DKR-KABUM-09-TA-016: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...") |
m (Text replacement - "Khyentse Metadata" to "Text") |
||
(4 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=ཁྲོ་རྒྱལ་སྨེ་བ་བརྩེགས་པ་ཉམས་གྲིབ་ཀུན་སེལ་གྱི་གྲིབ་སེལ་སྦྱིན་སྲེག་མདོར་བསྡུས་བཀྲ་ཤིས་བདུད་རྩིའི་ཞུགས་ཕྲེང་། | |||
|fulltitle=khro rgyal sme ba brtsegs pa nyams grib kun sel gyi grib sel sbyin sreg mdor bsdus bkra shis bdud rtsi'i zhugs phreng | |||
|citation=[[Khyentse, Dilgo]]. ''Khro rgyal sme ba brtsegs pa nyams grib kun sel gyi grib sel sbyin sreg mdor bsdus bkra shis bdud rtsi'i zhugs phreng''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 9: 73-76. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=mchog gyur gling pa | |||
|sourcerevealertib=མཆོག་གྱུར་གླིང་པ་ | |||
|tibgenre=Fire Offerings - sbyin sreg | |||
|terma=Yes | |||
|dkroutline=Three | |||
|deity=sme ba brtsegs pa | |||
|cycle=bla ma'i thugs sgrub bar chad kun sel | |||
|cycletib=བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ | |||
|language=Tibetan | |language=Tibetan | ||
| | |volumenumber=009 | ||
| | |volnumtib=༩ | ||
|volyigtib=ཏ་ | |||
|totalvolumes=25 | |||
|textnuminvol=016 | |textnuminvol=016 | ||
|pagenumbers=73-76 | |||
|totalpages=7 | |||
|beginfolioline=1a | |||
|endfolioline=4a6 | |||
|totalfolios=4 | |||
|multivolumework=No | |||
|rectonotes=sbyin sreg | |||
|versonotes=sme ba brtsegs pa | |||
|colophontib=།ཅེས་པའང་དགེ་བྱེད་ཆུ་སྟག་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་ལྷོ་འབྲུག་ཙནྡན་ལྗོངས་ཀྱི་ཐིམ་ཡུལ་བདེ་ཆེན་ཕུག་ཏུ་གནས་ཆེན་བྱིན་འབེབས་ཀྱི་ཆོ་ག་བརྩམས་པའི་སྐབས་ཉེར་མཁོའི་རྐྱེན་གྱིས་གཏེར་གཞུང་རྒྱས་བསྡུས་གབ་སྤྲད་དེ་འཇུག་བདེ་སྙིང་པོའི་ཚུལ་དུ་བསྡེབས་པ་པོ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་ཞེས་དཀྱིལ་འཁོར་འཁོར་ལོའི་མགོན་པོ་མིང་དུ་བསྩལ་བའི་བཀྲ་ཤིས་དཔལ་འབྱོར་འབོད་པའི་ཀུ་སཱ་ལིས་གསང་སྔགས་ཟབ་ཆོས་རྫོང་དུ་ས་ཟླའི་རྫོགས་པ་དང་པོ་རྒྱལ་ཕུར་འགྲུབ་སྦྱོར་ལ་སྟན་ཐོག་གཅིག་ཏུ་བྲིས་པས་ཡེ་ཤེས་མཚོན་པའི་སྣང་བ་ལ་འདོད་དགུར་རྩེན་པའི་རྒྱུར་གྱུར་ཅིག། །། | |||
|colophonwylie=/ces pa'ang dge byed chu stag sa ga zla ba'i dkar phyogs kyi tshes bcur lho 'brug tsan+dan ljongs kyi thim yul bde chen phug tu gnas chen byin 'bebs kyi cho ga brtsams pa'i skabs nyer mkho'i rkyen gyis gter gzhung rgyas bsdus gab sprad de 'jug bde snying po'i tshul du bsdebs pa po pad+ma gar dbang 'od gsal mdo sngags gling pa zhes dkyil 'khor 'khor lo'i mgon po ming du bstsal ba'i bkra shis dpal 'byor 'bod pa'i ku sA lis gsang sngags zab chos rdzong du sa zla'i rdzogs pa dang po rgyal phur 'grub sbyor la stan thog gcig tu bris pas ye shes mtshon pa'i snang ba la 'dod dgur rtsen pa'i rgyur gyur cig/_// | |||
|pdflink=File:DKR-KABUM-09-TA-016.pdf | |pdflink=File:DKR-KABUM-09-TA-016.pdf | ||
}} | }} | ||
Line 16: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །ཁྲོ་རྒྱལ་སྨེ་བ་བརྩེགས་པ་ཉམས་གྲིབ་ཀུན་སེལ་གྱི་གྲིབ་སེལ་སྦྱིན་སྲེག་མདོར་བསྡུས་བཀྲ་ཤིས་བདུད་རྩིའི་ཞུགས་ཕྲེང་ཞེས་བྱ་བ་བཞུགས། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་གོ། །། | {{TibP|༄༅། །ཁྲོ་རྒྱལ་སྨེ་བ་བརྩེགས་པ་ཉམས་གྲིབ་ཀུན་སེལ་གྱི་གྲིབ་སེལ་སྦྱིན་སྲེག་མདོར་བསྡུས་བཀྲ་ཤིས་བདུད་རྩིའི་ཞུགས་ཕྲེང་ཞེས་བྱ་བ་བཞུགས། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་གོ། །།<br><br> | ||
༄༅། ན་མོ་བཛྲ་མ་ཧཱ་གུ་ར་ཝེ། འདིར་སྨེ་བ་བརྩེགས་པའི་ལྷ་སྔགས་ལ་བརྟེན་ནས་མི་མཐུན་ཞི་བའི་སྦྱིན་སྲེག་ཁྱེར་བདེ་སྙིང་པོའི་བཅུད་དྲིལ་དུ་བགྱི་བ་ལ། ལས་མཐུན་གྱི་གནས་སུ་སྟེགས་བུ་གྲུ་བཞིའི་སྟེང་ཞི་ཐབ་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེ་ཧཱུྃ་མཚན། ཁ་ཁྱེར་རྡོ་རྗེའི་ཕྲེང་བ་མེ་རི་གཡས་བསྐོར། ཟླ་ཕྱེད་རྡོ་རྗེ་བཅས་གཞི་ཀར་པོ་ཚོན་དམར་སྐྱས་རི་མོ་དང་མཛེས་ཚོན་གྱིས་བཀྲ་བའམ། འབྲུ་དཀར་གྱི་ཚོམ་བུ་ལ་བརྟེན་པས་ཀྱང་རུང་བར་གསུང༌། གང་ལྟར་ཡང་ལས་མཐུན་བལ་བུ་སོགས་ཤིང་ངམ་ལྕི་བ་ཟླུམ་པོ་བརྩེགས་པ་དང༌། སྲེག་རྫས་ཏིལ་གཙོ་བོར་གྱུར་པ་ཡུངས་ཀར་ཅུང་ཟད་བསྲེས་པ་གཙོ་བོར་གང་འཛོམ་དང༌། སྒྲུབ་བྱའི་གྲིབ་སེལ་གཙོ་བོར་བཏོན་ན། རང་གི་སྐྲ་སེན་གོས་དུམ་སོགས་དྲི་མའི་རིགས་བསྡུས་པ་དང༌། སྤྲོ་ན་མར་ཁུ་དང་ཡམ་ཤིང་བཅས་བྱ། སྒྲུབ་པ་པོ་ཐབ་དང་ཞལ་སྤྲོད་ཀྱིས་སྟན་ལ་འཁོད་པའི་མདུན་དུ་རྡོར་དྲིལ་སོགས་བཀོད་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་བསྐྱེད་བཟླས་ཁྱུག་ཙམ་གྲུབ་ན་ལེགས་ཤིང༌། ཤིན་ཏུ་བསྡུ་ན་སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་ཁྲོ་བོ་སྨེ་བ་བརྩེགས་པའི་སྐུར་གྱུར། ཨོཾ་ཨུཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ། ཞེས་ཅུང་ཟད་བཟླས་པས་ལྷའི་ང་རྒྱལ་བཟུང་ལ་མེ་སྦར་ཏེ། མིག་ནི་གྱེན་དུ་བལྟས་ནས་སུ༔ ཧཱུྃ༔ རྡོ་རྗེ་ཧཱུྃ་གི་སྔགས་བརྗོད་པས༔ བདེ་གཤེགས་སྲས་བཅས་བྱིན་རླབས་ཀུན༔ ཧཱུྃ་གི་རྣམ་པས་ནམ་མཁའ་གང༔ གཅིག་ཏུ་འདུས་ནས་ཧཱུྃ་དུ་གྱུར༔ དེ་ཉིད་ས་གཞིར་བབ་པ་ལས༔ སྨེ་བ་བརྩེགས་པའི་སྐུ་རུ་གྱུར༔ ཐུགས་ཀའི་ཧཱུྃ་ལས་མེ་འབར་བས༔ འཇིག་རྟེན་ཁམས་ཀུན་བསྲེགས་ཤིང་སྦྱངས༔ ཁྲོ་བོ་འོད་ཞུ་ཨོཾ་ཨཱཿཧཱུྃ༔ ཨོཾ་ལས་འཁོར་ཡུག་ཤེལ་གྱི་གཞི༔ ཡངས་ཤིང་རྒྱ་ཆེ་བཀོད་ལེགས་པར༔ ཨཱཿལས་དཔག་ཚད་ཁྱབ་པའི་ཐབ༔ དཀར་གསལ་ཚད་དང་མཚན་ཉིད་རྫོགས༔ ཧཱུྃ་ལས་ཁྲོ་བོའི་རང་བཞིན་གྱི༔ འབར་བ་མེ་ཡི་དཀྱིལ་འཁོར་དབུས༔ འཆོལ་བའི་ཁྲོ་རྒྱལ་སྨེ་བ་བརྩེགས༔ དུ་བའི་མདོག་ཅན་ཁྲོ་བོའི་ཉམས༔ ཕྱག་གཉིས་ཐུགས་ཀར་བསྡིགས་མཛུབ་མཛད༔ དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན༔ ཞབས་གཉིས་དོར་སྟབས་པད་ཉིར་བཞེངས༔ རྩ་གསུམ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ དམིགས་གསལ་སྐབས། རང་གི་སྐྲ་སེན་གོས་དུམ་སོགས༔ དམ་ཚིག་ཉམས་ཆག་སྡིག་སྒྲིབ་དང༔ གྲིབ་དང་མི་གཙང་འདུས་པར་བསམ། །ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ ཞལ་དུ་ཕུལ་བས་ལྷག་མེད་བཞེས༔ ཧཱུྃ༔ རྣམ་དག་ཡེ་ཤེས་ཞལ་ཧོམ་དུ༔ རང་བཞིན་དག་པའི་བདུད་རྩིའི་ཚོགས༔ འབུལ་ལོ་དགྱེས་པར་བཞེས་ནས་ཀྱང༔ ཉམས་གྲིབ་སྦྱངས་པའི་ཕྲིན་ལས་མཛོད༔ འདི་དམིགས་གསལ་མེད་ན། མཆོད་དང་སྲེག་བྱའི་རྫས་རྣམ་ཀུན༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ ཧཱུྃ༔རྣམ་དག ཞེས་སྦྱོར་ན་སྐབས་ཕྱེད་པར་བྱའོ། །སྔ་རྗེས་གང་ལྟར་ཡང༌། དེ་ཡིས་རབ་ཏུ་མཉེས་ཤིང་ཚིམ༔ ཟླ་བ་ལྟ་བུའི་འོད་ཟེར་གྱིས༔ བདག་གི་མི་མཐུན་ཉེས་ཚོགས་དང༔ སྣོད་བཅུད་ཉམས་གྲིབ་ཀུན་སྦྱོང་བསམ༔ ཨོཾ་བྷུར་ཀུར་མ་ཧཱ་པྲ་ཎ་ཡ༔ བྷུར་ཙི་བྷུར་ཀི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ཧཱུྃ་ཕཊ༔ སརྦ་པཱ་པཾ་སརྦ་ཀརྨ་ཨ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པས་གཙོ་བོར་འབུལ། སྐབས་སུ་ལས་སྔགས་འདི་ཤམ་དུ་གདགས་པར་གསུངས་པས། ཨོཾ་མ་ཎི་དྷཱ་རི་ཧྲི་ད་ཧཱུྃ༔ ཨ་ནུ་པ་ཤ་དྷཱ་རི་ཧྲི་ད་ཡ་ཧཱུྃ་ཕཊ༔ ཧོཿ བཅོམ་ལྡན་ཐུགས་རྗེའི་བདག་ཉིད་ཀྱིས༔ རང་གི་ཉམས་དང་རྐྱེན་གྱིས་ཉམས༔ དམ་གྲིབ་ཕོག་པའི་ཉམས་པ་ཡིས༔ གནས་སྐབས་མཐར་ཐུག་ལེགས་ཚོགས་ལ༔ བར་དུ་གཅོད་པ་ཐམས་ཅད་ཀུན༔ ཞི་བའི་ཕྲིན་ལས་མཛད་དུ་གསོལ༔ ཞེས་འདོད་གསོལ་དང་བཅས་སྟེ་ཐུགས་དམ་བསྐུལ། ཐུན་མཐར། ཧཱུྃ༔ ཆོས་ཉིད་བདེན་པའི་བྱིན་རླབས་དང༔ ཆོས་ཅན་རྒྱུ་འབྲས་བསླུ་མེད་དང༔ དཀོན་མཆོག་རྩ་གསུམ་དཀྱིལ་འཁོར་གྱི༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡི༔ ནུས་མཐུ་བསམ་གྱིས་མི་ཁྱབ་དང༔ ཁྱད་པར་བདེ་གཤེགས་ཐམས་ཅད་ཀྱི༔ བྱིན་རླབས་མཐུ་སྟོབས་གཅིག་བསྡུས་པ༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོ་ནི༔ བཅོམ་ལྡན་སྨེ་བ་བརྩེགས་པ་ཡི༔ བདེན་པའི་བྱིན་རླབས་ནུས་མཐུ་ཡིས༔ ཉམས་གྲིབ་ཟས་གྲིབ་གོས་ཀྱི་གྲིབ༔ གནས་གྲིབ་གོས་གྲིབ་གདོན་གྱི་གྲིབ༔ དམེ་གྲིབ་ཡུགས་གྲིབ་ལ་སོགས་པ༔ གྲིབ་དང་མི་གཙང་རྒྱུར་བཅས་ཀུན༔ ཡེ་ཤེས་མེ་ཡིས་གཞོབ་དུ་བསྲེགས༔ ཆོས་ཉིད་རླུང་གིས་རྗེས་མེད་གཏོར༔ བྱང་སེམས་ཆུ་ཡིས་བག་ཆགས་བཀྲུས༔ འབྱུང་བ་ལྔ་ཡི་དབྱིངས་སུ་ཐིམ༔ ལྷག་མ་མེད་པར་དག་གྱུར་ཅིག༔ ཨོཾ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བྷུར་ཀུར་མ་ཧཱ་པྲ་ཎ་ཡེ་བྷུར་ཙི་བྷུར་ཀི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ སརྦ་མ་ལ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ བྷྲཱུྃ༔ ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཞེས་བཟླ་བཞིན་སྒྲུབ་བྱ་ལ་མེ་ཟོར་དགོས་ན་བརྡེག་ཅིང༌། བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་འཁོར་དང་བཅས་པས་བདག་ཅག་གིས་སྒྲུབ་བྱའམ་སྣོད་བཅུད་ཀྱི་ཁམས་སོགས་སྐབས་ཐོབ་སྒྱུར་ལ། གྲིབ་དང་མི་གཙང་བ་དང་དམ་ཚིག་ཉམས་ཆག་གི་རྐྱེན་ལ་བརྟེན་ནས་གནས་སྐབས་མཐར་ཐུག་གི་ལེགས་པའི་ལམ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ༔ ཞེས་ཕྲིན་ལས་ཀྱང་བཅོལ། ཡིག་བརྒྱ་བཟླས་པས་ནོངས་བ་བཤགས། ལྷ་ཉིད་འོད་ཞུ་རང་ལ་ཐིམ༔ ཡེ་ཤེས་མེ་ཟེར་ཆེར་འབར་བས༔ བདག་གཞན་རྟེན་དང་བརྟེན་པ་ཡི༔ གྲིབ་དང་མི་གཙང་སྡིག་སྒྲིབ་ཀུན༔ ལྷག་མེད་ཉིད་དུ་བསྲེགས་པར་གྱུར༔ ཞེས་དམིགས་ཏེ་མེ་ལ་འགོམ་ཡུག་ལན་བདུན་བྱ་བར་གསུང༌། མེ་རང་ཞིར་བྱས་པའི་ཐལ་པ་སཱཙྪ་གདབ་པའམ། ཆུ་བོའི་གཞུང་དུ་བསྐྱལ། དེ་ལྟར་སྒྲུབ་པའི་ཕན་ཡོན་ཀྱང༌། འདིས་ནི་དམ་ཚིག་ཉམས་ཆག་དང༔ ཉམས་སྒྲིབ་ཚེ་གེགས་མ་ལུས་ཞི༔ བསོད་ནམས་འབྱོར་བ་ཐོབ་པར་འགྱུར༔ ཞེས་སོགས་ཕན་ཡོན་ཚད་མེད་དུ་བསྔགས་པ་ལྟར་ངེས་པའོ། །ཅེས་པའང་དགེ་བྱེད་ཆུ་སྟག་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་ལྷོ་འབྲུག་ཙནྡན་ལྗོངས་ཀྱི་ཐིམ་ཡུལ་བདེ་ཆེན་ཕུག་ཏུ་གནས་ཆེན་བྱིན་འབེབས་ཀྱི་ཆོ་ག་བརྩམས་པའི་སྐབས་ཉེར་མཁོའི་རྐྱེན་གྱིས་གཏེར་གཞུང་རྒྱས་བསྡུས་གབ་སྤྲད་དེ་འཇུག་བདེ་སྙིང་པོའི་ཚུལ་དུ་བསྡེབས་པ་པོ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་ཞེས་དཀྱིལ་འཁོར་འཁོར་ལོའི་མགོན་པོ་མིང་དུ་བསྩལ་བའི་བཀྲ་ཤིས་དཔལ་འབྱོར་འབོད་པའི་ཀུ་སཱ་ལིས་གསང་སྔགས་ཟབ་ཆོས་རྫོང་དུ་ས་ཟླའི་རྫོགས་པ་དང་པོ་རྒྱལ་ཕུར་འགྲུབ་སྦྱོར་ལ་སྟན་ཐོག་གཅིག་ཏུ་བྲིས་པས་ཡེ་ཤེས་མཚོན་པའི་སྣང་བ་ལ་འདོད་དགུར་རྩེན་པའི་རྒྱུར་གྱུར་ཅིག། །།}} | ༄༅། ན་མོ་བཛྲ་མ་ཧཱ་གུ་ར་ཝེ། འདིར་སྨེ་བ་བརྩེགས་པའི་ལྷ་སྔགས་ལ་བརྟེན་ནས་མི་མཐུན་ཞི་བའི་སྦྱིན་སྲེག་ཁྱེར་བདེ་སྙིང་པོའི་བཅུད་དྲིལ་དུ་བགྱི་བ་ལ། ལས་མཐུན་གྱི་གནས་སུ་སྟེགས་བུ་གྲུ་བཞིའི་སྟེང་ཞི་ཐབ་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེ་ཧཱུྃ་མཚན། ཁ་ཁྱེར་རྡོ་རྗེའི་ཕྲེང་བ་མེ་རི་གཡས་བསྐོར། ཟླ་ཕྱེད་རྡོ་རྗེ་བཅས་གཞི་ཀར་པོ་ཚོན་དམར་སྐྱས་རི་མོ་དང་མཛེས་ཚོན་གྱིས་བཀྲ་བའམ། འབྲུ་དཀར་གྱི་ཚོམ་བུ་ལ་བརྟེན་པས་ཀྱང་རུང་བར་གསུང༌། གང་ལྟར་ཡང་ལས་མཐུན་བལ་བུ་སོགས་ཤིང་ངམ་ལྕི་བ་ཟླུམ་པོ་བརྩེགས་པ་དང༌། སྲེག་རྫས་ཏིལ་གཙོ་བོར་གྱུར་པ་ཡུངས་ཀར་ཅུང་ཟད་བསྲེས་པ་གཙོ་བོར་གང་འཛོམ་དང༌། སྒྲུབ་བྱའི་གྲིབ་སེལ་གཙོ་བོར་བཏོན་ན། རང་གི་སྐྲ་སེན་གོས་དུམ་སོགས་དྲི་མའི་རིགས་བསྡུས་པ་དང༌། སྤྲོ་ན་མར་ཁུ་དང་ཡམ་ཤིང་བཅས་བྱ། སྒྲུབ་པ་པོ་ཐབ་དང་ཞལ་སྤྲོད་ཀྱིས་སྟན་ལ་འཁོད་པའི་མདུན་དུ་རྡོར་དྲིལ་སོགས་བཀོད་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་བསྐྱེད་བཟླས་ཁྱུག་ཙམ་གྲུབ་ན་ལེགས་ཤིང༌། ཤིན་ཏུ་བསྡུ་ན་སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་ཁྲོ་བོ་སྨེ་བ་བརྩེགས་པའི་སྐུར་གྱུར། ཨོཾ་ཨུཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ། ཞེས་ཅུང་ཟད་བཟླས་པས་ལྷའི་ང་རྒྱལ་བཟུང་ལ་མེ་སྦར་ཏེ། མིག་ནི་གྱེན་དུ་བལྟས་ནས་སུ༔ ཧཱུྃ༔ རྡོ་རྗེ་ཧཱུྃ་གི་སྔགས་བརྗོད་པས༔ བདེ་གཤེགས་སྲས་བཅས་བྱིན་རླབས་ཀུན༔ ཧཱུྃ་གི་རྣམ་པས་ནམ་མཁའ་གང༔ གཅིག་ཏུ་འདུས་ནས་ཧཱུྃ་དུ་གྱུར༔ དེ་ཉིད་ས་གཞིར་བབ་པ་ལས༔ སྨེ་བ་བརྩེགས་པའི་སྐུ་རུ་གྱུར༔ ཐུགས་ཀའི་ཧཱུྃ་ལས་མེ་འབར་བས༔ འཇིག་རྟེན་ཁམས་ཀུན་བསྲེགས་ཤིང་སྦྱངས༔ ཁྲོ་བོ་འོད་ཞུ་ཨོཾ་ཨཱཿཧཱུྃ༔ ཨོཾ་ལས་འཁོར་ཡུག་ཤེལ་གྱི་གཞི༔ ཡངས་ཤིང་རྒྱ་ཆེ་བཀོད་ལེགས་པར༔ ཨཱཿལས་དཔག་ཚད་ཁྱབ་པའི་ཐབ༔ དཀར་གསལ་ཚད་དང་མཚན་ཉིད་རྫོགས༔ ཧཱུྃ་ལས་ཁྲོ་བོའི་རང་བཞིན་གྱི༔ འབར་བ་མེ་ཡི་དཀྱིལ་འཁོར་དབུས༔ འཆོལ་བའི་ཁྲོ་རྒྱལ་སྨེ་བ་བརྩེགས༔ དུ་བའི་མདོག་ཅན་ཁྲོ་བོའི་ཉམས༔ ཕྱག་གཉིས་ཐུགས་ཀར་བསྡིགས་མཛུབ་མཛད༔ དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན༔ ཞབས་གཉིས་དོར་སྟབས་པད་ཉིར་བཞེངས༔ རྩ་གསུམ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ དམིགས་གསལ་སྐབས། རང་གི་སྐྲ་སེན་གོས་དུམ་སོགས༔ དམ་ཚིག་ཉམས་ཆག་སྡིག་སྒྲིབ་དང༔ གྲིབ་དང་མི་གཙང་འདུས་པར་བསམ། །ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ ཞལ་དུ་ཕུལ་བས་ལྷག་མེད་བཞེས༔ ཧཱུྃ༔ རྣམ་དག་ཡེ་ཤེས་ཞལ་ཧོམ་དུ༔ རང་བཞིན་དག་པའི་བདུད་རྩིའི་ཚོགས༔ འབུལ་ལོ་དགྱེས་པར་བཞེས་ནས་ཀྱང༔ ཉམས་གྲིབ་སྦྱངས་པའི་ཕྲིན་ལས་མཛོད༔ འདི་དམིགས་གསལ་མེད་ན། མཆོད་དང་སྲེག་བྱའི་རྫས་རྣམ་ཀུན༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ ཧཱུྃ༔རྣམ་དག ཞེས་སྦྱོར་ན་སྐབས་ཕྱེད་པར་བྱའོ། །སྔ་རྗེས་གང་ལྟར་ཡང༌། དེ་ཡིས་རབ་ཏུ་མཉེས་ཤིང་ཚིམ༔ ཟླ་བ་ལྟ་བུའི་འོད་ཟེར་གྱིས༔ བདག་གི་མི་མཐུན་ཉེས་ཚོགས་དང༔ སྣོད་བཅུད་ཉམས་གྲིབ་ཀུན་སྦྱོང་བསམ༔ ཨོཾ་བྷུར་ཀུར་མ་ཧཱ་པྲ་ཎ་ཡ༔ བྷུར་ཙི་བྷུར་ཀི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ཧཱུྃ་ཕཊ༔ སརྦ་པཱ་པཾ་སརྦ་ཀརྨ་ཨ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པས་གཙོ་བོར་འབུལ། སྐབས་སུ་ལས་སྔགས་འདི་ཤམ་དུ་གདགས་པར་གསུངས་པས། ཨོཾ་མ་ཎི་དྷཱ་རི་ཧྲི་ད་ཧཱུྃ༔ ཨ་ནུ་པ་ཤ་དྷཱ་རི་ཧྲི་ད་ཡ་ཧཱུྃ་ཕཊ༔ ཧོཿ བཅོམ་ལྡན་ཐུགས་རྗེའི་བདག་ཉིད་ཀྱིས༔ རང་གི་ཉམས་དང་རྐྱེན་གྱིས་ཉམས༔ དམ་གྲིབ་ཕོག་པའི་ཉམས་པ་ཡིས༔ གནས་སྐབས་མཐར་ཐུག་ལེགས་ཚོགས་ལ༔ བར་དུ་གཅོད་པ་ཐམས་ཅད་ཀུན༔ ཞི་བའི་ཕྲིན་ལས་མཛད་དུ་གསོལ༔ ཞེས་འདོད་གསོལ་དང་བཅས་སྟེ་ཐུགས་དམ་བསྐུལ། ཐུན་མཐར། ཧཱུྃ༔ ཆོས་ཉིད་བདེན་པའི་བྱིན་རླབས་དང༔ ཆོས་ཅན་རྒྱུ་འབྲས་བསླུ་མེད་དང༔ དཀོན་མཆོག་རྩ་གསུམ་དཀྱིལ་འཁོར་གྱི༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡི༔ ནུས་མཐུ་བསམ་གྱིས་མི་ཁྱབ་དང༔ ཁྱད་པར་བདེ་གཤེགས་ཐམས་ཅད་ཀྱི༔ བྱིན་རླབས་མཐུ་སྟོབས་གཅིག་བསྡུས་པ༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོ་ནི༔ བཅོམ་ལྡན་སྨེ་བ་བརྩེགས་པ་ཡི༔ བདེན་པའི་བྱིན་རླབས་ནུས་མཐུ་ཡིས༔ ཉམས་གྲིབ་ཟས་གྲིབ་གོས་ཀྱི་གྲིབ༔ གནས་གྲིབ་གོས་གྲིབ་གདོན་གྱི་གྲིབ༔ དམེ་གྲིབ་ཡུགས་གྲིབ་ལ་སོགས་པ༔ གྲིབ་དང་མི་གཙང་རྒྱུར་བཅས་ཀུན༔ ཡེ་ཤེས་མེ་ཡིས་གཞོབ་དུ་བསྲེགས༔ ཆོས་ཉིད་རླུང་གིས་རྗེས་མེད་གཏོར༔ བྱང་སེམས་ཆུ་ཡིས་བག་ཆགས་བཀྲུས༔ འབྱུང་བ་ལྔ་ཡི་དབྱིངས་སུ་ཐིམ༔ ལྷག་མ་མེད་པར་དག་གྱུར་ཅིག༔ ཨོཾ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བྷུར་ཀུར་མ་ཧཱ་པྲ་ཎ་ཡེ་བྷུར་ཙི་བྷུར་ཀི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ སརྦ་མ་ལ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ བྷྲཱུྃ༔ ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཞེས་བཟླ་བཞིན་སྒྲུབ་བྱ་ལ་མེ་ཟོར་དགོས་ན་བརྡེག་ཅིང༌། བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་འཁོར་དང་བཅས་པས་བདག་ཅག་གིས་སྒྲུབ་བྱའམ་སྣོད་བཅུད་ཀྱི་ཁམས་སོགས་སྐབས་ཐོབ་སྒྱུར་ལ། གྲིབ་དང་མི་གཙང་བ་དང་དམ་ཚིག་ཉམས་ཆག་གི་རྐྱེན་ལ་བརྟེན་ནས་གནས་སྐབས་མཐར་ཐུག་གི་ལེགས་པའི་ལམ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ༔ ཞེས་ཕྲིན་ལས་ཀྱང་བཅོལ། ཡིག་བརྒྱ་བཟླས་པས་ནོངས་བ་བཤགས། ལྷ་ཉིད་འོད་ཞུ་རང་ལ་ཐིམ༔ ཡེ་ཤེས་མེ་ཟེར་ཆེར་འབར་བས༔ བདག་གཞན་རྟེན་དང་བརྟེན་པ་ཡི༔ གྲིབ་དང་མི་གཙང་སྡིག་སྒྲིབ་ཀུན༔ ལྷག་མེད་ཉིད་དུ་བསྲེགས་པར་གྱུར༔ ཞེས་དམིགས་ཏེ་མེ་ལ་འགོམ་ཡུག་ལན་བདུན་བྱ་བར་གསུང༌། མེ་རང་ཞིར་བྱས་པའི་ཐལ་པ་སཱཙྪ་གདབ་པའམ། ཆུ་བོའི་གཞུང་དུ་བསྐྱལ། དེ་ལྟར་སྒྲུབ་པའི་ཕན་ཡོན་ཀྱང༌། འདིས་ནི་དམ་ཚིག་ཉམས་ཆག་དང༔ ཉམས་སྒྲིབ་ཚེ་གེགས་མ་ལུས་ཞི༔ བསོད་ནམས་འབྱོར་བ་ཐོབ་པར་འགྱུར༔ ཞེས་སོགས་ཕན་ཡོན་ཚད་མེད་དུ་བསྔགས་པ་ལྟར་ངེས་པའོ། །ཅེས་པའང་དགེ་བྱེད་ཆུ་སྟག་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་ལྷོ་འབྲུག་ཙནྡན་ལྗོངས་ཀྱི་ཐིམ་ཡུལ་བདེ་ཆེན་ཕུག་ཏུ་གནས་ཆེན་བྱིན་འབེབས་ཀྱི་ཆོ་ག་བརྩམས་པའི་སྐབས་ཉེར་མཁོའི་རྐྱེན་གྱིས་གཏེར་གཞུང་རྒྱས་བསྡུས་གབ་སྤྲད་དེ་འཇུག་བདེ་སྙིང་པོའི་ཚུལ་དུ་བསྡེབས་པ་པོ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་ཞེས་དཀྱིལ་འཁོར་འཁོར་ལོའི་མགོན་པོ་མིང་དུ་བསྩལ་བའི་བཀྲ་ཤིས་དཔལ་འབྱོར་འབོད་པའི་ཀུ་སཱ་ལིས་གསང་སྔགས་ཟབ་ཆོས་རྫོང་དུ་ས་ཟླའི་རྫོགས་པ་དང་པོ་རྒྱལ་ཕུར་འགྲུབ་སྦྱོར་ལ་སྟན་ཐོག་གཅིག་ཏུ་བྲིས་པས་ཡེ་ཤེས་མཚོན་པའི་སྣང་བ་ལ་འདོད་དགུར་རྩེན་པའི་རྒྱུར་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:05, 1 June 2024
