JKCL-KABUM-07-JA-026: Difference between revisions

From Khyentse Lineage - A Tsadra Foundation Project
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
 
m (Text replacement - "Khyentse Metadata" to "Text")
 
(2 intermediate revisions by one other user not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ཁྲོ་བཅུའི་སྒྲུབ་ཐབས་རྒྱུན་ཁྱེར་ཉུང་ངུ་རྣམ་གསལ།
|fulltitle=dpal rdo rje nag po chen po gur gyi mgon po khro bcu'i sgrub thabs rgyun khyer nyung ngu rnam gsal
|citation=[['jam dbyangs mkhyen brtse chos kyi blo gros]]. ''dpal rdo rje nag po chen po gur gyi mgon po khro bcu'i sgrub thabs rgyun khyer nyung ngu rnam gsal''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 7: 511-520. Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|totalvolumes=12
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|tibgenre=Daily Practice - rgyun khyer, Sadhanas - Evocation Ritual - sgrub thabs
|terma=No
|jkcloutline=Six
|deity=nag po chen po
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=007
|volumenumber=JA
|volnumtib=༧
|volyigtib=ཇ་
|totalvolumes=12
|textnuminvol=026
|textnuminvol=026
|pagenumbers=511-520
|totalpages=10
|beginfolioline=1a1
|endfolioline=5b2
|totalfolios=5
|multivolumework=No
|colophontib=།ཞེས་པ་འདིའང་ཚར་ཆེན་རིན་པོ་ཆེའི་བླ་མའི་རྣལ་འབྱོར་དངོས་གྲུབ་རིན་པོ་ཆེའི་མཛོད་དང་།  ཞུ་ཆེན་མ་ཧཱ་པཎྜི་ཏའི་ཁྲོ་བཅུའི་སྒྲུབ་ཐབས་ཉུང་ངུ་རྣམ་གསལ་སོགས་ལས་རྗེ་བླ་མའི་ཞལ་བཀོད་ལྟར་སྒྲིགས་ནས་ཉམས་ལེན་སྟབས་བདེར་བྱེད་པ་རྣམས་ལ་ཕན་འདོད་ཀྱིས།  བླ་་མ་དང་ལྷ་འདི་ལ་མི་ཕྱེད་པའི་སྙིང་ནས་འདུན་པ་ཅན་རཏྣ་དྷྭ་ཛའམ།  རྒྱལ་སྲས་ཐུགས་རྗེའི་ཉི་མས་རོང་མེ་དཀར་མོ་སྟག་ཚང་གི་དབེན་རིར་རྗེ་བླ་མ་གཅད་རྒྱའི་སྐབས་དེར་ལོང་ཞོར་དུ་བྲིས་པས་ཆོས་སྒྲུབ་རྣམས་བར་ཆད་བདུད་བགེགས་ཀྱི་གཡུལ་ལས་རྒྱལ་ནས་བླ་མ་དང་མགོན་པོ་དབྱེར་མེད་གྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག  །སླར་ཡང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཞུས་དག་པར་བྱས་པའོ།  །སརྦ་དཱ་མངྒ་ལཾ།  བྷ་ཝ་ཏུ།།
|colophonwylie=/zhes pa 'di'ang tshar chen rin po che'i bla ma'i rnal 'byor dngos grub rin po che'i mdzod dang /__zhu chen ma hA paN+Di ta'i khro bcu'i sgrub thabs nyung ngu rnam gsal sogs las rje bla ma'i zhal bkod ltar sgrigs nas nyams len stabs bder byed pa rnams la phan 'dod kyis/__bla  ma dang lha 'di la mi phyed pa'i snying nas 'dun pa can rat+na d+h+wa dza'am/__rgyal sras thugs rje'i nyi mas rong me dkar mo stag tshang gi dben rir rje bla ma gcad rgya'i skabs der long zhor du bris pas chos sgrub rnams bar chad bdud bgegs kyi g.yul las rgyal nas bla ma dang mgon po dbyer med gyi go 'phang thob pa'i rgyur gyur cig__/slar yang 'jam dbyangs chos kyi blo gros pas zhus dag par byas pa'o/__/sarba dA mang+ga laM/__b+ha wa tu//
|pdflink=File:JKCL-KABUM-07-JA-026.pdf
|pdflink=File:JKCL-KABUM-07-JA-026.pdf
}}
}}

Latest revision as of 08:35, 1 June 2024

Wylie title dpal rdo rje nag po chen po gur gyi mgon po khro bcu'i sgrub thabs rgyun khyer nyung ngu rnam gsal JKCL-KABUM-07-JA-026.pdf
Location chos kyi blo gros bka' 'bum
Volume 7, Text 26, Pages 511-520 (Folios 1a1 to 5b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal rdo rje nag po chen po gur gyi mgon po khro bcu'i sgrub thabs rgyun khyer nyung ngu rnam gsal. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 511-520. Bir, H.P.: Khyentse Labrang, 2012.
