DKR-KABUM-09-TA-003: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་རྣམས་ཀྱི་རྡོ་རྗེའི་དབྱངས་ཀྱི་རིམ་པ་གསལ་བར་བྱེད་པའི་ཡི་གེ་ཚངས་ཆེན་རྡོ་རྗེའི་རྒྱུད་མང་། | |||
|fulltitle=gter chen mchog gyur bde chen gling pa'i zab gter rnams kyi rdo rje'i dbyangs kyi rim pa gsal bar byed pa'i yi ge tshangs chen rdo rje'i rgyud mang | |||
|citation=[[Khyentse, Dilgo]]. ''Gter chen mchog gyur bde chen gling pa'i zab gter rnams kyi rdo rje'i dbyangs kyi rim pa gsal bar byed pa'i yi ge tshangs chen rdo rje'i rgyud mang''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 9: 22-28. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=mchog gyur gling pa | |||
|sourcerevealertib=མཆོག་གྱུར་གླིང་པ་ | |||
|terma=Yes | |||
|dkroutline=Three | |||
|language=Tibetan | |language=Tibetan | ||
| | |volumenumber=009 | ||
| | |volnumtib=༩ | ||
|volyigtib=ཏ་ | |||
|totalvolumes=25 | |||
|textnuminvol=003 | |textnuminvol=003 | ||
|pagenumbers=22-28 | |||
|totalpages=14 | |||
|beginfolioline=1a | |||
|endfolioline=7b3 | |||
|totalfolios=7 | |||
|multivolumework=No | |||
|rectonotes=mchog gling | |||
|versonotes=dbyangs kyi gsal byed | |||
|colophontib=།ཅེས་སྙིགས་དུས་ཀྱི་འདྲེན་པ་སངས་རྒྱས་གཉིས་པ་རིག་འཛིན་རྩལ་འཆང་གསུམ་གྱིས་བསྟན་འགྲོར་སྨན་པའི་ཕྲིན་ལས་ཀྱི་ཕྱག་བཞེས་སྒོ་ཀུན་ནས་མི་ཉམས་པའི་སླད་དུ། པདྨའི་ཨེ་ཝཾ་ཆོས་སྒར་རྟེན་མཆོག་འགྱུར་མེད་གླིང་གི་བྱང་འདྲེན་པ་འགྱུར་མེད་པདྨ་བཀྲ་ཤིས་ལ་རང་ལུགས་ཀྱི་ཕྱག་བཞེས་མི་ཉམས་གོང་འཕེལ་འབྱུང་ཆེད་དབྱངས་རོལ་གྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡུ་བར་འོས་ཞེས་བསྐུལ་བ་དང་ཆབས་ཅིག་རྡོ་རྗེའི་དབྱངས་ཀྱི་ཡན་ལག་གསལ་བར་བྱེད་པའི་ཡི་གེ་འདི་ཡང་རབ་བྱུང་བཅུ་དྲུག་པ་མེ་འབྲུག་ལོར་རྙིང་སྔགས་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ལྷོ་ལྗོངས་ཆོས་ཀྱི་རྒྱལ་པོའི་མངའ་རིས་ནས་ཡི་གེར་བཏབ་པ་འདིས་ཀྱང་བཀའ་གཏེར་ཤིང་རྟའི་ལམ་སྲོལ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པའི་དཔལ་དུ་གྱུར་ཅིག །དགེ་ལེགས་འཕེལ།། | |||
|colophonwylie=/ces snyigs dus kyi 'dren pa sangs rgyas gnyis pa rig 'dzin rtsal 'chang gsum gyis bstan 'gror sman pa'i phrin las kyi phyag bzhes sgo kun nas mi nyams pa'i slad du/_pad+ma'i e waM chos sgar rten mchog 'gyur med gling gi byang 'dren pa 'gyur med pad+ma bkra shis la rang lugs kyi phyag bzhes mi nyams gong 'phel 'byung ched dbyangs rol gyi skor rnams phyogs gcig tu bsdu bar 'os zhes bskul ba dang chabs cig rdo rje'i dbyangs kyi yan lag gsal bar byed pa'i yi ge 'di yang rab byung bcu drug pa me 'brug lor rnying sngags rgan po 'gyur med theg mchog bstan pa'i rgyal mtshan gyis lho ljongs chos kyi rgyal po'i mnga' ris nas yi ger btab pa 'dis kyang bka' gter shing rta'i lam srol phyogs dus gnas skabs kun tu dar zhing rgyas pa'i dpal du gyur cig_/dge legs 'phel// | |||
|pdflink=File:DKR-KABUM-09-TA-003.pdf | |pdflink=File:DKR-KABUM-09-TA-003.pdf | ||
}} | }} | ||
Line 16: | Line 35: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་རྣམས་ཀྱི་རྡོ་རྗེའི་དབྱངས་ཀྱི་རིམ་པ་གསལ་བར་བྱེད་པའི་ཡི་གེ་ཚངས་ཆེན་རྡོ་རྗེའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་རྣམས་ཀྱི་རྡོ་རྗེའི་དབྱངས་ཀྱི་རིམ་པ་གསལ་བར་བྱེད་པའི་ཡི་གེ་ཚངས་ཆེན་རྡོ་རྗེའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ།།<br><br> | ||