Wylie title | khro rgyal sme ba brtsegs pa nyams grib kun sel gyi grib sel sbyin sreg mdor bsdus bkra shis bdud rtsi'i zhugs phreng | |
---|---|---|
Location | dil mgo mkhyen brtse bka' 'bum Volume 9, Text 16, Pages 73-76 (Folios 1a to 4a6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | མཆོག་གྱུར་གླིང་པ་ (mchog gyur gling pa) | |
Citation | Khyentse, Dilgo. Khro rgyal sme ba brtsegs pa nyams grib kun sel gyi grib sel sbyin sreg mdor bsdus bkra shis bdud rtsi'i zhugs phreng. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 73-76. Delhi: Shechen Publications, 1994. | |
Genre | Fire Offerings - sbyin sreg | |
Cycle | བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (bla ma'i thugs sgrub bar chad kun sel) | |
Deity | sme ba brtsegs pa | |
Colophon |
།ཅེས་པའང་དགེ་བྱེད་ཆུ་སྟག་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་ལྷོ་འབྲུག་ཙནྡན་ལྗོངས་ཀྱི་ཐིམ་ཡུལ་བདེ་ཆེན་ཕུག་ཏུ་གནས་ཆེན་བྱིན་འབེབས་ཀྱི་ཆོ་ག་བརྩམས་པའི་སྐབས་ཉེར་མཁོའི་རྐྱེན་གྱིས་གཏེར་གཞུང་རྒྱས་བསྡུས་གབ་སྤྲད་དེ་འཇུག་བདེ་སྙིང་པོའི་ཚུལ་དུ་བསྡེབས་པ་པོ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་ཞེས་དཀྱིལ་འཁོར་འཁོར་ལོའི་མགོན་པོ་མིང་དུ་བསྩལ་བའི་བཀྲ་ཤིས་དཔལ་འབྱོར་འབོད་པའི་ཀུ་སཱ་ལིས་གསང་སྔགས་ཟབ་ཆོས་རྫོང་དུ་ས་ཟླའི་རྫོགས་པ་དང་པོ་རྒྱལ་ཕུར་འགྲུབ་སྦྱོར་ལ་སྟན་ཐོག་གཅིག་ཏུ་བྲིས་པས་ཡེ་ཤེས་མཚོན་པའི་སྣང་བ་ལ་འདོད་དགུར་རྩེན་པའི་རྒྱུར་གྱུར་ཅིག། །། | |
/ces pa'ang dge byed chu stag sa ga zla ba'i dkar phyogs kyi tshes bcur lho 'brug tsan+dan ljongs kyi thim yul bde chen phug tu gnas chen byin 'bebs kyi cho ga brtsams pa'i skabs nyer mkho'i rkyen gyis gter gzhung rgyas bsdus gab sprad de 'jug bde snying po'i tshul du bsdebs pa po pad+ma gar dbang 'od gsal mdo sngags gling pa zhes dkyil 'khor 'khor lo'i mgon po ming du bstsal ba'i bkra shis dpal 'byor 'bod pa'i ku sA lis gsang sngags zab chos rdzong du sa zla'i rdzogs pa dang po rgyal phur 'grub sbyor la stan thog gcig tu bris pas ye shes mtshon pa'i snang ba la 'dod dgur rtsen pa'i rgyur gyur cig/_// |