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Deity nag po chen po
Colophon

།ཞེས་པ་འདིའང་ཚར་ཆེན་རིན་པོ་ཆེའི་བླ་མའི་རྣལ་འབྱོར་དངོས་གྲུབ་རིན་པོ་ཆེའི་མཛོད་དང་། ཞུ་ཆེན་མ་ཧཱ་པཎྜི་ཏའི་ཁྲོ་བཅུའི་སྒྲུབ་ཐབས་ཉུང་ངུ་རྣམ་གསལ་སོགས་ལས་རྗེ་བླ་མའི་ཞལ་བཀོད་ལྟར་སྒྲིགས་ནས་ཉམས་ལེན་སྟབས་བདེར་བྱེད་པ་རྣམས་ལ་ཕན་འདོད་ཀྱིས། བླ་་མ་དང་ལྷ་འདི་ལ་མི་ཕྱེད་པའི་སྙིང་ནས་འདུན་པ་ཅན་རཏྣ་དྷྭ་ཛའམ། རྒྱལ་སྲས་ཐུགས་རྗེའི་ཉི་མས་རོང་མེ་དཀར་མོ་སྟག་ཚང་གི་དབེན་རིར་རྗེ་བླ་མ་གཅད་རྒྱའི་སྐབས་དེར་ལོང་ཞོར་དུ་བྲིས་པས་ཆོས་སྒྲུབ་རྣམས་བར་ཆད་བདུད་བགེགས་ཀྱི་གཡུལ་ལས་རྒྱལ་ནས་བླ་མ་དང་མགོན་པོ་དབྱེར་མེད་གྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སླར་ཡང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཞུས་དག་པར་བྱས་པའོ། །སརྦ་དཱ་མངྒ་ལཾ། བྷ་ཝ་ཏུ།།

/zhes pa 'di'ang tshar chen rin po che'i bla ma'i rnal 'byor dngos grub rin po che'i mdzod dang /__zhu chen ma hA paN+Di ta'i khro bcu'i sgrub thabs nyung ngu rnam gsal sogs las rje bla ma'i zhal bkod ltar sgrigs nas nyams len stabs bder byed pa rnams la phan 'dod kyis/__bla ma dang lha 'di la mi phyed pa'i snying nas 'dun pa can rat+na d+h+wa dza'am/__rgyal sras thugs rje'i nyi mas rong me dkar mo stag tshang gi dben rir rje bla ma gcad rgya'i skabs der long zhor du bris pas chos sgrub rnams bar chad bdud bgegs kyi g.yul las rgyal nas bla ma dang mgon po dbyer med gyi go 'phang thob pa'i rgyur gyur cig__/slar yang 'jam dbyangs chos kyi blo gros pas zhus dag par byas pa'o/__/sarba dA mang+ga laM/__b+ha wa tu//

1 Texts in this Section (sde tshan or chos tshan)

[edit]
༄༅། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ཁྲོ་བཅུའི་སྒྲུབ་ཐབས་རྒྱུན་ཁྱེར་ཉུང་ངུ་རྣམ་གསལ་ཞེས་བྱ་བ་བཞུགས་སོ། ། སྤྲོས་བྲལ་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །བསྟན་དགྲ་འདུལ་ཕྱིར་ལོངས་སྤྱོད་ཁྲོས་པའི་གར། །མགོན་པོ་སྤྲུལ་པའི་ཁྲོ་བོ་བཅུ་གཅིག་གི། སྒྲུབ་ཐབས་ཉུང་ངུ་རྣམ་གསལ་འབྲི་བར་བྱ། །ཐོག་མར་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྐྱབས་ཡུལ་གསལ་བཏབ་ནས། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སོགས་ནས། དཔལ་ལྡན་བླ་མ་དམ་པ་རྣམས་ལ༴ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴དམ་པའི་ཆོས་རྣམས་ལ༴འཕགས་པའི་དགེ་འདུན་རྣམས་ལ༴མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །དྲུག་སྐོར་རམ་བསྡུ་ན། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ལ། །སྐྱབས་སུ་མཆིའོ་གཞན་དོན་སངས་རྒྱས་ཕྱིར། །རྡོ་རྗེ་ནག་པོ་ཆེན་པོ་བསྒོམ་པར་བགྱི། །ལན་གསུམ་སོགས། རྡོར་སེམས་བསྒོམ་བཟླས་ནི། རང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས། །ཡབ་ཡུམ་མཉམ་སྦྱོར་ཐུགས་ཀའི་ཧཱུྃ་འོད་འཕྲོས། །དོན་གཉིས་བྱས་ནས་ཧཱུྃ་ལས་བདུད་རྩི་བབ། །བདག་གི་ལུས་གང་ནད་གདོན་སྡིག་སྒྲིབ་དག །བསམས་ལ་ཧེ་རུ་ཀའི་ཡིག་བརྒྱ་བཟླས་མཐར། རྡོར་སེམས་ཡབ་ཡུམ་འོད་ཞུ་རང་ལ་ཐིམ། བར་བསམ། བླ་མའི་རྣལ་འབྱོར་ནི། གནས་ཁང་དུར་ཁྲོད་རོལ་པའི་གཞལ་ཡས་གསལ། །མདུན་མཁར་སེང་ཁྲི་པད་ཉི་བདུད་ཀྱི་གདན། །རྩ་བརྒྱུད་འདུས་ཞལ་འཁོར་ལོའི་མགོན་པོ་ཉིད། །མ་ཧཱ་ཀཱ་ལ་མཐིང་ནག་འཇིགས་པའི་སྐུ། །ཉིན་བྱེད་བྱེ་བའི་གཟི་ཅན་ཞལ་གཅིག་པ། །ཕྱག་གཉིས་གྲི་ཐོད་དབུས་ན་གཎྜིའི་མཛེས། །དར་ཟབ་ན་བཟའ་སྟག་ཤམ་རུས་རྒྱན་འཕྱང་། །ཡེ་ཤེས་མེ་དབུས་བཞུགས་པའི་གནས་གསུམ་དུ། །འབྲུ་གསུམ་གྱིས་མཚན་ཧཱུྃ་ལས་འོད་འཕྲོས་པས། །སྐྱབས་གནས་ཐམས་ཅད་སྤྱན་དྲངས་དབྱེར་མེད་ཐིམ། །སྐྱབས་ཀུན་འདུས་ཞལ་རྩ་བའི་བླ་མ་ལ། །མི་ཕྱེད་སྙིང་ནས་ཕྱག་འཚལ་མཆོད་པ་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་བཞིན་བསྐལ་བརྒྱར་བཞུགས་པར་གསོལ། །དགེ་ཚོགས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །སྐྱབས་ཀུན་འདུས་ཞལ་བླ་མ་རིན་པོ་ཆེས། །ལྷན་སྐྱེས་ཡེ་ཤེས་རིམ་གཉིས་ཉམས་རྟོགས་སྐྱེ། །མཁའ་འགྲོ་ཆོས་སྐྱོང་དབང་འདུས་ལས་བཞི་ཡི། །ཕྲིན་ལས་འབད་མེད་འགྲུབ་པར་བྱིན་གྱིས་རློབས། །གང་དྲིན་མའམ། རང་རང་གི་བླ་མའི་སྐུ་བསྟོད་སོགས་ཅི་འགྲུབ་འདོན། དེ་ལྟར་གསོལ་བས་བླ་མའི་གསང་གསུམ་ལས། །དཀར་དམར་མཐིང་གའི་འོད་ཟེར་རིམ་གཅིག་ཆར། །རབ་འཕྲོས་རང་གི་གནས་གསུམ་ཐིམ་པའི་མོད། །དབང་ཐོབ་སྒྲིབ་དག་སྐུ་བཞིར་བྱིན་བརླབས་ནས། །བླ་མ་འོད་ཞུ་རང་སེམས་རོ་གཅིག་དང་། །གསལ་དྭངས་སྣང་བ་མ་འགགས་བླ་མའི་སྐུ། །རང་བཞིན་སྟོང་ཉིད་དག་པ་བླ་མའི་གསུང་། །ཟུང་འཇུག་བརྗོད་བྲལ་བློ་འདས་བླ་མའི་ཐུགས། །གནས་ལུགས་བརྗོད་བྲལ་བླ་མའི་རང་ཞལ་ལྟ། །ཞེས་བླ་མ་དང་ཐུགས་ཡིད་བསྲེས་ལ་མཉམ་བར་བཞག་གོ། འགྲོ་ཀུན་བདེ་ལྡན་སྡུག་བསྔལ་རྒྱུར་བཅས་བྲལ། །བདེ་དང་མི་འབྲལ་བཏང་སྙོམས་གནས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། །དངོས་གཞི་སྤྱིའི་བསྐྱེད་རིམ་ནི། ཨོཾ་ཤཱུ་ནྱ་ཏཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧྃ། ཆོས་ཀུན་རང་བཞིན་སྟོང་ཉིད་དག་པའི་དབྱིངས། སུྃ་ལས་རྡོ་རྗེའི་བྲག་རྫོང་དམར་ནག་སྟེང་། །ཨེ་ལས་ཆོས་འབྱུང་མཐིང་ནག་ཁྲག་མཚོའི་ཀློང་། །པད་ཉིའི་སྟེང་ཧཱུྃ་རྡོ་རྗེའི་ས་གཞི་དང་། །རྭ་གུར་མེ་དཔུང་སྲུང་བའི་འཁོར་ལོ་གསལ། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། དེ་ནང་ཧཱུྃ་ལས་གནམ་ལྕགས་འཁོར་ལོ་ནི། །རྩིབས་བཅུ་རྩེ་རྣོ་སྦུབ་སྟོང་རྒྱ་ཆེར་བརྟན། །ཨོཾ་བཛྲ་ཙཀྲ་རཀྵ་ཧཱུྃ་བྷཱུྃ་ཧཱུྃ། ལན་གསུམ། དེ་ཡི་ནང་དབུས་ཕྱོགས་མཚམས་སྟེང་འོག་ཏུ། །པད་ཉི་རོ་སྟེང་ཧཱུྃ་བཅུས་མཚན་པ་ལས། །འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། །མ་ཧཱ་ཀཱ་ལ་མཐིང་ནག་ཞལ་གཅིག་པ། །ཕྱག་གཉིས་ཐུགས་ཀར་གྲི་ཐོད་གཎྜི་འཛིན། །རུས་རྒྱན་སྦྲུལ་སྟག་དར་ཟབ་ལྷབ་ལྷུབ་དང་། །ཕོ་ཉ་ལྔས་བསྐོར་མེ་དབུས་ཟླུམ་སྟབས་བཞུགས། །ཁྲོ་བཅུ་དོར་སྟབས་ཐོད་ཁྲག་གྲི་གུག་འཕྱར། །ཀུན་ཀྱང་མཐིང་ནག་ཁྲོ་ཞལ་སྤྱན་གསུམ་རྔམ། །ཁྲོས་འཁྲུགས་སྐྲ་བརྫེས་གར་དགུའི་ཉམས་དང་ལྡན། །རུས་རྒྱན་སྦྲུལ་ཆིངས་སྟག་ཤམ་དར་ནག་ལྷུབ། །མེ་དཔུང་དབུས་བཞུགས་ཕྱི་རོལ་དུར་ཁྲོད་དུ། །ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་སྤྲིན་མེ་ཆུ་རོ། །དཔལ་མགོན་བདུན་ཅུ་དྲེགས་བྱེད་ཚོགས་ཀྱིས་བསྐོར། །གཙོ་འཁོར་གནས་གསུམ་འབྲུ་གསུམ་ཧཱུྃ་འོད་ཀྱིས། །རང་བཞིན་གནས་ནས་རང་འདྲ་སྤྱན་དྲངས་ཏེ། །ཛཿཧཱུྃ་བྃ་ཧོཿས་དམ་ཡེ་དབྱེར་མེད་གྱུར། །སླར་ཡང་འོད་འཕྲོས་རིགས་ལྔ་སྤྱན་དྲངས་ནས། །བདག་ལ་དབང་བསྐུར་གསོལ་བས་དེ་རྣམས་ཀྱིས། །ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། །ཞེས་གསུངས་ཀུན་ལ་མི་བསྐྱོད་སྤྱི་བོར་བརྒྱན། །ཞེས་ཤར་བསྒོམ་གྱིས་ཉམས་སུ་བླངས་ལ། ང་རྒྱལ་དང་རྣམ་པའི་གསལ་སྣང་ལ་ཅི་ནུས་སུ་སེམས་འཛིན། རང་གི་སྙིང་གར་པད་ཉི་རྡོ་རྗེའི་ལྟེར། །ཧཱུྃ་ཡིག་བསྲུང་བྱ་སྔགས་ཀྱིས་མཚན་པར་གྱུར། སྒོ་གསུམ་སྦ་བ་དང་། གོ་བགོ་བ་ནི། རང་སྲུང་སྙིང་གར་མིང་ཡིག་ཐིག་ལེ་ཧཱུྃ། །རྡོ་རྗེའི་རྡུལ་འཕྲོས་རྡོ་རྗེའི་གོ་ཁྲབ་གཏམས། སྐུ་གསུང་ཐུགས་མི་འགྱུར་བའི་གདམས་པ་ནི། རང་ཉིད་གཙོ་བོའི་གནས་གསུམ་འབྲུ་གསུམ་ལས། །འཁོར་ལོ་པདྨ་རྡོ་རྗེ་འབྲུ་གསུམ་མཚན། །ཨོཾ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས། །རྩ་གསུམ་བྱིན་ནུས་སྤྱན་དྲངས་ཨོཾ་ལ་སྟིམ། །དེ་ལས་འོད་འཕྲོས་བདག་གི་ལུས་ཀུན་ཁེངས། །ལུས་ཀྱི་སྡིག་སྒྲིབ་བྱད་གཏད་ཐམས་ཅད་སྦྱངས། །བདག་ལུས་རྡོ་རྗེ་འཇིག་མེད་ཚེ་ཐུབ་གྱུར། །མགྲིན་པའི་ཨཱཿལས་འོད་འཕྲོས་རྩ་གསུམ་གྱི། །ནུས་སྟོབས་སྤྱན་དྲངས་ཐིམ་པས་འོད་དམར་གྱིས། །ལུས་ཁེངས་ངག་གི་སྡིག་སྒྲིབ་ཉེས་སྐྱོན་སྦྱངས། །གསུང་དབྱངས་འགགས་མེད་དྲུག་ཅུའི་དབྱངས་ཐོབ་གྱུར། །ཧཱུྃ་ལས་འོད་སྔོན་རབ་འཕྲོས་བླ་མ་དང་། །ཡི་དམ་སྲས་བཅས་རྒྱལ་བའི་བྱིན་རླབས་ཀུན། །སྤྱན་དྲངས་ཐིམ་པས་འོད་ཀྱིས་བདག་ལུས་ཁེངས། །ཡིད་ཀྱི་སྐྱོན་སྦྱངས་ཆོས་སྐུའི་དོན་རྟོགས་གྱུར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་མ་མ་ཀཱ་ཡ་ཝཱཀྩིཏྟ་རཀྵ་རཀྵ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་ཅུང་ཟད་བཟླ། ལྕེ་བྱིན་རླབས་ནི། ལྕེ་ཉིད་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་མཐར། །དབྱངས་གསལ་རྭ་ནང་བཛྲ་ཛི་ཧྭའི་སྔགས། །མདོག་དམར་ཐོ་བརྩེགས་འོད་ཀྱིས་ངག་སྐྱོན་བསྲེགས། །དབྱངས་གསལ་ནུས་པས་གསུང་གི་རྡོ་རྗེར་འགྲུབ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་མ་མ་བཛྲ་ཛི་ཧཱ་རཀྵ་རཀྵ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བཟླ། འཁོར་ལོ་སྟོབས་བསྐྱེད་ནི། སླར་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ངོ་བོ་ཡི། །མྃ་ཡིག་གསེར་མདོག་སྤྱན་དྲངས་འཁོར་ལོར་ཐིམ། །ངར་ལྡན་ཤུགས་དྲག་གཡས་སུ་འཁོར་བར་གྱུར། །ཨོཾ་བཛྲ་ཙཀྲ་རཀྵ་ཧཱུྃ་བྷཱུྃ་ཧཱུྃ། ཞེས་བརྗོད། སྲུང་བ་རིམ་བདུན་དང་། འཁོར་ལོ་སེར་ཆུང་ཉམས་སུ་བླང་བར་སྤྲོ་ན་འདིར་སྦྱར། བདག་གིས་བསྒོམ་པའི་སྲུང་བའི་འཁོར་ལོ་ལས། །མེ་འབར་འཁོར་ལོ་གྲངས་མེད་འཕྲོས་པ་རྣམས། །གུར་རྒྱབ་གཡས་གཡོན་འཁོར་བའི་མེ་འོད་ཀྱིས། །གནོད་བྱེད་ཐམས་ཅད་དཔག་ཚད་ཙམ་དུ་ཡང་། །འོང་ནུས་མེད་པའི་བརྗིད་ནུས་སྟོབས་ལྡན་གྱུར། །ལྷ་རྣམས་ནང་གཟིགས་སྔགས་ཀྱི་འབྲུག་སྒྲ་སྒྲོགས། །འཁོར་ལོ་གཡས་འཁོར་མེ་འབར་གདོན་བགེགས་བསྲེགས། །དེ་ལྟར་དམིགས་པ་རྩེ་གཅིག་པས། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་དང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་དང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན་སོགས་སྔགས་གསུམ་པོ་གང་ལ་གྲངས་བཟུང་བ་དེ་གཙོ་བོར་བཟླས་ལ་ཉམས་སུ་བླངས་མཐར། ཐལ་མོ་སྦྱར་ལ། ནག་པོ་ཆེན་པོའི་གསང་གསུམ་བྱིན་རླབས་ཀུན། །བདག་ལ་སྩོལ་ཞིང་དོན་གཉིས་ལྷུན་གྲུབ་ཤོག །བཟློག་པ་ནི། ཕྱི་ཡི་རྩིབས་པར་བརྒྱད་དུ་ཡྃ་ལས་རླུང་། །རྃ་ལས་མེ་དཀྱིལ་སྟེང་དུ་ནྲྀ་ཏྲི་སྲི། །དགྲ་བོ་ཕོ་གདོན་མོ་གདོན་གྲངས་མེད་བཀུག །ཛཿཧཱུྃ་བྃ་ཧོཿས་བསྟིམས་ལ་ཧཱུྃ་དྲག་པོས། །ཁྲོ་བོ་ཕྱིར་གཟིགས་འཁོར་ལོས་དགྲ་བགེགས་གཏུབས། ཞེས་དམིགས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་སོགས་སྤེལ་ཚིག་ཅན་ཅི་ནུས་བཟླས་མཐར། བྷ་ཡ་ན་ས་སོགས་ལན་གསུམ་བཟླས་ལ། བླ་མའི་སྐུ་དགྲ་བསྟན་པ་སྤྱི་ཡི་དགྲ། །རྣལ་འབྱོར་བདག་ལ་སྡང་སེམས་དགྲ་བགེགས་ཀྱི། །བསམ་སྦྱོར་ངན་རྣམས་བྱད་མ་རང་གཤེད་བཟློག །བསད་བསྒྲལ་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྦྱོར། ཞེས་བརྗོད་ལ། ལག་གཉིས་གནམ་ལྕགས་འཁོར་ལོའི་བར་དུ་དགྲ་བགེགས་དམིགས་ལ་ཐལ་མོ་ལན་གསུམ་བརྡབ། རོ་མ་རྣམས་འོག་གི་མགོན་པོའི་ཞབས་འོག་ཏུ་མནན་པར་བསམས་ལ་འཁོར་གསུམ་དམིགས་མེད་ངང་དུ་མཉམ་པར་བཞག་གོ། སླར་ཡང་། ཧཱུྃ་ཧཱུྃ། ལྷ་རྣམས་ནང་གཟིགས་འཁོར་ལོ་གཡས་འཁོར་བརྟན། ཨོཾ་བཛྲ་ཙཀྲ་རཀྵ་ཧཱུྃ་བྷྲཱུྃ་ཧཱུྃ། ལན་གསུམ། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། །སྣོད་བཅུད་འོད་ཞུ་སྲུང་འཁོར་དུར་ཁྲོད་ཐིམ། །དེ་དང་ཁྲོ་བོ་གདན་བཅས་རང་ལ་ཐིམ། པར་བསམས་ལ་རང་གཙོ་བོའི་ང་རྒྱལ་གྱི་ངང་ནས་དྲག་པོ་སྔགས་རྒོད་དང་། གུར་མགོན་དཀར་པོའི་ཚེ་སྒྲུབ་དག་ཉམས་སུ་བླང་བར་བྱའོ། །དེ་ལས་ལྡང་བ་ན། རང་ཉིད་མགོན་པོའི་གནས་གསུམ་ཨོཾ་ཨཱཿཧཱུྃ། །དགེ་བ་འདི་ཡིས་བདག་སོགས་འགྲོ་ཀུན་གྱི། །དམ་ཆོས་བཤད་སྒྲུབ་ཉེར་འཚེ་ཀུན་ཞི་ནས། །ལུང་རྟོགས་བསྟན་པ་ཕྱོགས་བཅུར་དར་བ་དང་། །འཇིག་རྟེན་དགེ་ལེགས་ཆེན་པོས་ཁྱབ་པར་ཤོག །བགེགས་དང་ལོག་པ་སོགས། དེ་ལས་བྱུང་བའི་སོགས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐར་བརྒྱན་ནས་ཐུན་ལས་ལྡང་བར་བྱའོ། །ཞེས་པ་འདིའང་ཚར་ཆེན་རིན་པོ་ཆེའི་བླ་མའི་རྣལ་འབྱོར་དངོས་གྲུབ་རིན་པོ་ཆེའི་མཛོད་དང་། ཞུ་ཆེན་མ་ཧཱ་པཎྜི་ཏའི་ཁྲོ་བཅུའི་སྒྲུབ་ཐབས་ཉུང་ངུ་རྣམ་གསལ་སོགས་ལས་རྗེ་བླ་མའི་ཞལ་བཀོད་ལྟར་སྒྲིགས་ནས་ཉམས་ལེན་སྟབས་བདེར་བྱེད་པ་རྣམས་ལ་ཕན་འདོད་ཀྱིས། བླ་་མ་དང་ལྷ་འདི་ལ་མི་ཕྱེད་པའི་སྙིང་ནས་འདུན་པ་ཅན་རཏྣ་དྷྭ་ཛའམ། རྒྱལ་སྲས་ཐུགས་རྗེའི་ཉི་མས་རོང་མེ་དཀར་མོ་སྟག་ཚང་གི་དབེན་རིར་རྗེ་བླ་མ་གཅད་རྒྱའི་སྐབས་དེར་ལོང་ཞོར་དུ་བྲིས་པས་ཆོས་སྒྲུབ་རྣམས་བར་ཆད་བདུད་བགེགས་ཀྱི་གཡུལ་ལས་རྒྱལ་ནས་བླ་མ་དང་མགོན་པོ་དབྱེར་མེད་གྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སླར་ཡང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཞུས་དག་པར་བྱས་པའོ། །སརྦ་དཱ་མངྒ་ལཾ། བྷ་ཝ་ཏུ།། །།
[edit]

@#/__/dpal rdo rje nag po chen po gur gyi mgon po khro bcu'i sgrub thabs rgyun khyer nyung ngu rnam gsal zhes bya ba bzhugs so/__/ spros bral chos kyi sku las ma g.yos kyang /__/bstan dgra 'dul phyir longs spyod khros pa'i gar/__/mgon po sprul pa'i khro bo bcu gcig gi/__sgrub thabs nyung ngu rnam gsal 'bri bar bya/__/thog mar brgyud pa'i gsol 'debs sngon du 'gro bas/__skyabs yul gsal btab nas/__bdag dang 'gro ba nam mkha'i mtha' dang mnyam pa'i sogs nas/__dpal ldan bla ma dam pa rnams la=yi dam dkyil 'khor gyi lha tshogs rnams la=rdzogs pa'i sangs rgyas bcom ldan 'das rnams la=dam pa'i chos rnams la='phags pa'i dge 'dun rnams la=mkha' 'gro chos skyong srung ma ye shes kyi spyan dang ldan pa rnams la skyabs su mchi'o/__/drug skor ram bsdu na/__bdag sogs 'gro kun deng nas byang chub bar/__/bla ma sangs rgyas chos dang dge 'dun la/__/skyabs su mchi'o gzhan don sangs rgyas phyir/__/rdo rje nag po chen po bsgom par bgyi/__/lan gsum sogs/__rdor sems bsgom bzlas ni/__rang gi spyi bor bla ma rdo rje sems/__/yab yum mnyam sbyor thugs ka'i hU~M 'od 'phros/__/don gnyis byas nas hU~M las bdud rtsi bab/__/bdag gi lus gang nad gdon sdig sgrib dag__/bsams la he