DKR-KABUM-10-THA-025: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(4 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=བླ་ཕུར་སྦྲགས་མའི་དབང་རྩ་བ། | |||
|fulltitle=bla phur sbrags ma'i dbang rtsa ba | |||
|citation=[[Khyentse, Dilgo]]. ''Bla phur sbrags ma'i dbang rtsa ba''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 10: 114-116. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Kangyur Rinpoche | |||
|sourcerevealertib=ཀློང་ཆེན་ཡེ་ཤེས་རྡོ་རྗེ་ | |||
|tibgenre=Empowerment Ritual - dbang chog - dbang skur | |||
|terma=Yes | |||
|dkroutline=Three | |||
|deity=rdo rje phur pa | |||
|cycle=bla phur thugs kyi thig le | |||
|cycletib=བླ་ཕུར་ཐུགས་ཀྱི་ཐིག་ལེ་ | |||
|language=Tibetan | |language=Tibetan | ||
| | |volumenumber=010 | ||
| | |volnumtib=༡༠ | ||
|volyigtib=ཐ་ | |||
|totalvolumes=25 | |||
|textnuminvol=025 | |textnuminvol=025 | ||
|pagenumbers=114-116 | |||
|totalpages=5 | |||
|beginfolioline=1a1 | |||
|endfolioline=3a5 | |||
|totalfolios=3 | |||
|multivolumework=No | |||
|rectonotes=dbang gzhung | |||
|versonotes=bla phur thugs thig | |||
|colophontib=མངྒ་ལས་སོ། །ཕྱག་བྲིས་དངོས་ལས་ཞལ་བཤུས་པའོ།། | |||
|colophonwylie=mang+ga las so/__/phyag bris dngos las zhal bshus pa'o// | |||
|pdflink=File:DKR-KABUM-10-THA-025.pdf | |pdflink=File:DKR-KABUM-10-THA-025.pdf | ||
}} | }} | ||
Line 16: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། བླ་ཕུར་སྦྲགས་མའི་དབང་རྩ་བ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ། །བདག་ཅག་འཇུག་པར་སྤྲོ་ལགས་ན། །སྨིན་ཅིང་གྲོལ་བར་མཛད་དུ་གསོལ། ཧཱུྃ། རང་བྱུང་བུམ་པ་ཆོས་ཀྱི་དབྱིངས། །ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གཏམས། །དབྱིངས་རིག་གཉིས་མེད་བདུད་རྩི་ཡིས། །རྡོ་རྗེ་ཕུང་ཁམས་ལྷར་སྨིན་ཤོག །ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། དཀྱིལ་འཁོར་ཐམས་ཅད་འབྱུང་བའི་གནས། །རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ། །སྐུ་གསུང་ཐུགས་གསུམ་དབྱེར་མེད་པས། །རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །བཛྲ་ཀུ་མཱ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཧཱུྃ། རྡོ་རྗེའི་གསང་སྔགས་ལས་ཀུན་བྱེད། །དངོས་གྲུབ་བསམ་ཡས་འབྱུང་བའི་གནས། །ཆོས་ཉིད་རང་སྒྲ་ཀཱི་ལ་ཡའི། །དབང་བསྐུར་རྡོ་རྗེའི་གསུང་ཐོབ་ཤོག །བཛྲ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། མི་ཤིགས་རྡོ་རྗེའི་ཀཱི་ལ་ཡར། །ཡེ་ཤེས་ཆེན་པོ་གསང་བའི་མཛོད། །བླ་མ་ཧེ་རུ་ཀ་ཆེན་པོའི། །རྡོ་རྗེའི་ཐུགས་སུ་བྱིན་རླབས་ཤོག །བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། རྡོ་རྗེ་བདེ་སྐྱོང་ཀ་པཱ་ལར། །ལྷན་སྐྱེས་ཡེ་ཤེས་ཨ་མྲྀ་ཏ། །ངོ་མཚར་བཅུད་ཀྱི་ལེན་ཆེན་པོའི། །རྣམ་པར་མི་རྟོག་དོན་རྟོགས་ཤོག །མ་ཧཱ་སུ་ཁ་གུ་ཧྱ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། ཤིན་ཏུ་རྣམ་དག་སྟོང་ཉིད་ཆེ། །རྡོ་རྗེ་བཙུན་མོ་དབྱིངས་ཀྱི་ཡུམ། །ཕྱག་རྒྱའི་གཟུགས་ཤར་འདི་གཏད་པས། །དོན་གྱི་དེ་ཉིད་མངོན་གྱུར་ཤོག །ཀརྨ་མུ་དྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ། ཧཱུྃ། བསམ་བརྗོད་ལས་འདས་རྡོ་རྗེའི་དབྱིངས། །ཡེ་ཤེས་རྣམ་པ་ཐམས་ཅད་པ། །ཀུན་འབྱུང་ཀུན་ལས་འདས་པའི་དོན། །རང་ལ་གནས་པའི་ཡེ་ཤེས་སོ། །དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧོ། ཧཱུྃ། རྣམ་ཐར་གསུམ་ལྡན་རྡོ་རྗེའི་མཚོན། །རྟག་ཆད་མཚན་མའི་དགྲ་བགེགས་ལ། །བཏབ་པས་འཁྲུལ་པ་དབྱིངས་བསྒྲལ་ནས། །སྙིང་རྗེའི་སྒྲོལ་བ་མཐར་ཕྱིན་ཤོག །ཀྲོ་དྷ་མ་ཧཱ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་ཟབ་བླ་མ་དྲག་པོའི་རྡོ་རྗེའི་གསུམ་གྱི་བྱིན་རླབས། ཧཱུྃ་ཧཱུྃ་ཧཱུྃ། རྔ་ཡབ་ཟངས་མདོག་དཔལ་གྱི་རིར། །བདག་གི་བླ་མ་ཐོད་ཕྲེང་རྩལ། །སངས་རྒྱས་ཀུན་གྱི་ཕྲིན་ལས་རྫོགས། །མཐུ་སྟོབས་ནུས་པ་བསམ་མི་ཁྱབ། །ཁྲོ་རྒྱལ་ཀུན་གྱི་རྗེ་བཙན་ཏེ། །དབང་དྲག་པདྨ་ཧེ་རུ་ཀ །སྲིད་ཞི་ཀུན་ཁྱབ་འཆོལ་བའི་ཚུལ། །དམ་ཅན་དྲེགས་ཚོགས་ཟིལ་གནོན་པ། །ཕྱོགས་དུས་རྒྱལ་བའི་ཕྲིན་ལས་བདག །ཐུགས་དམ་བསྐུལ་ལོ་དབྱིངས་ནས་དགོངས། །དུས་ངན་སྙིགས་མའི་སྐལ་ངན་ལ། །ཀུན་འབྱུང་དུག་གསུམ་རྒྱུ་རགས་པས། །འབྲས་བུ་ནད་མུག་མཚོན་བསྐལ་ལྡང༌། །འཁྲུལ་གཟུགས་རྒྱལ་བསེན་དམ་སྲི་ཡིས། །བར་དུ་གཅོད་པ་འདི་ལ་གཟིགས། །ལྔ་བརྒྱ་ཐ་མའི་སེམས་ཅན་ལ། །མཁྱེན་བརྩེས་ལྷག་པར་སྐྱོང་བ་ཡི། །ཞལ་བཞེས་དེང་གི་དུས་ལགས་པས། །གདུང་བས་བསྐུལ་ལོ་ད་ལྟ་དགོངས། །མི་བཟད་ཁྲོ་གཏུམ་བསྐལ་པའི་མེ། །དུས་མཐའི་རླུང་གིས་བསྐུལ་བ་བཞིན། །ཁྲོ་རྒྱལ་འབར་བའི་གཙོ་འཁོར་ཚོགས། །མཁའ་ལས་ཐོག་སེར་བབ་བཞིན་བྱོན། །ཡེ་ཤེས་ཧཱུྃ་ལྔ་སྔགས་ཀྱི་སྒྲ། །ཆོས་ཉིད་རྡོ་རྗེའི་གསུང་གི་དབྱངས། །མི་ཟད་འབྲུག་སྟོང་ལྟར་སྒྲོགས་པས། །འཁྲུལ་རྟོག་དབྱིངས་སུ་གྲོལ་བར་མཛོད། །དོན་དམ་མཁའ་ལྟར་རབ་ཞི་ཡང༌། །ཀུན་ཁྱབ་ཐུགས་རྗེའི་ཡེ་གདངས་ནི། །གདུལ་དཀའི་སྣང་ངོར་ཆེས་དཔའ་བས། །དགོངས་བརྒྱུད་བྱིན་ཆེན་ད་ཕོབ་ཅིག །ལུས་ལ་སྐུ་ཡི་བྱིན་གྱིས་རློབས། །ངག་ལ་གསུང་གི་ནུས་མཐུ་སྩོལ། །ཡིད་ལ་ཡེ་ཤེས་རྟོགས་པ་སྤོར། །རྡོ་རྗེ་བཞི་ཡི་དབང་སྐུར་ཅིག །འཁྲུལ་རྟོག་བར་ཆད་བདུད་བགེགས་སྒྲོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གཉིས་སུ་མེད་པར་བྱིན་བརླབས་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་མཛོད། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ། དཔལ་ཆེན་ཀརྨ་ཀཱི་ལ་ཡ། །བདུད་དགྲ་དམ་སྲི་རྒྱལ་བསེན་གྱི། །གཉེན་པོ་འཆོལ་བའི་ཁྲོ་རྒྱལ་ཆེའི། །རྡོ་རྗེ་སྐུ་ཡི་དབང་བསྐུར་བས། །སྣང་བཅས་ཞེ་སྡང་འཁྲུལ་པའི་གཟུགས། །དམ་སྲི་རྒྱལ་འགོང་འབྱུང་པོ་ཡི། །གནོད་གདུག་དབྱིངས་སུ་ཞི་བ་དང༌། །རྡོ་རྗེའི་སྐུ་ཡི་བྱིན་དབང་སྩོལ། །རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཧཱུྃ། དཔལ་ཆེན་ཀརྨ་ཀཱི་ལ་ཡ། །བདུད་དགྲ་དམ་སྲི་རྒྱལ་བསེན་གྱི། །གཉེན་པོ་འཆོལ་བའི་ཁྲོ་རྒྱལ་ཆེའི། །ནུས་པ་སྔགས་ཀྱི་དབང་བསྐུར་བས། །ཕྱེད་སྣང་འདོད་ཆགས་འཁྲུལ་པའི་གཟུགས། །དམ་སྲི་བསེན་མོ་འབྱུང་པོ་ཡི། །འཁོན་གདུག་དབྱིངས་སུ་ཞི་བ་དང༌། །རྡོ་རྗེ་གསུང་གི་བྱིན་དབང་སྩོལ། །རྩ་སྔགས། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། དཔལ་ཆེན་ཀརྨ་ཀཱི་ལ་ཡ། །བདུད་དགྲ་དམ་སྲི་རྒྱལ་བསེན་གྱི། །གཉེན་པོ་འཆོལ་བའི་ཁྲོ་རྒྱལ་ཆེའི། །ཡེ་ཤེས་ཐུགས་ཀྱི་དབང་བསྐུར་བས། །མི་སྣང་གཏི་མུག་འཁྲུལ་པའི་གཟུགས། །དམ་སྲི་སྡེ་བརྒྱད་འབྱུང་པོ་ཡི། །འཁོན་གདུག་དབྱིངས་སུ་ཞི་བ་དང༌། །རྡོ་རྗེ་ཐུགས་ཀྱི་བྱིན་དབང་སྩོལ། །རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཆོས་ཉིད་གཅིག་ལས་མ་གཡོས་ཀྱང༌། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་གར། །སྲིད་ཞི་མཉམ་པར་བསྒྱུར་བ་ཡི། །ཆོ་འཕྲུལ་ནུས་པ་བསམ་མི་ཁྱབ། །བླ་མ་དཔལ་ཆེན་ཧེ་རུ་ཀ །སངས་རྒྱས་ཀུན་གྱི་མཁྱེན་བརྩེ་ནུས། །ཡོངས་སུ་རྫོགས་པའི་དབང་བསྐུར་ཏེ། །ཡེ་ཤེས་རྡོ་རྗེས་བྱིན་གྱིས་རློབས། །འབྱུང་བཞི་ཕྱི་ཡི་གཡོ་འཁྲུགས་ཞི། །ཚེ་བསོད་དཔལ་འབྱོར་འདོད་དགུ་འཕེལ། །རྩ་རླུང་ནང་གི་བར་ཆད་སོལ། །ཉམས་རྟོགས་ས་ལམ་ཡོན་ཏན་རྫོགས། །འཁྲུལ་རྟོག་ཀ་དག་ཀློང་དུ་དག །ཡེ་ཤེས་བཙན་ས་ཟིན་པའི་མཐུས། །རིག་པ་རྩལ་གྱི་དབང་ཐོབ་སྟེ། །གདོད་མའི་གཞི་ལ་གྲོལ་བ་ཡི། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །རྩ་སྔགས་མཐར། སརྦ་ཨ་བྷི་ཥིཉྩ་ཧོ། མངྒ་ལས་སོ། །ཕྱག་བྲིས་དངོས་ལས་ཞལ་བཤུས་པའོ།། །།}} | {{TibP|༄༅། {{TibChung| བླ་ཕུར་སྦྲགས་མའི་དབང་རྩ་བ།}} སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ། །བདག་ཅག་འཇུག་པར་སྤྲོ་ལགས་ན། །སྨིན་ཅིང་གྲོལ་བར་མཛད་དུ་གསོལ། ཧཱུྃ། རང་བྱུང་བུམ་པ་ཆོས་ཀྱི་དབྱིངས། །ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གཏམས། །དབྱིངས་རིག་གཉིས་མེད་བདུད་རྩི་ཡིས། །རྡོ་རྗེ་ཕུང་ཁམས་ལྷར་སྨིན་ཤོག །ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། དཀྱིལ་འཁོར་ཐམས་ཅད་འབྱུང་བའི་གནས། །རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ། །སྐུ་གསུང་ཐུགས་གསུམ་དབྱེར་མེད་པས། །རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །བཛྲ་ཀུ་མཱ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཧཱུྃ། རྡོ་རྗེའི་གསང་སྔགས་ལས་ཀུན་བྱེད། །དངོས་གྲུབ་བསམ་ཡས་འབྱུང་བའི་གནས། །ཆོས་ཉིད་རང་སྒྲ་ཀཱི་ལ་ཡའི། །དབང་བསྐུར་རྡོ་རྗེའི་གསུང་ཐོབ་ཤོག །བཛྲ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། མི་ཤིགས་རྡོ་རྗེའི་ཀཱི་ལ་ཡར། །ཡེ་ཤེས་ཆེན་པོ་གསང་བའི་མཛོད། །བླ་མ་ཧེ་རུ་ཀ་ཆེན་པོའི། །རྡོ་རྗེའི་ཐུགས་སུ་བྱིན་རླབས་ཤོག །བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། རྡོ་རྗེ་བདེ་སྐྱོང་ཀ་པཱ་ལར། །ལྷན་སྐྱེས་ཡེ་ཤེས་ཨ་མྲྀ་ཏ། །ངོ་མཚར་བཅུད་ཀྱི་ལེན་ཆེན་པོའི། །རྣམ་པར་མི་རྟོག་དོན་རྟོགས་ཤོག །མ་ཧཱ་སུ་ཁ་གུ་ཧྱ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། ཤིན་ཏུ་རྣམ་དག་སྟོང་ཉིད་ཆེ། །རྡོ་རྗེ་བཙུན་མོ་དབྱིངས་ཀྱི་ཡུམ། །ཕྱག་རྒྱའི་གཟུགས་ཤར་འདི་གཏད་པས། །དོན་གྱི་དེ་ཉིད་མངོན་གྱུར་ཤོག །ཀརྨ་མུ་དྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ། ཧཱུྃ། བསམ་བརྗོད་ལས་འདས་རྡོ་རྗེའི་དབྱིངས། །ཡེ་ཤེས་རྣམ་པ་ཐམས་ཅད་པ། །ཀུན་འབྱུང་ཀུན་ལས་འདས་པའི་དོན། །རང་ལ་གནས་པའི་ཡེ་ཤེས་སོ། །དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧོ། ཧཱུྃ། རྣམ་ཐར་གསུམ་ལྡན་རྡོ་རྗེའི་མཚོན། །རྟག་ཆད་མཚན་མའི་དགྲ་བགེགས་ལ། །བཏབ་པས་འཁྲུལ་པ་དབྱིངས་བསྒྲལ་ནས། །སྙིང་རྗེའི་སྒྲོལ་བ་མཐར་ཕྱིན་ཤོག །ཀྲོ་དྷ་མ་ཧཱ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་ཟབ་བླ་མ་དྲག་པོའི་རྡོ་རྗེའི་གསུམ་གྱི་བྱིན་རླབས། ཧཱུྃ་ཧཱུྃ་ཧཱུྃ། རྔ་ཡབ་ཟངས་མདོག་དཔལ་གྱི་རིར། །བདག་གི་བླ་མ་ཐོད་ཕྲེང་རྩལ། །སངས་རྒྱས་ཀུན་གྱི་ཕྲིན་ལས་རྫོགས། །མཐུ་སྟོབས་ནུས་པ་བསམ་མི་ཁྱབ། །ཁྲོ་རྒྱལ་ཀུན་གྱི་རྗེ་བཙན་ཏེ། །དབང་དྲག་པདྨ་ཧེ་རུ་ཀ །སྲིད་ཞི་ཀུན་ཁྱབ་འཆོལ་བའི་ཚུལ། །དམ་ཅན་དྲེགས་ཚོགས་ཟིལ་གནོན་པ། །ཕྱོགས་དུས་རྒྱལ་བའི་ཕྲིན་ལས་བདག །ཐུགས་དམ་བསྐུལ་ལོ་དབྱིངས་ནས་དགོངས། །དུས་ངན་སྙིགས་མའི་སྐལ་ངན་ལ། །ཀུན་འབྱུང་དུག་གསུམ་རྒྱུ་རགས་པས། །འབྲས་བུ་ནད་མུག་མཚོན་བསྐལ་ལྡང༌། །འཁྲུལ་གཟུགས་རྒྱལ་བསེན་དམ་སྲི་ཡིས། །བར་དུ་གཅོད་པ་འདི་ལ་གཟིགས། །ལྔ་བརྒྱ་ཐ་མའི་སེམས་ཅན་ལ། །མཁྱེན་བརྩེས་ལྷག་པར་སྐྱོང་བ་ཡི། །ཞལ་བཞེས་དེང་གི་དུས་ལགས་པས། །གདུང་བས་བསྐུལ་ལོ་ད་ལྟ་དགོངས། །མི་བཟད་ཁྲོ་གཏུམ་བསྐལ་པའི་མེ། །དུས་མཐའི་རླུང་གིས་བསྐུལ་བ་བཞིན། །ཁྲོ་རྒྱལ་འབར་བའི་གཙོ་འཁོར་ཚོགས། །མཁའ་ལས་ཐོག་སེར་བབ་བཞིན་བྱོན། །ཡེ་ཤེས་ཧཱུྃ་ལྔ་སྔགས་ཀྱི་སྒྲ། །ཆོས་ཉིད་རྡོ་རྗེའི་གསུང་གི་དབྱངས། །མི་ཟད་འབྲུག་སྟོང་ལྟར་སྒྲོགས་པས། །འཁྲུལ་རྟོག་དབྱིངས་སུ་གྲོལ་བར་མཛོད། །དོན་དམ་མཁའ་ལྟར་རབ་ཞི་ཡང༌། །ཀུན་ཁྱབ་ཐུགས་རྗེའི་ཡེ་གདངས་ནི། །གདུལ་དཀའི་སྣང་ངོར་ཆེས་དཔའ་བས། །དགོངས་བརྒྱུད་བྱིན་ཆེན་ད་ཕོབ་ཅིག །ལུས་ལ་སྐུ་ཡི་བྱིན་གྱིས་རློབས། །ངག་ལ་གསུང་གི་ནུས་མཐུ་སྩོལ། །ཡིད་ལ་ཡེ་ཤེས་རྟོགས་པ་སྤོར། །རྡོ་རྗེ་བཞི་ཡི་དབང་སྐུར་ཅིག །འཁྲུལ་རྟོག་བར་ཆད་བདུད་བགེགས་སྒྲོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གཉིས་སུ་མེད་པར་བྱིན་བརླབས་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་མཛོད། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ། དཔལ་ཆེན་ཀརྨ་ཀཱི་ལ་ཡ། །བདུད་དགྲ་དམ་སྲི་རྒྱལ་བསེན་གྱི། །གཉེན་པོ་འཆོལ་བའི་ཁྲོ་རྒྱལ་ཆེའི། །རྡོ་རྗེ་སྐུ་ཡི་དབང་བསྐུར་བས། །སྣང་བཅས་ཞེ་སྡང་འཁྲུལ་པའི་གཟུགས། །དམ་སྲི་རྒྱལ་འགོང་འབྱུང་པོ་ཡི། །གནོད་གདུག་དབྱིངས་སུ་ཞི་བ་དང༌། །རྡོ་རྗེའི་སྐུ་ཡི་བྱིན་དབང་སྩོལ། །རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཧཱུྃ། དཔལ་ཆེན་ཀརྨ་ཀཱི་ལ་ཡ། །བདུད་དགྲ་དམ་སྲི་རྒྱལ་བསེན་གྱི། །གཉེན་པོ་འཆོལ་བའི་ཁྲོ་རྒྱལ་ཆེའི། །ནུས་པ་སྔགས་ཀྱི་དབང་བསྐུར་བས། །ཕྱེད་སྣང་འདོད་ཆགས་འཁྲུལ་པའི་གཟུགས། །དམ་སྲི་བསེན་མོ་འབྱུང་པོ་ཡི། །འཁོན་གདུག་དབྱིངས་སུ་ཞི་བ་དང༌། །རྡོ་རྗེ་གསུང་གི་བྱིན་དབང་སྩོལ། །རྩ་སྔགས། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། དཔལ་ཆེན་ཀརྨ་ཀཱི་ལ་ཡ། །བདུད་དགྲ་དམ་སྲི་རྒྱལ་བསེན་གྱི། །གཉེན་པོ་འཆོལ་བའི་ཁྲོ་རྒྱལ་ཆེའི། །ཡེ་ཤེས་ཐུགས་ཀྱི་དབང་བསྐུར་བས། །མི་སྣང་གཏི་མུག་འཁྲུལ་པའི་གཟུགས། །དམ་སྲི་སྡེ་བརྒྱད་འབྱུང་པོ་ཡི། །འཁོན་གདུག་དབྱིངས་སུ་ཞི་བ་དང༌། །རྡོ་རྗེ་ཐུགས་ཀྱི་བྱིན་དབང་སྩོལ། །རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཆོས་ཉིད་གཅིག་ལས་མ་གཡོས་ཀྱང༌། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་གར། །སྲིད་ཞི་མཉམ་པར་བསྒྱུར་བ་ཡི། །ཆོ་འཕྲུལ་ནུས་པ་བསམ་མི་ཁྱབ། །བླ་མ་དཔལ་ཆེན་ཧེ་རུ་ཀ །སངས་རྒྱས་ཀུན་གྱི་མཁྱེན་བརྩེ་ནུས། །ཡོངས་སུ་རྫོགས་པའི་དབང་བསྐུར་ཏེ། །ཡེ་ཤེས་རྡོ་རྗེས་བྱིན་གྱིས་རློབས། །འབྱུང་བཞི་ཕྱི་ཡི་གཡོ་འཁྲུགས་ཞི། །ཚེ་བསོད་དཔལ་འབྱོར་འདོད་དགུ་འཕེལ། །རྩ་རླུང་ནང་གི་བར་ཆད་སོལ། །ཉམས་རྟོགས་ས་ལམ་ཡོན་ཏན་རྫོགས། །འཁྲུལ་རྟོག་ཀ་དག་ཀློང་དུ་དག །ཡེ་ཤེས་བཙན་ས་ཟིན་པའི་མཐུས། །རིག་པ་རྩལ་གྱི་དབང་ཐོབ་སྟེ། །གདོད་མའི་གཞི་ལ་གྲོལ་བ་ཡི། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། {{TibChung|།རྩ་སྔགས་མཐར།}} སརྦ་ཨ་བྷི་ཥིཉྩ་ཧོ། {{TibChung| མངྒ་ལས་སོ། །ཕྱག་བྲིས་དངོས་ལས་ཞལ་བཤུས་པའོ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
Line 24: | Line 47: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-10-THA]] | [[Category:DKR-KABUM-Volume-10-THA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 08:08, 1 June 2024
🚧 This website is under continued development. We appreciate your patience!
Wylie title | bla phur sbrags ma'i dbang rtsa ba | |
---|---|---|
Location | dil mgo mkhyen brtse bka' 'bum Volume 10, Text 25, Pages 114-116 (Folios 1a1 to 3a5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | ཀློང་ཆེན་ཡེ་ཤེས་རྡོ་རྗེ་ (Kangyur Rinpoche) | |
Citation | Khyentse, Dilgo. Bla phur sbrags ma'i dbang rtsa ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 114-116. Delhi: Shechen Publications, 1994. | |
Genre | Empowerment Ritual - dbang chog - dbang skur | |
Cycle | བླ་ཕུར་ཐུགས་ཀྱི་ཐིག་ལེ་ (bla phur thugs kyi thig le) | |
Deity | rdo rje phur pa | |
Colophon |
མངྒ་ལས་སོ། །ཕྱག་བྲིས་དངོས་ལས་ཞལ་བཤུས་པའོ།། | |
mang+ga las so/__/phyag bris dngos las zhal bshus pa'o// |