབ་པའི་ལ། གཉེན་པོ་སྟོབས་ཀྱི་ལྷ་ཁྲོ་བོ་མི་གཡོ་བ། འཇིག་རྟེན་ལས་ཀྱི་ལྷ་བཙན་རྒྱལ་ཡམ་ཤུད་དམར་པོ་བཙན་དམག་གི་དཔུང་དང་བཅས་པ་དཔལ་ཆེན་པོའི་ལྟེ་བ་ནས་སྤྲོས་པ་སྤྲུལ་པའི་ཕོ་ཉའི་ཚོགས་དང་བཅས་པ་བསྐལ་པའི་མེ་ལྟར་འབར་བར་མོས་ལ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ རྦད་ཅིང་བསྐུལ་བ་ང་ཡིས་བྱེད༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོའི་ཆེན་པོ་བྱིན་རླབས་ཀྱིས༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ཞེས་འཕྱང་གདགས། བསགས་པའི་རྫས་ཡུངས་ཀར་ནག་ཁྲག་གིས་སྦག་པས་བྲབ་ལ། གབ་པའི་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ མཱ་ར་ཡ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཁྱད་པར་གྱི་ཕོ་ཉ་བསྐུལ་ཞིང་ཐུན་གྱིས་བྲབ་སྟེ། ཕྱོགས་བཞིའི་དཔལ་གྱི་ལས་མཁན་མ༔ ལག་ན་འབར་བའི་སྤུ་གྲི་གདེང༔ ཕུར་པའི་ལྷ་མོ་ལག་བརྒྱ་མས༔ སྔོན་ནས་དགྲ་བོའི་བླ་ཁུག་ཅིག༔ བཅའ་བའི་ཕྱག་རྒྱ་ཐལ་མོ་ཁ་སྦུབ་ཏུ་བྱས་ཏེ། གདབ་བྱའི་དམོད་པ་ནི། ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་རླབས་སོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙཱརྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ དགྲ་བགེགས་གཟུགས་ལིང་ག་འདི་ལ་ཕོབ་ཅིག༔ དགྲ་བགེགས་ཀྱི་རྣམ་པར་ཤེས་པ་བླ་དང་བཅས་པ་ལིང་ག་འདི་ལ་བཀུག་ནས་ཐིམ་པར་གྱུར་ཅིག༔ ངན་སྔགས་ལས་ཀྱི་ཕུར་པ་བྱ་རྒོད་ཀྱི་རྐང་ལས་གྲུབ་པ་ས་ཡི་བརྟན་ཕུར་ཕྱུང་ཕྱིར་རྐང་མཐིལ་དུ་གདབ་པས་དབུགས་ཀྱི་གནད་ཆད་པར་བསམ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྱཱ་གྲྀ་མུ་ཁ་ཨཾ་ཀུ་ཤ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄༔ ཏིང་ངེ་འཛིན་ནི། དཔལ་ཆེན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་དགྲ་བགེགས་རྟེན་བཀུག་ཅིང་ཕབ་སྟེ་གཟེར་བར་བསམ་མོ། །ལས་རིམ་གསུམ་པ་བྱད་དུ་གཞུག་པ་ལ། གཉེན་པོ་སྟོབས་ཀྱི་ལྷ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང༌། འཇིག་རྟེན་ལས་ཀྱི་ལྷ་ཀླུའི་རྒྱལ་པོ་དམག་གི་དཔུང་དང་བཅས་པ་དཔལ་ཆེན་པོའི་ཕྱག་ཞབས་ནས་སྤྲོས་པ་སྤྲུལ་པའི་ཕོ་ཉའི་ཚོགས་དང་བཅས་པ་སྤྲུལ་པར་མོས་ལ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ རྦད་ཅིང་བསྐུལ་བ་ང་ཡིས་བྱེད༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོའི་ཆེན་པོའི་བྱིན་རླབས་ཀྱིས༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ ཞེས་འཕྱང་གདགས། བསགས་པའི་རྫས་བྱད་ཐག་ཚོན་སྐུད་ལྔ་དང་ཤི་སྐྲས་ཡན་ལག་བཅིངས་ལ། གབ་པའི་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ མཱ་ར་ཡ་ཤཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ྄༔ སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ བཅའ་བའི་ཕྱག་རྒྱ་ཞགས་པས་འཆིང་ཚུལ་བྱ། གདབ་བྱའི་དམོད་པ་ནི། ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་རླབས་སོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙཱརྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ དགྲ་བགེགས་ཀྱི་དབང་པོ་ཡན་ལག་སྡོམས་ཤིག༔ དགྲ་བགེགས་འདི་གྲུ་གུ་ཐུར་དུ་ཆིངས་ཤིག༔ སྡོམས་ཤིག༔ ངན་སྔགས་ལས་ཀྱི་མཆོག་ཕུར་འབྱུང་བཞིའི་གནད་གཅོད་ཕྱིར་གསང་གནས་སུ་གདབ་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བིང་བིང་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄༔ ཏིང་ངེ་འཛིན་ནི། དཔལ་ཆེན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་དགྲ་བགེགས་གྲུ་གུ་ཐུར་དུ་བཅིངས་པར་བསམ་མོ། །ལས་རིམ་བཞི་པ་སྨྱོ་རུ་གཞུག་པ་ལ། གཉེན་པོ་སྟོབས་ཀྱི་ལྷ་ཁྲོ་བོ་རྟ་མགྲིན། འཇིག་རྟེན་ལས་ཀྱི་ལྷ་རྒྱལ་པོ་པེ་དཀར་ལྷ་གིང་འགོང་པོའི་དམག་དཔུང་དང་བཅས་པ་དཔལ་ཆེན་པོའི་ཐུགས་ཀྱི་རྩེ་མོ་དང་ལྗགས་དཀྱིལ་ནས་སྤྲོས་པ་སྤྲུལ་པའི་ཕོ་ཉའི་ཚོགས་དང་བཅས་པ་སྤྲུལ་པར་མོས་ལ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ རྦད་ཅིང་བསྐུལ་བ་ང་ཡིས་བྱེད༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ རིངས་པར་ཁུག་ལ་སྨྱོར་ཆུག་ཅིག༔ ཅེས་འཕྱང་གདགས། བསགས་པའི་རྫས་དུག་སྣ་ཁྲག་དང་སྦྱར་བས་བྲབ་སྟེ། གབ་པའི་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ མཱ་ར་ཡ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ བཅའ་བའི་ཕྱག་རྒྱ་ཐལ་མོ་གཟེངས་བསྐུམ་དང་བཅས་ཏེ། གདབ་བྱའི་དམོད་པ་ནི། ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་རླབས་སོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙཱརྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ དགྲ་བགེགས་སྨྱོ་རུ་ཆུག་ཅིག༔ སྨྱོ་རུ་ཆུག་འབོགས་སུ་ཆུག༔ དྲན་པ་ཉམས་པར་གྱུར་ཅིག༔ ངན་སྔགས་ལས་ཀྱི་ཕུར་པ་ཟངས་ལས་གྲུབ་པ་ངག་འཇོམས་པའི་ཕྱིར་ལྕེ་ཡི་དཀྱིལ་དུ་གདབ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མཿས་མནྟ་བི་ཤྭ་དྷ་བེ་ར་བེ་ར་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄༔ ཏིང་ངེ་འཛིན་ནི། དཔལ་ཆེན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་རྣམས་ཀྱི་ཐུགས་ཀ་ནས་འོད་ཚྭ་ཚྭ་ལྟ་བུ་འཕྲོས་པས་དགྲ་བོ་སྨྱོ་རུ་ཆུག །འབོགས་སུ་ཆུག །སྨྱོས་སུ་ཆུག་པར་བསམ་མོ། །ལས་རིམ་ལྔ་པ་རྡུལ་དུ་བརླག་པའི་ཁོངས་སུ་སྤུ་གྲི་གཅིག་ཤུར་གྱི་ལས་འབྱུང་བས་དེ་ནི། བདག་དཔལ་ཆེན་པོར་གསལ་བའི་ཐལ་མོ་གཉིས་ཐབས་ཤེས་ཀྱི་རང་བཞིན་ཉི་ཟླའི་མཚན་པའི་བར་དུ་བསྙེན་ཕུར་ཡཀྴ་ཀྲོ་དྷ་དུས་མེའི་ཚྭ་ཚྭ་འཕྲོ་བར་མོས་ལ་བྱིན་གྱིས་བརླབས་ཏེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ ཅེས་ཉེར་གཅིག་མཐར། ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ མོ་ཧ་གྷཱ་ཏ་ཡ་བྷ་ག་ཝན༔ ཧྲཱིཿཥྚཱི་བི་ཀྲྀ་ཏ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ སརྦ་བིགྷྣཱན༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ྄༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཨ་ཨཿ ཞེས་སྤུ་གྲིའི་གདབ་སྔགས་བརྗོད་ཅིང༌། དམིགས་པ། སྙིང་དཀར་ནག་གི་མཚམས་སུ་བསྒྲིལ་ཞིང་གདབ་པས་ཁོའི་གཟུགས་ཕུང་གི་འབྱུང་བཞིའི་དྭངས་མ་རིམ་བཞིན་འདུས་ནས་ཡལ། སྙིང་གར་ཚེ་རྟེན་ཨ་དཀར་པོ་འོད་ཀྱི་ཐིག་ལེའི་དབུས་སུ་ཀུན་གཞི་ནྲྀ་དུད་ཁའི་གཟུགས་སུ་གནས་པར་ཕུར་རྩེ་ཧཱུྃ་ལྡན་བཏབ་པས་ནྲྀ་ཐིག་ལེ་ཨ་བཅས་བསྡུས་ནས་རང་ལ་བསྟན་པས་ཨ་དཀར་པོ་འོད་ཀྱི་གོང་བུ་ཅན་དེ་བདག་གི་སྙིང་གར་ཐིམ། ཚེ་དཔལ་གཟི་བརྗིད་རྒྱས། སླར་ཡང་ཕུར་བུ་ལས་འཕྲོས་པའི་འོད་ཀྱི་རྩེ་ལས་གཟས་པོའི་རྣམ་ཤེས་ཨ་ཡིག་གི་གཟུགས་ཀྱིས་འོག་མིན་དུ་ཕཊ྄་ཅེས་གནས་སྤར་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཞུགས། ཀཱི་ལ་ཡ་བརྗོད་པས་རྡོར་སེམས་ཀྱི་སྲས་སུ་སྐྱེས་པར་བསམ་པ་ནི་ཐུགས་རྗེའི་འོད་ཀྱི་ཕུར་བུ་ཞེས་བྱ་སྟེ་ལས་ངན་རྣམ་སྨིན་གྱི་སྐྱེ་སྒོ་བཅད་ནས་སྐྱེ་མེད་ཀྱི་དབྱིངས་སུ་སྦྱོར་བར་དམིགས་ལ་གདབ་ཕུར་བཏབ་སྟེ། ཧཱུྃ༔ ང་ནི་ཁྲོ་རྒྱལ་བཛྲ་ཀཱི་ལ་ཡ༔ སངས་རྒྱས་ཀུན་གྱི་འབར་བའི་ཡེ་ཤེས་སྐུ༔ ཁམས་གསུམ་འཁོར་བ་ཐལ་འབྱིན་ཕུར་པ་ནི༔ ཡཀྴ་ཀྲོ་དྷ་ཁྲོ་བོའི་རྗེ་བཙན་ཏེ༔ ཀླད་ལ་བསྐོར་བས་བདག་ཅག་འཁོར་བཅས་སྲུང༔ གཡས་སུ་བསྒྲིལ་བས་ཕོ་རྒྱུད་དབང་དུ་འདུས༔ གཡོན་དུ་བསྒྲིལ་བས་མོ་རྒྱུད་ལས་ལ་བཀོལ༔ སྐེད་ལ་བསྐོར་བས་མི་ལྡོག་དགྲ་ལ་ཐེབས༔ འཕྱར་བ་ཙམ་གྱིས་ལྷ་ཡང་སྐྲག་བྱེད་ཅིང༔ བཏབ་པའི་མོད་ལ་དགྲ་བགེགས་གུམ་གུམ་བསྒྱེལ༔ རྣོ་ངར་ལྡན་པས་ཐལ་བར་རློག་པ་འདི༔ བཏབ་བོ་ཉམས་པ་བདུན་ལྡན་རུ་ཏྲར་ཡ༔ སྲིད་པ་མིང་མེད་གྱིས་ཤིག་མཱ་ར་ཡ༔ དེ་ནས་རྒྱུད་ལས། ཁྲོ་བོ་བཅུ་ཡི་ཕུར་པ་ཡིས། །ལུས་ཀྱི་གནས་བཅུ་དག་ཏུ་གདབ། །ཅེས་གསུངས་པ་ལྟར་ཕྱིར་མི་ལྡོག་པའི་ཕྱིར་ཁྲོ་བོ་བཅུའི་ཕུར་པ་གདབ་སྟེ། ཧཱུྃ༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་དང༔ དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཧ་ན་ཧ་ན་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ རྣམ་རྒྱལ་དཔྲལ་བ། ད་ཧ་ད་ཧ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ དབྱུག་སྔོན་དཔུང་གཡས། པ་ཙ་པ་ཙ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ གཤིན་རྗེ་ལྟེ་བ། མ་ཐ་མ་ཐ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ མི་གཡོ་དཔྱི་གཡས། ཛྭ་ལ་ཛྭ་ལ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ རྟ་མགྲིན་མགྲིན་པ། སུ་རུ་སུ་རུ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ འདོད་རྒྱལ་དཔྱི་གཡོན། མུ་རུ་མུ་རུ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཧཱུྃ་མཛད་སྤྱི་བོ། ཀ་ཏཾ་ཀ་ཡེ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ སྟོབས་ཆེན་གསང་གནས། ཛ་ཡེ་བི་ཛ་ཡེ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཁམས་གསུམ་རྣམ་རྒྱལ་དཔུང་གཡོན། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ བདུད་རྩི་འཁྱིལ་བ་སྙིང་གར་གདབ་བོ། ལས་རིམ་ལྔ་པ་རྡུལ་དུ་བརླག་པ་དངོས་ལ། གཉེན་པོ་སྟོབས་ཀྱི་ལྷ་ཁྲོ་བོ་དབྱུག་པ་སྔོན་པོ་དང༌། འཇིག་རྟེན་ལས་ཀྱི་ལྷ་བདུད་དམག་བྱེ་བའི་དཔུང་དང་བཅས་པ་དཔལ་ཆེན་པོའི་དབུ་ཡི་གཙུག་ཏོར་ནས་སྤྲོས་པ་སྤྲུལ་པའི་ཕོ་ཉའི་ཚོགས་དང་བཅས་སྤྲུལ་པར་མོས་ལ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ བདག་ཉིད་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ རྦད་ཅིང་བསྐུལ་བ་ང་ཡིས་བྱེད༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཅེས་འཕྱང་གདགས། བསགས་པའི་རྫས་མིའི་རྗེ་ངར་དང་རྡོ་རྗེའི་ཐོ་བས་བརྡུང་ལ། གབ་པའི་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ མཱ་ར་ཡ་ཏ་ཐཱ་ཡ་ཏ་ཐཱ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ བཅའ་བའི་ཕྱག་རྒྱ་ཐལ་མོ་བསྣོལ་མ་ནང་བསྐུམ་གྱིས་བརྡུང་ཚུལ་དང་བཅས་ཏེ། གདབ་བྱའི་དམོད་པ་ནི། ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་རླབས་སོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙཱརྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ དགྲ་བགེགས་གནོད་བྱེད་རྡུལ་དུ་བརླག་པར་གྱུར་ཅིག །ངན་སྔགས་ལས་ཀྱི་ཕུར་པ་ལྕགས་ལས་གྲུབ་པ་སེམས་ཀྱི་དཔྱིས་འབྱིན་པར་སྙིང་གར་གདབ་སྟེ་ཚེ་ཡི་གནད་བཅད་པར་བསམ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿསརྦ་དུཥྚཾ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄༔ ཏིང་ངེ་འཛིན་ནི། དཔལ་ཆེན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་དགྲ་བགེགས་ཐལ་བའི་རྡུལ་དུ་བརླག་པར་བསམ་མོ། །ལས་རིམ་དྲུག་པ་ཞལ་དུ་བསྟབ་པ་ལ། གཉེན་པོ་སྟོབས་ཀྱི་ལྷ་ཁྲོ་བོ་སྟོབས་པོ་ཆེ་དང༌། འཇིག་རྟེན་ལས་ཀྱི་ལྷ་བཙན་དམག་དང་བཅས་པ་དཔལ་ཆེན་པོའི་གསང་བའི་སྦུབས་ནས་སྤྲོས་པ་སྤྲུལ་པའི་ཕོ་ཉའི་ཚོགས་དང་བཅས་པ་རྣམས་ཀྱིས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ཞལ་དུ་བསྟབ་པར་མོས་ལ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ས་བདག་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ རྦད་ཅིང་བསྐུལ་བ་ང་ཡིས་བྱེད༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ ཅེས་འཕྱང་གདགས། བསགས་པའི་རྫས་མི་རྐང་གི་གཟར་བུ་ཟུར་གསུམ་པས་ཞལ་དུ་བསྟབ་ལ། གབ་པའི་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ མཱ་ར་ཡ་བྷིནྡྷ་ཡ་བྷིནྡྷ་ཡ༔ སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ བཅའ་བའི་ཕྱག་རྒྱ་རྡོ་རྗེའི་ཐལ་མོ་ཁ་གྱེན་བསྟན་གྱིས། གདབ་བྱའི་དམོད་པ་ནི། ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་རླབས་སོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙཱརྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ ལྷ་ཚོགས་རྣམས་ཀྱིས་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་དང་བཅས་པ་ལྷག་མ་མེད་པར་རོལ་ཅིག །ངན་སྔགས་ལས་ཀྱི་ཕུར་པ་སྐྱེར་པ་ལས་གྲུབ་པ་སྲིད་པ་སྐྱེད་བྱེད་གཞོམ་ཞིང་བཀྲག་མདངས་ཀྱི་གནད་གཅོད་ཕྱིར་ལྟེ་བར་གདབ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ སུ་རུ་སུ་རུ་ཨུ་ཙུཥྨ་ཀྲོ་ཏ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄༔ ཏིང་ངེ་འཛིན་ནི། དཔལ་ཆེན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་ཤ་ཁྲག་རུས་པ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབ་པས་དགྱེས་པའི་རྐན་སྒྲ་དང་བཅས་ཏེ་གསོལ་བར་བསམ་མོ། །དེ་ལྟར་དྲག་པོ་དགྲ་བགེགས་སྒྲོལ་བའི་དབང་བསྐུར་ཡོངས་རྫོགས་གྲུབ་ནས་ལས་ཀྱི་མཐའ་སྡུད་རྣམ་གསུམ་གྱི་དབང་སྦྱིན་པའི་ཐོག་མར་ཟློག་པའི་མཐའ་སྡུད་ཟོར་རྫས་རྣམས་གཏད་པས་དགྲ་བགེགས་ཐམས་ཅད་རྩད་ནས་བརླག་པའི་མཐུ་དབང་ཐོབ་པར་མོས་ཤིག །ཟོར་རྫས་རྣམས་གཏད་ལ། ཧཱུྃ༔ དགྲ་བགེགས་གཟུགས་ཕུང་བཤིག་པའི་ཕྱིར༔ ཀེ་ཚེ་ཤང་ཚེ་ཡུངས་ཀར་དང༔ རྡོ་ཕྱེ་ལྕགས་ཕྱེ་ཁྲག་གི་ཐུན༔ ཀོང་ཟོར་རྡོ་ཟོར་ཐོད་ཟོར་དང༔ དྲེགས་པའི་ཕུར་པ་སོར་ལྔ་པ༔ འཕང་བའི་ཕུར་པ་སོར་དྲུག་པ༔ མདའ་ཟོར་དུག་གི་གཏོར་མ་དང༔ གཏོར་ཟོར་མཚོན་ཆས་དབང་བསྐུར་བས༔ དགྲ་བགེགས་ཐམས་ཅད་ཕུང་བར་གྱིས༔ སྤུ་གྲིའི་སྔགས་ཤམ་དུ། དགྲ་བགེགས་མཱ་ར་ཡ་རྦད༔ ཅེས་བཏགས་པ་བརྗོད། གཉིས་པ་བསད་པའི་མཐའ་སྡུད་སྲེག་པའི་ཧོམ་དང་གཟར་བུ་གཏད་པས་དགྲ་བགེགས་ཐམས་ཅད་རྗེས་མེད་དུ་བསྲེག་པའི་མཐུ་དབང་ཐོབ་པར་མོས་ཤིག །ཧོམ་དང་གཟར་བླུགས་གཏད་ལ། ཧཱུྃ༔ དགྲ་བགེགས་ཞལ་དུ་གསོལ་བའི་ཕྱིར༔ ཧོམ་དང་དགང་གཟར་བླུགས་གཟར་དང༔ སྲེག་པའི་རྫས་ཀྱིས་དབང་བསྐུར་བས༔ གཞིག་དང་སྤོར་བའི་ནུས་ལྡན་ཤོག༔ སྤུ་གྲིའི་སྔགས་ཤམ་དུ། དགྲ་བགེགས་མཱ་ར་ཡ་ཛྭ་ལ་རཾ༔ ཞེས་བརྗོད། གསུམ་པ་སྲུང་བའི་མཐའ་སྡུད་མནན་པའི་ཆས་རྣམས་གཏད་པས་དགྲ་བགེགས་ཐམས་ཅད་བསྐལ་པའི་མཐར་ཡང་ལྡང་མི་ནུས་པར་གནོན་པའི་མཐུ་དབང་ཐོབ་པར་མོས་ཤིག །མནན་ཆས་གཏད་ལ། ཧཱུྃ༔ ལྕགས་ཀྱི་ཁང་སྒྲོམ་འབར་བ་དང༔ ཁྱི་མགོ་ནག་པོའི་དུང་ཁང་དང༔ རོ་གཡམ་རྡོ་རྗེ་རྒྱ་གྲམ་དང༔ མནན་པའི་ཕུར་པ་སོར་བཞི་པ༔ རང་འཐག་གླིང་བཞི་རྣམས་གཏད་པས༔ མི་ལྡོག་ནོན་པའི་མཐུ་ཐོབ་ཤོག༔ སྤུ་གྲིའི་སྔགས་ཤམ་དུ། དགྲ་བགེགས་དམ་སྲི་མཱ་ར་ཡ་ནན༔ ཏྲིག་ནན་སྟྭམྦྷ་ནན༔ མོ་ཧ་ཡ་ནན༔ སྟྭམྦྷ་ཡ་ནན༔ མཐར་བཅོལ་བསྐུལ་བྱ་བ་ནི། གདབ་ཕུར་བསྒྲིལ་ལ། སླར་ཡང་བཀའ་ལ་མི་ཉན་པ་ཐམས་ཅད་འདི་ལྟ་བུའི་སྦྱོར་བས་བསྒྲལ་བར་བྱ་བ་གདོན་མི་ཟའོ། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱར་ཁོས་ལ༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧ་ཧ་ཧ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄༔ དེ་རྣམས་ཀྱིས་གདབ་པའི་ལས་རིམ་རྒྱས་པར་རྫོགས་ནས། མཐའ་རྟེན་འཆི་མེད་ཚེ་ཡི་དབང་བསྐུར་བ་ལ། ཚེ་འབྲང་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་གསལ་བས་དབང་བསྐུར་བའི་ཚེ་སྐུ་གསུང་ཐུགས་ལས་འཆི་མེད་བདུད་རྩི་འོད་ཟེར་གྱི་རྒྱུན་བྱུང༌། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་གསང་གསུམ་རྡོ་རྗེ་མི་ཤིགས་པའི་ཚེ་དབང་ཐོབ་པར་མོས་ཤིག །ཚེ་འབྲང་གནས་གསུམ་དུ་བཞག་ལ། ཨོཾ༔ བུམ་པ་རིན་ཆེན་ཚེའི་གཞལ་ཡས༔ འཆི་མེད་དྭངས་མའི་བདུད་རྩིས་གཏམས༔ མི་ཤིགས་རྡོ་རྗེ་ཚེ་ཡི་ལྷས༔ སྐྱེ་འཆི་མེད་པའི་ཚེ་ཐོབ་ཤོག༔ ཀཱ་ཡ་ཨཱ་ཡུ་ཛྙཱ་ན་ཏིཥྛནྟུ༔ བདུད་རྩི་མྱང་དུ་གཞུག་ལ། ཨཱཿ རང་བྱུང་ཡེ་ཤེས་བདུད་རྩིའི་རྒྱུན༔ འབྱུང་ལྔ་འདུས་པའི་དྭངས་མའི་རྒྱུན༔ ཚེ་ཡི་ལྷ་ཚོགས་བྱང་སེམས་ཀྱིས༔ རྒྱུན་ཆད་མེད་པའི་ཚེ་ཐོབ་ཤོག༔ ཝཱཀ་ཨཱ་ཡུ་ཛྙཱ་ན་ཏིཥྛནྟུ༔ ཚེ་རིལ་སྙིང་གར་བཞག་ཅིང་བྱིན་ལ། ཧཱུྃ༔ རྟག་ཏུ་འཕོ་མེད་ཚེའི་རིལ་བུ༔ ལྷ་ཚོགས་དྭངས་མ་མི་ཤིགས་ཁམས༔ སྙིང་གི་དབུས་སུ་བསྟིམ་པ་ཡིས༔ རྡོ་རྗེ་རྟག་པའི་ཚེ་ཐོབ་ཤོག༔ ཙིཏྟ་ཨཱ་ཡུ་ཛྙཱ་ན་ཏིཥྛནྟུ༔ ཚོགས་རྫས་གཏད་ལ། ཧཱུྃ༔ གཞོང་པ་རྣམ་དག་ཉི་ཟླའི་སྣོད་ནང་དུ༔ ཞལ་ཟས་སྣ་ཚོགས་བདུད་རྩིའི་རྒྱ་མཚོ་འཁྱིལ༔ ལུས་དཀྱིལ་ལྷ་ལ་ཚོགས་ཀྱི་འཁོར་ལོ་འབུལ༔ བདེ་ཆེན་ཡེ་ཤེས་མཆོག་དང་ལྡན་པར་ཤོག༔ ཅེས་གཏད་ལ་རོལ་དུ་གཞུག །མཚམས་སྦྱོར་སྤྱི་འགྲོ་ལྟར་ལ་ཡེ་དྷར་དང་ཤིས་བརྗོད་རྒྱས་པར་བྱས་ལ་མེ་ཏོག་འཐོར། རོལ་མོའི་སྒྲ་བསྒྲག། རྗེས་དམ་ཚིག་བསྒྲག་བཟུང༌། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་བྱས་ལ་སློབ་མ་རང་གནས་སུ་བཏང་ངོ༌། །གསུམ་པ་རྗེས་ཀྱི་བྱ་བ་ལ། སློབ་དཔོན་གྱིས་ཚོགས་ལ་རོལ་བ་སོགས་མཇུག་གི་ཆིངས་ལྟར་བྱའོ། ༈ གཉིས་པ་ཡན་ལག་གི་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པའི་དབང་བྱེ་བྲག་ཏུ་བསྐུར་ཚུལ་ནི། དང་པོ་སྟེགས་བུའི་དབུས་སུ་གཞུང་མཐུན་གྱི་རས་བྲིས་སམ། འབྲུ་ནག་གི་ཚོམ་བུ་བཀོད་ལ། མཉྫིའི་ཁར་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་སྔོན་པོ་ཅན། ཐུན་མོང་རིགས་དབང་ལྔའི་ཆས། གཞུང་མཐུན་ལྷ་ཚོགས་ཡོངས་རྫོགས་ཀྱི་སྐུ་ཙཀ །སྔགས་བྱང༌། ཕྱག་མཚན། དུར་ཁྲོད་དཔལ་ཆས། ལས་ཕུར་བཅས་དང༌། རྩ་བའི་དབང་བསྐུར་སྔོན་དུ་སོང་ཟིན་ན་ཟབ་དབང་གསུམ་མ་བསྐུར་ཀྱང་རུང་ལ། འདི་ཉིད་ཁོ་ནའི་སྐབས་སྦྱར་ན་ལེགས་པས་དེ་ལྟར་ན་གསང་ཐོད་དང༌། རིག་ཙཀ་བཅས་འདུ་བྱ། མཐར་ཉེར་སྤྱོད་མཆོད་པ་དང༌། ཚོགས། དཀར་བགེགས། བཀའ་གཏེར་ཆོས་སྲུང་གཏོར་འབུལ་ཆད་བརྟན་རྣམས་འདུ་བྱའོ། །གཉིས་པ་དབང་དོན་སྒྲུབ་མཆོད་ལ་བརྒྱུད་འདེབས་སྔོན་དུ་འགྲོ་བས་ལས་བྱང་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་སྐྱབས་སེམས་ནས་བརྩམས་བཟླས་པའི་བར་དང༌། བསྙེན་དམིགས་མགོར་ཛཔ་ཁང་ཕྱེས་ལ་སྒྲུབ་པ་དང་སྒྲུབ་ཆེན་གྱི་སྔགས་གཙོ་བོར་བྱ་ཞིང༌། བསྙེན་པ་དང་ལས་སྔགས་ཐམས་ཅད་ཁྱུག་ཙམ་བཟླས་ལ་གཙོ་ལས་ཀྱི་བུམ་པ་སྒྲུབ། མཐར་མཆོད་བསྟོད་དང་ཆོས་སྐྱོང་གཏོར་འབུལ། ཚོགས་བསྒྲལ་བའི་བར་བྱས་ལ། བདག་འཇུག་གམ་རིག་པའི་མེ་ཏོག་དོར་བ་ལ་སློབ་མ་འཇུག་པར་གནང་བ་ཞུ། གསུམ་པ་དབང་དངོས་ལ་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བཏང་ཞིང་སྲུང་འཁོར་བསྒོམས་ནས། དེ་ཡང་ཆོས་སྐུ་མཉམ་པ་ཆེན་པོའི་ཀློང་དུ་སངས་རྒྱས་ཐམས་ཅད་བདེ་ཆེན་ཐིག་ལེ་ཉག་གཅིག་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ལྟར་མངོན་པར་རྫོགས་པ་སངས་རྒྱས་པའི་འབྲས་བུའི་སྤང་རྟོགས་ལ་མངའ་དབང་བསྒྱུར་བ་ལས་བཟང་ངན་གྱི་རྣམ་དབྱེར་མ་མཆིས་ཀྱང༌། གཟུགས་སྐུ་ངེས་པ་ལྔ་ལྡན་དུ་རིགས་དང་ཕྲིན་ལས་ཀྱི་རྣམ་པར་རོལ་པ་གང་འདུལ་དུ་བསྟན་པའི་དབང་གིས་སྒྲུབ་ཐག་ཉེ་བ། ཕྲིན་ལས་མྱུར་བ་ལ་ཁྱད་པར་འཕགས་པ་ནི་ལས་ཀྱི་རིགས་ཏེ། དེ་ལས་ཀྱང་ཡབ་རྡོ་རྗེ་གཞོན་ནུ་དང༌། ཡུམ་སྒྲོལ་མ་གཉིས་པོ་ནི་ལས་དང་དངོས་གྲུབ་སྩོལ་བ་ལ་ཐོགས་པ་མེད་པའི་ཐུགས་བསྐྱེད་ཀྱི་མཐུ་ཆེ་ཞིང༌། ཕྲིན་ལས་མངོན་རྟགས་ད་ལྟའི་བར་ཟམ་མ་ཆད་པར་གསར་རྙིང་མཁས་གྲུབ་ཀུན་གྱི་ཐུགས་དམ་ལྷག་པའི་ལྷར་རྩོད་མེད་དུ་གྲགས་པ་ལ། སྔ་འགྱུར་གྱི་ཆོས་སྐད་ལ་བཀའ་གཏེར་དག་སྣང་གསུམ་དུ་དབྱེ་བའི་བཀའ་སྲོལ་རྒྱས་བསྡུས་བསམ་མི་ཁྱབ་པ་བཞུགས་པ་ལས། སྐབས་སུ་བབ་པ་འདི་ནི་གངས་ཅན་མཁས་གྲུབ་ཀུན་གྱི་གཙུག་རྒྱན། ཐུབ་བསྟན་རིས་སུ་མ་ཆད་པའི་ཤིང་རྟ། གསང་བ་རྒྱ་མཚོའི་མཛོད་ལ་མངའ་དབང་བསྒྱུར་བའི་ཐམས་ཅད་མཁྱེན་གཟིགས་འཇམ་པའི་རྡོ་རྗེ་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་བབ་ཆོས་མཛོད་ཆེན་པོ་བདུན་བཞུགས་པའི་བྱེ་བྲག་རྡོ་རྗེ་ཕུར་པ་པཎ་ཆེན་བི་མ་ལ་མི་ཏྲ་དང༌། གཉགས་ལོ་ཆེན་པོ་ཛྙཱ་ན་ཀུ་མཱ་ར་རྣམ་པ་གཉིས་ཀྱི་རིང་ལུགས་ཕུར་པའི་སྒྲུབ་སྡེ་ཆེན་པོ་རྨད་དུ་བྱུང་བར་བཞུགས་པ་ཉིད་བླ་མ་དང་ལྷག་པའི་ལྷའི་ཐུགས་རྗེའི་ཟླ་ཟེར་སྐལ་པ་བཟང་པོར་སིམ་པ་འཐུང་བའི་ཉེར་ལེན་གྱིས། མདོ་ཁམས་ཟལ་མོ་སྒང་གི་ཆར། སྐུ་ཡི་གསུང་གི་གནས་མཆོག་ཀརྨའི་རི་སུལ་གྱི་རྡོ་རྗེའི་གནས་སུ་ཕྱིན་པའི་སྐབས་ཀློང་ཆེན་ནམ་མཁའ་འོད་གསལ་ཨོ་རྒྱན་མདོ་སྔགས་གླིང་པ་ལ་དངོས་གྲུབ་ཏུ་ཐོབ་པའི་རྡོ་རྗེ་ཕུར་པའི་ཡན་ལག་གི་སྒྲུབ་སྡེ་ཆེན་པོ་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པའི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་གདབ་ནས་བརྩམས་སྐྱབས་སེམས། ཡན་ལག་བརྒྱད་པ། སྡོམ་བཟུང༌། དམ་ཆུ་སྦྱིན་པ། ཡེ་ཤེས་དབབ་བསྟིམ་བརྟན་བཞུགས། བུམ་དབང་གི་གསོལ་གདབ་བཅས་དབང་ཆེན་གྱི་གཞུང་ལྟར་ལ། དངོས་གཞི་མངོན་པར་དབང་བསྐུར་བར་བྱེད་པ་ལ། རིགས་པའི་དབང་ལྔའི་ཐོག་མར་མི་བསྐྱོད་པ་ཆུ་ཡི་དབང་གི་སོགས་ནས། རིགས་ལྔའི་ངོ་བོར་སངས་རྒྱས་པ་ཡིན་ནོ། །བར་དང་དོན་དབང་གི་རྣམ་རྒྱལ་བུམ་པའི་དབང་རིགས་ཀྱི་བུ་བརྒྱན་པའི་བར་བསྐུར་རྗེས། ཁྱད་པར་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ནུས་པ་རྒྱུད་ལ་འཇུག་པའི་ཕྱིར་ལྷ་སྔགས་རིག་པའི་དབང་བསྐུར་སྦྱིན་པའི་ཐོག་མར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ་སོགས་ནས། གཙོ་བོ་ཡབ་ཡུམ་གྱི་རྗེས་སུ། ཧཱུྃ༔ ཉོན་མོངས་ཞེ་སྡང་གནས་དག་ཅིང༔ མེ་ལོང་ཡེ་ཤེས་ཁྲོས་པའི་སྐུ༔ བཅོམ་ལྡན་བཛྲ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་ང་རྒྱལ་གནས་དག་ཅིང༔ མཉམ་ཉིད་ཡེ་ཤེས་ཁྲོས་པའི་སྐུ༔ བཅོམ་ལྡན་རཏྣ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་འདོད་ཆགས་གནས་དག་ཅིང༔ སོར་རྟོག་ཡེ་ཤེས་ཁྲོས་པའི་སྐུ༔ བཅོམ་ལྡན་པདྨ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་ཕྲག་དོག་གནས་དག་ཅིང༔ བྱ་གྲུབ་ཡེ་ཤེས་ཁྲོས་པའི་སྐུ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར༔ ཡུམ་ནི་རྡོ་རྗེ་སྒྲ་འབྱིན་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨ་བྷི་ཥིཉྩ་ཧཱུྃ༔ རང་སྔགས་ལ། ཧཱུྃ༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ༔ ཡུམ་ནི་རྡོ་རྗེ་མདའ་སྙེམས་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས་སྦྱར་བ་འགྲེ། ཧཱུྃ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད༔ ཡུམ་ནི་རྡོ་རྗེ་དུར་ཁྲོད་བདག༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས། ཧཱུྃ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང༔ ཡུམ་ནི་རྡོ་རྗེ་གཏུམ་མོ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས། ཧཱུྃ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ ཡུམ་ནི་རྡོ་རྗེ་རླུང་འབྱིན་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས། ཧཱུྃ༔ ཤར་ལྷོ་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་དབྱུག་པ་སྔོན༔ ཡུམ་ནི་རྡོ་རྗེ་སྡེར་མོ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས། ཧཱུྃ༔ ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན༔ ཡུམ་ནི་རྡོ་རྗེ་གཏུན་ཁུང་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས། ཧཱུྃ༔ ནུབ་བྱང་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་འདོད་པའི་རྒྱལ༔ ཡུམ་ནི་རྡོ་རྗེ་སྙེམས་མ་དམར༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས། ཧཱུྃ༔ བྱང་ཤར་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ༔ ཡུམ་ནི་རྡོ་རྗེ་གསོད་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས། ཧཱུྃ༔ འོག་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་པོ༔ ཡུམ་ནི་རྡོ་རྗེ་སྐྱོད་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྔགས། ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ རྟོག་འཇོམས་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་ཕག་གདོང་གིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་སུ་ཀ་ར་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ དཔའ་གཏུམ་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་སྟག་གི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་བྱཱ་གྲྀ་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ རྫིས་ཚོར་སྤངས་པའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་གཡག་གི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཙ་མ་ར་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ དུས་འཇུག་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་ཤ་བའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཧ་རི་ཎ་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ ཡེ་རྫོགས་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་གཟིག་གི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཏྱ་ཀི་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩཱཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ ཐབས་མཁས་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་བྱི་ལའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་བི་ཊཱ་ལ་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ ཟ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་སྤྱང་ཀིའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་སྲI་ག་ལ་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ རིགས་བཙུན་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་སེང་གེའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་སིང་ཧ་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ ཟ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་དྲེད་ཀྱི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་རཀྵི་ས་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ མྱོས་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་དོམ་གྱི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་རཀྵ་ས་མུ་ཁ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ མི་འགྱུར་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་རྨིགས་བུའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཨི་ཥུ་པ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ ཐོགས་མེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་བྱ་རྒོད་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་གྲྀ་ཌྷ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ གསལ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་བྱ་རོག་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཏ་ནཱ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ མཐོང་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་འུག་པའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཨཱུ་ལུ་ཀ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ ཐལ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་ཁྭ་ཏའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་པྲི་ཏ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ བཀྲག་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་པུ་ཤུད་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་པཀྵི་ཏ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ སྒྲིབ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་ཁྲ་ཡི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་པཉྩ་ར་ཎ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ གསོ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་ཕ་ཝཾ་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཏི་རི་ལ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ བཙལ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་སྲེ་མོང་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ན་ཀུ་ལཾ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲོ་རྒྱལ་ཡབ་ཡུམ་རོལ་པ་ལས༔ འགུགས་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་བྱི་བའི་མགོས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀ་ཤི་ཀ་མུ་ཁི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མདུན་ཕྱོགས་ཟླ་གམ་གདན་སྟེང་ནས༔ ཐུགས་ཀྱི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུགས་མེད་ཁམས་འདུལ་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཡས་ཕྱོགས་ཟླ་གམ་གདན་སྟེང་ནས༔ སྐུ་ཡི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འདོད་ཁམས་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཡོན་ཕྱོགས་ཟླ་གམ་གདན་སྟེང་ནས༔ གསུང་གི་སྲས་མཆོག་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུགས་ཁམས་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཞི་བྱེད་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་ཞི་བར་བྱེད་པའི་མཆོག༔ གནས་ཀྱི་མ་མོ་གཽ་རི་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་གཽ་རི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ དབང་མཛད་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་མ་ལུས་དབང་དུ་མཛད༔ གནས་ཀྱི་མ་མོ་ཙཽ་རི་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཙཽ་རི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ གཉིས་མེད་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་མ་ལུས་གཉིས་མེད་སྦྱོར༔ གནས་ཀྱི་མ་མོ་རྨོངས་མོ་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་པྲ་མོ་ཧེ་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ དྲག་མོ་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་མ་ལུས་རྡུལ་དུ་བྱེད༔ གནས་ཀྱི་མ་མོ་ཐལ་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་བཻ་ཏ་ལི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ རྒྱས་པ་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་ཀུན་ནས་རྒྱས་པར་བྱེད༔ གནས་ཀྱི་མ་མོ་སྦོས་མོ་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་པུཀྐ་སི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ དྲག་ཤུལ་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་མ་ལུས་བརླག་པར་བྱེད༔ གནས་ཀྱི་མ་མོ་གཏུམ་མོ་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་གྷསྨ་རི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཐམས་ཅད་འགྲུབ་པའི་ཏིང་འཛིན་གྱིས༔ ལས་རྣམས་མ་ལུས་ཀུན་ཀྱང་བྱེད༔ གནས་ཀྱི་མ་མོ་སྨེ་ཤ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཙཎྜ་ལི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ རོལ་པ་ཆེན་པོའི་ཏིང་འཛིན་གྱིས༔ ཐམས་ཅད་ཀུན་ཀྱང་འཕེལ་བར་བྱེད༔ གནས་ཀྱི་མ་མོ་མ་ཚོགས་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་སྨེ་ཤ་ནི་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་སེང་གེའི་གདོང༔ རྟོག་པའི་བདུད་འཇོམས་ཟ་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་སྟག་གི་གདོང༔ དཔའ་བརྟུལ་འབར་བའི་ཆོ་འཕྲུལ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་བྱཱ་གྲྀ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་ཝ་ཡི་གདོང༔ ཕུང་པོའི་བདུད་འཇོམས་ཐབས་མཁས་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཤྲི་ལ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་ཁྱི་ཡི་གདོང༔ ལྷ་བུའི་བདུད་འཇོམས་མེལ་ཚེ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཤྭ་ན་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་བཞད་ཀྱི་གདོང༔ ཤེས་བྱ་ཐོགས་མེད་མིག་རྣོན་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་གྲྀ་དྷ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་ཀངྐའི་གདོང༔ འཆི་བདག་བདུད་འཇོམས་རོ་ཟ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀངྐ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་ཁྭ་ཏའི་གདོང༔ ཉོན་མོངས་བདུད་འཇོམས་ཟད་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱ་ཀ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཁྲག་འཐུང་དཔལ་གྱི་ཕོ་ཉ་ནི༔ ཡུལ་མ་ཆེན་མོ་འུག་པའི་གདོང༔ མི་འདོད་ཐུགས་རྗེ་དྲག་ཤུལ་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཨཱུ་ལུ་ཀ་མུ་ཁ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དཀྱིལ་འཁོར་ཕྱོགས་ཀྱི་སྒོ་བཞི་ནས༔ ཕྲིན་ལས་བཞི་མཛད་སྒོ་མ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚར་གཅོད་རྗེས་འཛིན་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོདྷཱི་ཨངྐུ་ཤ་ཛཿ ཨོཾ་བཛྲ་ཀྲོ་དྷཱི་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་སྥོ་ཊ་བྃ༔ ཨོཾ་བཛྲ་ཀྲོ་དྷཱི་གཎྜེ་ཧོཿ ཨ་བྷི་ཥིཉྩ་ཧཱུྃ བྷྱོ༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང༔ དྲག་པོ་སྲིན་པོ་ལ་སོགས་པའི༔ ཆུང་མ་ཞི་བའི་ལས་མཛད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ མ་ནུ་རཀྴ་སི་བྷྱོ༔ བྲ་ཧྨ་ནི་བྷྱོ༔ རཽ་ཏྲཱི་བྷྱོ༔ བིཥྞ་བྷྱ་བྷྱོ༔ ཀུ་མཱ་རི་བྷྱོ༔ ཨིནྡྲ་ཎཱི་བྷྱོ༔ ཤིནྟཾ་ཀུ་རུ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང༔ དྲག་པོ་འཇུག་སྲེད་ལ་སོགས་པའི༔ ཆུང་མ་རྒྱས་པའི་ལས་མཛད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨ་མྲྀ་ཏཾ་བྷྱོ༔ སཽ་མྱེ་བྷྱོ༔ དཎྚ་དཾ་བྷྱོ༔ རཀྴ་སི་བྷྱོ༔ བྷཀྵ་སི་བྷྱོ༔ ར་ཏི་བཛྲ་བྷྱོ༔ པུཥྚིཾ་ཀུ་རུ་ཨོཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང༔ དྲག་པོ་དགའ་བྱེད་དབང་ཕྱུག་གི༔ ཆུང་མ་དབང་གི་ལས་མཛད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨེ་ཀ་ཙ་ཏི་ཎི་བྷྱོ༔ མ་ནུ་ཧ་རཾ་བྷྱོ༔ སི་ཏི་ཀཾ་བྷྱོ༔ ཝཱ་ཡ་ཝེ་བྷྱོ༔ མ་ཧཱ་མ་ར་ཎ་བྷྱོ༔ ཨགྣི་བཛྲ་བྷྱོ༔ ཝཱ་ཤཾ་ཀུ་རུ་ཧོཿ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་ཞིང༔ དྲག་པོ་གསོད་བྱེད་ལ་སོགས་པའི༔ ཆུང་མ་དྲག་པོའི་ལས་མཛད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཙ་མུནྟི་བྷྱོ༔ སུ་ཏ་ནི་བྷྱོ༔ ཝ་རུ་ཎ་བྷྱོ༔ མ་ཧཱ་ཀཱ་ལི་བྷྱོ༔ ཙ་ཀ་ལ་བྷྱོ༔ ཀུཾ་བྷ་ཀརྞ་བྷྱོ༔ མཱ་ར་ཡ་ཕཊ྄༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ གཞལ་ཡས་ཕྱི་ཡི་སྒོ་སྲུང་མ༔ ལྷ་མཆོག་ནག་པོའི་ཆུང་མ་ནི༔ ནག་པོ་ཆེན་མོ་མ་མོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སིང་ག་ལཾ་བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ གཞལ་ཡས་ཕྱི་ཡི་སྒོ་སྲུང་མ༔ ར་གདོང་ཆེན་པོའི་ཆུང་མ་ནི༔ ར་མགོ་དམར་སེར་ཆེན་མོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རུ་ཏི་ར་མ་ཏི་བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ གཞལ་ཡས་ཕྱི་ཡི་སྒོ་སྲུང་མ༔ སྲིན་པོ་བུམ་སྣའི་ཆུང་མ་ནི༔ བུམ་སྣ་སྔོ་ནག་ཆེན་མོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ བྷ་ར་ཧི་བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ གཞལ་ཡས་ཕྱི་ཡི་སྒོ་སྲུང་མ༔ གསུས་པོ་ཆེ་ཡི་ཆུང་མ་ནི༔ གསུས་འཛིན་སེར་ནག་ཆེན་མོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ལམྦྷོ་དྷཱ་ར་བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀའ་སྲུང་གི་དབང་ནི༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཕུར་སྲུང་ཤྭ་ན་ལྕམ་དྲལ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ མ་ཐ་མ་ཐ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཕུར་སྲུང་རེ་ཏི་ལྕམ་དྲལ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ མ་མ་ཝ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་དན་དྷ་ཏི་མ་མ་ཤི་གྷྲཾ་ཀཱ་ར་ཡེ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཕུར་སྲུང་ས་བདག་ལྕམ་དྲལ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པཱ་ར་ཛི་ཏེ་མ་ར་སེ་ན་བྲ་མརྡྷ་ན་ཡེ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ལྷ་ཚོགས་རྣམས་ཀྱི་སྐུ་ཕྱག་རྒྱའི་བྱིན་རླབས་ལུས་ལ་ཞུགས་པས་དེང་ནས་བཟུང་སྟེ་རང་ལུས་སོགས་ནས། གསུང་བཟླས་པའི་ལུང་གི་གཙོ་བོའི་བསྙེན་སྒྲུབ་གཉིས་གྲུབ་པ་དང༌། ལས་བྱང་གི་བཟླས་དམིགས། དཔལ་གྱི་ཐུགས་ཀའི་འོད་ཟེར་སོགས་ནས། ཀཱི་ལ་ཡ་རིགས་བཞི། སྲས་མཆོག་ཉེར་གཅིག །ཁྲོ་བཅུ་ཡབ་ཡུམ། ཕྲ་ཕྱག་ཉི་ཤུ། གནས་ཡུལ་མ་མོ། སྒོ་བཞི། དབང་ཕྱུག་ཉེར་བརྒྱད་བར་བཟླས་དམིགས་སྔོན་འགྲོའི་སྔགས་ཀྱི་རྗེས་ཟློས་ལན་གསུམ་རེ་བྱར་གཞུག །སླར་ཡང་ཐུགས་ཀའི་འོད་ཟེར་སོགས་དོན་དབང་ལྟར་ལས་སྦྱོར་གྱི་བཟླས་པ་བྱ་བ་ནས། ཐུགས་ཡེ་ཤེས་ཀྱི་དགོངས་པ་ངོ་སྤྲད་ནས་དུར་ཁྲོད་དཔལ་ཆས་ཀྱི་མངའ་གསོལ་ཞིང་བཟའ་བཏུང་གཏད་པའི་བར་སྦྱར་ལ། དེ་ལྟར་དབང་བསྐུར་ཡོངས་སུ་རྫོགས་པས་ཁྱེད་རང་རྣམས་རིགས་ཀུན་ཁྱབ་བདག་དཀྱིལ་འཁོར་གཙོ་བོ་རྡོ་རྗེ་གཞོན་ནུ་ཤེས་རབ་མ་དང་བཅས་སྙོམས་པར་ཞུགས་པ་ལ་དམ་ཚིག་གསུམ་སྦྱིན་པའི་སླད་དུ་རྡོ་རྗེ་ལག་གཡས་སུ་གཏད་པ་གསོར་ལ། རྡོ་རྗེ་འདི་ནི་ཐབས་ཆེན་པོ༔ སྐུ་ཡི་དབང་གི་མཆོག་ཡིན་ཏེ༔ བདེ་བ་ཆེན་པོའི་ཡེ་ཤེས་ཀྱི༔ དེ་ཉིད་ཤེས་པས་ཁྱོད་ཀྱིས་ལོངས༔ མ་ཧཱ་བཛྲ་ཧོཿ དྲིལ་བུ་ལག་གཡོན་དུ་གཏད་པ་དཀྲོལ་ཞིང་དཀུར་བསྟེན་ལ། ཆོས་ཉིད་སྐྱེ་མེད་སྟོང་པ་ཉིད༔ འགག་པ་མེད་པའི་སྒྲ་གདངས་བཅས༔ རང་བྱུང་གསུང་སྟེ་གསུང་གི་མཆོག༔ མཚོན་པར་བྱེད་པའི་དབང་ཡང་སྦྱིན༔ མ་ཧཱ་གཎྜེ་ཧོཿ རྡོར་དྲིལ་ཐུགས་ཀར་བསྣོལ་ཏེ་བཟུང་ལ། ཨེ་མ་རྡོ་རྗེ་སེམས་དཔའ་ཆེ༔ དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་གཙོ༔ ཁྱོད་ནི་རྟག་ཏུ་བདེ་ཆེན་ཏེ༔ བཅོམ་ལྡན་སྙེམས་མར་རོལ་པས་དགྱེས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ དེ་ལྟར་དམ་ཚིག་བྱིན་པས་དབང་གི་བྱེད་ལས་ཐམས་ཅད་ཡོངས་སུ་རྫོགས་པས་དཀྱིལ་འཁོར་གྱི་ལས་རབ་འབྱམས་སྒྲུབ་པ་ལ་སྐལ་ལྡན་དུ་བྱས་པའོ། །དེ་ལྟར་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྙེན་པའི་རྣལ་འབྱོར་བསྐྱེད་རིམ་བསྒོམ་པ་དབང༌། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཛཿཧཱུྃ་བྃ་ཧོཿ ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། མཆོག་དབང་གོང་མ་གསུམ་དགོས་ན་དོན་དབང་ལྟར་བྱ། དམ་ཚིག་ཁས་བླང་ནས་བརྩམས་མཎྜལ་ལུས་འབུལ་དགེ་བསྔོ་དང༌། སློབ་དཔོན་གྱིས་ཕྲིན་ལས་རྗེས་ཀྱི་རིམ་པ་མཐར་དབྱུང་བས་གྲུབ་པའོ། ༈ །གསུམ་པ་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་གྱི་སྲོག་དབང་ཟབ་མོ་ཇི་ལྟར་བསྐུར་བའི་ཚུལ་ནི། སྟེགས་བུའི་སྟེང་གཞུང་མཐུན་གྱི་དཀྱིལ་འཁོར་རས་བྲིས་སམ་མ་འབྱོར་ན་མཎྜལ་སྟེང་འབྲུ་ནག་ཁྲག་གིས་གཤེར་བའི་ཚོམ་བུ་དབུས་སུ་གཅིག །མདུན་དང་གཡས་གཡོན་དུ་རེ་རེ། དེ་རྒྱབ་ཕྱོགས་རེར་གཉིས་གཉིས། མཚམས་བཞིར་རེ་རེ་བཅས་བཅུ་གཉིས། མཐའ་བསྐོར་འབྲུ་གཅལ་དུ་བཀྲམ་པའི་སྟེང་མཉྫིའི་ཁར་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་སྔོ་ནག །མགོན་པོ། ཡུམ་གསུམ། ཕུར་སྲུང་བཅུ་གཉིས། དབང་མོ་ཉེར་བརྒྱད་བཅས་ཀྱི་སྐུ་ཙཀ །སྔགས་ཕྲེང༌། གྲི་ཐོད། རལ་གྲི་དང་ཐོད་ཁྲག །ཕུར་པ་རཀྟ་རྣམས་དང༌། མཚོན་ཆ་སྣ་ཚོགས་ཀྱི་ཙཀ་ལི་རྣམས་བཤམས། མདུན་དུ་དམར་གཏོར་དཔུང་རོང་འཁོར་གསུམ། དེ་རྒྱབ་བཅུ་གཉིས། མཐེབ་ཀྱུ་གྲངས་མེད་ཀྱིས་གཏམས་པར་སྐུ་ཙཀ་དར་གདུགས་ཤ་ཁྲག་གིས་བརྒྱན་པ་དང༌། གཞན་ཡང་བདག་བསྐྱེད་ཀྱི་གཏོར་མ་དང་མཆོད་གཏོར། སྨན་རཀ །ཉེར་སྤྱོད་ཀྱི་མཆོད་པ་བསྐོར་བཤམས། བདག་གི་རྣལ་འབྱོར་རྒྱས་བསྡུས་སྐབས་དང་འབྲེལ་བ་སྔོན་དུ་འགྲོ་བས་བཟླས་པ་བསྡུ་ལྡང་བཅས་བྱས་ལ། ཆོས་སྐྱོང་གི་ཕྲིན་ལས་ཀྱི་གཞུང་བསྲང་ཞིང་བཟླས་པ་བྱ། བུམ་པ་རང་བྱུང་གི་གཞལ་མེད་ཁང་ཆེན་པོར་ཡེ་ཤེས་ཀྱི་མགོན་པོ་ཡབ་ཡུམ་སྐད་ཅིག་གིས་གསལ་བ་ལ་བདག་གི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བ་མགོན་པོའི་ཐུགས་སྲོག་ལ་རེག་པས་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན་བབ་པས་བུམ་པ་ཡོངས་སུ་གང་བར་བསམ་ལ་གཟུངས་ཐག་བླངས་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ྄༔ ལས་བུམ་ཀྱང་བདུད་རྩི་འཁྱིལ་བས་སྒྲུབ། བསྐང་བཤགས་རྒྱས་པར་བཏང་ལ་དབང་ལེན་གྱི་དམིགས་པ་ཙམ་བྱ། དམ་གཙང་སྣོད་ལྡན་གྱི་སློབ་མ་བདུན་ལས་མི་མང་བར་ཁྲུས་བྱས། བགེགས་གཏོར་བཏང༌། སྲུང་འཁོར་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལའང་བདེ་བར་གཤེགས་པ་རིགས་ལྔ་ཡབ་ཡུམ་དང་བཅས་པ་རྣམས་ཞི་བས་མི་ཐུལ་བའི་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་དོན་དུ་ཐུགས་རྗེ་ཁྲོས་པ་དཔལ་ཧེ་རུ་ཀ་རིགས་ལྔ་ཡབ་ཡུམ་གྱི་སྐུར་བཞེངས་ཤིང༌། དེ་ལས་ཀྱང་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་དོན་དུ་གཏུམ་ཆེན་མི་བཟད་པའི་གཟུགས་ཅན་ནག་པོ་ཆེན་པོ་ལྕམ་དྲལ་གྱི་ཚུལ་དུ་སྣང་བ་ནི་ཡེ་ཤེས་ཀྱི་ཆོས་སྐྱོང་བ་རྣམས་ཡིན་ལ། ངོ་བོ་ཡེ་ཤེས་པ་ལས་སྤྲུལ་ཞིང་རྣམ་པ་དྲེགས་བྱེད་རང་ག་བའི་སྐྱེ་རྒྱུད་ལྟར་བསྟན་ནས་དཔལ་ཧེ་རུ་ཀ་དང་སངས་རྒྱས་སྤྲུལ་པའི་སྐུ་ལས་ཆོས་ཐོས་ཤིང་བདེན་པ་མཐོང་ནས་བཀའ་དང་ཐ་ཚིག་ལ་གནས་པ་ནི་ལས་ལས་གྲུབ་པའི་ཆོས་སྐྱོང་དང༌། འཇིག་རྟེན་རང་རྒྱུད་པར་གཏོགས་པའི་དྲེགས་པ་ཅན་འབྱུང་པོ་སྔོན་གྱི་སྨོན་ལམ་དགེ་བའི་སྟོབས་ཀྱིས་མཐུ་རྩལ་གཟི་བརྗིད་དང་ལྡན་པ་རྣམས་རྒྱལ་བ་རིག་འཛིན་གོང་མས་གནད་ལ་ཕབ་སྟེ་རྡོ་རྗེའི་ཐ་ཚིག་ཕོག་ཅིང་བསྟན་པ་སྲུང་བར་བསྒོས་པ་ཆོས་སྐྱོང་འཇིག་རྟེན་པར་གྲགས་ཏེ། དེ་ལ་སྐབས་སུ་བབ་པ་འདི་ནི་རྡོ་རྗེ་ཕུར་པའི་རྒྱུད་རྩ་དུམ་ལས། ཁྱི་གདོང་རྡོ་རྗེས་གདབ་པར་བྱ། ཞེས་གསུངས་པ་ལྟར་ངོ་བོ་ཡེ་ཤེས་ཀྱི་ལྷ་གཙོ་མཆོག་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཉིད། རྣམ་པ་ཕྲིན་ལས་ཀྱི་རིགས་སུ་བསྡུས་པའི་ལས་ཀྱི་སྲུང་མའི་ཚུལ་དུ་བསྟན་པའི་མགོན་པོ་སྟེ། ཨོ་རྒྱན་ཆེན་པོའི་རྡོ་རྗེའི་གསུང་ལས། ངོ་བོ་ཀ་དག་ཆོས་ཀྱི་སྐུ༔ རང་བཞིན་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་མ་འགག་སྣ་ཚོགས་སྤྲུལ༔ དཔལ་ཆེན་ཁྲག་འཐུང་ཆེན་པོ་ནི༔ འཇིགས་བྱེད་ཆེན་པོའི་གར་བསྒྱུར་བ༔ ཞིང་སྐྱོང་ཆེན་པོའི་སྐུ་རུ་སྣང༔ ཞེས་དང༌། ཆོས་ཀྱི་དབྱིངས་ལས་དཔལ་ཆེན་ཧེ་རུ་ཀ༔ ༔ལས་ལ་ཆས་ཚེ་ཕྲ་མེན་འབར་བའི་སྐུ༔ མ་ཧཱ་ཀཱ་ལ་ཕྲིན་ལས་མགོན་པོ་ནི༔ མི་འགྱུར་མཐིང་ནག་མུན་པ་ཆེན་པོའི་མདོག༔ དབྱིངས་ལ་བཟང་ངན་མེད་པས་ཁྱི་གདོང་མ༔ དམན་པའི་ཡུལ་འདས་སེང་ཞལ་ལྕགས་རལ་ཅན༔ ཞེས་གསུངས་པ་ལྟར་རྡོ་རྗེ་ཐེག་པའི་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོའི་ཡ་གྱལ་དཔལ་མགོན་ཞལ་བཞི་པ་ཞེས་གནས་ཡུལ་རྡོ་རྗེའི་ཞིང་གི་བདག་པོའི་གདམས་སྐོར་གསར་རྙིང་གི་རིང་ལུགས་དུ་མ་ནས་འབྱུང་བ་དང༌། བདུད་མགོན་སེང་གེའི་གདོང་ཅན་ཞེས་དཔལ་གྱི་ཙཱ་རི་ཏྲའི་ཞིང་སྐྱོང་གི་མགོན་པོར་བསྟན་པ་རྣམས་དང་གཉིས་སུ་མེད་པའི་བདག་ཉིད་རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་བཀའ་སྲུང་ལས་བྱུང་བ་འདི་ཉིད་ཀྱི་སྲོག་དབང་དངོས་དང༌། བྱིན་རླབས་གཏོར་མའི་དབང་བསྐུར་གཉིས་ཀ་སྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཚོན་ཆའི་མཎྜལ་ཕུལ། ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་བློས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ལན་གསུམ། སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧེ་རུ་ཀ་དཔལ་བླ་མ་རྗེ༔ གཉིས་མེད་དགྱེས་པས་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བརྩེ་བས་རྗེས་སུ་བཟུང་དུ་གསོལ༔ སླར་ཡང་ནན་ཏན་གྱིས་གསོལ་བ་འདེབས་ཤིང་དམ་ཚིག་རྣམས་ཚུལ་བཞིན་དུ་སྲུང་བར་ཁས་ལེན་པ་འདིའི་རྗེས་ཟློས། ཧོཿ དཔལ་ཆེན་ཁྲག་འཐུང་དཀྱིལ་འཁོར་འདིར༔ མི་ཕྱེད་དད་པས་ཞུགས་པ་ན༔ དབང་བསྐུར་མ་ལུས་བསྩལ་དུ་གསོལ༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ སྐུ་གསུང་ཐུགས་དང་ཡན་ལག་གི༔ དམ་ཚིག་མ་ལུས་བདག་གིས་བཟུང༔ ལོག་པར་ལྟ་བ་ཀུན་བསྒྲལ་ནས༔ བྱང་ཆུབ་མྱུར་དུ་ཐོབ་པར་བགྱི༔ དེ་ནས་ཡེ་ཤེས་པ་དབབ་པ་ཡིན་པས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལེགས་པར་གཅུན་ཏེ་དམིགས་པ་འདི་བཞིན་རྩེ་གཅིག་ཏུ་གསལ་ཐོབ་ཅིག །བདག་གི་ཐུགས་ཀའི་ཧཱུྃ་ཡིག་ལས༔ འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས༔ སློབ་མའི་ལུས་ལ་ཕོག་པ་ཡིས༔ རྣམ་པར་རྟོག་པ་ཀུན་སྦྱངས་ནས༔ སེམས་ཉིད་ཧཱུྃ་གི་རང་བཞིན་ལས༔ སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་བྱུང་བའི་འོད་ཟེར་གྱིས་སློབ་མའི་སྒོ་གསུམ་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣོད་བཅུད་དུར་ཁྲོད་དྲག་པོའི་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ་གྲུ་གསུམ་མཐིང་ནག་ཁྲག་མཚོ་འཁྱིལ་བར་པད་ཉི་དགྲ་བགེགས་ཀྱི་སྟེང་དུ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྲིན་ལས་མི་བཟད་འབར་བ་ཆེན་པོའི་ཚུལ་ལས་བཞེངས་པས་སྐུ་མདོག་ལྗང་ནག་འོད་དུ་འཚེར་བ༔ འཇིགས་པའི་གདོང་པ་སེང་གེའི་ཞལ་ཅན་ཁ་གདངས་མཆེ་བ་གཙིགས་ཤིང་ལྗགས་འཁྱུགས་པས་རྐན་སྒྲ་སྒྲོགས་པ༔ ཐོད་སྐམ་ལྔས་དབུ་ལ་བརྒྱན་ཅིང་གཡུ་རལ་གནམ་དུ་གཟེངས་པ་ལས་སྤྲུལ་པའི་སེང་ཆུང་སྤྲོ་བ༔ སྨ་ར་དང་སྨིན་མ་འབར་བའི་མེ་ལྕེ་ལས་ཚྭ་ཚྭ་དམར་ནག་ཏུ་མཆེད་པ༔ ཕྱག་གཡས་གནམ་ལྕགས་ཀྱི་ཟངས་གྲི་འཕྱར་བའི་རྩེ་ལས་སྐྱིན་ཐང་གི་བུ་ཡུག་འཚུབས་པ༔ གཡོན་པས་ཐོད་པ་ཁྲག་གིས་གང་བ་འཕྱུར་ཏེ་ཞལ་དུ་རྔུབ་པ༔ སྐུ་ལ་གསང་གོས་དཀར་པོ་ཕོད་ཆེན་ལྗང་གུ་དར་ནག་གི་བེར་དགུ་བརྩེགས་སུ་གསོལ་ཞིང༔ མགོ་ཕྲེང་སྦྲུལ་ཆུན་བེང་ཚར་རྣམས་ཀྱིས་བརྒྱན་པ༔ སྐུ་སྨད་ཆུ་སྲིན་གྱི་ཁ་ལས་ཐོན་པའི་གནམ་ལྕགས་ཕུར་བུའི་རྣོ་དབལ་ཉམས་པའི་སྙིང་དཀར་ནག་གི་མཚམས་སུ་གཟིར་ཞིང་བཞད་སྒྲ་འབྱིན་ཏེ་ཟུར་ཞལ་གཡོན་དུ་གཟིགས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དཔལ་རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ་ཞིང་དཔལ་དང་དུར་ཁྲོད་ཀྱི་ཆས་ཅན་ཡུམ་འཁོར་ལོ་རྒྱས་འདེབས་དང་གཉིས་སུ་མེད་པར་སྦྱོར་བས་བདེ་བའི་སྒྲ་དང་འོད་ཟེར་གྱིས་བླ་མ་དང་དཀྱིལ་འཁོར་གྱི་ལྷའི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ་ཕྱོགས་བཅུ་དུས་བཞིའི་བླ་མ་རྒྱལ་བ་སྲས་དང་བཅས་པ་དཔའ་བོ་རྣལ་འབྱོར་མ། ཡེ་ཤེས་ཀྱི་ཆོས་སྐྱོང་བའི་ཚོགས་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་བ་བུ་ཡུག་འཚུབས་པ་བཞིན་བྱོན་ཏེ་སློབ་མའི་སྒོ་གསུམ་ལ་སིབ་སིབ་ཐིམ་པས་གསང་བ་གསུམ་གྱི་བྱིན་རླབས་ཆིག་རྫོགས་སུ་ཐོབ་པར་གྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄་ཛཿཧཱུྃ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཀུ་ཀུ་ཨ་བེ་ཤ་ཡ་ཛྙཱ་ན་ཨ་ཨཿ ཞེས་མང་དུ་བརྗོད། གུ་གུལ་བདུག་ཅིང་རོལ་མོས་བྱིན་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་མོས་ཤིག །ཏིཥྛ་བཛྲ། རྡོ་རྗེ་མགོར་བཞག དེ་རྣམས་ཀྱི་སྔོན་འགྲོའི་རིམ་པ་གྲུབ་ནས། དངོས་གཞི་ལ་ཐོག་མར་བུམ་པའི་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དཔལ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཁྱེད་རྣམས་ཀྱིས་སློབ་མ་ལ་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་བུམ་པའི་བདུད་རྩིས་དབང་བསྐུར་བསྩལ་བའི་མོས་པ་མཛོད་ཅིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ སྣང་བ་རྣམ་དག་བུམ་པ་རུ༔ སྟོང་ཉིད་ཡེ་ཤེས་བདུད་རྩིའི་བཅུད༔ རོལ་པ་ཆེན་པོའི་དབང་བསྐུར་བས༔ ཕུང་ཁམས་ལྷ་རུ་འཆར་བར་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧོཿ ཡེ་ཤེས་མགོན་པོའི་བྱིན་རླབས་ཀྱིས། སྐལ་ལྡན་སློབ་མ་རྣམས་ལ་བུམ་པའི་དབང་བསྐུར་བས་སྣོད་བཅུད་ལྷ་རུ་འཆར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་བ་འགྲེ། དེའི་མཐའ་རྟེན་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་རྫོགས་པར་སྦྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་ལས་རང་འདྲ་བ་འཕྲོས་ནས་སློབ་མ་ལ་ཐིམ་པས་ལྷ་དེ་རྣམས་ཀྱི་མཐུ་ནུས་ཐོབ་པར་མོས་ཤིག །སྐུ་ཙཀ་རྣམས་གཏད་ལ། ཧཱུྃ༔ མཐིང་ནག་གྲུ་གསུམ་ཨེ་ཀློང་ལས༔ འབར་བའི་སྐུ་ནི་རྔམ་ཞིང་བརྗིད༔ ནག་པོ་ཆེན་པོས་དབང་བསྐུར་བས༔ ཕོ་རྒྱུད་ལས་ལ་འགྱེད་ནུས་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཟླ་གམ་ལེ་བརྒན་འབར་བ་ནས༔ སྦྱོར་སྒྲོལ་གསང་བའི་ཡུམ་ཆེན་གསུམ༔ མ་མོའི་རྒྱལ་པོས་དབང་བསྐུར་བས༔ མོ་རྒྱུད་སྦྱོར་བས་དབང་བྱེད་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ མཐིང་ནག་འཁོར་ལོའི་རྩིབས་སྟེང་ནས༔ དམ་ཅན་མ་མོ་བཅུ་གཉིས་ཞེས༔ ཕུར་པའི་སྲུང་མས་དབང་བསྐུར་བས༔ དམ་ཅན་བྲན་དུ་ཁོལ་གྱུར་ཅིག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཁོར་ཡུག་དཀྱིལ་འཁོར་མུ་རན་ནས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཅེས༔ མ་སྲིང་མཁའ་འགྲོས་དབང་བསྐུར་བས༔ རྣལ་འབྱོར་བུ་བཞིན་སྐྱོང་གྱུར་ཅིག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧོཿ སྐལ་ལྡན་སློབ་མ་རྣམས་ལ་མ་མགོན་ལྕམ་དྲལ་བཀའ་སྡོད་དང་བཅས་པའི་སྐུ་བསྟིམ་པས་དེའི་སྐུར་བསྒོམ་པའི་མཐུ་རྩལ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གསུང་ལས་སྔགས་ཀྱི་ཕྲེང་བ་འཕྲོས་སློབ་མའི་མགྲིན་པར་ཐིམ་པས་སྔགས་ཀྱི་ནུས་རྩལ་ཐོབ་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ྄༔ ལན་གསུམ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏི་ཨ་པ་རཱ་ཛི་ཏེ༔ མ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ྄༔ ལན་གསུམ་རྗེས་ཟློས་བྱར་གཞུག བྱིན་རླབས་བརྟན་པའི་ཕྱིར་སྔགས་བྱང་མགྲིན་པར་བཞག་སྟེ་དབང་བསྐུར་བར་མོས་ཤིག །སྔགས་བྱང་ཐོགས་ལ། ཧཱུྃ༔ ཚོགས་རྗེ་ཚོགས་བདག་དབང་དང་ལྡན༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ དེ་ཡི་རིགས་སྔགས་བཟླས་པ་ཡིས༔ དམོད་པ་འགྲུབ་པའི་དབང་ཐོབ་ཤོག༔ གོང་སྨོས་རང་སྔགས་མཐར། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཧོཿ སྐལ་ལྡན་སློབ་མ་རྣམས་ལ་མ་མགོན་ལྕམ་དྲལ་གྱི་སྔགས་བསྟིམས་པས་བཟླས་པ་ལ་བརྩོན་པའི་མཐུ་རྩལ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ལས་ཕྱག་མཚན་གྱི་ཚོགས་འཕྲོས་སློབ་མའི་སྙིང་གར་ཐིམ་པས་ཡེ་ཤེས་ཀྱི་སྟོབས་རྩལ་རྫོགས་པར་མོས་ཤིག །ཕྱག་མཚན་རྣམས་གཏད་ལ། ཧཱུྃ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ རྡོ་རྗེའི་གྲི་གུག་གཟུང་འཛིན་གཅོད༔ ཐོད་ཁྲག་འཁོར་བ་ཆགས་པས་འཛིན༔ བརྡ་དོན་རྟགས་ཀྱིས་དབང་བསྐུར་རོ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་རལ་གྲིས་སྐྱེ་རྒྱུན་གཅོད༔ ཐོད་ཁྲག་བདུད་རྩིས་འཆི་བདག་འཇོམས༔ སྲིད་པ་རང་གྲོལ་ཕྱག་རྒྱ་ཡིས༔ དབང་བསྐུར་དོན་གྱི་ས་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འབར་བ་མི་བཟད་རྔམ་པའི་མཐུ༔ ཕྲིན་ལས་མཚོན་རྣོན་ཀཱི་ལ་ཡ༔ རྣམ་པ་བཅུ་གཉིས་དབང་བསྐུར་བས༔ བདེན་དོན་དྷཱུ་ཏིར་དག་གྱུར་ཅིག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དམར་ཆེན་རཀྟ་འཁྲུགས་པ་ནི༔ ཟུར་གསུམ་རྣམ་པར་ཐར་པར་རྫོགས༔ ཐུགས་རྗེ་ཆགས་པས་དབང་བསྐུར་བས༔ དེ་ཉིད་ཡེ་ཤེས་དོན་རྟོགས་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོཿ སྐལ་ལྡན་སློབ་མ་རྣམས་ལ་ལྷ་དང་བདག་ཉིད་གཉིས་སུ་མེད་པར་བལྟས་ནས་ཕྱག་མཚན་རྣམས་གཏད་པས་དགྲ་བགེགས་ཐོགས་པ་མེད་པར་བསྒྲལ་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཁྲག་འཐུང་ཁྲོ་བོའི་སྤྱི་དཔལ་སྲིད་ཞིའི་ཡོན་ཏན་དཔལ་གྱི་རྒྱན་དུ་རྫོགས་པའི་འཁོར་འདས་ཟིལ་གྱིས་གནོན་པའི་དཔལ་གྱི་ཆས་རྣམས་ཀྱིས་མངའ་གསོལ་བར་མོས་ཤིག །དཔལ་ཆས་གཏད་ལ། ཧཱུྃ༔ མཐིང་ནག་དར་ཆེན་རིན་ཆེན་རྒྱན༔ མགོ་ཕྲེང་སྦྲུལ་ཆུན་དཔལ་གྱི་ཆས༔ ཡོན་ཏན་རྒྱན་གྱིས་མངའ་གསོལ་བས༔ ཟག་མེད་འབྲས་བུའི་དོན་རྟོགས་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་ཨོཾ༔ མཁའ་ཁྱབ་ཀྱི་གདུལ་བྱ་གདུག་པ་ཅན་གདུལ་དཀའ་བརླང་པོར་སྤྱོད་པ་ཐམས་ཅད་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་མཐར་ཕྱིན་པའི་རྟགས་སུ་དྲག་པོ་སྒྲོལ་བའི་མཚོན་ཆ་རྣམས་གཏད་དེ་མངའ་གསོལ་བར་མོས་ཤིག །བསྒྲལ་ཆས་རྣམས་གཏད་ལ། ཧཱུྃ༔ གདུག་པ་བསྒྲལ་བའི་མཚོན་ཆ་ནི༔ དྲག་ཤུལ་རོལ་པ་ལས་ཀྱི་གཟུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དགྲ་བགེགས་བདུད་རྣམས་འཇོམས་པར་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཨ༔ ཧོཿ སྐལ་ལྡན་སློབ་མ་རྣམས་ལ་དཔལ་ཁྲག་འཐུང་ཆེན་པོའི་ཡོན་ཏན་དང་ཕྲིན་ལས་ཡོངས་སུ་རྫོགས་པའི་ཆེ་རྟགས་སུ་དཔལ་གྱི་ཆས་དང་བསྒྲལ་བའི་མཚོན་ཆས་མངའ་གསོལ་བས་ཡོན་ཏན་དང་ཕྲིན་ལས་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་རྣམས་ཀྱིས་ཡེ་ཤེས་མགོན་པོ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བསྐུར་ཡོངས་རྫོགས་ཐོབ་པ་ཡིན་པས་ཟུང་འཇུག་དེ་ཁོ་ན་ཉིད་ཀྱི་ངང་དུ་མཉམ་པར་བཞག་པ་ལ་བརྩོན་པར་གྱིས་ཤིག །གཉིས་པ་བྱིན་རླབས་གཏོར་མའི་དབང་བསྐུར་ནི། མདུན་གྱི་གཏོར་མ་འདི་ཉིད་གཏོར་སྣོད་གྲུ་གསུམ་མཐིང་ནག་དྲག་པོ་ཨེ་ཡི་གཞལ་ཡས་ཁང་དུ་གཏོར་མ་འདི་ཉིད་དཔལ་ཡེ་ཤེས་ཀྱི་མགོན་པོ་བདུད་འདུལ་ཕྲིན་ལས་ཀྱི་ལྷ་མཆོག་ཞིང་སྐྱོང་ཆེན་པོ་སིཾ་ཧ་མུ་ཁ། སྦྱོར་སྒྲོལ་གསང་བའི་ཡུམ་གསུམ། ཕུར་སྲུང་མ་མོ་བཅུ་གཉིས་ལྕམ་དྲལ་ཕོ་ཉ་དང་བཅས་པ། མི་བསྲུན་སྡེ་བརྒྱད་ཀྱི་གཙོ་བོ། དབང་ཕྱུག་ཉི་ཤུ་རྩ་བརྒྱད་གིང་ལང་འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས་པ་མ་འདྲེས་གསལ་རྫོགས་ནམ་མཁའ་ལ་སྤྲིན་ཕུང་འཁྲིགས་པ་བཞིན་གསལ་བའི་སྐུ་ལས་ཕྱག་རྒྱ་ཁྲོ་ཆུང་གི་ཚོགས། ཞལ་ནས་གསུང་སྔགས་ཀྱི་ཕྲེང་བ་སྒྲ་འོད་དང་བཅས་པ། ཐུགས་ཀ་ནས་ཡེ་ཤེས་ཀྱི་ཕྱག་མཚན་རལ་གྲི་ཐོད་ཁྲག་གི་རྣམ་པར་འཕྲོས། སློབ་མའི་གནས་གསུམ་དུ་ཐིམ་པས་རྡོ་རྗེའི་གསང་བ་གསུམ་གྱི་བྱིན་རླབས་ཡོངས་རྫོགས་སུ་ཐོབ་པར་མོས་ཤིག །གཏོར་མ་ཚིག་དང་བསྟུན་ཏེ་གནས་གསུམ་དུ་བཞག ཧཱུྃ༔ དཔལ་གྱི་དམ་རྫས་བ་ལིཾ་ཏ༔ ཡོན་ཏན་ཁྱད་པར་མ་ལུས་རྫོགས༔ དམ་ཅན་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས༔ ལུས་ངག་ཡིད་ཀྱི་སྒྲིབ་པ་སྦྱོངས༔ རྣམ་པ་ཐམས་ཅད་རྫོགས་པ་ཡི༔ དངོས་གྲུབ་འབད་མེད་ཐོབ་གྱུར་ཅིག༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ དེས་སྐུ་གསུང་ཐུགས་ཀྱི་དབང་ཐོབ། གཟི་བརྗིད་སྟོབས། ནུས་པ་སྔགས། ཡེ་ཤེས་ཆེན་པོའི་བྱིན་རླབས་ཞུགས། ལུས་ངག་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་བསལ། ལྷ་སྔགས་ཏིང་ངེ་འཛིན་བསྒོམ་པ་ལ་དབང༌། སྣང་གྲགས་རིག་སྟོང་རྡོ་རྗེ་གསུམ་ལྡན་ཆོས་ཉིད་ཀྱི་དཀྱིལ་འཁོར་ལས་ནམ་ཡང་མ་གཡོས་པར་གྱིས་ཤིག །སླར་ཡང་སློབ་དཔོན་གྱིས་རྡོ་རྗེའི་ཐ་ཚིག་གིས་ཐུགས་དམ་བསྐུལ་བས་ཕྲིན་ལས་ཀྱི་གཉེར་འཛིན་པའི་ཕུར་སྲུང་དམ་ཅན་བཅུ་གཉིས་ལྕམ་དྲལ་བཀའ་སྡོད་བྲན་གཡོག་དང་བཅས་པའི་སྔོན་གྱི་ཐ་ཚིག་རྗེས་སུ་དྲན་ཏེ་ཇི་ལྟར་འདོད་པའི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་མོས་ཤིག །རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་ཕྲིན་ལས་ཕུར་པའི་བཀའ་ཡི་གཉེར་འཛིན་བདུད་འདུལ་ཡེ་ཤེས་ཀྱི་མགོན་པོ་ཞིང་སྐྱོང་སིཾ་ཧ་མུ་ཁ། སྦྱོར་སྒྲོལ་གསང་བའི་ཡུམ་གསུམ། ཕུར་སྲུང་མ་མོ་བཅུ་གཉིས། བསེ་ལྕགས་དུང་གི་སྐྱེས་བུ། དཔའ་བོ་གིང་ཆེན་བཅུ་གཉིས། ས་བདག་འབྱུང་པོ་སེར་པོ། ཕོ་ཉ་སྡེ་བརྒྱད་འབྱུང་པོ། དབང་ཕྱུག་ཉི་ཤུ་རྩ་བརྒྱད། དམ་ཅན་བརྟན་མ་བཅུ་གཉིས། གིང་ལང་མཁའ་འགྲོ་འབུམ་སྡེ་ལ་སོགས་པ་སྣང་སྲིད་དྲེགས་པའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོར་སེམས་ཞི་ཁྲོ། མཁའ་འགྲོ་ལས་ཀྱི་དབང་མོ། གྲུབ་ཆེན་པྲ་བྷ་ཧསྟི། པཎ་ཆེན་བི་མ་མི་ཏྲ། ཨོ་རྒྱན་པདྨ་ཐོད་ཕྲེང༌། གཉགས་ཆེན་ཡེ་ཤེས་གཞོན་ནུ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། སོག་པོ་དཔལ་གྱི་ཡེ་ཤེས། པདྨ་མདོ་སྔགས་གླིང་པ། ཀློང་ཆེན་ནམ་མཁའ་འོད་གསལ། རང་བྱུང་པདྨ་གླིང་པ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། རྡོ་རྗེའི་སློབ་མ་འདི་རྣམས་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། འགོ་བའི་ཕྲིན་ལས་མཛད་དུ་གསོལ། འདི་རྣམས་ཀྱི་ནད་གདོན་བགེགས་དང་བར་དུ་གཅོད་པ་ཕ་རོལ་གྱི་རྦད་འདྲེ་རྦོད་གཏོང༌། བྱད་ཟོར། གཏད་ཁྲམ། ཆག་ཆེ་ཉམ་ང་ལ་སོགས་མི་མཐུན་པའི་བར་ཆད་ཐམས་ཅད་ཞི་ཞིང༌། མཐུན་རྐྱེན་ཚེ་དང་བསོད་ནམས། ནང་གི་ཉམས་རྟོགས་ཡོན་ཏན་ཡེ་ཤེས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷ་འདྲེ་མི་གསུམ་གྱི་འགྲོ་བ་དབང་དུ་འདུ་བ་དང༌། སྒོ་གསུམ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀྱིས་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདུལ་བར་མཛད་དུ་གསོལ། གལ་ཏེ་ཞི་བའི་ཐབས་ཀྱིས་འདུལ་དུ་མི་འཚལ་ན། གང་ལ་གང་འཚམ་པའི་ཆད་པས་བཅད་དེ་ལོག་སྒྲུབ་མཐའ་དག་མྱུར་དུ་ཚར་གཅོད་ཅིང་ཞི་བའི་ཕྲིན་ལས་མཛོད་ཅིག །མདོར་ན་ཚེ་རབས་ཐམས་ཅད་དུ་ལུས་དང་གྲིབ་མའི་ཚུལ་གྱིས་མི་འབྲལ་བར་འགྲོགས་ལ། བྱང་ཆུབ་སྒྲུབ་པའི་སྟོང་གྲོགས་དང༌། ཆོས་ལྡན་གྱི་ཕྲིན་ལས་ཅི་བཅོལ་གཡེལ་བ་མེད་པར་སྒྲུབ་པར་མཛད་དུ་གསོལ། གཏོར་མ་ལག་ཏུ་གཏད། ཧཱུྃ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ རྒྱལ་བའི་བསྟན་པ་སྐྱོང་བ་དང༔ དམ་ལྡན་རྡོ་རྗེའི་བུ་འདི་ཡི༔ མགོན་དང་དཔུང་གཉེན་བྲན་དང་གྲོགས༔ མཛད་ཅིང་དམ་ཚིག་གཅིག་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏི་ཨ་པ་རཱ་ཛི་ཏེ༔ མ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་རཀྵནྟུ༔ སརྦ་དུཥྚན་ཀརྨ་ཀུ་རུ་ཧོཿ ཞེས་བདུད་རྩི་དང་རཀྟ་སྦྱིན། དེང་ནས་བརྩམས་ཏེ་རང་འདོད་ཀྱི་འཁྲིས་མེད་པར་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་སླད་དུ་ཕྲིན་ལས་ཟབ་མོས་དགྲ་བགེགས་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་གྱིས་ཤིག །དེས་རྒྱལ་བའི་བསྟན་སྲུང་ཆེན་པོ་མ་ཧཱ་ཀཱ་ལ་བདུད་འདུལ་སིཾ་ཧ་མུ་ཁ་འཁོར་དང་བཅས་པའི་སྲོག་དབང་ལེགས་པར་གྲུབ་པ་ཡིན་ཏེ། རྡོ་རྗེ་ཐེག་པའི་དམ་ཚིག་གི་རིམ་པ་སྤྱི་དང་ཁྱད་པར་དཔལ་ལྡན་ནག་པོ་ཆེན་པོའི་དམ་ཚིག་རྒྱུད་དང་མན་ངག་ལས་ཇི་ལྟར་འབྱུང་བ་ཐམས་ཅད་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་ལེན། གཏང་རག་མཎྜལ་བཅས་དབང་རྗེས་རིམ་རྣམས་སྤྱི་མཐུན་བྱ། སྲོག་དབང་འདི་ཁྱབ་བརྡལ་དུ་སྤེལ་མི་རུང་བས་ཐུན་མོང་ལ་སྲུང་མའི་གཏོར་དབང་ཙམ་བྱེད་ན། སྦྱོར་བའི་སྐབས་གཏོར་མ་ལས་དབང་རྫས་གཞན་མི་དགོས། བདག་བསྐྱེད་སྔོན་འགྲོས་བཟླས་པ་དང༌། ལས་བུམ་སྒྲུབ། བསྐང་བཤགས་མཐར། ཁྲུས་ནས་བརྩམས་ལོ་རྒྱུས་སྐབས། འདི་ཉིད་ཀྱི་སྲོག་དབང་དངོས་དང༌། བྱིན་རླབས་གཏོར་མའི་དབང་གཉིས་སུ་ཡོད་པ་ལས་ཕྱི་མ་སྒྲུབ་པ་ལ་སོགས་དང༌། ཡན་ལག་བརྒྱད་པའི་བསགས་སྦྱངས། གསོལ་གདབ་སྔ་མ། ཡེ་ཤེས་དབབ་བསྟིམ། བརྟན་བཞུགས་རྗེས། མདུན་གྱི་གཏོར་མ་འདི་ཉིད་སོགས་ཀྱི་གཏོར་དབང་བྱ་ཞིང༌། སྐུ་གསུང་ཐུགས་དབང་ཁ་ཕྲལ་ན་ལེགས་པས། སྐུ་ལས་ཕྱག་རྒྱ་ཁྲོ་ཆུང་གི་ཚོགས་སྤྲོས། སློབ་མའི་དཔྲལ་བར་ཐིམ་པས་སྐུ་ཡི་བྱིན་རླབས་ཡོངས་རྫོགས་སུ་ཐོབ་པར་མོས་ཤིག །གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ༔ དཔལ་གྱི་དམ་རྫས་བ་ལིཾ་ཏ༔ ཡོན་ཏན་ཁྱད་པར་མ་ལུས་རྫོགས༔ དམ་ཅན་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས༔ ལུས་ཀྱི་སྒྲིབ་པ་ཐམས་ཅད་སྦྱོངས༔ རྣམ་པ་ཐམས་ཅད་རྫོགས་པ་ཡི༔ དངོས་གྲུབ་འབད་མེད་ཐོབ་གྱུར་ཅིག༔ ཀཱ་ཡ་སརྦ་སིདྡྷི་ཕ་ལ་ཧོཿ དེས་སྐུ་ཡི་དབང་ཐོབ། གཟི་བརྗིད་སྟོབས་ཀྱི་བྱིན་རླབས་ཞུགས། ལུས་ཀྱི་ནད་གདོན་སྡིག་སྒྲིབ་བསལ། ཕྱག་རྒྱ་ལྷ་ཡི་ཏིང་ངེ་འཛིན་སྒོམ་པ་ལ་དབང༌། སྣང་བ་སྐུ་ཡི་དཀྱིལ་འཁོར་ལས་ནམ་ཡང་མ་གཡོས་པར་གྱིས་ཤིག །མདུན་གྱི་གཏོར་མ་སོགས་ནས། སྤྲིན་ཕུང་འཁྲིགས་པ་བཞིན་གསལ་བའི། ཞལ་ནས་གསུང་སྔགས་ཀྱི་ཕྲེང་བ་སྒྲ་འོད་དང་བཅས་པ་འཕྲོས། སློབ་མའི་མགྲིན་པར་ཐིམ་པས་གསུང་གི་བྱིན་རླབས་ཡོངས་རྫོགས་སུ་ཐོབ་པར་མོས་ཤིག །གཏོར་མ་མགྲིན་པར་བཞག་ལ། ཧཱུྃ༔ དཔལ་གྱི་དམ་རྫས་བ་ལིཾ་ཏ༔ ཡོན་ཏན་ཁྱད་པར་མ་ལུས་རྫོགས༔ དམ་ཅན་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་གསུང་དུ་བྱིན་གྱིས་རློབས༔ ངག་གི་སྒྲིབ་པ་ཐམས་ཅད་སྦྱོངས༔ རྣམ་པ་ཐམས་ཅད་རྫོགས་པ་ཡི༔ དངོས་གྲུབ་འབད་མེད་ཐོབ་གྱུར་ཅིག༔ ཝཱཀ་སརྦ་སིདྡྷི་ཕ་ལ་ཧོཿ དེས་གསུང་གི་དབང་ཐོབ། ནུས་པ་སྔགས་ཀྱི་བྱིན་རླབས་ཞུགས། ངག་གི་ནད་གདོན་སྡིག་སྒྲིབ་བསལ། བཟླས་བརྗོད་ཀྱི་ཏིང་ངེ་འཛིན་སྒོམ་པ་ལ་དབང༌། སྒྲ་གྲགས་གསུང་གི་དཀྱིལ་འཁོར་ལས་ནམ་ཡང་མ་གཡོས་པར་གྱིས་ཤིག །མདུན་གྱི་གཏོར་མ་སོགས་ནས། སྤྲིན་ཕུང་འཁྲིགས་པ་བཞིན་གསལ་བའི། ཐུགས་ཀ་ནས་ཡེ་ཤེས་ཀྱི་ཕྱག་མཚན་རལ་གྲི་ཐོད་ཁྲག་གི་རྣམ་པར་འཕྲོས། སློབ་མའི་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་ཡོངས་རྫོགས་སུ་ཐོབ་པར་མོས་ཤིག །གཏོར་མ་སྙིང་གར་བཞག་ལ། ཧཱུྃ༔ དཔལ་གྱི་དམ་རྫས་བ་ལིཾ་ཏ༔ ཡོན་ཏན་ཁྱད་པར་མ་ལུས་རྫོགས༔ དམ་ཅན་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་ཐུགས་སུ་བྱིན་གྱིས་རློབས༔ ཡིད་ཀྱི་སྒྲིབ་པ་ཐམས་ཅད་སྦྱོངས༔ རྣམ་པ་ཐམས་ཅད་རྫོགས་པ་ཡི༔ དངོས་གྲུབ་འབད་མེད་ཐོབ་གྱུར་ཅིག༔ ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ དེས་ཐུགས་ཀྱི་དབང་ཐོབ། ཡེ་ཤེས་ཆེན་པོའི་བྱིན་རླབས་ཞུགས། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་བསལ། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་སྒོམ་པ་ལ་དབང༌། ཐུགས་ཆོས་ཉིད་ཀྱི་དཀྱིལ་འཁོར་ལས་ནམ་ཡང་མ་གཡོས་པར་གྱིས་ཤིག །སླར་ཡང་སློབ་དཔོན་གྱིས་རྡོ་རྗེའི་ཐ་ཚིག་གིས་ཐུགས་དམ་བསྐུལ་སོགས་ལས་ཀྱི་གཉེར་གཏད་བྱས་ལ་གཏོར་མ་ལག་ཏུ་གཏད། སྨན་རཀ་སྦྱིན། དེང་ནས་བརྩམས་ཏེ་སོགས་ནས་དམ་ཚིག་ཁས་བླང༌། གཏང་རག་ལུས་འབུལ་དགེ་བསྔོ་རྣམས་བྱས་པ་ཐུན་མོང་དུ་སྦྱིན་པར་རུང་བའོ། །སློབ་དཔོན་གྱི་བསྐང་བཤགས་སོགས་རྗེས་རིམ་མཐའ་རྒྱས་སུ་བྱའོ། །རྒྱལ་ཀུན་སྟོབས་བཅུའི་ཡེ་ཤེས་རྩེ་བརྒྱའི་མཚོན། །ནག་ཕྱོགས་ལྷ་མིན་གཡུལ་ངོར་ཆེས་དཔའ་ཞིང༌། །མཁས་གྲུབ་རིག་འཛིན་དབང་པོའི་ཕྱག་མཚན་དུ། །བཞེས་པའི་བྱིན་རླབས་ནམ་ཡང་ཉམས་པ་མེད། །ཚུལ་དེ་བདག་རྒྱུད་དད་པའི་ཨཱ་དརྴར། །ལྷ་དང་བླ་མའི་བྱིན་རླབས་གཟུགས་གསལ་བས། །ཆོས་བཟང་ལང་ཚོ་གསར་པའི་ཚོན་རིས་འདིས། །ཐར་འདོད་ཡིད་ཀྱི་གདུང་བ་སེལ་སྲིད་སྙམ། །བཀའ་གཏེར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་མ་ཉམས་གསེར་གྱི་རྩིབས་སྟོང་བཀྲ། །རྒྱུད་ལུང་མན་ངག་དགོངས་པ་དང་འབྲེལ་གཡས་འཁྱིལ་ལྟེ་བ་ཟབ་ལ་བརླིང༌། ངེས་གསང་བསྟན་མཆོག་གླིང་བཞིའི་བླ་ན་བཤད་སྒྲུབ་དཔུང་བཞིས་བཏེགས་འདིས་ཀྱང༌། །རིས་མེད་རྒྱལ་བསྟན་འགྲོ་བའི་བདེ་སྐྱིད་རྫོགས་ལྡན་མགྲོན་དུ་*འགུག་གྱུར་ཅིག །དཔལ་རྡོ་རྗེ་ཕུར་པ་རྩ་བ་ཡན་ལག་བཀའ་སྲུང་དང་བཅས་པའི་སྨིན་བྱེད་ཆུ་*འབབས་སུ་བཀོད་པ་འདི་ཡང་རྒྱལ་ཀུན་ཕྲིན་ལས་ཀྱི་མེས་པོ་འཇམ་མགོན་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་གྱིས་ཆོས་སྐོར་འདི་དག་དེང་དུས་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང༌། ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་ཟབ་གཏེར་གྱི་ཆ་ཤས་ངེས་པར་ཡིན་ཞེས་དགྱེས་པ་ཆེན་པོས་དབུག་དབྱུང་བསྩལ་ཞིང༌། སྨིན་གྲོལ་རིགས་ཆེད་དུ་གསན་ནས་དབང་དང་སྒྲུབ་ཐབས་བཅས་ཆོག་ཁྲིགས་བཀའ་དྲིན་བསྩལ་ཀྱང༌། སྙིགས་དུས་ཡོ་ལངས་འཁྲུགས་པས་དབང་ཁྲིགས་ཀྱི་དཔེ་མི་མངོན་པར་གྱུར་པ་ལ། སླར་ཡང་སྔ་འགྱུར་བཀའ་གཏེར་གྱི་རིང་ལུགས་ལ་རྒྱུ་མཚན་ཤེས་པའི་ཆོས་སྤྱན་མངའ་བ་དམ་པའི་སྐྱེས་མཆོག་འཁྲུལ་ཞིག་མཆོག་སྤྲུལ་འགྱུར་མེད་ཆོས་ཀྱི་བློ་གྲོས་དང༌། རྒྱལ་བ་ཀཿཐོག་པའི་གདན་འཛིན་ཐེག་མཆོག་སྙིང་པོའི་བསྟན་པའི་གསལ་བྱེད་སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ། སྒྲུབ་བརྩོན་བླ་མ་དམ་པ་ཀུན་དགའ་སོགས་ནས་སྨིན་གྲོལ་ཉམས་བཞེས་གནང་བཞེད་ཀྱིས་རྟེན་དང་བཅས་བསྐུལ་བའི་ཁར། འཇམ་མགོན་བརྒྱུད་པའི་རིང་ལུགས་ལ་ལས་སྨོན་དག་པས་འབྲེལ་བའི་ངེས་དོན་གྱི་རྣལ་འབྱོར་ཀློང་ཆེན་ཡེ་ཤེས་རྡོ་རྗེས་སངས་གླིང་གཏེར་བྱོན་གནམ་ལྕགས་ཀྱི་ཕུར་པའི་སྐྱེས་བཅས་ཆེད་དུ་ཡང་ཡང་བསྐུལ་བ་དང༌། ལུང་ཟིན་རྩ་བའི་ཆོས་བདག་འཇམ་མགོན་བླ་མའི་མཆོག་སྤྲུལ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་དང༌། ཞེ་ཆེན་རབ་འབྱམས་སྤྲུལ་སྐུ་འགྱུར་མེད་ཆོས་ཀྱི་སེང་གེ་རྣམས་ཀྱི་སྐུ་ཚེ་དང་མཛད་ཕྲིན་ལ་བར་ཆད་སེལ་བའི་རྟེན་འབྲེལ་དུ་དམིགས་པས་མཚམས་སྦྱར་ནས། སློབ་དཔོན་པྲ་བྷ་ཧསྟི་དངོས་བྱོན་ཞེ་ཆེན་པ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་སོགས་རྡོ་རྗེ་ཕུར་པ་དངོས་སུ་གྲུབ་པའི་རིག་འཛིན་དུ་མས་རྗེས་སུ་བཟུང་ཞིང༌། ཕུར་པ་བཀའ་གཏེར་གྱི་སྨིན་གྲོལ་བདུད་རྩིས་བློ་ཡི་བུམ་པ་ཁེངས་པའི་སྔགས་བཙུན་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པ་ཕྲིན་ལས་དྲག་པོ་རྩལ་གྱིས་བལ་ཡུལ་ཡང་ལེ་ཤོད་ཀྱི་རྡོ་རྗེའི་ཀེའུ་ཚང་ནས་དབུ་བརྩམ་སྟེ་རིམ་གྱིས་རྫོགས་པར་བགྱིས་པའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པའི་རིང་ལུགས་ལ་ཡིད་ཆེས་ཀྱི་དད་བློ་དགེ་བ་རྙིང་བཙུན་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང༌། རང་སློབ་དད་བློ་གསལ་བ་ཨོ་རྒྱན་གཞན་ཕན་ཟུང་གིས་བགྱིས་པ་འདིས་ཀྱང་རྒྱལ་བསྟན་རིན་པོ་ཆེ་གྲུ་བཞི་ལམ་ཁྱེར་དུ་རྒྱས་ནས་ནག་ཕྱོགས་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་དཔལ་དུ་ངེས་པར་གྱུར་ཅིག །ཤྲཱི་བི་ཛ་ཡནྟུ།། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:12, 1 June 2024
Wylie title | dpal rdo rje gzhon nu gnyags chen lugs kyi smin byed bklag pas grub pa ye shes bdud rtsi'i klung chen | |
---|---|---|
Location | dil mgo mkhyen brtse bka' 'bum Volume 21, Text 26, Pages 220-305 (Folios 1a to 86a4) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra) | |
Citation | Khyentse, Dilgo. Dpal rdo rje gzhon nu gnyags chen lugs kyi smin byed bklag pas grub pa ye shes bdud rtsi'i klung chen. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 21: 220-305. Delhi: Shechen Publications, 1994. | |
Genre | Empowerment Ritual - dbang chog - dbang skur | |
Cycle | སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod) | |
Deity | rdo rje phur pa | |
Colophon |
།དཔལ་རྡོ་རྗེ་ཕུར་པ་རྩ་བ་ཡན་ལག་བཀའ་སྲུང་དང་བཅས་པའི་སྨིན་བྱེད་ཆུ་*འབབས་སུ་བཀོད་པ་འདི་ཡང་རྒྱལ་ཀུན་ཕྲིན་ལས་ཀྱི་མེས་པོ་འཇམ་མགོན་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་གྱིས་ཆོས་སྐོར་འདི་དག་དེང་དུས་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང༌། ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་ཟབ་གཏེར་གྱི་ཆ་ཤས་ངེས་པར་ཡིན་ཞེས་དགྱེས་པ་ཆེན་པོས་དབུག་དབྱུང་བསྩལ་ཞིང༌། སྨིན་གྲོལ་རིགས་ཆེད་དུ་གསན་ནས་དབང་དང་སྒྲུབ་ཐབས་བཅས་ཆོག་ཁྲིགས་བཀའ་དྲིན་བསྩལ་ཀྱང༌། སྙིགས་དུས་ཡོ་ལངས་འཁྲུགས་པས་དབང་ཁྲིགས་ཀྱི་དཔེ་མི་མངོན་པར་གྱུར་པ་ལ། སླར་ཡང་སྔ་འགྱུར་བཀའ་གཏེར་གྱི་རིང་ལུགས་ལ་རྒྱུ་མཚན་ཤེས་པའི་ཆོས་སྤྱན་མངའ་བ་དམ་པའི་སྐྱེས་མཆོག་འཁྲུལ་ཞིག་མཆོག་སྤྲུལ་འགྱུར་མེད་ཆོས་ཀྱི་བློ་གྲོས་དང༌། རྒྱལ་བ་ཀཿཐོག་པའི་གདན་འཛིན་ཐེག་མཆོག་སྙིང་པོའི་བསྟན་པའི་གསལ་བྱེད་སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ། སྒྲུབ་བརྩོན་བླ་མ་དམ་པ་ཀུན་དགའ་སོགས་ནས་སྨིན་གྲོལ་ཉམས་བཞེས་གནང་བཞེད་ཀྱིས་རྟེན་དང་བཅས་བསྐུལ་བའི་ཁར། འཇམ་མགོན་བརྒྱུད་པའི་རིང་ལུགས་ལ་ལས་སྨོན་དག་པས་འབྲེལ་བའི་ངེས་དོན་གྱི་རྣལ་འབྱོར་ཀློང་ཆེན་ཡེ་ཤེས་རྡོ་རྗེས་སངས་གླིང་གཏེར་བྱོན་གནམ་ལྕགས་ཀྱི་ཕུར་པའི་སྐྱེས་བཅས་ཆེད་དུ་ཡང་ཡང་བསྐུལ་བ་དང༌། ལུང་ཟིན་རྩ་བའི་ཆོས་བདག་འཇམ་མགོན་བླ་མའི་མཆོག་སྤྲུལ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་དང༌། ཞེ་ཆེན་རབ་འབྱམས་སྤྲུལ་སྐུ་འགྱུར་མེད་ཆོས་ཀྱི་སེང་གེ་རྣམས་ཀྱི་སྐུ་ཚེ་དང་མཛད་ཕྲིན་ལ་བར་ཆད་སེལ་བའི་རྟེན་འབྲེལ་དུ་དམིགས་པས་མཚམས་སྦྱར་ནས། སློབ་དཔོན་པྲ་བྷ་ཧསྟི་དངོས་བྱོན་ཞེ་ཆེན་པ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་སོགས་རྡོ་རྗེ་ཕུར་པ་དངོས་སུ་གྲུབ་པའི་རིག་འཛིན་དུ་མས་རྗེས་སུ་བཟུང་ཞིང༌། ཕུར་པ་བཀའ་གཏེར་གྱི་སྨིན་གྲོལ་བདུད་རྩིས་བློ་ཡི་བུམ་པ་ཁེངས་པའི་སྔགས་བཙུན་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པ་ཕྲིན་ལས་དྲག་པོ་རྩལ་གྱིས་བལ་ཡུལ་ཡང་ལེ་ཤོད་ཀྱི་རྡོ་རྗེའི་ཀེའུ་ཚང་ནས་དབུ་བརྩམ་སྟེ་རིམ་གྱིས་རྫོགས་པར་བགྱིས་པའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པའི་རིང་ལུགས་ལ་ཡིད་ཆེས་ཀྱི་དད་བློ་དགེ་བ་རྙིང་བཙུན་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང༌། རང་སློབ་དད་བློ་གསལ་བ་ཨོ་རྒྱན་གཞན་ཕན་ཟུང་གིས་བགྱིས་པ་འདིས་ཀྱང་རྒྱལ་བསྟན་རིན་པོ་ཆེ་གྲུ་བཞི་ལམ་ཁྱེར་དུ་རྒྱས་ནས་ནག་ཕྱོགས་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་དཔལ་དུ་ངེས་པར་གྱུར་ཅིག །ཤྲཱི་བི་ཛ་ཡནྟུ།། | |
/dpal rdo rje phur pa rtsa ba yan lag bka' srung dang bcas pa'i smin byed chu [*]'babs su bkod pa 'di yang rgyal kun phrin las kyi mes po 'jam mgon thams cad mkhyen gzigs 'jam dbyangs chos kyi blo gros ris med bstan pa'i rgyal mtshan gyis chos skor 'di dag deng dus byin rlabs kyi tshan kha che zhing*/_kun gzigs mkhyen brtse'i dbang po'i zab gter gyi cha shas nges par yin zhes dgyes pa chen pos dbug dbyung bstsal zhing*/_smin grol rigs ched du gsan nas dbang dang sgrub thabs bcas chog khrigs bka' drin bstsal kyang*/_snyigs dus yo langs 'khrugs pas dbang khrigs kyi dpe mi mngon par gyur pa la/_slar yang snga 'gyur bka' gter gyi ring lugs la rgyu mtshan shes pa'i chos spyan mnga' ba dam pa'i skyes mchog 'khrul zhig mchog sprul 'gyur med chos kyi blo gros dang*/_rgyal ba kaHthog pa'i gdan 'dzin theg mchog snying po'i bstan pa'i gsal byed smyo shul mkhan po 'jam dbyangs rdo rje/_sgrub brtson bla ma dam pa kun dga' sogs nas smin grol nyams bzhes gnang bzhed kyis rten dang bcas bskul ba'i khar/_'jam mgon brgyud pa'i ring lugs la las smon dag pas 'brel ba'i nges don gyi rnal 'byor klong chen ye shes rdo rjes sangs gling gter byon gnam lcags kyi phur pa'i skyes bcas ched du yang yang bskul ba dang*/_lung zin rtsa ba'i chos bdag 'jam mgon bla ma'i mchog sprul 'jam dbyangs thub bstan chos kyi rgya mtsho dang*/_zhe chen rab 'byams sprul sku 'gyur med chos kyi seng ge rnams kyi sku tshe dang mdzad phrin la bar chad sel ba'i rten 'brel du dmigs pas mtshams sbyar nas/_slob dpon pra b+ha hasti dngos byon zhe chen pa rdo rje dbang mchog dgyes pa rtsal sogs rdo rje phur pa dngos su grub pa'i rig 'dzin du mas rjes su bzung zhing*/_phur pa bka' gter gyi smin grol bdud rtsis blo yi bum pa khengs pa'i sngags btsun klong chen nam mkha' 'od gsal pad+ma mdo sngags gling pa phrin las drag po rtsal gyis bal yul yang le shod kyi rdo rje'i ke'u tshang nas dbu brtsam ste rim gyis rdzogs par bgyis pa'i yi ge pa ni chos kyi rgyal po gter bdag gling pa'i ring lugs la yid ches kyi dad blo dge ba rnying btsun 'gyur med theg mchog bstan 'dzin dang*/_rang slob dad blo gsal ba o rgyan gzhan phan zung gis bgyis pa 'dis kyang rgyal bstan rin po che gru bzhi lam khyer du rgyas nas nag phyogs kyi g.yul las rnam par rgyal ba'i dpal du nges par gyur cig__/shrI bi dza yan+tu// |