ru ka'i yig brgya bzlas mthar/__rdor sems yab yum 'od zhu rang la thim/__bar bsam/__bla ma'i rnal 'byor ni/__gnas khang dur khrod rol pa'i gzhal yas gsal/__/mdun mkhar seng khri pad nyi bdud kyi gdan/__/rtsa brgyud 'dus zhal 'khor lo'i mgon po nyid/__/ma hA kA la mthing nag 'jigs pa'i sku/__/nyin byed bye ba'i gzi can zhal gcig pa/__/phyag gnyis gri thod dbus na gaN+Di'i mdzes/__/dar zab na bza' stag sham rus rgyan 'phyang /__/ye shes me dbus bzhugs pa'i gnas gsum du/__/'bru gsum gyis mtshan hU~M las 'od 'phros pas/__/skyabs gnas thams cad spyan drangs dbyer med thim/__/skyabs kun 'dus zhal rtsa ba'i bla ma la/__/mi phyed snying nas phyag 'tshal mchod pa 'bul/__/sdig ltung kun bshags dge la rjes yi rang /__/chos 'khor bskor bzhin bskal brgyar bzhugs par gsol/__/dge tshogs 'gro kun byang chub thob phyir bsngo/__/skyabs kun 'dus zhal bla ma rin po ches/__/lhan skyes ye shes rim gnyis nyams rtogs skye/__/mkha' 'gro chos skyong dbang 'dus las bzhi yi/__/phrin las 'bad med 'grub par byin gyis rlobs/__/gang drin ma'am/__rang rang gi bla ma'i sku bstod sogs ci 'grub 'don/__de ltar gsol bas bla ma'i gsang gsum las/__/dkar dmar mthing ga'i 'od zer rim gcig char/__/rab 'phros rang gi gnas gsum thim pa'i mod/__/dbang thob sgrib dag sku bzhir byin brlabs nas/__/bla ma 'od zhu rang sems ro gcig dang /__/gsal dwangs snang ba ma 'gags bla ma'i sku/__/rang bzhin stong nyid dag pa bla ma'i gsung /__/zung 'jug brjod bral blo 'das bla ma'i thugs/__/gnas lugs brjod bral bla ma'i rang zhal lta/__/zhes bla ma dang thugs yid bsres la mnyam bar bzhag go/__'gro kun bde ldan sdug bsngal rgyur bcas bral/__/bde dang mi 'bral btang snyoms gnas par shog__/ces tshad med bzhi bsgom/__/dngos gzhi spyi'i bskyed rim ni/__oM shU n+ya tadz+nyA na badz+ra swa b+hA wa At+ma ko\u0f85 ha~M/__chos kun rang bzhin stong nyid dag pa'i dbyings/__su~M las rdo rje'i brag rdzong dmar nag steng /__/e las chos 'byung mthing nag khrag mtsho'i klong /__/pad nyi'i steng hU~M rdo rje'i sa gzhi dang /__/rwa gur me dpung srung ba'i 'khor lo gsal/__/oM badz+ra rak+Sha rak+Sha hU~M hU~M hU~M phaT swA hA/__lan gsum/__de nang hU~M las gnam lcags 'khor lo ni/__/rtsibs bcu rtse rno sbub stong rgya cher brtan/__/oM badz+ra tsakra rak+Sha hU~M b+hU~M hU~M/__lan gsum/__de yi nang dbus phyogs mtshams steng 'og tu/__/pad nyi ro steng hU~M bcus mtshan pa las/__/'od zer 'phro 'dus yongs su gyur pa las/__/ma hA kA la mthing nag zhal gcig pa/__/phyag gnyis thugs kar gri thod gaN+Di 'dzin/__/rus rgyan sbrul stag dar zab lhab lhub dang /__/pho nya lngas bskor me dbus zlum stabs bzhugs/__/khro bcu dor stabs thod khrag gri gug 'phyar/__/kun kyang mthing nag khro zhal spyan gsum rngam/__/khros 'khrugs skra brdzes gar dgu'i nyams dang