ན་མོ་བཛྲ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་ཡེ། །མཆོག་དངོས་གོ་འཕང་མངོན་གྱུར་བརྒྱུད་པ་གསུམ། །བདེ་ཆེན་ཉམས་བརྒྱའི་གར་བསྒྱུར་ཡི་དམ་ལྷ། །བྱང་ཆེན་དབྱིངས་སུ་ཞིག་བཞིན་ཕྲིན་ལས་བདག །མཁའ་འགྲོ་ཆོས་སྲུང་དགྱེས་པས་གླིང་འདིར་སྲུང༌། །བསྐལ་མང་གོམས་པའི་ཐུགས་བསྐྱེད་དོན་ཡོད་ཞགས། །གངས་ཅན་བསྟན་འགྲོའི་དཔལ་ཡོན་བཏབ་པ་ལས། །དུས་གསུམ་རྒྱུན་མི་འཆད་པའི་ཕན་བདེའི་ཆར། །འཇོ་མཛད་མངའ་བདག་ཡབ་སྲས་བཀའ་དྲིན་རྨད། །གང་དེའི་ཐུགས་བསྐྱེད་ཕྲིན་ལས་གང་འདུལ་བར། །བོད་ཡུལ་གདུལ་བྱའི་དད་མཚོར་རྟག་འཆར་ལས། །སྙིགས་དུས་བསྟན་འགྲོའི་སྲོག་འཛིན་མཆོག་གྱུར་གླིང༌། །མཁྱེན་བརྩེའི་དབང་པོ་བློ་གྲོས་མཐའ་ཡས་རྒྱལ། །ཕ་ལམ་ལྟེ་བ་གསེར་སྦྱང་རྡུལ་ཕྲན་བཞིན། །ཆ་ཤས་རེ་ཡང་འགེངས་བའི་རིན་ཐང་གིས། །ལྕིད་པར་ཤེས་ནས་བཀའ་དྲིན་རྗེས་དྲན་བློས། །རེག་ཟེགས་བལྟས་ཆོག་དད་མོས་སྤྲོ་བ་སྤེལ། ༈ མཇུག་རྩོམ་ནི། དེ་ལྟར་དགོས་པ་དང་ལྡན་པའི་ལྷན་སྐྱེས་རོལ་མོ་སྟེ་དབྱངས་ཀྱི་བྱེ་བྲག་དཀོན་མཆོག་མཆོད་པའི་དབྱངས་འདུལ་བ་ལས་ཀྱང༌། སྟོན་པ་ཐུབ་པའི་དབང་པོས་གླུ་གར་དང་རོལ་མོའི་སྒྲ་སོགས་བྱེད་པ་བཀག་པས། སངས་རྒྱས་ཀྱི་བསྟོད་ཚིག་དང༌། མདོ་ཀློག་པ་ལ་སོགས་པའི་ཁ་ཏོན་རྣམས་ཅལ་ཅོལ་རམ་རོམ་དུ་གྱུར་པའི་ཚེ། དེ་ལ་མུ་སྟེགས་སོགས་ཀྱིས་འཕྱས་ཤིང་ཁྱིམ་པ་རྣམས་མ་དད་པ་ལ་བརྟེན་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྟོན་པ་ལ་ཞུས། དེའི་ཚེ་སྟོན་པས་དཀོན་མཆོག་མཆོད་པའི་དོན་དུ་དབྱངས་ཀྱི་ང་རོ་བྱ་བར་རྗེས་སུ་གནང་བ་ལ། དབྱངས་ཀྱི་ང་རོ་ཇི་ལྟར་བྱ་མ་ཤེས་པར་སླར་ཞུས་པས། བྲམ་ཟེས་རིག་བྱེད་འདོན་པ་ལྟ་བུའི་གདངས་ཀྱིས་འདོན་པར་གསུངས་ཤིང༌། འདུལ་བ་ལས། སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲགས་པ་དང༌། རྒྱུན་ཆགས་གསུམ་པ་འདོན་པ་ལ་དབྱངས་ཀྱི་ང་རོ་བྱའོ། །ཞེས་དང༌། འདུལ་བ་སུམ་བརྒྱ་པ་ལས། །ཆོས་སྒྲོགས་བྱེད་པའི་གླུ་ནི་ཉེས་པ་མེད། །སྟོན་པའི་ཡོན་ཏན་བརྗོད་པའང་དེ་བཞིན་ནོ། །དམ་ཆོས་ཆེད་དུ་གླུ་ནི་མི་ཤེས་ན། དབེན་པར་སོང་སྟེ་རབ་ཏུ་བསླབ་པར་བྱ། །ཞེས་དང༌། སངས་རྒྱས་ཕལ་པོ་ཆེ་ལས། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་དང༌། རྒྱུད་སྒྱུ་འཕྲུལ་དྲྭ་བ་ལས། གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང༌། གུ་རུ་རིན་པོ་ཆེས། གཏེར་དུ་སྦས་པའི་གསང་སྔགས་ཆོ་ག་རྣམས༔ བོན་གྱེར་མི་བྱ་ཚིག་དང་དོན་དུ་བསྡེབས༔ འུར་ཀློག་མི་བྱ་སྙན་པའི་དབྱངས་ཀྱིས་བརྗོད༔ ཅི་ཕྱིར་ཞེ་ན་གསང་སྔགས་གྱེར་ཞིང་སྒོམ༔ ཞེས་དང༌། དབྱངས་ཀྱི་བསྟན་བཅོས་བློ་གསལ་མགུལ་རྒྱན་ལས། ཉམས་ལྡན་ངག་གི་རིག་བྱེད་ཀྱིས། །འཕགས་པ་མཆོད་དང་སེམས་ཅན་དོན། །བྱེད་དང་དངོས་གྲུབ་རྣམ་གཉིས་རྒྱུ། ཞེས་དང༌། ཆེན་པོ་དྲུག་ལ་མ་གྱེར་ན། །ཡོ་ག་དབྱངས་ཀྱི་བསྟན་པ་ནུབ། །ཅེས་གསུངས་ཤིང༌། ཆེན་པོ་དྲུག་ནི་སྔ་མ་ལས། ཆེན་པོ་དྲུག་ལ་གྱེར་བར་བྱ། །སྒྲུབ་མཆོད་དབང་བསྐུར་རབ་ཏུ་གནས། །དུས་མཆོད་གཤིན་དོན་སྦྱིན་སྲེག་རྒྱས། །ཞེས་པ་ལྟར་གསང་སྔགས་རྙིང་མའི་བཀའ་སྲོལ་གྱི་གདངས་དབྱངས་ཐམས་ཅད་གུ་རུ་རིན་པོ་ཆེའི་སྐུ་དུས་དང༌། སོ་ཟུར་གནུབས་སོགས་རིག་འཛིན་གྲུབ་ཐོབ་རྣམས་ཀྱི་དགོངས་ཉམས་དང་དག་སྣང་ཡིན་ཚུལ་ཆོས་རྒྱལ་གཏེར་བདག་གླིང་པའི་ཕྱག་སྲོལ་སྨིན་གླིང་གི་གསུང་རྒྱུན་དབྱངས་ཡིག་རྣམས་ལ་དཔྱད་པས་རྟོགས་པ་དང༌། གསར་མ་ལོ་ཆེན་རིན་བཟང་ནས་དར་བའི་ཡོ་གའི་གདངས་དང༌། མགོན་པོ་ལྕམ་དྲལ་གྱི་གདངས་དབྱངས་ཆེ་ཆུང་རྣམས་ནི་སྔ་ཤོས་ཡིན་ལ། ཕྱིས་སུ་གྲུབ་མཐའ་སོ་སོར་གྲགས་པ་རྣམས་ཀྱང་དགོས་པ་དང་ལྡན་པ་ཡིན་པས་མཚོན་གསང་སྔགས་སྒྲུབ་པའི་རྣལ་འབྱོར་པ་རྣམས་ལ་མེད་དུ་མི་རུང་བ། ལྷ་དང་མཁའ་འགྲོ་དགྱེས་པ་བསྐྱེད་པ་དང༌། ལྟ་དགོངས་ཀྱི་ཉམས་སྦར་བ་སོགས་དངོས་གྲུབ་སྒྲུབ་པའི་ཐབས་ཁྱད་པར་ཅན་ཏེ། བཀའ་བརྒྱད་ཡོངས་འདུས་ལས། ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས༔ ཐོད་པ་ལྟག་སྤྲོད་རོལ་མོས་བསྐུལ་བྱས་ན༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུ་ངུ་མ་ཡིས་མི་བཟོད་ལྟར༔ བྱིན་གྱིས་རློབ་བོ་དམ་ཚིག་ན་ར་ཀན༔ ཞེས་དང༌། རྩེ་གཅིག་གདུང་བའི་དབྱངས་ནི་འདི་ལྟ་སྟེ༔ ཁྱེའུ་ཕ་མ་འབོད་འདྲའི་གདུང་དབྱངས་ལ༔ པི་ཝང་གླིང་བུའི་གདངས་ལྟར་སྙན་པ་ཡིས༔ ཉིན་མཚན་དུས་དྲུག་རྣམས་སུ་གསོལ་བ་ཐོབ༔ ཅེས་གསུངས་པ་དང༌། དབྱངས་ཀྱི་ཉམས་འགྱུར་ཀྱང༌། ས་པཎ་གྱིས། །མཆོད་དབྱངས་བསྒྱུར་བ་གཙོ་བོ་སྟེ། གླུ་ལ་འདྲེན་པ་གཙོ་བོ་ཡིན། །རྟོགས་བརྗོད་ལ་ནི་འགྱུར་ཐུང་ངོ༌། །རྗེས་སུ་བརྗོད་ལ་བསྒྱུར་འདྲེན་ཐུང༌། །སྤྱིར་ནི་ཀུན་ལ་ཀུན་འཇུག་ཀྱང༌། །འདི་དག་འདྲེན་པ་གཙོ་བོར་མཐོང༌། །ཞེས་གསུངས་པ་ལྟར་རོ། །དེའང་རྟོགས་སླ་བའི་ཕྱིར་དཔེ་དང་སྦྱར་ན། འདྲེན་པ་གཙོ་བོར་བྱེད་པ་ལ་དཔག་བསམ་ལྗོན་ཤིང༌། བཀུག་པ་གཙོ་བོར་བྱེད་པ་ལ་མེ་ཏོག་འཁྲི་ཤིང༌། ལྟེང་གཙོ་བོར་བྱེད་པ་ལ་དབུས་ཞན་པས་ཆུ་ཀླུང་དལ་གྱིས་འགྲོ་བ། འགྱུར་ཁུག་མང་བ་ལ་རྒྱ་མཚོའི་ཟླ་བ་ཞེས་བཤད་དོ། །ཐམས་ཅད་ཀྱང་སྤོབས་པའི་གནད། དུས་ཀྱི་གནད། སྦྱངས་པའི་གནད་གསུམ་སྔོན་དུ་འགྲོ་བས། ཡེངས་བ་སོགས་བློའི་སྐྱོན། ཟུར་མ་ཕྱིན་པ་སོགས་ཚིག་གི་སྐྱོན། འཕེལ་འགྲིབ་སོགས་གདངས་ཀྱི་སྐྱོན། ཡ་ཡོ་སོགས་ལུས་ཀྱི་སྐྱོན། མི་འགྲིགས་པ་གྲོགས་ཀྱི་སྐྱོན། སྨྲ་འགོད་སོགས་ཉན་པ་པོའི་སྐྱོན་ཏེ་སྐྱོན་དྲུག་དང༌། གཞན་ཡང༌། །ཚིག་ལ་རྨོངས་ན་བརྙས་པའི་རྒྱུ། །དབྱངས་སྐྱོར་མེད་ན་བཞད་གད་རྒྱུ། །དུས་ཚོད་མེད་ན་སྐྱོ་བའི་རྒྱུ། །དགོས་པ་མེད་ན་སྡིག་པའི་རྒྱུ། །མཁས་པ་འདུ་ཞིང་མང་པོས་བསྐོར། གྲོགས་པོ་ངན་ཞིང་འགྲན་ཟླ་མང༌། །སྦྱངས་པ་ཆུང་ཞིང་སྤོབས་པ་ཞན། །བློ་གྲོས་ངན་པ་སྡུག་པའི་རྒྱུ། །ཞེས་པ་ལྟར་སྡིག་པ་འབྱུང་བའི་རྒྱུ་ལྔ་སྤངས་ལ་ཇི་ལྟར་མཚམས་པར་སྦྱར་དགོས་ཏེ། ཇི་སྐད་དུ། །ཚོགས་སུ་སེང་གེའི་ང་རོ་སྟེ། །དབེན་པར་བུང་བ་རོལ་པའི་ཚུལ། །མཁས་པའི་མདུན་སར་ནེ་ཙོའི་དབྱངས། །རྨ་བྱ་འཇོལ་སྒེག་རྨོངས་ནང་དུ། །སྐྱོ་ཚེ་དང་བ་ཀུན་འདྲེན་པ། །རྗེས་སུ་དགའ་ལ་འདོད་ལྷའི་མདའ། །མཆོད་ལ་དགའ་བའི་མེ་ཏོག་སྟེ། །བ་ཚྭའི་ཆུ་ཀླུང་སྡིག་སྦྱོང་ལ། །རང་ཕྱོགས་བསྟོད་ན་ལྷ་ཡི་རྔ། །ཕ་རོལ་རྨོད་ན་འཁོར་ཟིལ་གནོན། །ཀུན་ཏུ་སྙན་པ་དྲི་ཟའི་དབྱངས། །སྤེལ་བ་མེ་ཏོག་ཕྲེང་ལྡན་ཡིན། །དེ་ལ་སོགས་པའི་རྣམ་པ་ཡིས། །སྤེལ་བའི་ཁྱད་པར་ལེགས་བརྟགས་ཏེ། །དབྱངས་ཀྱི་སྦྱོར་བ་གཞན་ལ་ཡང༌། །ཇི་ལྟར་མཚམས་པར་སྦྱར་བར་བྱ། །ཞེས་བཤད་པ་ལྟར་རོ། །དཀྱུས་སུ་ཉེ་བར་མཁོ་བའི་མཚན་ཉིད་མདོར་བསྡུས་ན། འདེགས་དང་འཇོག་དང་སྦོམ་དང་ཕྲ། །གྲིམ་དང་ལྷོད་དང་འགྱུར་དང་ལྡེམ། །སྙན་གསང་གཅོད་སྦྲེལ་བཅུ་གཉིས་སོ། །ཞེས་པ་སྟེ། དེ་དག་ཀྱང་ཙནྡྲས། །རིང་ཡང་མགོ་ལུས་མཚམས་པ་དང༌། །ཐུང་ཡང་ཡན་ལག་རྫོགས་པའོ། །བརྗིད་དང་ལྡན་ཡང་སྒེག་ཆགས་པ། །སྙན་ཡང་རུས་པ་མ་ཤོར་དང༌། །གྱོང་ཡང་སྐབས་སུ་ཁུགས་པ་དང༌། །དིག་ཀྱང་ཚིག་གི་གོ་གསལ་དང༌། །མགྲིན་པ་མང་ཡང་སྐད་ཅིག་དང༌། །སྐད་ཅིག་ང་རོ་དུ་མས་བརྒྱན། །ཞེས་གསུངས་པ་ལྟར། ངག་ལྷན་སྐྱེས་ཀྱི་རོལ་མོའི་ནུས་པ་ལ་རྣལ་འབྱོར་མཆོག་གི་ལྟ་དགོངས་ཏིང་འཛིན་གྱི་བོགས་དབྱུང༌། མགྲིན་པའི་རྩ་མདུད་གྲོལ། ལྷག་པའི་ལྷ་དང་དམ་ཅན་མཉེས་ཏེ་དངོས་གྲུབ་བསྩལ་བ་དང༌། དཀྱིལ་འཁོར་རྒྱ་མཚོ་དགྱེས་པ་བསྐྱེད་པའི་རྡོ་རྗེའི་སྒྲ་དབྱངས་ལྷ་མོ་བཞིན་ཚངས་པའི་དབྱངས་ཀྱིས་དངོས་གྲུབ་ཐོབ་ནུས་པའི་ཚུལ། སློབ་དཔོན་ཙནྡྲ་གོ་མིས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་ལ་སྙན་ངག་གིས་བསྟོད་པས་ལྷག་པའི་ལྷ་མཉེས་ཏེ་སྙན་གཏོད་པས་རྗེ་བཙུན་དབུ་ཡོན་མར་གྲགས་པ་དང༌། བདག་ཅག་གི་སྟོན་པས་སློབ་པ་ལམ་གྱི་སྐབས། སངས་རྒྱས་སྐར་རྒྱལ་ལ་སྙན་ངག་གི་ཚིགས་སུ་བཅད་པ་གཅིག་གིས་བསྟོད་པས་བསྐལ་པ་བཞི་ཁྲིས་ཚོགས་རྫོགས་པར་གསུངས་པ་ལྟར། རྡོ་རྗེའི་ཚིག་རྐང་རྒྱུད་ཚིག་དང་གཉིས་སུ་མེད་པ་རྣམས་དབྱངས་སུ་གྱེར་བས་བྱིན་རླབས་ཀྱི་ཟིལ་ཆགས་ཤིང་ལྷ་དང་མཁའ་འགྲོའི་ཐུགས་དམ་བསྐུལ་ནུས་པས་ན། མདོ་ལས། དམ་པའི་ཆོས་གསལ་བར་བྱ་བའི་སྙན་ངག་བྱའོ། །དཀོན་མཆོག་གསུམ་ལ་བསྟོད་པ་བྱའོ། །ཞེས་པ་དང་ཆོས་མཚུངས་ཤིང༌། བསྐལ་པ་བཟང་པོའི་མདོ་ལས། །དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ནི། །སྙན་ངག་མཁན་ཚེ་བདེ་གཤེགས་རྩ་མཆོག་ལ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང༌། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཅེས་གསུངས་པ་ལྟར་མཐར་ཐུག་གི་འབྲས་བུ་དེ་བཞིན་གཤེགས་པའི་གསུང་རྡོ་རྗེ་གསང་བ་བསམ་མི་ཁྱབ་པའི་གོ་འཕང་ངེས་པར་མངོན་དུ་བྱེད་པའོ། ༈ དེ་དག་གི་ཡན་ལག་ཏུ་རོལ་མོའི་རིགས་བྱེད་དག་ཀྱང་དགོས་པ་དང་ལྡན་པའི་ཚུལ། གུ་རུའི་བཀའ་ལས། གསང་སྔགས་རོལ་མོས་བསྐུལ་ན་བྱིན་རླབས་ཆེ༔ ཞེས་གསུངས་པ་ལྟར་དེ་བཞིན་གཤེགས་པ་རྒྱལ་པོའི་ཕོ་བྲང་དང་གྲོང་ཁྱེར་ཆེན་པོར་གཤེགས་པའི་ཚེ་ལྷ་དང་མིའི་རོལ་མོ་སྣ་ཚོགས་པའི་སྒྲ་དང་བཅས་ཏེ་མཆོད་པའི་བསྟི་སྟང་གིས་བསུས་པའི་ཚུལ་མདོ་ལས་གསུངས་པ་དང༌། གཙང་རིས་ཀྱི་ལྷ་རྣམས་ཀྱིས་བསྟོད་པའི་ཚིགས་སུ་བཅད་པ་དབྱངས་ཀྱིས་འགྱུར་བ་དང་བཅས་པའི་རོལ་མོས་བསྐུལ་བ་དང༌། ཁྱད་པར་རྡོ་རྗེའི་ཐེག་པར་དཀྱིལ་འཁོར་གྱི་ལྷའི་མངོན་རྟོགས་སྤྱན་འདྲེན་བྱིན་འབེབས་མཆོད་པ་རྣམས་ལ་དབྱངས་དང་རོལ་མོས་བསྐུལ་ཞིང༌། དེ་ལས་རྔ་དང༌། གསང་བའི་རྡེའུ་ཆུང་སོགས་རྔ་རབས་ལས་མང་དུ་གསུངས་པ་རྣམས་སྤྱིར་ཤེས་པར་བྱ་བ་ལས་ཞིབ་ཏུ་མ་སྤྲོས་ལ། སྐབས་སུ་བབ་པའི་ལག་ལེན་དངོས་ནི། མཁས་པ་ཙནྡྲ་ཤྲཱིས། རྒྱ་མཚོ་ཆེན་པོའི་ཀློང་མི་དཀྲུགས། །རི་རབ་གླིང་བཞི་མཐའ་མི་བསྐོར། །རི་ཐང་མཚམས་ཀྱི་བྲག་མི་གཤག །རི་དྭགས་རྒྱལ་པོའི་གདོང་མི་བསྣུན། །ཅེས་དང༌། ལྕེ་འབབ་བྲང་བརྡུང་སློང་མོའི་སྐད། །བྱ་ཕྲན་གཤོག་རྡེབ་མི་བསྐུལ་བའི། །ཚུལ་བརྒྱད་འོག་ངོས་མཁྱིད་གང་པོར། །རྔ་གཡོག་རང་ལྗིད་ཉིད་ཀྱིས་ནི། །བསྐུལ་མ་ཐག་ཏུ་སོ་སོར་ཕྲལ། །གྲལ་ལ་བསྒྲིགས་ཏེ་བརྡུང་བ་ན། །ཕན་ཚུན་གཅིག་གིས་གཅིག་ནོན་ཙམ། །ནོར་བུ་བསྟར་ལ་བརྒྱུས་པ་ལྟར། །མཐོ་དམན་འབུར་ཁྱོད་སྤང་བར་བྱ། །སྙོམས་ཤིང་མཛེས་པར་བསྟར་ལ་བསྒྲིགས། ཞེས་དང༌། ཞི་བའི་རྔ་བརྡུང་བྱེད་པ་ན། །རྔ་ཐབས་དལ་ལ་ལྷོད་པར་བརྡུང༌། །རྒྱས་པའི་རྔ་བརྡུང་བྱེད་པ་ན། །རྔ་ཐབས་གསལ་ལ་འཁྲོལ་བར་བརྡུང༌། །དབང་གི་རྔ་བརྡུང་བྱེད་པ་ན། །རྔ་ཐབས་སྙན་ལ་འཇེབས་པར་བརྡུང༌། །དྲག་པོའི་རྔ་བརྡུང་བྱེད་པ་ན། །རྔ་ཐབས་དྲག་ལ་མྱུར་བར་བརྡུང༌། །དྲག་བརྡུང་རྒྱུན་ཆགས་བྱེད་པ་ན། །གནམ་ལྕགས་ལྟར་ཡང་དབབ་པར་བྱ། །ཞེས་དང༌། སོ་སོའི་ཉམས་སོགས་རྒྱས་པར་བཤད་པ་ལྟར་རོ། །སྦུབས་སིལ་ཡང་དེ་ཉིད་ཀྱིས། ཕོ་སྒྲ་དིང་ཟིལ་ལྡན་པར་བརྡུང༌། །མོ་སྒྲ་སྙན་ཅིང་མཇེབས་པར་བརྡུང༌། །ཕྱེད་མ་དྭངས་ཁྲོལ་ཆགས་པར་བརྡུང༌། །ཞི་ལ་སྦྲང་ཆར་ཟིམ་བུ་ལྟར། །རྒྱས་ལ་རྫི་ཆར་གཡོས་པ་ལྟར། །དབང་ལ་དྲག་ཆར་བབས་པ་ལྟར། །དྲག་ལ་ཐོག་སེར་འབྱིན་པ་ལྟར། །ཞེས་སོགས་འདྲ་དཔེ་བཅུ་གཉིས་ཀྱི་སྒོ་ནས་རྔ་སྒྲ་དང་སྦྱོར་བའི་ཚུལ་བཤད་པ་དང༌། འཇམ་དབྱངས་བསོད་ནམས་དབང་པོའི་རོལ་མོའི་བསྟན་བཅོས་གཅིག་ཤེས་ཀུན་གྲོལ་ལས། སྤྱིར་གྱི་རོལ་མོ་གང་དཀྲོལ་ཡང༌། །དམ་དུ་བཟུང་བར་མི་བྱ་ཞིང༌། །བྲང་ལག་མི་སྦྱར་མན་ངག་ཡིན། །དབྱུག་པ་ལྟ་བུར་མི་ཕྱར་ཞིང༌། །ཀ་བ་ལྟ་བུར་བསྲང་མི་བྱ། ཞེས་དང༌། ཙནྡྲས། བར་སྣང་མི་གཡུག་གདོང་མི་དགག །བྲང་དང་པུས་མོ་ལ་མི་རེག །ཅེས་དང༌། དཔུང་པ་ལག་ངར་ཚིགས་ནས་ལྷོད། །ལག་པའི་མཐིལ་ནས་འཕྲུལ་ཆགས་ཚད། །རང་ལྗིད་ཁོ་ནས་སྒྲ་བསྐུལ་གྱིས། །འདབ་མའི་རྩེ་མོ་རྩལ་གྱིས་མིན། །ཅེས་སོགས་སྤང་བླང་གི་མཚན་ཉིད་དང༌། འཇམ་འཕར་འུར་དིང་སྙན་རྩུབ་དང༌། །ཕྲ་སྦོམ་དྭངས་འཕྲོལ་ལ་སོགས་པའི། །སྒྲ་ཐབས་རྣམ་དབྱེ་རྟོགས་པར་བྱོས། །ཞེས་སྐབས་དང་བསྟུན་པའི་སྒྲ་ཐབས་ཀྱི་རྣམ་པར་དབྱེ་བ་དུ་མ་དང་ལྡན་པས་སྣང་སྤྱོད་ཡེ་ཤེས་ཀྱི་རོལ་པར་བསླབ་པའི་ཉམས་རྩལ་སྦར་བ་དང༌། ཞི་རྒྱས་དབང་དྲག་གི་ལས་དང་བསྟུན་པའི་རོལ་མོའི་ཁྱད་པར་གཞན་རྣམས་ཀྱང་བསྐུལ་བ་ནི་དོན་དང་ལྡན་པ་ཁོ་ན་ཡིན་པས་འབད་བརྩོན་གྱིས་བསྟན་པའི་ཞབས་ཏོག་ཏུ་དགོས་པ་ཆེན་པོ་ཡིན་པ་རིག་པར་བྱའོ། །མནོག་ཆུང་ཚེ་འདིའི་སྙན་གྲགས་ཁོ་ནའི་ཆེད། །འདོད་སྲེད་གླུ་གར་ཉིན་མཚན་བར་མེད་དུ། །བརྩོན་ན་རྡོ་རྗེའི་ལམ་གྱི་འབད་པ་འདི། །དང་དུ་མི་ལེན་སྐལ་བཟང་སུ་ཞིག་མཆིས། །འགྲོ་ཕན་རྒྱལ་བའི་ཐུགས་རྗེ་དངོས་གྲུབ་སྒོ། །འབྱེད་པའི་ཐབས་མཁས་རྡོ་རྗེའི་དབྱངས་རོལ་ཚུལ། །མཁས་དང་གྲུབ་པའི་ཕྱག་སྲོལ་བཞིན་སྤྱོད་པས། །བསྟན་འགྲོའི་དཔལ་ཡོན་ཅིར་ཡང་འཕེལ་རྒྱས་ཤོག །ཅེས་སྙིགས་དུས་ཀྱི་འདྲེན་པ་སངས་རྒྱས་གཉིས་པ་རིག་འཛིན་རྩལ་འཆང་གསུམ་གྱིས་བསྟན་འགྲོར་སྨན་པའི་ཕྲིན་ལས་ཀྱི་ཕྱག་བཞེས་སྒོ་ཀུན་ནས་མི་ཉམས་པའི་སླད་དུ། པདྨའི་ཨེ་ཝཾ་ཆོས་སྒར་རྟེན་མཆོག་འགྱུར་མེད་གླིང་གི་བྱང་འདྲེན་པ་འགྱུར་མེད་པདྨ་བཀྲ་ཤིས་ལ་རང་ལུགས་ཀྱི་ཕྱག་བཞེས་མི་ཉམས་གོང་འཕེལ་འབྱུང་ཆེད་དབྱངས་རོལ་གྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡུ་བར་འོས་ཞེས་བསྐུལ་བ་དང་ཆབས་ཅིག་རྡོ་རྗེའི་དབྱངས་ཀྱི་ཡན་ལག་གསལ་བར་བྱེད་པའི་ཡི་གེ་འདི་ཡང་རབ་བྱུང་བཅུ་དྲུག་པ་མེ་འབྲུག་ལོར་རྙིང་སྔགས་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ལྷོ་ལྗོངས་ཆོས་ཀྱི་རྒྱལ་པོའི་མངའ་རིས་ནས་ཡི་གེར་བཏབ་པ་འདིས་ཀྱང་བཀའ་གཏེར་ཤིང་རྟའི་ལམ་སྲོལ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པའི་དཔལ་དུ་གྱུར་ཅིག །དགེ་ལེགས་འཕེལ།། །།}} | ན་མོ་བཛྲ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་ཡེ། །མཆོག་དངོས་གོ་འཕང་མངོན་གྱུར་བརྒྱུད་པ་གསུམ། །བདེ་ཆེན་ཉམས་བརྒྱའི་གར་བསྒྱུར་ཡི་དམ་ལྷ། །བྱང་ཆེན་དབྱིངས་སུ་ཞིག་བཞིན་ཕྲིན་ལས་བདག །མཁའ་འགྲོ་ཆོས་སྲུང་དགྱེས་པས་གླིང་འདིར་སྲུང༌། །བསྐལ་མང་གོམས་པའི་ཐུགས་བསྐྱེད་དོན་ཡོད་ཞགས། །གངས་ཅན་བསྟན་འགྲོའི་དཔལ་ཡོན་བཏབ་པ་ལས། །དུས་གསུམ་རྒྱུན་མི་འཆད་པའི་ཕན་བདེའི་ཆར། །འཇོ་མཛད་མངའ་བདག་ཡབ་སྲས་བཀའ་དྲིན་རྨད། །གང་དེའི་ཐུགས་བསྐྱེད་ཕྲིན་ལས་གང་འདུལ་བར། །བོད་ཡུལ་གདུལ་བྱའི་དད་མཚོར་རྟག་འཆར་ལས། །སྙིགས་དུས་བསྟན་འགྲོའི་སྲོག་འཛིན་མཆོག་གྱུར་གླིང༌། །མཁྱེན་བརྩེའི་དབང་པོ་བློ་གྲོས་མཐའ་ཡས་རྒྱལ། །ཕ་ལམ་ལྟེ་བ་གསེར་སྦྱང་རྡུལ་ཕྲན་བཞིན། །ཆ་ཤས་རེ་ཡང་འགེངས་བའི་རིན་ཐང་གིས། །ལྕིད་པར་ཤེས་ནས་བཀའ་དྲིན་རྗེས་དྲན་བློས། །རེག་ཟེགས་བལྟས་ཆོག་དད་མོས་སྤྲོ་བ་སྤེལ། ༈ མཇུག་རྩོམ་ནི། དེ་ལྟར་དགོས་པ་དང་ལྡན་པའི་ལྷན་སྐྱེས་རོལ་མོ་སྟེ་དབྱངས་ཀྱི་བྱེ་བྲག་དཀོན་མཆོག་མཆོད་པའི་དབྱངས་འདུལ་བ་ལས་ཀྱང༌། སྟོན་པ་ཐུབ་པའི་དབང་པོས་གླུ་གར་དང་རོལ་མོའི་སྒྲ་སོགས་བྱེད་པ་བཀག་པས། སངས་རྒྱས་ཀྱི་བསྟོད་ཚིག་དང༌། མདོ་ཀློག་པ་ལ་སོགས་པའི་ཁ་ཏོན་རྣམས་ཅལ་ཅོལ་རམ་རོམ་དུ་གྱུར་པའི་ཚེ། དེ་ལ་མུ་སྟེགས་སོགས་ཀྱིས་འཕྱས་ཤིང་ཁྱིམ་པ་རྣམས་མ་དད་པ་ལ་བརྟེན་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྟོན་པ་ལ་ཞུས། དེའི་ཚེ་སྟོན་པས་དཀོན་མཆོག་མཆོད་པའི་དོན་དུ་དབྱངས་ཀྱི་ང་རོ་བྱ་བར་རྗེས་སུ་གནང་བ་ལ། དབྱངས་ཀྱི་ང་རོ་ཇི་ལྟར་བྱ་མ་ཤེས་པར་སླར་ཞུས་པས། བྲམ་ཟེས་རིག་བྱེད་འདོན་པ་ལྟ་བུའི་གདངས་ཀྱིས་འདོན་པར་གསུངས་ཤིང༌། འདུལ་བ་ལས། སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲགས་པ་དང༌། རྒྱུན་ཆགས་གསུམ་པ་འདོན་པ་ལ་དབྱངས་ཀྱི་ང་རོ་བྱའོ། །ཞེས་དང༌། འདུལ་བ་སུམ་བརྒྱ་པ་ལས། །ཆོས་སྒྲོགས་བྱེད་པའི་གླུ་ནི་ཉེས་པ་མེད། །སྟོན་པའི་ཡོན་ཏན་བརྗོད་པའང་དེ་བཞིན་ནོ། །དམ་ཆོས་ཆེད་དུ་གླུ་ནི་མི་ཤེས་ན། དབེན་པར་སོང་སྟེ་རབ་ཏུ་བསླབ་པར་བྱ། །ཞེས་དང༌། སངས་རྒྱས་ཕལ་པོ་ཆེ་ལས། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་དང༌། རྒྱུད་སྒྱུ་འཕྲུལ་དྲྭ་བ་ལས། གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང༌། གུ་རུ་རིན་པོ་ཆེས། གཏེར་དུ་སྦས་པའི་གསང་སྔགས་ཆོ་ག་རྣམས༔ བོན་གྱེར་མི་བྱ་ཚིག་དང་དོན་དུ་བསྡེབས༔ འུར་ཀློག་མི་བྱ་སྙན་པའི་དབྱངས་ཀྱིས་བརྗོད༔ ཅི་ཕྱིར་ཞེ་ན་གསང་སྔགས་གྱེར་ཞིང་སྒོམ༔ ཞེས་དང༌། དབྱངས་ཀྱི་བསྟན་བཅོས་བློ་གསལ་མགུལ་རྒྱན་ལས། ཉམས་ལྡན་ངག་གི་རིག་བྱེད་ཀྱིས། །འཕགས་པ་མཆོད་དང་སེམས་ཅན་དོན། །བྱེད་དང་དངོས་གྲུབ་རྣམ་གཉིས་རྒྱུ། ཞེས་དང༌། ཆེན་པོ་དྲུག་ལ་མ་གྱེར་ན། །ཡོ་ག་དབྱངས་ཀྱི་བསྟན་པ་ནུབ། །ཅེས་གསུངས་ཤིང༌། ཆེན་པོ་དྲུག་ནི་སྔ་མ་ལས། ཆེན་པོ་དྲུག་ལ་གྱེར་བར་བྱ། །སྒྲུབ་མཆོད་དབང་བསྐུར་རབ་ཏུ་གནས། །དུས་མཆོད་གཤིན་དོན་སྦྱིན་སྲེག་རྒྱས། །ཞེས་པ་ལྟར་གསང་སྔགས་རྙིང་མའི་བཀའ་སྲོལ་གྱི་གདངས་དབྱངས་ཐམས་ཅད་གུ་རུ་རིན་པོ་ཆེའི་སྐུ་དུས་དང༌། སོ་ཟུར་གནུབས་སོགས་རིག་འཛིན་གྲུབ་ཐོབ་རྣམས་ཀྱི་དགོངས་ཉམས་དང་དག་སྣང་ཡིན་ཚུལ་ཆོས་རྒྱལ་གཏེར་བདག་གླིང་པའི་ཕྱག་སྲོལ་སྨིན་གླིང་གི་གསུང་རྒྱུན་དབྱངས་ཡིག་རྣམས་ལ་དཔྱད་པས་རྟོགས་པ་དང༌། གསར་མ་ལོ་ཆེན་རིན་བཟང་ནས་དར་བའི་ཡོ་གའི་གདངས་དང༌། མགོན་པོ་ལྕམ་དྲལ་གྱི་གདངས་དབྱངས་ཆེ་ཆུང་རྣམས་ནི་སྔ་ཤོས་ཡིན་ལ། ཕྱིས་སུ་གྲུབ་མཐའ་སོ་སོར་གྲགས་པ་རྣམས་ཀྱང་དགོས་པ་དང་ལྡན་པ་ཡིན་པས་མཚོན་གསང་སྔགས་སྒྲུབ་པའི་རྣལ་འབྱོར་པ་རྣམས་ལ་མེད་དུ་མི་རུང་བ། ལྷ་དང་མཁའ་འགྲོ་དགྱེས་པ་བསྐྱེད་པ་དང༌། ལྟ་དགོངས་ཀྱི་ཉམས་སྦར་བ་སོགས་དངོས་གྲུབ་སྒྲུབ་པའི་ཐབས་ཁྱད་པར་ཅན་ཏེ། བཀའ་བརྒྱད་ཡོངས་འདུས་ལས། ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས༔ ཐོད་པ་ལྟག་སྤྲོད་རོལ་མོས་བསྐུལ་བྱས་ན༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུ་ངུ་མ་ཡིས་མི་བཟོད་ལྟར༔ བྱིན་གྱིས་རློབ་བོ་དམ་ཚིག་ན་ར་ཀན༔ ཞེས་དང༌། རྩེ་གཅིག་གདུང་བའི་དབྱངས་ནི་འདི་ལྟ་སྟེ༔ ཁྱེའུ་ཕ་མ་འབོད་འདྲའི་གདུང་དབྱངས་ལ༔ པི་ཝང་གླིང་བུའི་གདངས་ལྟར་སྙན་པ་ཡིས༔ ཉིན་མཚན་དུས་དྲུག་རྣམས་སུ་གསོལ་བ་ཐོབ༔ ཅེས་གསུངས་པ་དང༌། དབྱངས་ཀྱི་ཉམས་འགྱུར་ཀྱང༌། ས་པཎ་གྱིས། །མཆོད་དབྱངས་བསྒྱུར་བ་གཙོ་བོ་སྟེ། གླུ་ལ་འདྲེན་པ་གཙོ་བོ་ཡིན། །རྟོགས་བརྗོད་ལ་ནི་འགྱུར་ཐུང་ངོ༌། །རྗེས་སུ་བརྗོད་ལ་བསྒྱུར་འདྲེན་ཐུང༌། །སྤྱིར་ནི་ཀུན་ལ་ཀུན་འཇུག་ཀྱང༌། །འདི་དག་འདྲེན་པ་གཙོ་བོར་མཐོང༌། །ཞེས་གསུངས་པ་ལྟར་རོ། །དེའང་རྟོགས་སླ་བའི་ཕྱིར་དཔེ་དང་སྦྱར་ན། འདྲེན་པ་གཙོ་བོར་བྱེད་པ་ལ་དཔག་བསམ་ལྗོན་ཤིང༌། བཀུག་པ་གཙོ་བོར་བྱེད་པ་ལ་མེ་ཏོག་འཁྲི་ཤིང༌། ལྟེང་གཙོ་བོར་བྱེད་པ་ལ་དབུས་ཞན་པས་ཆུ་ཀླུང་དལ་གྱིས་འགྲོ་བ། འགྱུར་ཁུག་མང་བ་ལ་རྒྱ་མཚོའི་ཟླ་བ་ཞེས་བཤད་དོ། །ཐམས་ཅད་ཀྱང་སྤོབས་པའི་གནད། དུས་ཀྱི་གནད། སྦྱངས་པའི་གནད་གསུམ་སྔོན་དུ་འགྲོ་བས། ཡེངས་བ་སོགས་བློའི་སྐྱོན། ཟུར་མ་ཕྱིན་པ་སོགས་ཚིག་གི་སྐྱོན། འཕེལ་འགྲིབ་སོགས་གདངས་ཀྱི་སྐྱོན། ཡ་ཡོ་སོགས་ལུས་ཀྱི་སྐྱོན། མི་འགྲིགས་པ་གྲོགས་ཀྱི་སྐྱོན། སྨྲ་འགོད་སོགས་ཉན་པ་པོའི་སྐྱོན་ཏེ་སྐྱོན་དྲུག་དང༌། གཞན་ཡང༌། །ཚིག་ལ་རྨོངས་ན་བརྙས་པའི་རྒྱུ། །དབྱངས་སྐྱོར་མེད་ན་བཞད་གད་རྒྱུ། །དུས་ཚོད་མེད་ན་སྐྱོ་བའི་རྒྱུ། །དགོས་པ་མེད་ན་སྡིག་པའི་རྒྱུ། །མཁས་པ་འདུ་ཞིང་མང་པོས་བསྐོར། གྲོགས་པོ་ངན་ཞིང་འགྲན་ཟླ་མང༌། །སྦྱངས་པ་ཆུང་ཞིང་སྤོབས་པ་ཞན། །བློ་གྲོས་ངན་པ་སྡུག་པའི་རྒྱུ། །ཞེས་པ་ལྟར་སྡིག་པ་འབྱུང་བའི་རྒྱུ་ལྔ་སྤངས་ལ་ཇི་ལྟར་མཚམས་པར་སྦྱར་དགོས་ཏེ། ཇི་སྐད་དུ། །ཚོགས་སུ་སེང་གེའི་ང་རོ་སྟེ། །དབེན་པར་བུང་བ་རོལ་པའི་ཚུལ། །མཁས་པའི་མདུན་སར་ནེ་ཙོའི་དབྱངས། །རྨ་བྱ་འཇོལ་སྒེག་རྨོངས་ནང་དུ། །སྐྱོ་ཚེ་དང་བ་ཀུན་འདྲེན་པ། །རྗེས་སུ་དགའ་ལ་འདོད་ལྷའི་མདའ། །མཆོད་ལ་དགའ་བའི་མེ་ཏོག་སྟེ། །བ་ཚྭའི་ཆུ་ཀླུང་སྡིག་སྦྱོང་ལ། །རང་ཕྱོགས་བསྟོད་ན་ལྷ་ཡི་རྔ། །ཕ་རོལ་རྨོད་ན་འཁོར་ཟིལ་གནོན། །ཀུན་ཏུ་སྙན་པ་དྲི་ཟའི་དབྱངས། །སྤེལ་བ་མེ་ཏོག་ཕྲེང་ལྡན་ཡིན། །དེ་ལ་སོགས་པའི་རྣམ་པ་ཡིས། །སྤེལ་བའི་ཁྱད་པར་ལེགས་བརྟགས་ཏེ། །དབྱངས་ཀྱི་སྦྱོར་བ་གཞན་ལ་ཡང༌། །ཇི་ལྟར་མཚམས་པར་སྦྱར་བར་བྱ། །ཞེས་བཤད་པ་ལྟར་རོ། །དཀྱུས་སུ་ཉེ་བར་མཁོ་བའི་མཚན་ཉིད་མདོར་བསྡུས་ན། འདེགས་དང་འཇོག་དང་སྦོམ་དང་ཕྲ། །གྲིམ་དང་ལྷོད་དང་འགྱུར་དང་ལྡེམ། །སྙན་གསང་གཅོད་སྦྲེལ་བཅུ་གཉིས་སོ། །ཞེས་པ་སྟེ། དེ་དག་ཀྱང་ཙནྡྲས། །རིང་ཡང་མགོ་ལུས་མཚམས་པ་དང༌། །ཐུང་ཡང་ཡན་ལག་རྫོགས་པའོ། །བརྗིད་དང་ལྡན་ཡང་སྒེག་ཆགས་པ། །སྙན་ཡང་རུས་པ་མ་ཤོར་དང༌། །གྱོང་ཡང་སྐབས་སུ་ཁུགས་པ་དང༌། །དིག་ཀྱང་ཚིག་གི་གོ་གསལ་དང༌། །མགྲིན་པ་མང་ཡང་སྐད་ཅིག་དང༌། །སྐད་ཅིག་ང་རོ་དུ་མས་བརྒྱན། །ཞེས་གསུངས་པ་ལྟར། ངག་ལྷན་སྐྱེས་ཀྱི་རོལ་མོའི་ནུས་པ་ལ་རྣལ་འབྱོར་མཆོག་གི་ལྟ་དགོངས་ཏིང་འཛིན་གྱི་བོགས་དབྱུང༌། མགྲིན་པའི་རྩ་མདུད་གྲོལ། ལྷག་པའི་ལྷ་དང་དམ་ཅན་མཉེས་ཏེ་དངོས་གྲུབ་བསྩལ་བ་དང༌། དཀྱིལ་འཁོར་རྒྱ་མཚོ་དགྱེས་པ་བསྐྱེད་པའི་རྡོ་རྗེའི་སྒྲ་དབྱངས་ལྷ་མོ་བཞིན་ཚངས་པའི་དབྱངས་ཀྱིས་དངོས་གྲུབ་ཐོབ་ནུས་པའི་ཚུལ། སློབ་དཔོན་ཙནྡྲ་གོ་མིས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་ལ་སྙན་ངག་གིས་བསྟོད་པས་ལྷག་པའི་ལྷ་མཉེས་ཏེ་སྙན་གཏོད་པས་རྗེ་བཙུན་དབུ་ཡོན་མར་གྲགས་པ་དང༌། བདག་ཅག་གི་སྟོན་པས་སློབ་པ་ལམ་གྱི་སྐབས། སངས་རྒྱས་སྐར་རྒྱལ་ལ་སྙན་ངག་གི་ཚིགས་སུ་བཅད་པ་གཅིག་གིས་བསྟོད་པས་བསྐལ་པ་བཞི་ཁྲིས་ཚོགས་རྫོགས་པར་གསུངས་པ་ལྟར། རྡོ་རྗེའི་ཚིག་རྐང་རྒྱུད་ཚིག་དང་གཉིས་སུ་མེད་པ་རྣམས་དབྱངས་སུ་གྱེར་བས་བྱིན་རླབས་ཀྱི་ཟིལ་ཆགས་ཤིང་ལྷ་དང་མཁའ་འགྲོའི་ཐུགས་དམ་བསྐུལ་ནུས་པས་ན། མདོ་ལས། དམ་པའི་ཆོས་གསལ་བར་བྱ་བའི་སྙན་ངག་བྱའོ། །དཀོན་མཆོག་གསུམ་ལ་བསྟོད་པ་བྱའོ། །ཞེས་པ་དང་ཆོས་མཚུངས་ཤིང༌། བསྐལ་པ་བཟང་པོའི་མདོ་ལས། །དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ནི། །སྙན་ངག་མཁན་ཚེ་བདེ་གཤེགས་རྩ་མཆོག་ལ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང༌། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཅེས་གསུངས་པ་ལྟར་མཐར་ཐུག་གི་འབྲས་བུ་དེ་བཞིན་གཤེགས་པའི་གསུང་རྡོ་རྗེ་གསང་བ་བསམ་མི་ཁྱབ་པའི་གོ་འཕང་ངེས་པར་མངོན་དུ་བྱེད་པའོ། ༈ དེ་དག་གི་ཡན་ལག་ཏུ་རོལ་མོའི་རིགས་བྱེད་དག་ཀྱང་དགོས་པ་དང་ལྡན་པའི་ཚུལ། གུ་རུའི་བཀའ་ལས། གསང་སྔགས་རོལ་མོས་བསྐུལ་ན་བྱིན་རླབས་ཆེ༔ ཞེས་གསུངས་པ་ལྟར་དེ་བཞིན་གཤེགས་པ་རྒྱལ་པོའི་ཕོ་བྲང་དང་གྲོང་ཁྱེར་ཆེན་པོར་གཤེགས་པའི་ཚེ་ལྷ་དང་མིའི་རོལ་མོ་སྣ་ཚོགས་པའི་སྒྲ་དང་བཅས་ཏེ་མཆོད་པའི་བསྟི་སྟང་གིས་བསུས་པའི་ཚུལ་མདོ་ལས་གསུངས་པ་དང༌། གཙང་རིས་ཀྱི་ལྷ་རྣམས་ཀྱིས་བསྟོད་པའི་ཚིགས་སུ་བཅད་པ་དབྱངས་ཀྱིས་འགྱུར་བ་དང་བཅས་པའི་རོལ་མོས་བསྐུལ་བ་དང༌། ཁྱད་པར་རྡོ་རྗེའི་ཐེག་པར་དཀྱིལ་འཁོར་གྱི་ལྷའི་མངོན་རྟོགས་སྤྱན་འདྲེན་བྱིན་འབེབས་མཆོད་པ་རྣམས་ལ་དབྱངས་དང་རོལ་མོས་བསྐུལ་ཞིང༌། དེ་ལས་རྔ་དང༌། གསང་བའི་རྡེའུ་ཆུང་སོགས་རྔ་རབས་ལས་མང་དུ་གསུངས་པ་རྣམས་སྤྱིར་ཤེས་པར་བྱ་བ་ལས་ཞིབ་ཏུ་མ་སྤྲོས་ལ། སྐབས་སུ་བབ་པའི་ལག་ལེན་དངོས་ནི། མཁས་པ་ཙནྡྲ་ཤྲཱིས། རྒྱ་མཚོ་ཆེན་པོའི་ཀློང་མི་དཀྲུགས། །རི་རབ་གླིང་བཞི་མཐའ་མི་བསྐོར། །རི་ཐང་མཚམས་ཀྱི་བྲག་མི་གཤག །རི་དྭགས་རྒྱལ་པོའི་གདོང་མི་བསྣུན། །ཅེས་དང༌། ལྕེ་འབབ་བྲང་བརྡུང་སློང་མོའི་སྐད། །བྱ་ཕྲན་གཤོག་རྡེབ་མི་བསྐུལ་བའི། །ཚུལ་བརྒྱད་འོག་ངོས་མཁྱིད་གང་པོར། །རྔ་གཡོག་རང་ལྗིད་ཉིད་ཀྱིས་ནི། །བསྐུལ་མ་ཐག་ཏུ་སོ་སོར་ཕྲལ། །གྲལ་ལ་བསྒྲིགས་ཏེ་བརྡུང་བ་ན། །ཕན་ཚུན་གཅིག་གིས་གཅིག་ནོན་ཙམ། །ནོར་བུ་བསྟར་ལ་བརྒྱུས་པ་ལྟར། །མཐོ་དམན་འབུར་ཁྱོད་སྤང་བར་བྱ། །སྙོམས་ཤིང་མཛེས་པར་བསྟར་ལ་བསྒྲིགས། ཞེས་དང༌། ཞི་བའི་རྔ་བརྡུང་བྱེད་པ་ན། །རྔ་ཐབས་དལ་ལ་ལྷོད་པར་བརྡུང༌། །རྒྱས་པའི་རྔ་བརྡུང་བྱེད་པ་ན། །རྔ་ཐབས་གསལ་ལ་འཁྲོལ་བར་བརྡུང༌། །དབང་གི་རྔ་བརྡུང་བྱེད་པ་ན། །རྔ་ཐབས་སྙན་ལ་འཇེབས་པར་བརྡུང༌། །དྲག་པོའི་རྔ་བརྡུང་བྱེད་པ་ན། །རྔ་ཐབས་དྲག་ལ་མྱུར་བར་བརྡུང༌། །དྲག་བརྡུང་རྒྱུན་ཆགས་བྱེད་པ་ན། །གནམ་ལྕགས་ལྟར་ཡང་དབབ་པར་བྱ། །ཞེས་དང༌། སོ་སོའི་ཉམས་སོགས་རྒྱས་པར་བཤད་པ་ལྟར་རོ། །སྦུབས་སིལ་ཡང་དེ་ཉིད་ཀྱིས། ཕོ་སྒྲ་དིང་ཟིལ་ལྡན་པར་བརྡུང༌། །མོ་སྒྲ་སྙན་ཅིང་མཇེབས་པར་བརྡུང༌། །ཕྱེད་མ་དྭངས་ཁྲོལ་ཆགས་པར་བརྡུང༌། །ཞི་ལ་སྦྲང་ཆར་ཟིམ་བུ་ལྟར། །རྒྱས་ལ་རྫི་ཆར་གཡོས་པ་ལྟར། །དབང་ལ་དྲག་ཆར་བབས་པ་ལྟར། །དྲག་ལ་ཐོག་སེར་འབྱིན་པ་ལྟར། །ཞེས་སོགས་འདྲ་དཔེ་བཅུ་གཉིས་ཀྱི་སྒོ་ནས་རྔ་སྒྲ་དང་སྦྱོར་བའི་ཚུལ་བཤད་པ་དང༌། འཇམ་དབྱངས་བསོད་ནམས་དབང་པོའི་རོལ་མོའི་བསྟན་བཅོས་གཅིག་ཤེས་ཀུན་གྲོལ་ལས། སྤྱིར་གྱི་རོལ་མོ་གང་དཀྲོལ་ཡང༌། །དམ་དུ་བཟུང་བར་མི་བྱ་ཞིང༌། །བྲང་ལག་མི་སྦྱར་མན་ངག་ཡིན། །དབྱུག་པ་ལྟ་བུར་མི་ཕྱར་ཞིང༌། །ཀ་བ་ལྟ་བུར་བསྲང་མི་བྱ། ཞེས་དང༌། ཙནྡྲས། བར་སྣང་མི་གཡུག་གདོང་མི་དགག །བྲང་དང་པུས་མོ་ལ་མི་རེག །ཅེས་དང༌། དཔུང་པ་ལག་ངར་ཚིགས་ནས་ལྷོད། །ལག་པའི་མཐིལ་ནས་འཕྲུལ་ཆགས་ཚད། །རང་ལྗིད་ཁོ་ནས་སྒྲ་བསྐུལ་གྱིས། །འདབ་མའི་རྩེ་མོ་རྩལ་གྱིས་མིན། །ཅེས་སོགས་སྤང་བླང་གི་མཚན་ཉིད་དང༌། འཇམ་འཕར་འུར་དིང་སྙན་རྩུབ་དང༌། །ཕྲ་སྦོམ་དྭངས་འཕྲོལ་ལ་སོགས་པའི། །སྒྲ་ཐབས་རྣམ་དབྱེ་རྟོགས་པར་བྱོས། །ཞེས་སྐབས་དང་བསྟུན་པའི་སྒྲ་ཐབས་ཀྱི་རྣམ་པར་དབྱེ་བ་དུ་མ་དང་ལྡན་པས་སྣང་སྤྱོད་ཡེ་ཤེས་ཀྱི་རོལ་པར་བསླབ་པའི་ཉམས་རྩལ་སྦར་བ་དང༌། ཞི་རྒྱས་དབང་དྲག་གི་ལས་དང་བསྟུན་པའི་རོལ་མོའི་ཁྱད་པར་གཞན་རྣམས་ཀྱང་བསྐུལ་བ་ནི་དོན་དང་ལྡན་པ་ཁོ་ན་ཡིན་པས་འབད་བརྩོན་གྱིས་བསྟན་པའི་ཞབས་ཏོག་ཏུ་དགོས་པ་ཆེན་པོ་ཡིན་པ་རིག་པར་བྱའོ། །མནོག་ཆུང་ཚེ་འདིའི་སྙན་གྲགས་ཁོ་ནའི་ཆེད། །འདོད་སྲེད་གླུ་གར་ཉིན་མཚན་བར་མེད་དུ། །བརྩོན་ན་རྡོ་རྗེའི་ལམ་གྱི་འབད་པ་འདི། །དང་དུ་མི་ལེན་སྐལ་བཟང་སུ་ཞིག་མཆིས། །འགྲོ་ཕན་རྒྱལ་བའི་ཐུགས་རྗེ་དངོས་གྲུབ་སྒོ། །འབྱེད་པའི་ཐབས་མཁས་རྡོ་རྗེའི་དབྱངས་རོལ་ཚུལ། །མཁས་དང་གྲུབ་པའི་ཕྱག་སྲོལ་བཞིན་སྤྱོད་པས། །བསྟན་འགྲོའི་དཔལ་ཡོན་ཅིར་ཡང་འཕེལ་རྒྱས་ཤོག །ཅེས་སྙིགས་དུས་ཀྱི་འདྲེན་པ་སངས་རྒྱས་གཉིས་པ་རིག་འཛིན་རྩལ་འཆང་གསུམ་གྱིས་བསྟན་འགྲོར་སྨན་པའི་ཕྲིན་ལས་ཀྱི་ཕྱག་བཞེས་སྒོ་ཀུན་ནས་མི་ཉམས་པའི་སླད་དུ། པདྨའི་ཨེ་ཝཾ་ཆོས་སྒར་རྟེན་མཆོག་འགྱུར་མེད་གླིང་གི་བྱང་འདྲེན་པ་འགྱུར་མེད་པདྨ་བཀྲ་ཤིས་ལ་རང་ལུགས་ཀྱི་ཕྱག་བཞེས་མི་ཉམས་གོང་འཕེལ་འབྱུང་ཆེད་དབྱངས་རོལ་གྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡུ་བར་འོས་ཞེས་བསྐུལ་བ་དང་ཆབས་ཅིག་རྡོ་རྗེའི་དབྱངས་ཀྱི་ཡན་ལག་གསལ་བར་བྱེད་པའི་ཡི་གེ་འདི་ཡང་རབ་བྱུང་བཅུ་དྲུག་པ་མེ་འབྲུག་ལོར་རྙིང་སྔགས་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ལྷོ་ལྗོངས་ཆོས་ཀྱི་རྒྱལ་པོའི་མངའ་རིས་ནས་ཡི་གེར་བཏབ་པ་འདིས་ཀྱང་བཀའ་གཏེར་ཤིང་རྟའི་ལམ་སྲོལ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པའི་དཔལ་དུ་གྱུར་ཅིག །དགེ་ལེགས་འཕེལ།། །།}} | ||
</onlyinclude> | </onlyinclude> | ||
Line 25: | Line 44: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-09-TA]] | [[Category:DKR-KABUM-Volume-09-TA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 08:05, 1 June 2024
Wylie title | gter chen mchog gyur bde chen gling pa'i zab gter rnams kyi rdo rje'i dbyangs kyi rim pa gsal bar byed pa'i yi ge tshangs chen rdo rje'i rgyud mang | |
---|---|---|
Location | dil mgo mkhyen brtse bka' 'bum Volume 9, Text 3, Pages 22-28 (Folios 1a to 7b3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | མཆོག་གྱུར་གླིང་པ་ (mchog gyur gling pa) | |
Citation | Khyentse, Dilgo. Gter chen mchog gyur bde chen gling pa'i zab gter rnams kyi rdo rje'i dbyangs kyi rim pa gsal bar byed pa'i yi ge tshangs chen rdo rje'i rgyud mang. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 22-28. Delhi: Shechen Publications, 1994. | |
Genre | ||
Colophon |
།ཅེས་སྙིགས་དུས་ཀྱི་འདྲེན་པ་སངས་རྒྱས་གཉིས་པ་རིག་འཛིན་རྩལ་འཆང་གསུམ་གྱིས་བསྟན་འགྲོར་སྨན་པའི་ཕྲིན་ལས་ཀྱི་ཕྱག་བཞེས་སྒོ་ཀུན་ནས་མི་ཉམས་པའི་སླད་དུ། པདྨའི་ཨེ་ཝཾ་ཆོས་སྒར་རྟེན་མཆོག་འགྱུར་མེད་གླིང་གི་བྱང་འདྲེན་པ་འགྱུར་མེད་པདྨ་བཀྲ་ཤིས་ལ་རང་ལུགས་ཀྱི་ཕྱག་བཞེས་མི་ཉམས་གོང་འཕེལ་འབྱུང་ཆེད་དབྱངས་རོལ་གྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡུ་བར་འོས་ཞེས་བསྐུལ་བ་དང་ཆབས་ཅིག་རྡོ་རྗེའི་དབྱངས་ཀྱི་ཡན་ལག་གསལ་བར་བྱེད་པའི་ཡི་གེ་འདི་ཡང་རབ་བྱུང་བཅུ་དྲུག་པ་མེ་འབྲུག་ལོར་རྙིང་སྔགས་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ལྷོ་ལྗོངས་ཆོས་ཀྱི་རྒྱལ་པོའི་མངའ་རིས་ནས་ཡི་གེར་བཏབ་པ་འདིས་ཀྱང་བཀའ་གཏེར་ཤིང་རྟའི་ལམ་སྲོལ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པའི་དཔལ་དུ་གྱུར་ཅིག །དགེ་ལེགས་འཕེལ།། | |
/ces snyigs dus kyi 'dren pa sangs rgyas gnyis pa rig 'dzin rtsal 'chang gsum gyis bstan 'gror sman pa'i phrin las kyi phyag bzhes sgo kun nas mi nyams pa'i slad du/_pad+ma'i e waM chos sgar rten mchog 'gyur med gling gi byang 'dren pa 'gyur med pad+ma bkra shis la rang lugs kyi phyag bzhes mi nyams gong 'phel 'byung ched dbyangs rol gyi skor rnams phyogs gcig tu bsdu bar 'os zhes bskul ba dang chabs cig rdo rje'i dbyangs kyi yan lag gsal bar byed pa'i yi ge 'di yang rab byung bcu drug pa me 'brug lor rnying sngags rgan po 'gyur med theg mchog bstan pa'i rgyal mtshan gyis lho ljongs chos kyi rgyal po'i mnga' ris nas yi ger btab pa 'dis kyang bka' gter shing rta'i lam srol phyogs dus gnas skabs kun tu dar zhing rgyas pa'i dpal du gyur cig_/dge legs 'phel// |