ldan/__/rus rgyan sbrul chings stag sham dar nag lhub/__/me dpung dbus bzhugs phyi rol dur khrod du/__/phyogs skyong zhing skyong klu sprin me chu ro/__/dpal mgon bdun cu dregs byed tshogs kyis bskor/__/gtso 'khor gnas gsum 'bru gsum hU~M 'od kyis/__/rang bzhin gnas nas rang 'dra spyan drangs te/__/dzaHhU~M ba~M hoHsa dam ye dbyer med gyur/__/slar yang 'od 'phros rigs lnga spyan drangs nas/__/bdag la dbang bskur gsol bas de rnams kyis/__/oM badz+rI b+ha wa a b+hi Shiny+tsa hU~M/__/zhes gsungs kun la mi bskyod spyi bor brgyan/__/zhes shar bsgom gyis nyams su blangs la/__nga rgyal dang rnam pa'i gsal snang la ci nus su sems 'dzin/__rang gi snying gar pad nyi rdo rje'i lter/__/hU~M yig bsrung bya sngags kyis mtshan par gyur/__sgo gsum sba ba dang /__go bgo ba ni/__rang srung snying gar ming yig thig le hU~M/__/rdo rje'i rdul 'phros rdo rje'i go khrab gtams/__sku gsung thugs mi 'gyur ba'i gdams pa ni/__rang nyid gtso bo'i gnas gsum 'bru gsum las/__/'khor lo pad+ma rdo rje 'bru gsum mtshan/__/oM las 'od zer dkar po phyogs bcur 'phros/__/rtsa gsum byin nus spyan drangs oM la stim/__/de las 'od 'phros bdag gi lus kun khengs/__/lus kyi sdig sgrib byad gtad thams cad sbyangs/__/bdag lus rdo rje 'jig med tshe thub gyur/__/mgrin pa'i AHlas 'od 'phros rtsa gsum gyi/__/nus stobs spyan drangs thim pas 'od dmar gyis/__/lus khengs ngag gi sdig sgrib nyes skyon sbyangs/__/gsung dbyangs 'gags med drug cu'i dbyangs thob gyur/__/hU~M las 'od sngon rab 'phros bla ma dang /__/yi dam sras bcas rgyal ba'i byin rlabs kun/__/spyan drangs thim pas 'od kyis bdag lus khengs/__/yid kyi skyon sbyangs chos sku'i don rtogs gyur/__oM shrI ma hA kA la ya ma ma kA ya wAk+tsit+ta rak+Sha rak+Sha ku ru ku ru swA hA/__zhes cung zad bzla/__lce byin rlabs ni/__lce nyid rdo rje'i lte bar hU~M yig mthar/__/dbyangs gsal rwa nang badz+ra dzi hwa'i sngags/__/mdog dmar tho brtsegs 'od kyis ngag skyon bsregs/__/dbyangs gsal nus pas gsung gi rdo rjer 'grub/__oM shrI ma hA kA la ya ma ma badz+ra dzi hA rak+Sha rak+Sha ku ru ku ru swA hA/__zhes bzla/__'khor lo stobs bskyed ni/__slar yang phyogs bcu'i rgyal ba sras bcas kyi/__/sku gsung thugs yon phrin las ngo bo yi/__/ma~M yig gser mdog spyan drangs 'khor lor thim/__/ngar ldan shugs drag g.yas su 'khor bar gyur/__/oM badz+ra tsakra rak+Sha hU~M b+hU~M hU~M/__zhes brjod/__srung ba rim bdun dang /__'khor lo ser chung nyams su blang bar spro na 'dir sbyar/__bdag gis bsgom pa'i srung ba'i 'khor lo las/__/me 'bar 'khor lo grangs med 'phros pa rnams/__/gur rgyab g.yas g.yon 'khor ba'i me 'od kyis/__/gnod byed thams cad dpag tshad tsam du yang /__/'ong nus med pa'i brjid nus stobs ldan gyur/__/lha rnams nang gzigs sngags kyi 'brug sgra sgrogs/__/'khor lo g.yas 'khor me 'bar gdon bgegs bsregs/__/de ltar dmigs pa rtse gcig pas/__oM ma hA kA la hU~M phaT/__ces dang /__oM shrI ma hA kA la ya hU~M hU~M phaT swA hA/__zhes dang /__oM shrI ma hA kA la ya shA sa na sogs sngags gsum po gang la grangs bzung ba de gtso bor bzlas la nyams su blangs mthar/__thal mo sbyar la/__nag po chen po'i gsang gsum byin rlabs kun/__/bdag la stsol zhing don gnyis lhun grub shog__/bzlog pa ni/__phyi yi rtsibs par brgyad du ya~M las rlung /__/ra~M las me dkyil steng du nr-i tri sri/__/dgra bo pho gdon mo gdon grangs med bkug__/dzaHhU~M ba~M hoHsa bstims la hU~M drag pos/__/khro bo phyir gzigs 'khor los dgra bgegs gtubs/__zhes dmigs la/__oM shrI ma hA kA la ya/__shA sa na sogs spel tshig can ci nus bzlas mthar/__b+ha ya na sa sogs lan gsum bzlas la/__bla ma'i sku dgra bstan pa spyi yi dgra/__/rnal 'byor bdag la sdang sems dgra bgegs kyi/__/bsam sbyor ngan rnams byad ma rang gshed bzlog__/bsad bsgral rnam shes chos kyi dbyings su sbyor/__zhes brjod la/__lag gnyis gnam lcags 'khor lo'i bar du dgra bgegs dmigs la thal mo lan gsum brdab/__ro ma rnams 'og gi mgon po'i zhabs 'og tu mnan par bsams la 'khor gsum dmigs med ngang du mnyam par bzhag go/__slar yang /__hU~M hU~M/__lha rnams nang gzigs 'khor lo g.yas 'khor brtan/__oM badz+ra tsakra rak+Sha hU~M b+h+rU~M hU~M/__lan gsum/__rang gi snying ga'i hU~M las 'od 'phros pas/__/snod bcud 'od zhu srung 'khor dur khrod thim/__/de dang khro bo gdan bcas rang la thim/__par bsams la rang gtso bo'i nga rgyal gyi ngang nas drag po sngags rgod dang /__gur mgon dkar po'i tshe sgrub dag nyams su blang bar bya'o/__/de las ldang ba na/__rang nyid mgon po'i gnas gsum oM AHhU~M/__/dge ba 'di yis bdag sogs 'gro kun gyi/__/dam chos bshad sgrub nyer 'tshe kun zhi nas/__/lung rtogs bstan pa phyogs bcur dar ba dang /__/'jig rten dge legs chen pos khyab par shog__/bgegs dang log pa sogs/__de las byung ba'i sogs bsngo smon shis brjod kyis mthar brgyan nas thun las ldang bar bya'o/__/zhes pa 'di'ang tshar chen rin po che'i bla ma'i rnal 'byor dngos grub rin po che'i mdzod dang /__zhu chen ma hA paN+Di ta'i khro bcu'i sgrub thabs nyung ngu rnam gsal sogs las rje bla ma'i zhal bkod ltar sgrigs nas nyams len stabs bder byed pa rnams la phan 'dod kyis/__bla ma dang lha 'di la mi phyed pa'i snying nas 'dun pa can rat+na d+h+wa dza'am/__rgyal sras thugs rje'i nyi mas rong me dkar mo stag tshang gi dben rir rje bla ma gcad rgya'i skabs der long zhor du bris pas chos sgrub rnams bar chad bdud bgegs kyi g.yul las rgyal nas bla ma dang mgon po dbyer med gyi go 'phang thob pa'i rgyur gyur cig__/slar yang 'jam dbyangs chos kyi blo gros pas zhus dag par byas pa'o/__/sarba dA mang+ga laM/__b+ha wa tu//___//

Footnotes

Other Information