JKCL-KABUM-07-JA-025

From Khyentse Lineage - A Tsadra Foundation Project

དཔལ་རྡོ་རྗེ་ནག་པོ་ཆེན་པོའི་སྲུང་འཁོར་རྡོ་རྗེ་བྲག་རྫོང་མ་གསང་སྒྲུབ་དང་བཅས་པའི་རྒྱུན་ཁྱེར་བདུད་སྡེ་འཇོམས་པའི་མཚོན་ཆ།
Wylie title dpal rdo rje nag po chen po'i srung 'khor rdo rje brag rdzong ma gsang sgrub dang bcas pa'i rgyun khyer bdud sde 'joms pa'i mtshon cha JKCL-KABUM-07-JA-025.pdf
Location chos kyi blo gros bka' 'bum
Volume 7, Text 25, Pages 455-510 (Folios 1a1 to 28b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal rdo rje nag po chen po'i srung 'khor rdo rje brag rdzong ma gsang sgrub dang bcas pa'i rgyun khyer bdud sde 'joms pa'i mtshon cha. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 455-510. Bir, H.P.: Khyentse Labrang, 2012.
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Deity nag po chen po
Colophon

།ཅེས་བ་འདིའང་ཚར་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱི་གསུངས་དང་དགོངས་དོན་ཕྱིན་ཅི་མ་ལོག་པ་བརྒྱུད་ལྡན་མཁས་པའི་གསུང་ལས་ཇི་ལྟར་ཐོས་པ་བཞིན་ལེགས་པར་བསྡེབས་པ་འདི་ནི་ཆོས་མེད་ཀྱི་དྲེད་པོ་ཨཱནནྡ་ཤཱ་ས་ན་དྷཱ་ཛས་རང་དང་སྐལ་མཉམ་འགའ་ལ་ཕན་པའི་ལྷག་བསམ་གྱིས་བགྱིས་པ་ཆོས་བརྒྱུད་མི་གཅིག་པ་དང་། ཁྲིད་མ་རྫོགས་ཤིང་ཉམས་སུ་མི་ལེན་པ་དག་གི་སྤྱོད་ཡུལ་དུ་མི་འཆལ་ཞིང་། སྐལ་ལྡན་རྣམས་ཀྱི་མིག་དང་སྙིང་ལ་ངོམས་པ་མེད་པའི་བདུད་རྩིར་གྱུར་ནས་རང་སེམས་བླ་མ་ནག་པོ་ཆེན་པོའི་རང་ཞལ་མངོན་སུམ་མཇལ་ཏེ་ཕྱི་རོལ་གྱི་དྲེགས་པ་རྒྱུད་གསུམ་དབང་དུ་འདུ་ཞིང་ལས་བཞིའི་ཕྲིན་ལས་ལ་མངའ་དབང་འབྱོར་པའི་རྒྱུར་གྱུར་ཅིག །མགོན་པོ་ཕྱི་ནང་གསང་བའི་སྒྲུབ་ཐབས་འདི་ཉིད་ངག་དབང་བཟང་པོའི་སློབ་མ་ཞིག་གིས་མཛད་པ་ཚིག་བཅད་ཕལ་ཆེར་སྡེ་དགེ་ཡབ་ཆེན་གྱི་གསུང་བཀོད་འདུག་ཀྱང་། ཚིག་ཕྲད་དང་མཚམས་སྦྱོར་མི་བདེ་བ་ཁ་ཤས་ཡོད་ནའང་། སྙན་བརྒྱུད་ཀྱི་དོན་གནད་ཚང་ཞིང་། ཉམས་ལེན་མཁན་ལ་ཁྱེར་བདེ་བར་མཐོང་ནས་འཇ྄༵མ་དབྱང྄༵ས་ཆ྄ོ༵ས་ཀྱ྄ི༵་བླ྄ོ༵་གྲོས྄༵་པས་ཞུ་ཆེན་མ་ཧཱ་པཎྜི་ཏ་དང་། འཇམ་མགོན་ངག་དབང་ལེགས་གྲུབ་ཀྱི་གསུང་རྣམས་ལ་ཞུ་གཏུགས་དང་། ཚིག་བཅད་རྣམས་ལ་བརྗོད་བདེའི་འབྱིན་འཇུག་ཅུང་ཟད་བགྱིས་པ་འདིས་ཀྱང་རྗེ་བཙུན་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་མཐར་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་ཛ་ག་ཏཾ།།

/ces ba 'di'ang tshar chen rdo rje 'chang yab sras kyi gsungs dang dgongs don phyin ci ma log pa brgyud ldan mkhas pa'i gsung las ji ltar thos pa bzhin legs par bsdebs pa 'di ni chos med kyi dred po Anan+da shA sa na d+hA dzas rang dang skal mnyam 'ga' la phan pa'i lhag bsam gyis bgyis pa chos brgyud mi gcig pa dang /__khrid ma rdzogs shing nyams su mi len pa dag gi spyod yul du mi 'chal zhing /__skal ldan rnams kyi mig dang snying la ngoms pa med pa'i bdud rtsir gyur nas rang sems bla ma nag po chen po'i rang zhal mngon sum mjal te phyi rol gyi dregs pa rgyud gsum dbang du 'du zhing las bzhi'i phrin las la mnga' dbang 'byor pa'i rgyur gyur cig__/mgon po phyi nang gsang ba'i sgrub thabs 'di nyid ngag dbang bzang po'i slob ma zhig gis mdzad pa tshig bcad phal cher sde dge yab chen gyi gsung bkod 'dug kyang /__tshig phrad dang mtshams sbyor mi bde ba kha shas yod na'ang /__snyan brgyud kyi don gnad tshang zhing /__nyams len mkhan la khyer bde bar mthong nas 'jam dbyangs chos kyi blo gros pas zhu chen ma hA paN+Di ta dang /__'jam mgon ngag dbang legs grub kyi gsung rnams la zhu gtugs dang /__tshig bcad rnams la brjod bde'i 'byin 'jug cung zad bgyis pa 'dis kyang rje btsun sa skya pa'i bstan pa rin po che spyi dang /__bye brag tshar chen chos kyi rgyal po'i snyan brgyud kyi bstan pa rin po che phyogs mthar rgyas pa'i rgyur gyur cig__/sarba dza ga taM//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །དཔལ་རྡོ་རྗེ་ནག་པོ་ཆེན་པོའི་སྲུང་འཁོར་རྡོ་རྗེ་བྲག་རྫོང་མ་གསང་སྒྲུབ་དང་བཅས་པའི་རྒྱུན་ཁྱེར་བདུད་སྡེ་འཇོམས་པའི་མཚོན་ཆ་ཞེས་བྱ་བ་བཞུགས་སོ། ། ན་མོ་ཤྲཱི་གུ་རུ་ཧེ་རུ་ཀ་བཛྲ་མ་ཧཱ་ཀཱ་ལཱ་ཡ། །བླ་མ་བཅོམ་ལྡན་དགྱེས་མཛད་ཧེ་རུ་ཀ། གདུལ་དཀའ་འདུལ་མཛད་ནག་པོ་ཆེན་པོར་སྟོན། །དཔའ་བོ་དགྲ་ལས་རྣམ་རྒྱལ་གང་དེ་ལ། །བཏུད་ནས་ཕྱི་ནང་གསང་བའི་སྒྲུབ་ཐབས་དབྱེ། །དེ་ལ་འདིར་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ཐུན་མོང་མ་ཡིན་པའི་སྲུང་འཁོར་ནང་ཁྲིད་དང་བཅས་པ་རྒྱུན་དུ་ཉམས་སུ་ལེན་པར་འདོད་པས། སྔོན་འགྲོ། དངོས་གཞི། རྗེས་གསུམ་མོ། །དང་པོ་ལ་སྤྱི་དང་། ཁྱད་པར་གྱི་སྔོན་འགྲོ་གཉིས་ལས། དང་པོ་སྤྱིའི་སྔོན་འགྲོ་ལ་བཞི་ལས། སྐྱབས་སུ་འགྲོ་བ་ནི། ལུས་བསམ་གཏན་གྱི་འདུག་སྟངས་བྱས་ལ། སྐྱབས་ཡུལ་གསལ་བཏབ་སྟེ་ངག་ཏུ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་ད་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་མཐར་རྡོ་རྗེའི་ཐལ་མོ་སྙིང་གར་སྦྱར་ནས། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་ལ་མཉམ་པར་བཞག །གཉིས་པ་སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ལམ་གྱི་རིམ་པ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། གསུམ་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཔལ་ཧེ་རུ་ཀ་སོགས་ཀྱེ་རྡོར་ལྟར། ཤུལ་ཐམས་ཅད་བདུད་རྩིའི་གང་བར་གྱུར། ཞེས་པའི་བར་དང་། ཧེ་རུ་ཀའི་ཡིག་བརྒྱ་ཅི་ནུས་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། ཞེས་སོགས་ནས། དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་སྡིག་སྒྲིབ་དག་པའི་གནང་བ་བྱིན་པར་བསམ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་སྟེ་སྤྱི་བོ་ནས་རང་ལ་ཐིམ་པས་རང་གི་ལུས་འཇའ་ཚོན་ལྟ་བུར་གྱུར། བཞི་པ་བླ་མའི་རྣལ་འབྱོར་ནི། གནས་ཁང་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུ་གསལ་བའི་ནང་དུ། རང་གི་མདུན་གྱི་ནམ་མཁར་ཆོས་སྐྱོང་འཁོར་བཅས། དེ་ཡི་དབུ་ཡི་སྟེང་དུ་བཀའ་དྲིན་ཟླ་མེད་རྩ་བའི་བླ་མ་དམ་པ་ནས་བཟུང་སྟེ་རྡོ་རྗེ་འཆང་གི་བར་གྱི་བླ་མ་བརྒྱུད་པ་རྣམས་སྐུ་གུར་གྱི་མགོན་པོའི་རྣམ་པ་ཅན་བདག་ལ་དགྱེས་ཤིང་འཛུམ་པ། སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་ཐོ་བརྩེགས་སུ་བཞུགས་པར་བསམ། དེ་དག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་ན་བཞུགས་པའི་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། སྤྱི་བོའི་བླ་མ་རྣམས་ལ་ཐིམ་པས་ཐམས་ཅད་ཀྱང་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གྱུར། ཅེས་བརྗོད། སངས་རྒྱས་རྡོ་རྗེ་འཆང་ཆེན་ལ་སྐྱབས་སུ་མཆིའོ། །སངས་རྒྱས་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས་སོ། །སངས་རྒྱས་རྡོ་རྗེ་འཆང་ཆེན་གྱིས་བྱིན་གྱིས་རློབས་ཤིག །ཅེས་བརྗོད་པས། སངས་རྒྱས་རྡོ་རྗེ་འཆང་ཆེན་འོད་དུ་ཞུ་ནས་བྲམ་ཟེ་མཆོག་སྲེད་ལ་ཐིམ་པར་བསམ། དེ་བཞིན་དུ། སློབ་དཔོན་བྲམ་ཟེ་མཆོག་སྲེད་ལ་སྐྱབས་སུ་མཆིའོ། །སོགས་གོང་ལྟར་བྱ། པཎ་ཆེན་བདེ་བའི་རྡོ་རྗེ་ལ༴ཤྲརྡྷཱ་ཀར་ཝ་རྨ་ལ༴ལོ་ཆེན་རིན་ཆེན་བཟང་པོ་ལ༴སྔགས་འཆང་ཡོན་ཏན་ཚུལ་ཁྲིམས་ལ༴མལ་ལོ་བློ་གྲོས་གྲགས་པ་ལ༴རྗེ་བཙུན་བརྩེ་བ་ཆེན་པོ་ལ༴སློབ་དཔོན་བསོད་ནམས་རྩེ་མོ་ལ༴རྗེ་བཙུན་གྲགས་པ་རྒྱལ་མཚན་ལ༴ཆོས་རྗེ་ས་སྐྱ་པཎ་ཆེན་ལ༴འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ༴མཐུ་ཆེན་ཨཱ་ནན་དམ་པ་ལ༴བླ་མ་བདག་ཉིད་ཆེན་པོ་ལ༴མཁས་བཙུན་ནམ་མཁའ་ལེགས་པ་ལ༴ཆོས་རྗེ་བླ་མ་དམ་པ་ལ༴བླ་ཆེན་ཀུན་དགའ་རྒྱལ་མཚན་ལ༴འཇམ་དབྱངས་ནམ་མཁའ་རྒྱལ་མཚན་ལ༴བདག་ཆེན་རྡོ་རྗེ་འཆང་ཆེན་ལ༴རྗེ་བཙུན་ཀུན་སྤངས་པ་ཆེན་པོ༴ཚར་ཆེན་བློ་གསལ་རྒྱ་མཚོ་ལ༴འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ༴མཁན་ཆེན་བསླབ་གསུམ་རྒྱལ་མཚན་ལ༴གྲུབ་མཆོག་བསོད་ནམས་ཆོས་འཕེལ་ལ༴རྗེ་བཙུན་དབང་ཕྱུག་རབ་བརྟན་ལ༴མགོན་པོ་བསོད་ནམས་མཆོག་ལྡན་ལ༴རིན་ཆེན་བསོད་ནམས་མཆོག་གྲུབ་ལ༴བྱམས་པ་ངག་དབང་ལྷུན་གྲུབ་ལ༴རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ལ༴གྲུབ་དབང་སངས་རྒྱས་རྒྱ་མཚོ་ལ༴ཀུན་དགའ་ལེགས་པའི་འབྱུང་གནས་ལ༴ངག་དབང་ཀུན་དགའ་བློ་གྲོས་ལ༴ནམ་མཁའ་ལེགས་པ་ལྷུན་གྲུབ་ལ༴རྣམ་འདྲེན་བཀྲ་ཤིས་དབང་ཕྱུག་ལ༴མཁས་གྲུབ་ངག་དབང་ཆོས་འབྱོར་ལ༴གྲུབ་མཆོག་བསྟན་འཛིན་ཆོས་གསལ་ལ༴རྗེ་བཙུན་ཀུན་དགའ་བཀྲ་ཤིས་ལ༴ངག་དབང་ཀུན་དགའ་བསམ་གཏན་ལ༴བྱམས་པ་རིན་ཆེན་ཆོས་སྐྱོང་ལ༴ཁྱབ་བདག་ངག་དབང་བསམ་གཏན་ལ༴མཐུ་ཆེན་འཇམ་དཔལ་བསྟན་འཛིན་ལ༴འཇམ་མགོན་ངག་དབང་ལེགས་པ་ལ༴དྲིན་ཆེན་རྩ་བའི་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་ཐིམ། ཡང་ན། ངག་དབང་ཆོས་འབྱོར་ལ༴འདྲེན་མཆོག་ངག་དབང་བཟང་པོ་ལ༴འཇམ་མགོན་ངག་དབང་ལེགས་གྲུབ་ལ༴མཐུ་ཆེན་འཇམ་དཔལ་བསྟན་འཛིན་མན་འདྲ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་རིམ་པ་གཉིས་ཀྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བདག་གི་དབང་དུ་འདུས་ནས་ལས་བཞིའི་ཕྲིན་ལས་ཐམས་ཅད་འབད་མེད་དུ་འགྲུབ་པར་མཛད་དུ་གསོལ། ཞེས་པ་ལན་ཅི་ནུས་སུ་མོས་གུས་དྲག་པོ་དང་། སྐད་གསང་མཐོན་པོས་གསོལ་བ་བཏབ། ཁྲིད་དང་བསྙེན་པའི་སྐབས་འདིར་མཎྜལ་འབུལ། དྲིན་ཆེན་རྩ་བའི་བླ་མ་ལ་སྐྱབས་སུ་མཆིའོ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །དྲིན་ཆེན་རྩ་བའི་བླ་མས་བྱིན་གྱིས་རློབས་ཤིག །འོག་གི་མགོན་པོ་འཁོར་བཅས་འོད་དུ་ཞུ་ནས་རྩ་བའི་བླ་མར་ཐིམ། རྩ་བའི་བླ་མ་དེ་ཉིད་འོད་སྔོན་པོ་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་ནས། རང་གི་སྤྱི་བོ་ནས་ཐིམ་པས་ལུས་ངག་ཡིད་གསུམ་དང་། བླ་མའི་སྐུ་གསུང་ཐུགས་དང་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་བསམ་ལ་རིག་པ་འཛིན་མེད་དུ་ཅི་གནས་སུ་མཉམ་པར་འཇོག །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་བསོད་ནམས་་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་གསོག་པ་གཉིས་ལས། དང་པོ་བསོད་ནམས་ཀྱི་ཚོགས་གསོག་པ་ལ་གཉིས་ལས། དང་པོ་ཡུལ་དག་པ་ལ་བརྟེན་པ་ནི། རང་སྐད་ཅིག་གིས་ནག་པོ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ནག་པོ་ཆེན་པོ་ལྷ་བཅུ་གཅིག་སྲུང་བའི་འཁོར་ལོ་དང་བཅས་པ་ལ་བླ་མ་མི་བསྐྱོད་པའི་རྣམ་པས་གཙོ་བོའི་དབུ་ལ་བརྒྱན་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས། ན་མོ་གུ་རུ་བྷྱཿན་མ་ཤྲཱི་མ་ཧཱ་ཀཱ་ལ་མཎྜལ་ལེ་བྷྱཿཞེས་པས་ཕྱག་བྱ། ཤྲཱི་གུ་རུ་མ་ཧཱ་ཀཱ་ལ་མཎྜལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་པྲ་ཏིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ནས། ཤབྡ་ཨཱཿཧཱུྃ། ཞེས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་རྒྱུན་བཤགས་ལན་གསུམ་བརྗོད། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ་མོ། །གཉིས་པ་ཡུལ་མ་དག་པ་ལ་བརྟེན་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་སྒོ་མ་སེང་གདོང་མ་འོད་ཟེར་དཀར་པོ་འཕྲོ་བ་དཔག་ཏུ་མེད་པ་འཕྲོས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པ་བྱས། བྱམས་པ་ཚད་མེད་ཀྱི་ངོ་བོ་སེང་གདོང་མའི་གོ་འཕང་ལ་བཀོད། ཚུར་འདུས་རང་ལ་ཐིམ། སྒོ་མ་གཟིགས་གདོང་མ་འོད་ཟེར་སེར་པོ་འཕྲོ་བ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱས། སྙིང་རྗེ་ཚད་མེད་ཀྱི་ངོ་བོ་གཟིགས་གདོང་མའི་གོ་འཕང་ལ་བཀོད། ཚུར་འདུས་རང་ལ་ཐིམ། སྒོ་མ་དོམ་གདོང་མ་འོད་ཟེར་དམར་པོ་འཕྲོ་བ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་བྱས། དགའ་བ་ཚད་མེད་ཀྱི་ངོ་བོ་དོམ་གདོང་མའི་གོ་འཕང་ལ་བཀོད། ཚུར་འདུས་རང་ལ་ཐིམ། སྒོ་མ་དྲེད་གདོང་མ་འོད་ཟེར་སྣ་ཚོགས་འཕྲོ་བ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང་བྲལ་བར་བྱས། བཏང་སྙོམས་ཚད་མེད་ཀྱི་ངོ་བོ་དྲེད་གདོང་མའི་གོ་འཕང་ལ་བཀོད། ཚུར་འདུས་རང་ལ་ཐིམ་པར་བསམ། དེ་ལྟར་མི་ནུས་ན། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་སོགས་སྤྱི་ལྟར་བརྗོད། །གཉིས་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་དུ་གྱུར་པར་བསྒོམ་མོ། །གཉིས་པ་དངོས་གཞི་ལ། ཕྱི་བསྐྱེད་པའི་རིམ་པ་སྲུང་བའི་འཁོར་ལོ་དང་བཅས་པ་དང་། ནང་རྫོགས་པའི་རིམ་པས་རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་པའོ། །དང་པོ་ལ། སྲུང་བཟློག་བསད་མནན་བཞི་ལས། དང་པོ་སྲུང་བ་ལའང་གཉིས་ཏེ། ཟབ་པའི་གནད་ལྔའི་སྒོ་ནས་ཉམས་སུ་ལེན་པ་དང་། ཁྱད་པར་གྱི་མན་ངག་མདེའུ་ཁར་གདགས་པའོ། །དང་པོ་ལ། རྟེན་གྱི་གནད་ནི། སྟོང་པའི་ངང་ལས་སཱུྃ་ལས་རྡོ་རྗེའི་བྲག་རྫོང་དམར་ནག་གྲུ་གསུམ་པ་མཐོ་ཞིང་ངོམ་ཆོད་པ། དེའི་སྟེང་དུ་ཨེ་ལས་ཆོས་འབྱུང་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁྲག་ཞག་འཁྲུགས་པའི་རྒྱ་མཚོས་གང་བ། དེའི་དབུས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་འོག་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་རྭ་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་འབར་ཞིང་འཁྲུགས་པའི་སྲུང་བའི་འཁོར་ལོར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་བརྗོད་པས་བརྟན་པར་བསམ་ལ། སྲུང་འཁོར་གྱི་དབུས་སུ་ཧཱུྃ་ལས་གནམ་ལྕགས་ལས་གྲུབ་པའི་འཁོར་ལོ་རྩིབས་བཅུ་པ་རྩེ་མོ་རྣོ་བ། ཁོག་པ་སྟོང་པ་ཡངས་ཤིང་རྒྱ་ཆེ་བ་གོ་སྐབས་མེད་པར་གྱུར། ཨོཾ་བཛྲ་ཙཀྲ་རཀྵ་ཧཱུྃ་བྷྲཱུྃ་ཧཱུྃ། གཉིས་པ་ལྷའི་གནད་ནི། འཁོར་ལོའི་ནང་གི་དབུས་དང་ཕྱོགས་བཅུར་པདྨ་དང་ཉི་མ་མི་རོ་དམར་སེར་མགོ་བོ་གཡས་སུ་བསྟན་པ་རེ་རེ། དེ་རྣམས་ཀྱི་སྟེང་དུ་ཧཱུྃ་མཐིང་ནག་རེ་རེ། དེ་རྣམས་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་ནག་པོ་ཆེན་པོ་ལྷ་བཅུ་གཅིག་གི་སྐུ་ཅིག་ཆར་དུ་གྱུར་པ་ནི། དབུས་སུ་བདག་ཉིད་རྡོ་རྗེ་ནག་པོ་ཆེན་པོ་ཆེ་ཞིང་ཆེར་འབར་བ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་གྲི་གུག་དང་། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཆར་གྱི་དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ། སྤྱན་གསུམ་དང་ལྡན་ཞིང་ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་ཀྱིས་བཀླུབས་པ། མིའུ་ཐུང་གེལ་པའི་འདུག་སྟངས་ཀྱིས་རོ་ཡི་སྟེང་ན་བཞུགས་པ། དེ་ཡི་གཡས་ན་བྱ་ནག་འབུམ་སྡེ་གཤོག་བསྐོར་བྱེད་པ། གཡོན་ན་ཁྱི་ནག་འབུམ་སྡེ་འཁང་ཞིང་ཟུག་པ། རྒྱབ་ན་ལྕགས་སྤྱང་འབུམ་སྡེ་གཡལ་ཞིང་རྒྱུགས་པ། །མདུན་ན་མི་ནག་འབུམ་སྡེ་གནམ་དུ་འོ་དོད་འབོད་པ། སྟེང་ན་ནམ་མཁའ་ལྡིང་གི་སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་འཕྲོ་བ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །ཕྱོགས་བཅུའི་མགོན་པོ་རྣམས་སྐུ་མདོག་མཐིང་ནག་གཡས་གྲི་གུག་ནམ་མཁར་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། སྤྱན་གསུམ་དང་ལྡན་ཞིང་། ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་པའི་ཅོད་པན་དང་ལྷབ་ལྷུབ་ཀྱིས་བཀླུབས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །འཁོར་ལོའི་རྒྱབ་རྭ་གུར་གྱི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་ན་ཕྱོགས་སྐྱོང་བ་དང་། ཞིང་སྐྱོང་བ་དང་། ཀླུ་དང་། སྤྲིན་དང་། མེ་དང་། ཆུ་དང་། རོ་དང་། རོ་ལངས་ལ་སོགས་པ་དུ་མ་དང་། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་སོགས་དྲེགས་བྱེད་དཔག་ཏུ་མེད་པས་བསྐོར་བ། ལྷ་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ནག་པོ་ཆེན་པོ་ལྷ་བཅུ་གཅིག་སྲུང་བའི་འཁོར་ལོ་དང་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་ལྷ་བཅུ་གཅིག་ལ་མི་བསྐྱོད་པ་རེ་རེས་དབུར་བརྒྱན། ཞེས་པའི་བར་ཤར་བསྒོམ་དུ་ཉམས་སུ་བླངས། ལྷའི་ང་རྒྱལ་དང་། རྟེན་དང་བརྟེན་པའི་རྣམ་པ་སྤྱི་དང་བྱེ་བྲག་ལ་སེམས་བཟུང་བ་སོགས་བསྐྱེད་རིམ་གྱི་དངོས་གཞི་ཡིན་པས་ནན་ཏན་དུ་བྱའོ། །གསུམ་བ་བསྲུང་བྱ་སྦ་བའི་གནད་ནི། དེ་ལྟར་སྒོམ་པའི། གཙོ་བོའི་ཐུགས་ཀར་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གྱེན་དུ་ལངས་པའི་ལྟེ་བར་སེམས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་ཡིག་སྔོན་པོ་གསལ་ཞིང་འཚེར་བ། དེ་ཡི་སྟེང་གི་ཀླད་ཀོར་གྱི་ནང་དུ་བླ་མ། རང་ཉིད་ནང་དུ། མདུན་དུ་ཕ་མ་དང་དཔོན་པོ། གཡས་སུ་ཕོ་ཉེ། གཡོན་དུ་མོ་ཉེ། རྒྱབ་ཏུ་འཁོར་གཡོག །འོག་ཏུ་ནོར་ཕྱུགས་དང་ཁང་ཞིང་རྣམས་ཀྱི་སྙིང་གར་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པའི་ཀླད་ཀོར་གྱི་ནང་དུ་སོ་སོའི་ཡིད་ཀྱི་ངོ་བོ་ཧཱུྃ་སྔོན་པོ་སྤུས་བྲིས་པ་ཙམ་གཟི་བརྗིད་དང་ལྡན་པར་བསམ་ལ་རྣམ་པར་ཤེས་པ་རྣམས་ཀྱང་བཀུག་སྟེ་རང་རང་ལ་ཐིམ་པར་བསམ་པ་ནི་སྒོ་གསུམ་སྦ་བའོ། །དེ་རྣམས་ཀྱི་མཐར་ཡི་གེ་བདུན་མ། བཅུ་གཉིས་པ། ཤཱ་ས་ནི་སྔགས་ཕྲེང་རྣམས་ཁ་དོག་མཐིང་ཁས་གཡས་བསྐོར་དུ་བསྐོར་བ། ཧཱུྃ་དེ་ལས་རྡོ་རྗེ་ཕྲ་མོ་ནས་འབྲས་ཙམ་དཔག་ཏུ་མེད་པ་འཕྲོས་པས་བདག་དང་བསྲུང་བྱ་རྣམས་ཀྱི་ལུས་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཀྱིས་གཏམས་པར་བསམ་པ་ནི་གོ་བགོ་བའོ། །བཞི་པ་སྐུ་གསུང་ཐུགས་མི་འགྱུར་བའི་མན་ངག་གི་གནད་ནི། རང་ཉིད་མགོན་པོར་གསལ་བའི་གནས་གསུམ་དུ། །དཔྲལ་བར་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན། །མགྲིན་པར་ཨཱཿལས་པདྨ་ཨཱཿས་མཚན་པ། །ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན། །ཨོཾ་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་དང་། །དཔའ་བོ་མཁའ་འགྲོའི་སྐུ་ཡི་བྱིན་ནུས་སོགས། །འོད་དཀར་རྣམ་པར་སྤྱན་དྲངས་ཨོཾ་ལ་ཐིམ། །ཨོཾ་ལས་འོད་འཕྲོས་ལུས་གང་བདག་བསྲུང་བྱའི། །ལུས་ཀྱི་སྡིག་སྒྲིབ་ལྷ་འདྲེའི་བྱད་བཅུག་བསལ། །རྒྱལ་ཀུན་སྐུ་དང་ནུས་པ་མཉམ་པར་གྱུར། །ཨཱཿལས་འོད་འཕྲོས་སངས་རྒྱས་བྱང་སེམས་དང་། །དཔའ་བོ་མཁའ་འགྲོའི་གསུང་གི་བྱིན་ནུས་སོགས། །འོད་དམར་རྣམ་པར་སྤྱན་དྲངས་ཨཱཿལ་ཐིམ། །ཨཱཿལས་འོད་འཕྲོས་ལུས་གང་བདག་བསྲུང་བྱའི། །ངག་གི་སྡིག་སྒྲིབ་བྱང་མའི་ངག་མནན་བསལ། །རྒྱལ་ཀུན་གསུང་དང་ནུས་པ་མཉམ་པར་གྱུར། །ཧཱུྃ་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་དང་། །དཔའ་བོ་མཁའ་འགྲོའི་ཐུགས་ཀྱི་བྱིན་ནུས་སོགས། །འོད་སྔོན་རྣམ་པར་སྤྱན་དྲངས་ཧཱུྃ་ལ་ཐིམ། །ཧཱུྃ་ལས་འོད་འཕྲོས་ལུས་གང་བདག་བསྲུང་བྱའི། །ཡིད་ཀྱི་སྡིག་སྒྲིབ་རྨོངས་རྨུགས་ཉེས་ཀུན་བསལ། །རྒྱལ་ཀུན་ཐུགས་དང་ནུས་པ་མཉམ་པར་གྱུར། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་མ་མ་ཀཱ་ཡ་ཝཱཀྐ་ཙིཏྟ་རཀྵ་རཀྵ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པའི་སྔགས་ཅུང་ཟད་བཟླ། ཞར་བྱུང་ལྕེ་བྱིན་རླབས་ནི། རང་གི་གྲེ་ཕུག་རྃ་ཡིག་དམར་ནག་ལས། །མེ་འབར་ཐ་མལ་རོ་འཛིན་གཞོབ་ཐུལ་བསྲེགས། ཧཱུྃ་ཡིག་ལས་བྱུང་རྡོ་རྗེ་དཀར་པོའི་ལྗགས། །རྩེ་ལྔའི་ལྟེ་བར་ཧཱུྃ་དཀར་ཉལ་ཐབས་སུ། །གནས་པའི་མགོ་བོ་གྲེ་ཕུག་ཕྱོགས་སུ་བསྟན། །དེ་མཐར་དབྱངས་གསལ་དཀར་པོ་གཡས་སུ་བསྐོར། །རྭ་རྣམས་ནང་དུ་སྔགས་མགོ་གྱེན་བསྟན་པའི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་མ་མ་བཛྲ་ཛི་ཧཱ་རཀྵ་རཀྵ་ཀུ་རུ་ཀུ་རུ་སྭཱ་ཧཱ། སྔགས་ལས་མེ་འབར་མེ་སྟག་ཕྲོམ་ཕྲོམ་འཕྲོས། །ངག་གི་ཉེས་སྐྱོན་ཐམས་ཅད་བསྲེགས་པར་གྱུར། གོང་གི་སྔགས་དེ་ཉེར་གཅིག་སོགས་བཟླ། རྡོ་རྗེ་རྩེ་ལྔ་འོད་དུ་ཞུ་བ་ལས། །མ་ཧཱ་ཀཱ་ལའི་ལྗགས་ཀྱི་རྣམ་པར་གྱུར། །ལྔ་པ་འཁོར་ལོ་བསྐོར་བའི་གནད་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ངོ་བོ་ནི། །མྃ་ཡིག་གསེར་མདོག་ནམ་མཁའི་ཁམས་གང་བ། །སྤྱན་དྲངས་འཁོར་ལོ་ལ་ཐིམ་ནུས་ལྡན་གྱུར། ཨོཾ་བཛྲ་ཙཀྲ་རཀྵ་ཧཱུྃ་བྷྲཱུྃ་ཧཱུྃ། ཞེས་པས་བརྟན་པར་བསམ་ལ། ཧཱུྃ། བརྗོད་པས། འཁོར་ལོ་གཡས་སུ་ཤུགས་དྲག་འཁོར་བ་ལས། །མེ་འབར་བླ་མ་དམ་པ་བདག་བསྲུང་བྱར། །འཚེ་བའི་གནོད་བྱེད་བྱད་མ་དགྲ་བགེགས་རྣམས། །རྩ་སྦུར་མེས་བསྲེགས་བཞིན་དུ་རྗེས་མེད་གྱུར། མ་ཧཱ་ཀཱ་ལ་བརྒྱ་རྩ་བཟླའོ། །གཉིས་པ་ཁྱད་པར་གྱི་མན་ངག་མདེའུ་ཁར་གདགས་པ་ལ་ཐུན་མོང་གི་མདེའུ་ཁ་དང་། ཐུན་མིན་གཉིས་ལས། དང་པོ་ལ་བཞི་སྟེ། ཐོག་མར་བཙན་པོའི་མཁར་དུ་གཞུག་པ་ལ། སྤྲོ་བསྡུའི་མཁར་དུ་གཞུག་པ་ཐུན་མོང་བ་ནི། །རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། །བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས། །གསང་སྔགས་རིག་གཟུངས་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་གྲུབ་པ་རིག་འཛིན་ཚོགས་མ་ལུས། །སྤྱན་དྲངས་བདག་དང་དབྱེར་མེད་འདྲེས་པ་ལས། །བདག་ཉིད་སྲ་བརྟན་མི་ཤིགས་རྡོ་རྗེ་ཡི། །རང་བཞིན་ཕ་རོལ་ཚོགས་འཇོམས་ནུས་སྟོབས་ལྡན། །ཕྱོགས་ལས་རྣམ་པར་རྒྱལ་བའི་བདག་ཉིད་གྱུར། །མ་ཧཱ་ཀཱ་ལ་བཟླའོ། །ཐུན་མོང་མ་ཡིན་པའི་སྤྲོ་བསྡུའི་མཁར་དུ་གཞུག་པ་ནི། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཡི་ཚོགས། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དང་། །གྲུབ་པ་རིག་འཛིན་ཆོས་སྐྱོང་ནོར་ལྷ་ཡི། །ཐུགས་རྗེ་ནུས་སྟོབས་རྡོ་རྗེ་རྩེ་ལྔ་པ། །སྔོན་པོ་མེ་འབར་ལྟེ་བར་ཧཱུྃ་གིས་མཚན། །ཧཱུྃ་གི་རང་སྒྲ་སྒྲོགས་པ་དཔག་མེད་པ། །སྤྱན་དྲངས་བདག་དང་བསྲུང་བྱ་འཁོར་ལོ་ལ། །ཐིམ་པས་བཀྲག་མདངས་གཟི་བརྗིད་ཆེས་ཆེར་འབར། །གཞོམ་བྲལ་རྡོ་རྗེའི་རང་བཞིན་དཔའ་གདིང་དང་། །ནུས་སྟོབས་ཕུན་སུམ་ཚོགས་པའི་བདག་ཉིད་གྱུར། །མ་ཧཱ་ཀཱ་ལ་བཟླའོ། །སྟོང་ཉིད་རྡོ་རྗེའི་མཁར་དུ་གཞུག་པ་ནི། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། །འཁོར་འདས་བརྟན་གཡོའི་དངོས་པོ་ལ་ཕོག་པས། །འོད་ཟེར་སྔོན་པོའི་རྣམ་པར་ལྟེམ་གྱིས་ཞུ། །བྲག་རྫོང་རྩ་བར་སྔོ་ཐིབ་འདུས་དེ་ལ། །སེམས་གཏད་རྡོ་རྗེ་རྩེ་དགུ་ནམ་མཁའི་ཁྱོན། །ཁྱབ་པ་གཅིག་གྱུར་དེ་ཡི་ལྟེ་བ་རུ། །བདག་ཉིད་རྟེན་དང་བརྟེན་པར་བཅས་པ་ཀུན། །དྭངས་གསལ་གཟི་བརྗིད་འབར་བ་མངོན་སུམ་གསལ། །མ་ཧཱ་ཀཱ་ལ་བཟླའོ། །ཐོད་པ་ཉི་ཟླའི་མཁར་དུ་གཞུག་པ་ནི། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། །རབ་འབྱམས་ཞིང་གི་ཁྱོན་གང་བླ་མ་དང་། །ཡི་དམ་སངས་རྒྱས་བྱང་སེམས་གྲུབ་རིག་འཛིན། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་ཡི། །བྱིན་ནུས་དབྱངས་གསལ་དཀར་དམར་ཆར་ལྟར་བབས། །རྡོ་རྗེའི་ཕྱེད་མན་ཨཱ་ལི་ཡན་ཀཱ་ལིས། །ཁྲིགས་ཁེངས་ཞུ་བས་ཉི་ཟླའི་རང་བཞིན་གྱི། །ཐོད་པ་ཁ་སྦྱོར་ནང་ཆུད་དེ་ཡི་སྟེང་། །སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་ཨཱཿཨོཾ། །རྩིགས་ལས་འོད་སྔོན་ཕྲེང་བརྒྱུས་དབྱངས་གསལ་ཕྲེང་། །མདུན་ནས་རྒྱབ་དཀྲིས་དེ་བཞིན་ཧཱུྃ་ཡིག་གིས། །གཡས་ནས་གཡོན་དཀྲིས་ཧཱུྃ་ལས་ཡེ་དྷརྨཱ། །དཀར་པོའི་ཕྲེང་བྱུང་རྡོ་རྗེའི་ལྟེ་བར་བསྐོར། །དབྱངས་གསལ་ཚར་གཉིས་དང་། ཡེ་དྷརྨ་ཚར་གཅིག་བརྗོད། བླ་མ་དམ་པ་བདག་དང་བསྲུང་བྱ་འཁོར་དང་བཅས་པ་ལ་བར་ཆད་ཐམས་ཅད་སྲུངས་ཤིག་རཀྵ་རཀྵཿགཉིས་པ་ཁམས་གསུམ་གཡུལ་དུ་བཅད་པ་ལ། ཐུན་མོང་བ་འཁོར་ལོས་བཅད་པ་ནི། བདག་ཉིད་བསྒོམ་པའི་རྟེན་དང་བརྟེན་པར་བཅས། །ནུས་སྟོབས་ཆེར་འབར་ནམ་མཁའི་ཁྱོན་ཀུན་ཁྱབ། །འཁོར་ལོ་གཡས་འཁོར་རང་སྒྲ་འབྲུག་ལྟར་ལྡིར། །རྔམས་བརྗིད་ལྡན་པས་བསྟན་དང་བསྟན་འཛིན་དང་། །བདག་དང་བསྲུང་བྱ་ལ་སྡང་གདུག་པ་ཅན། །ནག་པོའི་ཕྱོགས་ཀུན་སྔངས་སྐྲག་རེངས་ཤིང་བརྒྱལ། །ཅུང་ཟད་དྲན་རྙེད་བདག་གི་ནུས་མཐུར་ཤེས། །བདག་ལ་སྐྱབས་གསོལ་འདུན་གཏད་བྲག་རྫོང་རྩར། །འདུས་ཏེ་དེ་དག་སྲོག་སྙིང་འོད་དམར་རྩེར། །ཕྱུངས་ཏེ་ཞབས་འོག་བདུད་ཀྱི་རོ་ལ་ཐིམ། །བདག་གི་བྲན་དུ་ཁས་བླངས་བཀའ་ཉན་གྱུར། །ཤཱ་ས་ན་བཟླའོ། །ཆོས་ཉིད་ཀྱི་བཅད་པ་ནི། དེ་ལྟར་གདུལ་བྱ་འདུལ་བྱེད་ཐབས་ཚུལ་ཀུན། །རང་སེམས་ཁོ་ནའི་ཆོ་འཕྲུལ་ཉིད་དུ་ཤེས། །སེམས་ཉིད་གསལ་སྟོང་ཟུང་འཇུག་བློ་ཡུལ་ལས། །འདས་པ་དེ་ཀའི་ངང་དུ་ལྷོད་དེ་འཇོག །མ་ཧཱ་ཀཱ་ལ་བཟླའོ། །ཐུན་མོང་མ་ཡིན་པ་སྣང་སྟོང་སྐུའི་འཁོར་ལོས་འདོད་ཁམས་གཡུལ་དུ་བཅད་པ་ནི། །རང་ཉིད་མགོན་པོར་གསལ་བའི་གནས་གསུམ་དུ། །འཁོར་ལོ་པདྨ་རྡོ་རྗེ་འབྲུ་གསུམ་མཚན། །ཨོཾ་ལས་འོད་དཀར་འཕྲོས་ཏེ་འདོད་ཁམས་ཀྱི། །སྣོད་བཅུད་ལ་ཕོག་དེ་དག་དཀར་ལྟེམ་ཞུ། །ཐོད་པའི་གུར་ཁང་ཕྱི་རོལ་སྐྱ་ཐིབ་ཐིབ། །གནས་པར་སེམས་གཏད་དེ་དག་འཁོར་ལོ་དཀར། །ཨོཾ་མཚན་རང་སྒྲ་སྒྲོགས་པའི་གུར་ཟླུམ་གྱུར། །འདོད་པའི་ཁམས་ཀྱི་སྣང་བ་བག་ཆགས་དག །སྣང་སྟོང་སྐྱེ་མེད་སྐུ་ཡི་རྡོ་རྗེར་གྲུབ། །མ་ཧཱ་ཀཱ་ལ་བཟླའོ། །གྲགས་སྟོང་གསུང་གི་འཁོར་ལོས་གཟུགས་ཁམས་གཡུལ་དུ་བཅད་པ་ནི། ཨཱཿལས་འོད་དམར་འཕྲོས་ཏེ་གཟུགས་ཁམས་ཀྱི། །གནས་རིས་བཅུ་བདུན་ལ་ཕོག་དམར་ལྟེམས་ཞུ། །འཁོར་ལོའི་གུར་ཁང་ཕྱི་རོལ་དམར་དེང་ངེ་། །གནས་ལ་སེམས་གཏད་དེ་དག་པདྨ་དམར། །ཨཱཿས་མཚན་རང་སྒྲ་སྒྲོགས་པའི་གུར་ཟླུམ་གྱུར། །གཟུགས་ཁམས་སྣང་བ་བག་ཆགས་དབྱིངས་སུ་དག །གྲགས་སྟོང་སྐྱེ་མེད་གསུང་གི་རྡོ་རྗེར་གྲུབ། །མ་ཧཱ་ཀཱ་ལ་བཟླའོ། །རིག་སྟོང་ཐུགས་ཀྱི་འཁོར་ལོས་གཟུགས་མེད་ཁམས་གཡུལ་དུ་བཅད་པ་ནི། ཧཱུྃ་ལས་འོད་སྔོན་འཕྲོས་ཏེ་གཟུགས་མེད་ཁམས། །སྐྱེ་མཆེད་མུ་བཞི་ལ་ཕོག་འོད་སྔོན་པོར། །ཞུ་ནས་པདྨའི་གུར་ཁང་ཕྱི་རོལ་དུ། །སྔོ་ཐིབ་གནས་དེར་སེམས་གཏད་རྡོ་རྗེ་སྔོ། །ཧཱུྃ་མཚན་རང་སྒྲ་སྒྲོགས་པའི་གུར་ཟླུམ་པོ། །གཞོམ་གཞིག་བྲལ་བ་རྡོ་རྗེའི་རང་བཞིན་གྱུར། །གཟུགས་མེད་ཁམས་ཀྱི་རྟོག་རིག་བག་ཆགས་དག །རིག་སྟོང་སྐྱེ་མེད་ཐུགས་ཀྱི་རྡོ་རྗེར་གྲུབ། །མ་ཧཱ་ཀཱ་ལ་བཟླའོ། །གསུམ་པ་རྣོ་གསུམ་མཚོན་དུ་བརྡུང་བ་ལ། །གཞན་གྱི་ཏིང་ངེ་འཛིན་འཇོམས་པའི་མཚོན་ཆ་ནི། རང་ཉིད་གཙོ་འཁོར་ཐུགས་ལས་འོད་འཕྲོས་པས། །འདས་དང་མ་འདས་ནུས་མཐུ་ཀུན་བསྡུས་ཏེ། །ལྷ་དང་སྲུང་འཁོར་མེ་དཔུང་བཅས་ལ་ཐིམ། །རྣོ་ཤུགས་ཆེར་འབར་དེ་དག་བར་མཚམས་ནས། །རྡོ་རྗེ་མཚོན་ཆའི་ཚྭ་ཚྭ་སྐར་མདའ་ལྟར། །འཕྲོས་ཏེ་བླ་མ་དམ་པ་བདག་བསྲུང་བྱར། །གནོད་པའི་བྱད་མ་ཐམས་ཅད་རྨིངས་མེད་བཅོམ། །གུར་ཁང་རྩར་འདུས་རྩ་བ་རང་ལ་བསྟན། །རྩེ་མོ་ཕྱིར་བསྟན་གཡས་གཡོན་འཁོར་ཞིང་འཁྲུགས། །བགེགས་དགྲ་ཚར་བཅད་མཚོན་ཆའི་གུར་དུ་གྱུར། །ཤཱ་ས་ན་བཟླའོ། །གཞན་གྱི་ངག་གི་ནུས་པ་འཇོམས་པའི་མཚོན་ཆ་ནི། དྲག་སྔགས་བཟླས་ཚེ་རང་དང་ཕྱོགས་བཅུའི་མགོན། །ཀུན་གྱིས་སྒྲོགས་ཤིང་འཁོར་ལོ་གཡས་སུ་འཁོར། །འཁོར་གུར་མེ་འོད་བཅས་ལས་ཤཱ་ས་ན། །མང་སྤྲོས་སྔགས་ཀྱི་རང་སྒྲ་འབྲུག་སྒྲ་འབུམ། །དུས་གཅིག་ལྡིར་ལྟར་བསྒྲགས་པས་བླ་མ་རྗེ། །བདག་དང་བསྲུང་བྱ་ལ་འཚེ་བྱད་མ་རྣམས། །སེང་གེའི་སྒྲ་ཐོས་ཝ་ཚོགས་སྙིང་འགེམས་ལྟར། །བསྔངས་སྐྲག་ཀུན་ནས་རྨོངས་ཤིང་ཉམས་པར་བྱས། །སྔགས་འབྲུ་རི་རབ་ལྟ་བུ་མང་འཕྲོས་པས། །མཚོན་ཆའི་གུར་ཕྱིར་ཨོཾ་གྱི་ཏོག་བྱས་པའི། །ཤཱ་ས་ན་ཡི་གུར་ཁང་དམར་ནག་གྱུར། །དེ་ཡི་མེ་འོད་སྒྲ་ཡིས་དགྲ་ཕོ་མོ། །ཐམས་ཅད་ཀུན་ནས་རྨོངས་ཤིང་ཉམས་པར་བྱས། །ཤཱ་ས་ན་བཟླའོ། །རྫས་བཟློག་ལས་ཀྱི་མཚོན་ཆ་ནི། བདག་ཉིད་གཙོ་འཁོར་སྲུང་གུར་མེ་འོད་ལས། །རྡོ་རྗེ་མདའ་མདུང་གྲི་སོགས་མཚོན་ཆ་དང་། །དུས་ཀྱི་འཐོར་རླུང་མེ་དཔུང་རི་རབ་ཟུར། །བཞི་དྲུག་རཀྟའི་རྒྱ་མཚོ་དུག་སྦྲུལ་དང་། ཆུ་གླང་སྔོན་པོ་རྭ་གདེངས་དུག་གི་སྡོང་། །མང་སྤྲོས་བླ་མ་དམ་པ་བདག་བསྲུང་བྱར། །གནོད་པའི་བྱད་མ་ལྷ་སྲུང་དང་བཅས་པའི། །སྟེང་ཕབ་སེར་བས་ལོ་ཏོག་བཅོམ་པ་ལྟར། །ཤ་རྫོགས་རུས་རྫོགས་ལ་བཏང་འཁོར་ལོ་དང་། །གཏོར་མ་གཏུབ་བསྲེག་རླུང་འཁོར་རི་རབ་ཀྱིས། །མནན་ཅིང་མེ་ཧཾ་རཀྟའི་མཚོ་ཡིས་བསད། །སྦྲུལ་དུག་རླངས་པས་བྱད་མཁན་རྨོངས་ཉམས་བྱས། །ཆུ་གླང་སྔོན་པོས་མནན་གཏད་རྭ་རྩེར་བླངས། །རྨིག་པས་བརྫིས་ཤིང་ལྕེས་བལྡག་རྗེས་མེད་གཏོང་། །མདོར་ན་བྱད་མ་ལྷ་སྲུང་རྫས་དང་བཅས། །ཐལ་བར་བརླག་ཏེ་སྟོང་ཉིད་ངང་དུ་ཐིམ། །ཤཱ་ས་ན་ལ་སྤེལ་ཚིག །བྱད་མ་ཁ་ཁ་སོགས་བཏགས་པ་འོག་ནས་འབྱུང་བ་ལྟར་དང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ་ཡ་མ་རཱ་ཛ་ཀཱི་ལི་ཀཱི་ལ་ཡ་སརྦ་བྷྱོཿབཟློག་རྦད། བཏགས་པ་བཟླའོ། །བཞི་པ་འཁོར་ལོ་ཇག་པར་བཀྱེ་བ་ལ་བསྒོམ་པའི་འཁོར་ལོ་ཇག་པར་བཀྱེ་བ་ནི། བདག་གི་བསྒོམ་པའི་འཁོར་གུར་མེ་འོད་ལས། །གནམ་ལྕགས་ལས་གྲུབ་ཙཀྲ་རྩིབས་བཞི་བརྒྱད། །བཅུ་གཉིས་བཅུ་དྲུག་སྟོང་དང་ལྡན་པའི་བར། །བྱད་མ་དགྲ་བགེགས་ཕོ་མོའི་སྟེང་དུ་ཕབས། །གཡས་གཡོན་འཁོར་བས་དུམ་བུ་དུམ་བུར་གཏུབ། །མེས་བསྲེགས་རླུང་གིས་གཏོར་ཏེ་རྗེས་མེད་བཏང་། །ཤཱ་ས་ན་བཟླ། ཚུར་འདུས་རང་གི་ཕྱི་རོལ་གུར་ཁང་རྩེར། །ཐིམ་པས་བརྟན་ཅིང་ནུས་སྟོབས་ལྡན་པར་གྱུར། །བྲིས་པའི་འཁོར་ལོ་ཇག་པར་བཀྱེ་བ་ནི། སྲོད་ཐུན་མཐར་ཉམས་སུ་ལེན་པ་ཡིན་པས་འོག་ཏུ་འཆད་དོ། །གཉིས་པ་ཐུན་མོང་མ་ཡིན་པའི་མདེའུ་ཁ་གདགས་པ་ལ། ཕྱི་རོལ་རྫས་ལ་བརྟེན་ནས་ནུས་མཐུའི་རྩལ་འདོན་ནི། མན་ངག་ལྟར་ཤེས་པར་བྱའོ། །བར་ཡེ་ཤེས་ཀྱི་འཁོར་ལོས་ལུས་ལྷའི་རྩལ་འདོན་ལ། སྲུང་བའི་རྩལ་འདོན་ཙམ་སྤྲོ་ན། སྲུང་བའི་དོན་དུ་ལྷ་རྣམས་ཞལ་ནང་གཟིགས། །འཁོར་ལོ་གཡས་འཁོར་སྔགས་ལས་འོད་ཟེར་འཕྲོས། །རྡོ་རྭའི་ཕྱི་རོལ་རྡོ་རྗེའི་སྔགས་ཀྱི་གུར། །དམར་ནག་རང་སྒྲ་སྒྲོགས་བསྐོར་འཁོར་ལོ་ལས། །འཁོར་ལོ་མང་སྤྲོས་མཚོན་ཆའི་གུར་རྒྱབ་ཏུ། །འཁོར་བས་གནོད་བྱེད་རྡོ་ཚན་སྦུར་མ་བཞིན། །ཉེ་བར་མི་ནུས་ཚ་རྔམས་འབར་བར་གྱུར། །ཤཱ་ས་ན་བཟླའོ། །ནང་དམ་ཚིག་གི་འཁོར་ལོས་སེམས་ཉིད་ཡེ་ཤེས་ཀྱི་རྩལ་འདོན་ནི། བསྲུང་བྱ་སོགས་རེ་ཞིག་མི་དམིགས་པར་བཞག་ལ། རང་ཉིད་ནག་པོ་ཆེན་པོའི་ཐུགས་ཀ་རུ། །ཉི་མའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ། །དེ་ཡི་ལྟེ་བར་ཉི་དཀྱིལ་བྷྲཱུྃ་སེར་ལས། །གསེར་འཁོར་རྩིབས་བཅུ་མཐེབ་སོར་ཙམ་དུ་གསལ། །དེ་ཡི་དབུས་དང་ཕྱོགས་བཅུར་ཉི་དཀྱིལ་ནི། །སྲན་མ་ཕྱེད་བཀས་ཙམ་རེའི་སྟེང་དུ་ཧཱུྃ། །སྔོ་ཞིང་འཚེར་བ་ནས་འབྲས་ཙམ་བཅུ་གཅིག །བཀྲག་མདངས་ལྡན་གསལ་ཕྱོགས་བཞིའི་རྩིབས་བར་དུ། །གཏི་མུག་སེར་སྣ་ང་རྒྱལ་འདོད་ཆགས་དང་། །ཕྲག་དོག་ཞེ་སྡང་ས་བོན་རིམ་པ་བཞིན། །མྃ་དཀར་པྃ་སེར་རྃ་དམར་དྃ་ལྗང་གསལ། །རང་གི་སེམས་ཀྱི་ངོ་བོ་ཧཱུྃ་ཡིག་ལས། །དུག་ལྔའི་ངོ་བོ་དེ་འདྲ་རེ་ཆད་ཐིམ། །འཁོར་ལོ་གཡས་འཁོར་གཏུབ་ཅིང་འཇའ་ལྟར་ཡལ། །གསལ་སྟོང་ཟུང་འཇུག་གི་ངང་ལ་བཞག་ཏེ་རླུང་སྦྱོར་དང་། མ་ཧཱ་ཀཱ་ལ་བཟླའོ། །དེ་བཞིན་བདུད་བཞིའི་ངོ་བོ་མི་ཡི་གཟུགས། །དཀར་སེར་དམར་ནག་སྤྱིའུ་ཚུགས་གནས་པ་གསལ། །ཧཱུྃ་ལས་དེ་འདྲ་རེ་ཆད་སོ་སོར་ཐིམ། །འཁོར་ལོ་གཡས་བསྐོར་བདུད་བཞི་ཉལ་ཉལ་བཅོམ། །རོ་མ་ནམ་མཁར་འཇའ་ལྟར་ཡལ་བར་བསམ། །རླུང་སྦྱོར་དང་མ་ཧཱ་ཀཱ་ལ་བཟླའོ། །ཧཱུྃ་ལས་འོད་འཕྲོས་དེ་བཞིན་གཤེགས་རྣམས་ཀྱི། །ཐུགས་རྒྱུད་བསྐུལ་ཏེ་འཁོར་ལོ་ཧཱུྃ་བཅས་པའི། །རྣམ་པར་སྤྱན་དྲངས་འཁོར་ལོ་ཧཱུྃ་ཡིག་ལ། །ཐིམ་པས་ཆེར་གསལ་ནུས་མཐུ་རྒྱས་པར་གྱུར། །སླར་ཡང་འོད་འཕྲོས་རྒྱལ་བ་སྲས་དང་བཅས། །དཔའ་བོ་མཁའ་འགྲོ་གྲུབ་རིགས་ཐུགས་རྒྱུད་ལ། །བཞུགས་པ་ཡེ་ཤེས་ལྔ་ཡི་ངོ་བོ་ནི། ཧཱུྃ་སྔོན་བྷྲཱུྃ་དཀར་ཨཱོཾ་སེར་ཛྲིཾ་དམར་དང་། །ཁྃ་ལྗང་སྤྱན་དྲངས་ཧཱུྃ་གི་དབུས་མདུན་གཡས། །རྒྱབ་གཡོན་རྣམས་སུ་རིམ་པ་བཞིན་ཐིམ་པས། །ཡེ་ཤེས་ལྔ་ནི་མངོན་དུ་བྱས་པར་བསམ། །རླུང་སྦྱོར་དང་མ་ཧཱ་ཀཱ་ལ་བཟླའོ། །དེ་ནས་བསྲུང་བྱ་སོགས་སྔར་བཞིན་གསལ་ལ། འཁོར་ལོ་གཡས་སུ་འུར་གྱིས་འཁོར་བའི་ཤུགས་དང་། །ལྷ་རྣམས་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྲུག་ལྟར་སྒྲོགས་ཤིང་། །ཞལ་ནང་དུ་ཕྱོགས་པས་བདག་དང་བསྲུང་བྱ་རྣམས་ལ་རྩེ་གཅིག་ཏུ་དགོངས་ཤིང་སྲུང་བའི་ལས་མཛད། འཁོར་ལོ་གུར་ཁང་མེ་འོད་དང་བཅས་པའི་གཟི་བརྗིད་ཀྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས་ནས་སྟོང་ཉིད་དུ་ཐིམ་པར་བསམ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་པའི་ཡི་གེ་བདུན་མ་ཅི་འགྲུབ་དང་། ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་ཡི་གེ་བཅུ་གཉིས་པ་དང་། ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཤྩི་མ་ཀཱ་ལོ་ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡ། ཨ་པ་ཀཱ་རི་ཎཾ། ཡ་དཾ་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀ་ཧྣ་གྲྀ་ཧྣ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དྭི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པའི་སྔགས་རིང་ཉེར་གཅིག་སོགས་ཅི་འགྲུབ་བཟླའོ། །བཟླས་པའི་རྗེས་སུ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྡོ་རྗེ་ནག་པོ་ཆེན་པོའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་ལ་གསོལ་བ་བཏབ་བོ། །༈གཉིས་པ་བཟློག་པ་ལ་གསུམ་ལས། དང་པོ་སྤྱིའི་བཟློག་པ་ནི། འཁོར་ལོའི་རྩིབས་བར་བརྒྱད་ཀྱི་རྡོ་རྗེའི་ས་གཞིར་ཡྃ་ལས་རླུང་གི་དཀྱིལ་འཁོར་གཡོ་བ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་འབར་བ། དེའི་སྟེང་ནྲྀ་ཏྲི་སྲི་ལས་དགྲ་བོ་ཕོ་གདོན་མོ་གདོན་རྣམས་ལུས་རིང་པ། སྐྲ་འཛིངས་པ། ཁ་ནས་ཁྲག་སྐྱུགས་པ། སྤྱིའུ་ཚུགས་སུ་གནས་པ་གསུམ་རེ་གྱུར། རང་གི་ཐུགས་ཀ་ནས་ཁྲོ་བོ་དུས་མཐའི་རླུང་གི་ཤུགས་དང་ལྡན་པ། ལྕགས་ཀྱུ་དང་ཞགས་པ་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་འཕྲོས། དེ་རྣམས་ཀྱིས་གནོད་བྱེད་གང་ན་གནས་པ་ནས་རང་དབང་མེད་པར་བཀུགས་ཏེ་རྩིབས་བར་གྱི་དགྲ་བགེགས་རྣམས་ལ་བསྟིམ་པར་བསམ་ལ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ཆོས་ཀྱི༴དགེ་འདུན་གྱི༴གསང་སྔགས་དང་རིགས་སྔགས་ཕྱག་རྒྱའི་བདེན་པ་དང་། ཁྱད་པར་དུ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ཁྲོ་བོ་བཅུ་གཅིག་འཁོར་དང་བཅས་པ་ལ་སོགས་པ་དམ་ཅན་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོས་བྱིན་གྱིས་བརླབས་ཀྱིས་སངས་རྒྱས་ཀྱི་བསྟན་པ་འཇིག་པ། བླ་མ་དམ་པའི་སྐུ་དགྲ། དགེ་འདུན་གྱི་སྤྱི་དགྲ། རྣལ་འབྱོར་བདག་ཅག་ལམ་སྒྲུབ་པ་ལ་བར་དུ་གཅོད་པ་དང་། སྡང་ཞིང་ཐོ་འཚམས་པའི་གནོད་བྱེད་དགྲ་བགེགས་ཐམས་ཅད་འཁོར་ལོའི་རྩིབས་བར་དུ་དམིགས་པའི་དགྲ་བགེགས་ཀྱི་ལིངྒ་འདི་ལ་མྱུར་བ་ཉིད་དུ་ཁུག་ཅིག་ཕོབ་ཅིག །ཨོཾ་ཤྲཱི་མ་ཧཱ་ཀ་ལ་སརྦ་ཤ་ཏྲཱུན་ཨཱ་ཀཪྵ་ཡ་ཛཿཛཿཧཱུྃ་བྃ་ཧོཿཞེས་ཡང་ཡང་བརྗོད་ལ་བསྟིམ་མོ། །འདིར་སྤྲོས་པ་ལ་དགའ་ན། སླར་ཡང་སྙིང་གའི་ཧཱུྃ་ལས་འོད་ཟེར་ཚ་ཞིང་རྩུབས་པ་དཔག་ཏུ་མེད་པ་སྤྲོས། དེ་དག་ལ་སྲུང་སྐྱོབས་བྱེད་པའི་ལྷ་སྲུང་ཐམས་ཅད་སྦྲང་བུ་རླུང་པོ་ཆེས་ཁྱེར་བ་ལྟར་རྒྱ་མཚོའི་ཕ་མཐར་བསྐྲད་པར་བསམས་ལ་གོང་ལྟར་བདེན་བདར་གྱི་མཐར་བྱད་མ་དགྲ་བགེགས་ཕོ་མོ་རྒྱབ་བསྟེན་ལྷ་སྲུང་གི་ཚོགས་ཐམས་ཅད་དང་ཕྱེས་ཤིག །ཤཱ་ས་ན་ཡི་མཇུག་ཏུ། སརྦ་དེ་བ་པྲི་ཏིཥྛ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་དེ་ནས། བདག་ཉིད་ཁྲོས་པའི་ཉམས་ཀྱིས་ཧཱུྃ་ཞེས་འཇིགས་པའི་སྒྲ་ཆེན་པོ་བསྒྲགས། ཞབས་བརྡབས་པས་ཕྱོགས་མཚམས་ཀྱི་ཁྲོ་བོ་རྣམས་ཁྲོས་འཁྲུགས་རྔམས་པས་ཞལ་ཕྱིར་གཟིགས། སྟེང་འོག་གི་ཁྲོ་བོ་རྣམས་ཞབས་གཡས་བརྐྱང་དུ་བསྒྱུར། འཁོར་ལོ་གཡོན་དུ་ཤུགས་དྲག་པོས་འཁོར་བས་དགྲ་བགེགས་རྣམས་མེ་རླུང་གིས་རིམ་བཞིན་བཏེགས་པས་རྐང་པ་ནས་སྤྱི་བོའི་བར་དུ་དུམ་བུར་གཏུབས། རོ་མ་ལྷུང་བ་རྣམས་མེས་བསྲེགས་རླུང་གིས་རྗེས་མེད་དུ་གཏོར། ལས་ངན་དག་ནས་རྣམ་ཤེས་མི་བསྐྱོད་པའི་ཞིང་དུ་སངས་རྒྱས་པར་བསམ། ཤཱ་ས་ན། ཨི་དཾ་དུཥྚཾ་ཡན་ཆད་འདྲ་བ་ལ་དེ་ནས། གནོད་བྱེད་ཁ་ཁ། གནོད་བྱེད་ཁཱ་ཧི་ཁཱ་ཧི། གནོད་བྱེད་མཱ་ར་མཱ་ར། གནོད་བྱེད་གྲྀཧྣ་གྲྀཧྣ། གནོད་བྱེད་བྷནྡྷ་བྷནྡྷ། གནོད་བྱེད་ཧ་ན་ཧ་ན། གནོད་བྱེད་ད་ཧ་ད་ཧ། གནོད་བྱེད་པ་ཙ་པ་ཙ། གནོད་བྱེད་དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ཅེས་སམ། བསྡུ་ན། ཨི་དཾ་དུཥྚཾ་གནོད་བྱེད་དགྲ་བགེགས་བྱད་མ་ཐམས་ཅད་ཁ་ཁ་ཁཱ་ཧི། ཞེས་པས་ཀྱང་རུང་གང་ལྟར་ཡང་དྲུག་ཅུ་རྩ་བཞི་སོགས་དོ་གལ་དང་བསྟུན་ཏེ་བཟླའོ། །གཉིས་པ་བྱེ་བྲག་གི་བཟློག་པ་བདུན་པོ་ནི་དགོས་ཆེད་སྐབས་སུ་གང་བབས་ཉམས་སུ་བླངས་བར་བྱའོ། །གསུམ་པ་ཁྱད་པར་གྱི་བཟློག་པ་ལ་སྤྲུལ་པ་སྤྲོ་བ་ནི། ཁྱད་པར་བདག་ཉིད་གུར་གྱི་མགོན་པོར་གསལ། །རབ་ཁྲོས་འཇིགས་པའི་སྒྲ་བསྒྲགས་མཁའ་ལ་འཕགས། །ཞབས་བརྡབ་བདུད་རོ་ཉལ་ཉལ་ལ་བཏང་ཞིང་། །ཁྲོས་པའི་སྤྱན་གསུམ་ཕྱོགས་བཅུར་ཧྲིག་ཧྲིག་གཟིགས། །དེས་བསྐུལ་ཕྱོགས་བཅུའི་མགོན་པོ་རབ་ཏུ་ཁྲོས། །ཞབས་བརྡབ་འཇིགས་པའི་སྒྲ་བསྒྲགས་རང་འདྲ་བའི། །སྤྲུལ་པའི་ཁྲོ་བོ་དུར་ཁྲོད་བརྒྱད་དུ་བྱོན། །ཁྲོས་འཁྲུགས་ཞབས་བརྡབས་འཇིགས་རུང་གད་རྒྱངས་བསྒྲགས། །ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་སྡེ་བཞི་ཡེ། །དམག་ལས་བྱས་པའི་དམག་དཔོན་དྲག་ཤུལ་ཅན། །ས་དང་ནམ་མཁའི་ཁྱོན་ཀུན་ཁྱབ་པར་སྤྲོས། །དགྲ་བགེགས་དམག་དཔུང་སྦྲང་མའི་ཕུང་པོ་རྣམས། །དུད་པ་འཁྲིགས་ལྟར་བུན་བུན་སླེབས་པ་རྣམས། །བདག་གི་སྤྲུལ་པའི་དམག་ཚོགས་མཐོང་བའི་མོད། །སྟོབས་ཉམས་དཔའ་ཞུམ་གོ་ཆ་ནུས་མདངས་ཉམས། །བདག་གིས་སྤྲུལ་པའི་དམག་རྣམས་ཕར་ཆས་ཏེ། །ཕ་རོལ་དམག་དཔུང་བསད་བཅོམ་ཤ་ཁྲག་ཟོས། །གོ་ཆ་ཕྲོགས་ཏེ་མིང་གི་ལྷག་མར་བྱས། །ཅུང་ཟད་ལྷག་མ་ལུས་རྣམས་གནོད་བྱེད་ཀྱི། །སྟེང་དུ་ཕར་ལོག་བདག་གིས་དམག་སྣ་དྲངས། །དེ་རྗེས་སྤྲུལ་པའི་དམག་དཔུང་རྔམ་ཞིང་རྒྱུགས། །གནོད་བྱེད་དགྲ་གདོན་བྱད་མཁན་ཕོ་མོ་སོགས། །བསད་བཅད་ཤ་ཁྲག་ཧབ་ཧབ་ཞལ་དུ་གསོལ། །ནོར་རྫས་ཡུལ་མཁར་གྲོང་ཁྱེར་གཏན་ནས་བརླག །ཡེ་ཤེས་མེས་བསྲེགས་སྤྲུལ་པའི་འཐོར་རླུང་གིས། །སྟོང་གསུམ་ཕ་མཐར་ཁྱེར་ཏེ་རྗེས་མེད་གྱུར། །ཤཱ་ས་ན་སྤེལ་ཚིག་ཅན་དང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཡ་མ་རཱ་ཛ་ཀཱི་ལི་ཀཱི་ལ་ཡ་སརྦ་བྷྱོཿབཟློག་རྦད། མ་མ་ཏེ་ཀཾ་གྲཾ་པ་ཏེ་བྷྱོཿབཟློག་རྦད། ཅེས་དྲག་ཏུ་བཟླ། ཡང་སྤྲུལ་སྤྲོ་བ་ནི། སླར་ཡང་བདག་ཉིད་གུར་གྱི་མགོན་པོ་གསལ། རབ་ཁྲོས་ཧཱུྃ་ཞེས་འཇིགས་པའི་སྒྲ་ཆེན་སྒྲོགས། །ཁྲོས་པའི་སྤྱན་གསུམ་ཕྱོགས་བཅུར་དྲག་ཏུ་གཟིགས། །ཕྱོགས་བཅུའི་མགོན་པོ་རབ་ཏུ་ཁྲོས་ཤིང་འཁྲུགས། །དེས་བསྐུལ་སྤྲུལ་པའི་མགོན་པོ་རྣམས་ཀྱང་ཁྲོས། །འཇིགས་རུང་སྒྲ་བསྒྲགས་དམག་ཚོགས་རབ་ཏུ་བསྐུལ། །ཕྱོགས་སྐྱོང་དམག་རྣམས་ཤིན་ཏུ་འཁྲུགས་པ་ལས། །ཡང་སྤྲུལ་རྟ་པ་སྲིན་པོ་ཁྲོས་པ་དང་། །མ་ཧེ་སྔོ་ནག་དུག་སྦྲུལ་གངས་སེང་རྔམས། །འཐབ་གླང་མཚོན་ཐོགས་འཕར་སྤྱང་རུ་ཏྲ་ནག །རླུང་ལྷ་སྔོན་པོ་གནམ་ལྕགས་ག་རུ་ཌ། །ལྕགས་སྡིག་རྣམས་ཏེ་གྲངས་མེད་གཏུམ་ལ་རྔམ། །སྟེང་འོག་ཕྱོགས་མཚམས་ཁྱབ་པའི་ཟིལ་མ་བཟོད། །དགྲ་བགེགས་སྟོབས་ཉམས་སྤྲུལ་པའི་རྟ་པ་ཡིས། །མཚོན་ཆའི་ཆར་ཕབ་མ་ཧེས་བརྫིས་ཤིང་བརྡུང་། །དུག་སྦྲུལ་མཐོང་རེག་དུག་གིས་མྱོས་ཤིང་འཐིབས། །སེང་གེ་འཕར་སྤྱང་རུ་ཏྲས་བསད་བཅོམ་ཟོས། །རླུང་ལྷས་རླུང་གིས་གཏོར་བསྐྲད་མཁའ་ལྡིང་གིས། །མིག་ཀླད་རྒྱུ་ལྟོ་ཕྱིར་ཕྱུངས་ལྕགས་སྡིག་གིས། །རབ་བརྩིར་ཤ་ཁྲག་ཐམས་ཅད་ཧབ་ཐོབ་རོལ། །ནོར་རྫས་ཡུལ་མཁར་མེས་བསྲེགས་རླུང་གིས་གཏོར། །ཐམས་ཅད་སྟོང་ཉིད་བདེ་ཆེན་ངང་དུ་ཐིམ། །ཤཱ་ས་ན་སྤེལ་ཆོག་ཅན་དང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ་ཡ་མ་རཱ་ཛ་ཀཱི་ལི་ཀཱི་ལ་ཡ་སརྦ་བྷྱོཿབཟློག་རྦད། མ་མ་ཏེ་ཀཾ་གྲཾ་པ་ཏེ་བྷྱོཿབཟློག་རྦད། ཅེས་བཟླ། མགོན་པོའི་སྤྲུལ་པ་ཡང་སྤྲུལ་དམག་ཚོགས་ཀྱིས། །དགྲ་བགེགས་བྱད་མའི་ཚེ་དང་བསོད་ནམས་སྟོབས། །དཔལ་འབྱོར་ངོ་སོ་དང་བཅས་འཁྱེར་བཞིན་དུ། །ཚུར་འདུས་སྤྲུལ་གཞི་རྣམས་ལ་སིབ་ཀྱིས་ཐིམ། །བདག་ཅག་ཕྱོགས་ལས་རྣམ་རྒྱལ་ནུས་མཐུ་ཡིས། །བདག་ཉིད་སྲིད་པ་གསུམ་གྱི་རྗེ་བོར་གྱུར། འདི་ལ་ཁྱད་པར་གྱི་མདེའུ་ཁ་བཟློག་པའི་རྩ་ལ་འདོན་སྤྲོ་ན་ཁྲིད་གཞུང་ལྟར་དང་། སྔགས་པ་ནང་རྒྱས་པའི་མན་ངག །གཏོར་མ་ལ་བརྟེན་ནས་དགྲ་བོ་རང་གཤེད་ལ་དབབ་པ་སོགས་ནི་དགོས་ཆེད་ཁྱད་པར་ཅན་བྱུང་ན་བླ་མའི་མན་ངག་ལྟར་ཤེས་པར་བྱའོ། །དམོད་པ་འདོར་བ་ནི། ལག་གཉིས་བཀན་ལ། ཨོཾ་བྷ་ཡ་ནཱ་ས་ནི། ཏྲཱ་ས་ནི་སརྦ་མཱ་ར་པྲ་ཏྱཱཾ་གི་ར། བི་ནཱ་ས་ནི། ཡི་གེ་ཙི་ཏ་དུཥྚཱན་སཏྭ་མ་མ་བིརཱུ་པ་ཀྃ་ཀུརྦན། ཏི་ཏཱ་ནི། སརྦ་མཱ་ར་ཎི་པྲ་ཏྱཱཾ་ཀ་རི་ཎི་པ་ཏ་ཏུ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་ཚར་གསུམ་དང་། སུ་གང་དག་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། བདག་ཅག་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང་། གདུག་པའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་བསམ་པ་དང་སྦྱོར་བ་ངན་པར་བྱེད་པའི་དགྲ་བགེགས་ཐམས་ཅད་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག །གལ་ཏེ་ཞི་བར་མ་གྱུར་ན་དེའི་ཚེ་དེ་དག་ཐམས་ཅད་ཀྱི་ལུས་བཅིང་བར་བགྱིའོ། །ངག་བཅིང་བར་བགྱིའོ། །ཡིད་བཅིང་བར་བགྱིའོ། །མཐུ་བརླག་པར་གྱུར་ཅིག །རྫུ་འཕྲུལ་བརླག་པར་གྱུར་ཅིག །སྟོབས་བརླག་པར་གྱུར་ཅིག །དེས་བཟླས་པའི་སྔགས་ཀྱིས་དེ་ཉིད་བརླག་པར་གྱུར་ཅིག །དེས་བསྒྲུབས་པའི་ལྷ་འདྲེས་དེ་ཉིད་ཀྱི་ཤ་ཟ་བར་གྱུར་ཅིག །ཅེས་བརྗོད་པས་དམོད་པ་འདོར་ཏེ། དེའང་ལག་པ་གཉིས་གནམ་ལྕགས་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་བར་དུ་དགྲ་བགེགས་རྣམས་དམིགས་ཏེ་ཐལ་མོ་ལན་གསུམ་བརྡབ་པས་ཤ་ཁྲག་དམར་ཆལ་གྱིས་སོང་བ་ཁྲོ་བོ་རྣམས་ཀྱི་ཞལ་དུ་སྟོབས། རོ་མ་རྣམས་འོག་གི་ཁྲོ་བོའི་ཞལ་དུ་བསྟབས་པས་བཞེས་པར་བསམ། ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་རྣམས་ནི་ཐམས་ཅད་ཀྱི། །ལུས་ངག་ཐལ་བ་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཞེས་བརྗོད་ལ་འཁོར་གསུམ་དམིགས་པ་མེད་པའི་ངང་དུ་མཉམ་པར་བཞག་གོ། དེ་ནས་བསད་པ་དང་མནན་དམིགས་མ་བྱས་ན། ཧཱུྃ་ཞེས་བརྗོད་པས་འཁོར་ལོ་གཡས་སུ་འཁོར། ཡང་ཧཱུྃ་ཞེས་བརྗོད་པས་ཁྲོ་བོ་རྣམས་ཞལ་ནང་དུ་གཟིགས་པར་བསམ་ལ། ཨོཾ་བཛྲ་ཙཀྲ་རཀྵ་ཧཱུྃ་བྷྲཱུྃ་ཧཱུྃ། ཞེས་བརྗོད་པས་སྲུང་བའི་འཁོར་ལོ་བརྟན་པར་བསམ། །གསུམ་པ་བསད་པ་ལ་གསུམ་ལས། དང་པོ་སྤྱིར་བསད་པ་ནི། འོག་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཆོས་འབྱུང་མཐིང་ནག་མེ་འབར་བའི་ནང་དུ་དགྲ་བགེགས་གཟུགས་བརྙན་ཉམས་ཐག་པའི་རྣམ་པ་ཅན། ལྕེས་བྲང་ཁེབས་པའི་སྙིང་གར་སྲོག་གི་རྟེན་ཁྲག་གི་ཐིག་ལེ་མཚལ་དྭངས་མའི་མདོག་ལྟ་བུ་གཅིག་ཏུ་གསལ་བ་ལ། རང་གི་ཐུགས་ཀ་ནས་སྤྲོས་པའི་ཕོ་ཉ་རྣམས་ཀྱིས་དགྲ་བགེགས་བཀུག་ནས་བསྟིམ་པར་བསམ། རྒྱས་པ་སྔར་ལྟར་འགུགས་འདྲེན་བྱས་ཏེ། རང་ཉིད་ཁྲོས་པའི་ཞབས་བརྡབས། འཇིགས་པའི་ཧཱུྃ་སྒྲ་དྲག་ཏུ་བསྒྲགས། འཁོར་ལོ་གཡས་སུ་འཁོར་བའི་མས་ཀྱི་རྩིབས་རྩེ་དགྲ་བགེགས་ཀྱི་སྙིང་གར་གཟིར་ཏེ་དྲག་ཏུ་འཁོར་བས་སྙིང་རྩ་སྲོག་རྩ་ཐམས་ཅད་ཉལ་ཉལ་གཏུབ་ཅིང་བཅད། ཤ་ཁྲག་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་ཟོས་ཤིང་ཚར་བཅད། མཐར་དགྲ་བགེགས་ཀྱི་རྒྱུད་ཀྱི་སྡིག་སྒྲིབ་བསམ་ངན་ཐམས་ཅད་དག་ནས་མི་བསྐྱོད་པའི་ཞིང་དུ་སངས་རྒྱས་པར་བསམ་ལ། །ཤ་ས་ན་སྤེལ་ཚིག་ཅན་དྲག་ཏུ་བཟླའོ། །བྱེ་བྲག་བསྟན་པའི་སྤྱི་དགྲ་བསྒྲལ་བའི་བསད་ལས་ལྔའམ་བདུན་དང་། རྣལ་འབྱོར་སྒོས་དགྲ་རང་གཤེད་རང་ལ་དབབ་སྟེ་བསད་པའི་ལས་སྦྱོར་ནམས་ཞལ་ལས་ཤེས་པར་བྱའོ། །བསད་པའི་རྩལ་འདོན་སོགས་ཀྱང་གཞུང་དུ་གསལ་ལོ། །བཞི་པ་མནན་པ་ནི། རང་ཉིད་མགོན་པོར་གསལ་བའི་ཞབས་འོག་ཏུ་དོང་གྲུ་གསུམ་གཏིང་རིང་བར་གྱུར་པའི་ནང་དུ་དགྲ་བགེགས་གསལ་བར་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་སྤྲོས་པའི་ཕོ་ཉ་རྣམས་ཀྱིས་དགྲ་བགེགས་བཀུག་ཏེ་ཐིམ་པར་བསམ། དགུག་གཞུག་རྒྱས་པར་བྱས་ལ། དགྲ་བགེགས་དེ་ཉིད་དོང་གི་གཏིང་དུ་ལས་ཀྱི་གཤིན་རྗེ་ཞལ་གདངས་པའི་ལྟོ་བར་སོང་བ་དང་སྟེང་ནས་རྡོ་རྗེ་རྒྱ་གྲམ་གྱིས་མནན་པས་ཐར་པའི་དུས་མེད་པར་བསམ་ལ་ཤཱ་ས་ནའི་མཇུག་ལ། དི་ན་མེ་ཀེ་ན་སྟྭཾ་བྷ་ཡ་ནན། བཏགས་པ་ཅུང་ཞིག་བཟླས་ནས་ལྟ་བ་ལ་འཇོག་གོ། རྫས་ལ་བརྟེན་པ་དང་། མནན་པའི་རྩལ་འདོན་ནི་གཞུང་དུ་ཤེས་སོ། །དེ་ནས་གོང་བཞིན་སྲུང་འཁོར་བརྟན་སྔགས་བརྗོད་དོ། །ཕྱི་སྒྲུབ་རྐྱང་པ་ཉམས་སུ་ལེན་ན་འོག་ནས་འབྱུང་བའི་རྗེས་ཀྱི་རིམ་པ་རྣམས་བྱའོ། །༈གཉིས་པ་ནང་རྫོགས་པའི་རིམ་པ་རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་པའི་གསང་སྒྲུབ་ཀྱི་བསྙེན་སྒྲུབ་ལ་གསུམ་ལས། དང་པོ་བསྙེན་པ་ནི། རང་ཉིད་མགོན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་དང་ཡི་དམ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ་པས་རང་གི་ལུས་རྟེན་དང་བརྟེན་པའི་རང་བཞིན་དུ་གྱུར་པ་ནི། སྤྱི་བོ་ནས་གསང་གནས་ཀྱི་བར་དུ་རྩ་དབུ་མ་སྔོ་སངས་ཐིག་ལེ་དྭངས་མས་གང་བ། གཡས་སུ་རོ་མ་དམར་གསལ་རཀྟའི་དྭངས་མས་གང་བ། གཡས་སུ་རྐྱང་མ་དཀར་དྭངས་བྱང་ཆུབ་སེམས་ཀྱི་དྭངས་མས་གང་བ། ལྟེ་བ་སྤྲུལ་པའི་འཁོར་ལོ། གསང་གནས་བདེ་སྐྱོང་གི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྣམས་རྩ་མདུད་ལས་གྱེས་པས་འདབ་མའི་རྣམ་པ། གསང་གནས་རྩ་གསུམ་འདུས་མདོ་ཆོས་འབྱུང་གྲུ་གསུམ་སྨུག་ནག་བདེ་བ་ཆེན་པོའི་རང་བཞིན་གདེངས་ཁ་ཆེ་བ་ལྟེ་འོག་སོར་བཞིར་སླེབས་པ། རྩ་བ་ཕྲ་བ་གསང་གནས་སུ་ཟུག་པ། དེའི་ནང་དུ་ཆོས་སྐུ་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་ཡུམ་ཆེན་ཨེ་ཀ་ཛཱ་ཊི་ཆོས་དབྱིངས་ནམ་མཁའི་རང་བཞིན་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཀྱི་མེ་ཡི་ཕྱག་རྒྱས་གཡུ་ཡི་བུམ་པ་ཐུགས་ཀར་འཛིན་པ། དར་དཀར་གྱི་ན་བཟས་སྟོད་གཡོགས་ཤིང་། སྟག་གི་པགས་པའི་ཤམ་ཐབས་ཅན། རལ་པ་ལན་བུ་གཅིག་ཏུ་གྱུར་ནས་གཡོན་དུ་འཕྱངས་བ། ཁྲོ་མོའི་རྣམ་པ་ཅན། འདི་ལ་ཤིན་ཏུ་ཟབ་པའི་གནད་ལྔ་སྟེ། དང་པོ་བསྒོམ་པ་ལྟའི་གནད་ནི། ལྷ་རྣམས་གོང་མའི་ཞབས་འོག་ཏུ་འོག་མའི་དབུ་ཚུད་པ་དང་སྐུ་ཚད་ཀྱང་ཇེ་ཆུང་དུ་བཏང་སྟེ། དེ་ལས་འོད་སྔོན་པོ་གསུམ་ཆད་རྩ་གསུམ་གྱི་ནང་དུ་སོང་བས། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་དབུ་མའི་རྩ་ཐིག་རླུང་གསུམ་འོད་དང་བཅས་པ་དབྱེར་མེད་དུ་འདྲེས་པ་ལས། རྩ་འཁོར་གྱི་སྟོད་ཙམ་དུ་བླ་མ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་དང་། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། གྲུ་མོ་གཡོན་གྱི་ཁུག་ན་རྡོ་རྗེས་མཚན་པའི་ཁ་ཊྭཱྃ་ག་བརྟེན་པ་སྤྱི་བོར་རལ་པའི་ཐོར་ཅོག་དང་། སྣ་ཚོགས་རྡོ་རྗེས་མཚན་པ། གར་གྱི་ཉམས་དགུ་དང་ལྡན་ཞིང་རུས་པའི་རྒྱན་དྲུག་འཁྲོལ་བ། ཞབས་གཡས་བརྐྱང་པའི་བརླ་ལ་གཡོན་བསྐུམ་པའི་སོར་མོ་རྣམས་གཏད་པའི་གར་སྟབས་ཀྱིས་བཞུགས་པ། དེའི་ཐད་ཀྱི་རོ་མ་དང་དབྱེར་མེད་པའི་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་སྐུ་མདོག་མཐིང་ནག་ཆེ་ཞིང་ཆེར་འབར་བ་ཞལ་གཅིག་ཕྱག་གཉིས་པ་གཡས་གྲི་གུག་དང་གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཆར་གྱི་དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ། སྤྱན་གསུམ་དང་ལྡན་ཞིང་ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་ཀྱིས་བཀླུབས་པ། མིའུ་ཐུང་གེལ་པའི་འདུག་སྟངས་ཀྱིས་རོ་ཡི་སྟེང་ན་བཞུགས་པ། དེའི་གཡས་སུ་བྱ་ནག །གཡོན་ན་ཁྱི་ནག །རྒྱབ་ན་ཅེ་སྤྱང་། མདུན་ན་མི་ནག །སྟེང་ན་ནམ་མཁའ་ལྡིང་གི་སྤྲུལ་པའི་ཕོ་ཉ་འཕྲོ་བ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། གཡོན་དུ་རྐྱང་མ་དང་དབྱེར་མེད་པའི་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་བོང་བུ་གྭ་པ་ལ་ཞོན་པ། སྐུ་མདོག་སྔོན་ནག་ཞལ་གཅིག་ཕྱག་བཞི་མ་གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་ཐོད་པ་ཁྲག་གིས་གང་བ། གཡོན་གྱི་དང་པོ་ན་མདུང་། གཉིས་པ་ན་རྩེ་གསུམ་གྱི་མགུལ་ན་དར་ནག་གི་བ་དན་འཕྱང་བ་བསྣམས་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། །རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ། གླང་པོ་ཆེའི་ཀོ་རློན་གྱིས་སྟོད་གཡོགས་ཤིང་། བ་གླང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་ཅན། མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་གཙིགས་པ། སྙན་གཡས་པ་ན་དུག་སྦྲུལ་དང་གསེར་གྱི་དྲིལ་བུ། གཡོན་པ་ལ་སེང་གེ་དང་གཡུའི་དྲིལ་བུས་བརྒྱན་པ། ཀླུའི་དབང་པོའི་སྐ་རགས་ཅན། ཤིན་ཏུ་རིད་ཅིང་མི་སྡུག་པ་ལྟེ་བའི་ཐད་ཀ་ནས་ཉི་ཟླ་འཆར་བ་ཞབས་གཉིས་ལྕགས་སྒྲོག་གིས་མཛེས་པར་བྱས་པ། སྐུ་ལ་ཁྲག་གི་ཐིག་ལེ་དང་ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུས་བརྒྱན་པ། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེའི་དབུས་ན་ཧཱུྃ་དང་བྷྱོཿཡི་སྒྲ་སྒྲོགས་པ། བླ་མའི་ཐུགས་ཀ་ནས་འོད་སྔོན་པོ་གཅིག་ཆད། ཆོས་ཀྱི་འཁོར་ལོའི་དབུས་སུ་ཧཱུྃ་ཡིག་ཏུ་གྱུར་དབུ་མ་དང་རོ་གཅིག་ཏུ་འདྲེས་པ་ལས། ལས་ཀྱི་མགོན་པོ་བེར་ནག་ཟངས་གྲི་ཅན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་དགྲ་བགེགས་ཀྱི་སྲོག་རྩ་གཅོད་པའི་ཟངས་གྲི་ནམ་མཁའ་ལ་ཕྱར་ཞིང་། གཡོན་དམ་ཉམས་ཀྱི་སྙིང་ཁྲག་གསོལ་བའི་བྷན་དམར་ཐུགས་ཀར་འཛིན་པ། ཞལ་གདངས་ཤིང་ལྗགས་འདྲིལ་བ། མཆེ་བ་གཙིགས་ཤིང་སྤྱན་གསུམ་བགྲད་པ། རལ་པ་ཁམས་ནག་ནམ་མཁར་གཟིངས་པ། དར་ནག་པོའི་འཇོལ་བེར་གསེར་མ་སུམ་བརྩེགས་གསོལ་བ་ལ་གསེར་གྱི་ཀ་བོ་ཆེ་བཅིངས་པ་སག་ཏིའི་ལྷྭམ་འབོག་གསོལ་བའི་ཞབས་གཉིས་གཡས་བསྐུམ་ཞིང་གཡོན་བགྲད་པའི་སྟབས་ཀྱིས་བཞུགས་པ། གུར་མགོན་གྱི་ཐུགས་ཀ་ནས་ལྃ་ཆད་པས་རོ་མ་དང་དབྱེར་མེད་པའི་ནག་པོ་གནོད་སྦྱིན་གཡས་གསེར་གྱི་གྲི་གུག་དང་། གཡོན་སྦར་བ་ཕྱིར་གདེངས་པའི་མཐིལ་ན་ཉི་མའི་དཀྱིལ་འཁོར་འཆར་བ། དེང་ཕོན་གསེར་མའི་ཕོད་ཀ་དང་། མི་ལྤགས་རློན་པ་ཁྲག་འཛག་པ་ལྡིང་ཐབས་སུ་གྱོན་ཞིང་གསེར་གྱི་རྣ་ཆ་འཕྱང་བ། ལྷ་མོའི་ཐུགས་ཀ་ནས་མྃ་སྨུག་ནག་ཆད་པས་རྐྱང་མ་དང་དབྱེར་མེད་པའི་ནག་མོ་གནོད་སྦྱིན་གཡས་གསེར་གྱི་སྤུ་གྲི། གཡོན་སྦར་བ་ཕྱིར་གདེངས་པའི་མཐིལ་ན་ཟླ་བའི་དཀྱིལ་འཁོར་འཆར་བ། དར་ནག་པོ་གསེར་གྱི་ཐིག་ལེ་ཅན་གྱི་གོས་གྱོན་ཞིང་བྱེ་རུའི་ལན་ཚར་འཕྱང་བ། གནོད་སྦྱིན་གྱི་ཐུགས་ཀ་ནས་ཏྲི་ཡིག་གཉིས་ཆད་པ་ལས་རོ་མ་དང་དབྱེར་མེད་པའི་སྟོད་དུ་པུ་ཏྲ་ནག་པོ་གཡས་རལ་གྲི་དང་། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པ། དར་ནག་པོའི་ཨང་ག་རག་དང་དར་མེད་གྱི་ན་བཟའ་ཅན། སྨད་དུ་བྷ་ཊ་ནག་པོ་གཡས་དམ་ཤིང་དང་། གཡོན་མིའི་སྙིང་འཛིན་པ་སྟག་སླག་གྱོན་ཞིང་མནྟྲའི་ག་ཤ་ཅན། གནོད་སྦྱིན་མོའི་ཐུགས་ཀ་ནས་བྷྱོཿགཅིག་ཆད་པ་རྐྱང་མ་དང་དབྱེར་མེད་པའི་སྲིང་མོ་གསེར་གྱི་སྤུ་གྲི་མ་ནག་མོ་གཡས་གསེར་གྱི་སྤུ་གྲི་དང་། གཡོན་རྒྱུ་ཞགས་ཞལ་དུ་འདྲད་ཅིང་ཁ་ནས་མེ་འབར་བ་གཅེར་བུ་རལ་པ་ཐུར་དུ་འཕྱང་བ། དབུ་མའི་ནང་གི་ལྷ་རྣམས་མདུན་དྲང་པོར་གཟིགས་པ། རོ་མའི་ལྷ་གཡོན་གཟིགས། རྐྱང་མའི་ལྷ་གཡས་གཟིགས། ལས་མགོན་ཕོ་གསུམ་ཞབས་གཡོན་བརྐྱང་། མོ་གཉིས་གཡས་བརྐྱང་དུ་བཞུགས་པའོ། །མཆན། འདིར་མཆོག་སྒྲུབ་པའི་སྐབས་སུ་བདེ་བ་སྒྲུབ་པའི་དམིགས་པ་ཁྲིད་གཞུང་ལྟར་བྱའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། བླ་མ་ཧེ་རུ་ཀའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་མགོན་པོ་ལྷ་དགུ་བླ་མ་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་བླ་མ་ཧེ་རུ་ཀ་དང་གུར་གྱི་མགོན་པོ་ལ་མི་བསྐྱོད་པ་གཞན་རྣམས་ལ་མི་བསྐྱོད་པའི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རེ་རེས་དབུར་བརྒྱན། །གཉིས་པ་རྫས་ཀྱི་རྡོ་རྗེས་དམ་ལ་བཞག་པའི་གནད་ནི། བླ་མའི་ཕྱག་ཏུ་དམ་ཚིག་གི་རྡོ་རྗེ་རྩེ་ལྔ་པ་ཐོགས་ནས་ལྷ་རྣམས་ཀྱི་སྤྱི་བོར་བཞག་པས། དེ་འདྲ་བ་རེ་ཆད་པ་སྤྱི་བོ་ནས་ཐིམ་པས་སྙིང་གར་གནས་པར་བསམ་ལ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། གལ་ཏེ་དམ་ལས་འདས་གྱུར་ན། །འཇིག་འགྱུར་འདི་ལ་ཐེ་ཚོམ་མེད། །མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་དམ་ལ་བཞག །དེ་ནས་གཏོར་མ་དངོས་སམ། ཡིད་ཀྱིས་བསམ་ལ། སྣོད་ཀ་པཱ་ལ་སྟོང་གསུམ་གྱི་ཁྱོན་དང་མཉམ་པར་བཅུད་དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿདང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་གུ་རུ་ཧེ་རུ་ཀ་ཤྲཱི་མ་ཧཱ་ཀཱ་ལ་ཡ། མ་ཧཱ་ཀཱ་ལཱི་དེ་ཝཱི་ཡེ། ཨེ་ཀ་ཛ་ཊཱི་དེ་ཝཱི་ཡེ། མ་ཧཱ་ཀཱ་ལ་རཱུ་པ། བཛྲ་ཀཱ་ལ་ཡཀྵ། ཀཱ་ལཱི་ཡཀྵ་སཱི། ཡཀྵ་པུ་ཏྲ་རུ་ཏྲ་བྷ་ཏྲ་རུ་ལུ་རཀྑ་སཱི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿསོགས་ལན་གསུམ་གྱིས་ཕུལ། མཚན་སྔགས་དེ་ཉིད་ཀྱི་མཐར། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། སྤྲོ་ན་བསྟོད་པ་བྱ་གསུངས། བླ་མ་ཧེ་རུ་ཀའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་གི་མཐར། དེ་ཝ་པི་ཙུས་བསྐོར་བ། དེའི་མཐར་ཆོས་སྐྱོང་འཁོར་བཅས་ཀྱི་སྔགས་རྣམས་ཀྱིས་རིམ་བཞིན་གཡས་སུ་བསྐོར་བ། ལྷ་དགུའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་བྷྱོཿཧཱུྃ་ཡྃ་མྨྃ་ཏྲི་ཏྲི་བྷྱོཿརྣམས་ཀྱི་ས་བོན་དང་བཅས། བླ་མའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ལུས་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། བདེ་ཆེན་གྱི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཤིང་ཆོས་སྐྱོང་རྣམས་ཅུང་ཟད་སྐྲག་པའི་རྣམ་པས་བཀའ་ལས་འདའ་མི་ནུས་ཤིང་འདར་ཕྲི་ལི་ལི་ཡོད་པར་བསམ་ལ། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྒྱ་རྩའམ། ཉེར་གཅིག་ཙམ་བཟླ། །གསུམ་པ་གཉེན་པོ་སྔགས་ཀྱི་གནད་ནི། དེ་ནས་འོད་ཟེར་ཆོས་སྐྱོང་སོ་སོའི་ཐུགས་ཀའི་ས་བོན་ལ་ཕོག་པས་རབ་ཏུ་མཉེས་ཤིང་འཛུམ་པའི་མདངས་དང་བཅས་པས་བདག་གི་དབང་དུ་འདུས་བར་བསམ་ལ། ཐོག་མར་མགོན་པོ་ལ་དམིགས་པ་གཏད་དེ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་ལ་སོགས་པ་བཟླས། ལྷ་མོར་དམིགས་ཏེ། ཨོཾ་རོ་རུ་རོ་རུ་བི་ཏིཥྵ་བ་དྷོདྶི་ཀཱ་མ་ལ་རཀྑཾ་སཱི་ཧཱུྃ་བྷྱོཿཧཱུྃ། ཅེས་མགོན་པོའི་ཕྱེད་དང་། ཟངས་གྲི་ཅན་ལ། ཨོཾ་མ་ཧཱ་ཀཱ་ལ་རཱུ་པ་ས་མ་ཡ་ཧཱུྃ་ཕཊ། ལྷ་མོ་དང་གྲངས་མཉམ། །ལས་མགོན་མོ་གཉིས་ལ། ཨོཾ་རོ་རུ་རོ་རུ་ཏྲི་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོཿཛ་ཛཿལྷ་མོའི་ཕྱེད་དང་། ཕོ་གསུམ་ལ་དམིགས་ཏེ། ཨ་ལི་ཨ་ལི་མ་ཛ་ཛ། ཤམ་ཤམ། ལི་ཤི་དེད། ཨ་ཤྭ་དེད། མོ་སྨུག་པུ་ཏྲི་ཨ་ལི་མ་ཛ། ནག་མོ་ཤ་ལ་རུ་པ་ཛ་ཛཿམོའི་ཕྱེད་བཟླས་སོ། །འདིར་ཐུན་མོང་མ་ཡིན་པའི་བསྙེན་པ། མི་འཁུ་བའི་བཟླས་པ། སྲོག་འཕྲོག་པའི་བཟླས་པ། སྲོག་གི་ཡང་ཐིག་བླང་བ་སོགས་ཇི་ལྟར་རིགས་པར་བྱའོ། །གཉིས་པ་སྒྲུབ་པ་ནི། རླུང་རོ་ལན་གསུམ་བུས་ལ། ལྟེ་བའི་ཡུམ་ཆེན་ལས་འོད་ཟེར་ཚ་ཞིང་དྲག་པ་དྲོད་ཀྱི་རང་བཞིན་འཕྲོས་སྙིང་ཁར་སོང་། གཡས་རོ་མའི་ཕོ་རྒྱུད་ལ་ཕོག་པས་རང་དབང་མེད་པར་བསྐུལ། སྣ་བུག་གཡས་ནས་རླུང་ཕྱིར་འགྲོ་བ་དང་ལྷན་ཅིག་དྲེགས་པ་ཕོ་རྒྱུད་ནམ་མཁའི་ཁམས་གང་བ་འཕྲོས། བསྟན་པ་དང་རྣལ་འབྱོར་པ་ལ་སྡང་བའི་དགྲ་བགེགས་ཐམས་ཅད་ཚར་བཅད། སེམས་ཅན་ཐམས་ཅད་ཕོ་རྒྱུད་དུ་བྱས། རང་བཞིན་གྱི་གནས་ནས་དྲེགས་པ་ཕོ་རྒྱུད་རྣམས་དང་རོ་གཅིག་ཏུ་འདྲེས་པ་ཚུར་འདུས། རླུང་ནང་དུ་འཇུག་པ་དང་མཉམ་དུ་སྣ་བུག་གཡས་ནས་ཞུགས། རླུང་གནས་པ་དང་ལྷན་ཅིག་ཕོ་རྒྱུད་རྣམས་དང་རོ་གཅིག་ཏུ་འདྲེས་པས་དབང་དུ་འདུས་པར་བསམས་ལ། རླུང་འབྱུང་འཇུག་གནས་གསུམ་བསྡོམས་པ་ལ་ཕྲེང་བ་རེ་རེ་བསྐྱུར་བའི་གྲངས་ཉེར་གཅིག་སོགས་ཇི་ལྟར་རིགས་པ་བཟུང་བ་ནི་དབང་དུ་བསྡུ་བའོ། །ཡང་དྲེགས་པ་ཕོ་རྒྱུད་ལས་འོད་ཟེར་ཕྱིར་འཕྲོས་པས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་རླུང་ནང་དུ་འཇུག་པ་དང་ལྷན་ཅིག་སྣ་བུག་གཡས་ནས་ཞུགས། རླུང་གནས་པ་དང་མཉམ་དུ་ནང་གི་ཕོ་རྒྱུད་རྣམས་ལ་ཐིམ་པས་དེ་དག་གིས་བྱིན་གྱིས་བརླབས་པར་བསམས་ལ། སྔར་བཞིན་དབང་དུ་བསྡུ་བ་དང་གྲངས་མཉམ་བྱ་བ་ནི་བྱིན་གྱིས་བརླབས་པའོ། །དེ་བཞིན་དུ་སྟེ་བའི་ཡུམ་ཆེན་ལས་འོད་ཟེར་ཚ་ཞིང་དྲག་པ་དྲོད་ཀྱི་རང་བཞིན་འཕྲོས། སྙིང་གར་སོང་གཡོན་རྐྱང་མའི་མོ་རྒྱུད་ལ་ཕོག་པས། རང་དབང་མེད་པར་བསྐུལ་ཏེ་སྣ་བུག་གཡོན་ནས་རླུང་ཕྱིར་འགྲོ་བ་དང་ལྷན་ཅིག་དྲེགས་པ་མོ་རྒྱུད་ནམ་མཁའི་ཁམས་གང་བར་འཕྲོས། བསྟན་པ་དང་རྣལ་འབྱོར་པ་ལ་སྡང་བའི་དགྲ་བགེགས་ཚར་བཅད། སེམས་ཅན་ཐམས་ཅད་མོ་རྒྱུད་དུ་བྱས། རང་བཞིན་གྱི་གནས་ནས་དྲེགས་པ་མོ་རྒྱུད་རྣམས་དང་རོ་གཅིག་ཏུ་འདྲེས་པ་ཚུར་འདུས། རླུང་ནང་དུ་འཇུག་པ་དང་མཉམ་དུ་སྣ་བུག་གཡོན་ནས་ཞུགས། རླུང་གནས་པ་དང་ལྷན་ཅིག་མོ་རྒྱུད་རྣམས་དང་རོ་གཅིག་ཏུ་འདྲེས་བས་དབང་དུ་འདུས་པར་བསམས་ལ། རླུང་སྦྱོར་གྱི་གྲངས་གོང་ལྟར་འགྲེའོ། །ཡང་དྲེགས་པ་མོ་རྒྱུད་ལས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། རླུང་ནང་དུ་འཇུག་པ་དང་ལྷན་ཅིག་སྣ་བུག་གཡོན་ནས་ཞུགས། རླུང་གནས་པ་དང་མཉམ་དུ་ནང་གི་མོ་རྒྱུད་རྣམས་ལ་ཐིམ་པས་དེ་དག་བྱིན་གྱིས་བརླབ་པར་བསམས་ལ་གྲངས་མཉམ་བྱའོ། །ཡང་། ལྟེ་བའི་ཡུམ་ཆེན་ལས་འོད་ཟེར་ཚ་ཞིང་དྲག་པ་དྲོད་ཀྱི་རང་བཞིན་འཕྲོས། སྙིང་གར་སོང་དབུ་མའི་གཉིས་མེད་ཀྱི་རྒྱུད་ལ་ཕོག་པས་རང་དབང་མེད་པར་བསྐུལ་ཏེ་དབུ་མའི་ཡར་སྣེ་སྤྱན་དབུས་མ་ནས་ཐོན། རླུང་ཕྱིར་འགྲོ་བ་དང་ལྷན་ཅིག་དྲེགས་པ་གཉིས་མེད་ཀྱི་རྒྱུད་ནམ་མཁའི་ཁམས་གང་བར་འཕྲོས། བསྟན་པ་དང་རྣལ་འབྱོར་པ་ལ་སྡང་བའི་དགྲ་བགེགས་ཚར་བཅད། སེམས་ཅན་ཐམས་ཅད་གཉིས་མེད་ཀྱི་རྒྱུད་དུ་བྱས། རང་བཞིན་གྱི་གནས་ནས་དྲེགས་པ་གཉིས་མེད་ཀྱི་རྒྱུད་རྣམས་དང་རོ་གཅིག་ཏུ་འདྲེས་པ་ཚུར་འདུས། རླུང་ནང་དུ་འཇུག་པ་དང་མཉམ་དུ་དབུ་མ་ནས་ཞུགས། རླུང་གནས་པ་དང་མཉམ་དུ་གཉིས་མེད་རྒྱུད་རྣམས་དང་རོ་གཅིག་ཏུ་འདྲེས་པས་དབང་དུ་འདུས་པར་བསམས་ལ་གྲངས་གོང་ལྟར་དང་། ཡང་། དྲེགས་པ་གཉིས་མེད་ཀྱི་རྒྱུད་རྣམས་ལས་འོད་ཟེར་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། རླུང་ནང་དུ་འཇུག་པ་ལྷན་ཅིག་སྤྱན་དབུས་མ་ནས་ཞུགས། རླུང་གནས་པ་དང་མཉམ་དུ་ནང་གི་གཉིས་མེད་ཀྱི་རྒྱུད་རྣམས་ལ་ཐིམ་པས་དེ་དག་བྱིན་གྱིས་བརླབས་པར་བསམ་ལ་གྲངས་གོང་ལྟར་བྱའོ། །གསུམ་པ་ལས་སྦྱོར་ནི། རྒྱུན་གྱི་དམིགས་པར། ལྟེ་བའི་ཡུམ་ཆེན་དང་བླ་མ་ཧེ་རུ་ཀའི་ཐུགས་ཀ་ནས་འོད་ཟེར་དམར་ནག་ཚ་ཞིང་རྩུབ་ལ་བཟོད་པར་དཀའ་བ་འཕྲོས། མགོན་པོ་འཁོར་དང་བཅས་པ་ལ་ཕོག་པས་འདར་ཞིང་སྐྲག་པ་དང་། དགྲ་བགེགས་ལ་ཁྲོ་འཁྲུགས་རྔམ་པའི་ཉམས་ཀྱིས་རང་འདྲའི་སྤྲུལ་པ་དྲག་གཏུམ་མཚོན་ཆ་ཐོགས་པ་སྟོང་གསུམ་གང་བ་འཕྲོས། སངས་རྒྱས་ཀྱི་བསྟན་པ་བཤིག་པ། བླ་མའི་སྐུ་ལ་བདོ་བ། བདག་གི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པ་ལ་སོགས་པའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཤ་ཁྲག་རུས་པ་ཀླད་པ་ལ་སོགས་པ་དམར་ཆིལ་ཆིལ་ཞལ་དུ་གསོལ་བས་རྗེས་མེད་དུ་བཏང་། དེ་དག་གི་རྣམ་ཤེས་རང་གི་སེམས་ཉིད་དང་རོ་གཅིག་ཏུ་བསྲེས་ལ་འཛིན་མེད་དུ་བཞག །སླར་ཡང་སྲུང་མ་ཚུར་འདུས་རང་ལ་ཐིམ་པར་བསམ། དེ་ལྟ་བུའི་སྤྲོ་བསྡུ་ཡང་ཡང་བྱ་ཞིང་སྔར་བཟློག་པའི་སྐབས་སུ་བསྟན་པའི་ཤཱ་ས་ན་སྤེལ་ཚིག་ཅན་བཟླ་བ་མགོན་པོའི་རྦད་བསད་དང་། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿཧཱུྃ་མ་མ་ཤ་ཏྲཱུྃ་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་ཀྱང་འབྱུང་། ཞེས་ལྷ་མོའི་རྦད་བསད་དང་། ཨོཾ་མ་ཧཱ་ཀཱ་ལ། ཀཱ་ལ་རཱུ་པ། ས་མ་ཡ། ས་ས་ན་དགྲ་བོ་ཐམས་ཅད་ཙ་ཏུར་ཙ་པུར་སྙིང་ལ་ཁྲིལ་ས་མ་ཡ། མ་ཧཱ་ཀཱ་ལ་དགྲ་བོའི་སྲོག་རྩ་ལ་འུར་འུར། ཀཱ་ལ་ཀཱ་ལ་དགྲ་བོ་མ་ར་ཡ་རྦད་རྦད། ཁ་ཁ་ཁཱ་ཧི་ཁཱ་ཧི་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་ཟངས་གྲི་ཅན་གྱི་རྦད་བསད་དང་། ཏྲག་རཀྴ་ཁ་མུནྟྲ་རུ་ལུ་རུ་ལུ། ཏྲག་རཀྴ་སྙིང་ཁྲག་སྙིང་བྷྱོཿཔུ་ཏ་པུ་ཏ་བྷྱོཿཤ་ཤ་ཏྲག་ཤ་ཤ་ཏྲག །ཏྲགྨོ་ཏྲ་པ། སྙིང་ཁྲག་ཏྲགྨོ་ཏྲ་པ། གནོད་བྱེད་མཱ་ར་ཡ། ཨོཾ་མ་ཧཱ་རཀྴ་ཙིཏྟ་སྲོག་ཏུམ་ཏུམ། ཀཱ་མ་ལ་རཀྴ་ཙིཏྟ་སྲོག་ཏྲུམ་ཏྲུམ། གུ་ཧྱ་རཀྴ་ཙིཏྟ་སྲོག་ཏྲུམ་ཏྲུམ། ཧྲཱི་བྃ་རཀྴ་ཙིཏྟ་སྲོག་ཏྲུམ་ཏྲུམ། མ་མ་ཙ་པུར་ཙིཏྟ་སོག་ཏྲུམ་ཏྲུམ། པུ་རུ་ཙ་ལྷུཾ་ཙིཏྟ་སྲོག་ཏྲུམ་ཏྲུམ། ཞེས་ལས་མཁན་མོའི་རྦད་བསད་དང་། དྷྲྀག་དྷྲྀག་ཡ་དུ་པ་ཤ་ནི་སོད། དུམ་ཤིག་ཨ་གད་ཛཿམོན་བུ་ཨ་གད་ཛཿཡ་ནྲྀ་ཡ་ནྲྀ་མོན་བུ་ཛཿམོན་བུ་ཁྲག་ལ་འཇིབས་ཛཿནྲྀ་ན་རྦད། དུ་ན་རྦད། ཤི་ན་རྦད། ཤག་ཤིག་རྦད། ཏྲི་ན་རྦད། དུ་ན་རྦད། མོན་བུ་པུ་ཏྲ་ཤཾ་རྦད། ཡཾ་རྨུགས། །ལིང་འདུས། ཁཾ་ཤོད་པ་ཡ་མོ་ཛཿདགྲ་བོའི་རུས་ལ་ཁྲོལ་ཁྲོལ་རྦད། གསེར་གྱི་སྤུ་གྲི་གནོད་བྱེད་ཀྱི་སྙིང་ལ་ཡཾ་རྦད། ཅེས་པས་མགོན་པོའི་རྦད་བསད་བཅས་མན་ངག་ནས་འབྱུང་བ་ལྟར་རམ། མི་ནུས་ན་བསྙེན་སྔགས་རྣམས་ཀྱི་མཇུག་ཏུ། དགྲ་བགེགས་མཱ་ར་ཡ་ཕཊ། ཅེས་བཏགས་པ་ཅུང་ཟད་རེ་བཟླ་བར་བྱའོ། །གཞན་ཡང་གདོན་གྲིབ་ཞི་བ། ཚེ་སྒྲུབ་པ། ཁམས་གསུམ་དབང་དུ་བྱ་བ། དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་སོགས་རྒྱས་པ། ཕྲིན་ལས་སྣ་ཚོགས་སྤེལ་བ། རྣལ་འབྱོར་སྒོས་དགྲ་བསྒྲལ་བ་བཅས་ཐུན་མོང་མ་ཡིན་པའི་ལས་སྦྱོར་སྤུ་གྲི་སོ་འདེབས་ཀྱི་སྐོར་ནི་སྐལ་བ་དང་ལྡན་པའི་སློབ་མས་མན་ངག་ལྡན་པའི་སློབ་དཔོན་གྱི་ཞལ་ནས་མཉེས་པའི་ཡོན་དང་བཅས་པས་བླང་བར་བྱའོ། །ཡང་འགལ་རྐྱེན་གེགས་སོགས་ཞི་ཞིང་མཐུན་རྐྱེན་ཚེ་བསོད་སྤེལ་བའི་ཞལ་ཤེས་ནི། སྙིང་གའི་བླ་མ་ཧེ་རུ་ཀ་ཛ་ལནྡྷ་རའི་འཁོར་ལོའི་དབུས་སུ་བྱོན་པས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་ལམ་གྱིས་གྱུར། ལྟེ་བ་སྤྲུལ་པའི་འཁོར་ལོར་མགོན་པོ་ལྷ་དགུ་པོ་གསལ། ཡུམ་ཆེན་གྱི་བུམ་པའི་ནང་དུ་བྷྱོཿཡིག་ཤེལ་གྱཱི་མདོག་ཅན་དེ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཀྱི་ཚེ་དང་བསོད་ནམས་ལེགས་པའི་ཚོགས་ཐམས་ཅད་བསྡུས། དེ་ལས་འཆི་མེད་བདུད་རྩིའི་རང་བཞིན་གྱི་ཆུ་རྒྱུན་དཀར་ལ་དམར་བའི་མདངས་ཆགས་པ་དཔག་ཏུ་མེད་པ་དཀར་ཆི་ལི་ལི་རྩ་གསུམ་འཁོར་ལོའི་ནང་མས་རིམ་གྱིས་གང་། བླ་མ་དམ་པ་བདག་དང་ཡིད་བཅུགས་ཀྱིས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། བླ་མའི་ཐུགས་ཀའི་ཧཱུྃ་ཡིག་དཀར་པོ་ལས་ཀྱང་ཟག་མེད་ཀྱི་བདུད་རྩིའི་རྒྱུན་བབས། འཁོར་ལོ་རྣམས་ཡས་རིམ་གྱིས་གང་། ཁྱད་པར་ལྷ་རྣམས་ཀྱི་སྐུ་ཡི་ཆ་ཤས་ཐམས་ཅད་གང་བས་མི་མཉེས་པ་ཐམས་ཅད་བྱང་ཞིང་དག །དགྱེས་པའི་མདངས་དང་ལྡན་པས་དངོས་གྲུབ་ཐམས་ཅད་ད་ལྟ་ཉིད་དུ་སྩོལ་བར་བསམ་ལ། རླུང་ཁ་སྦྱོར་བྱ། རེས་འགའ་ཧེ་རུ་ཀའི་ཡིག་བརྒྱ་དང་། ཡུམ་ཆེན་གྱི་སྔགས། ཨོཾ་ཨེ་ཀ་ཛཱ་ཊི་དེ་ཝཱི་ཨིནྡྲ་སཱི་ཧཱུྃ་བྷྱོ་ཧཱུྃ། མ་མ་ཨཱ་ཡུ་པུཥྚིཾ་ཀུ་རུ་ཨོཾ། བཏགས་པ་སྤེལ་ཞིང་བཟླའོ། །མཐར་བླ་མ་སྔར་གྱི་རང་གནས་སུ་བྱོན་པར་བསམ། བཞི་པ་ལས་མཁན་མྱ་ངན་ལས་འདའ་བའི་གནད་ནི། བླ་མའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་པུ་ཏྲ་མིང་སྲིང་གསུམ་ནམ་མཁའི་ཁམས་གང་བར་སྤྲོས། དགྲ་བགེགས་ཐམས་ཅད་ཚར་བཅད། སེམས་ཅན་ཐམས་ཅད་དེ་གསུམ་དུ་གྱུར། ཚུར་འདུས་ནང་གི་པུ་ཏྲ་མིང་སྲིང་གསུམ་ལ་ཐིམ་པའི་རྐྱེན་གྱིས་དེ་གསུམ་གནོད་སྦྱིན་ཡབ་ཡུམ་ལ་ཐིམ་པར་བསམ། གནོད་སྦྱིན་ཡབ་ཡུམ་ནམ་མཁའ་གང་བར་སྤྲོས། དགྲ་བགེགས་ཐམས་ཅད་ཚར་བཅད། སེམས་ཅན་ཐམས་ཅད་དེ་གཉིས་སུ་གྱུར། ཚུར་འདུས་ནང་གི་གནོད་སྦྱིན་ཡབ་ཡུམ་ལ་ཐིམ་པའི་རྐྱེན་གྱིས་དེ་གཉིས་མགོན་པོ་ལྕམ་དྲལ་དང་ཟངས་གྲི་ཅན་ལ་ཐིམ། མགོན་པོ་ལྕམ་དྲལ་དང་ཟངས་གྲི་ཅན་ནམ་མཁའ་གང་བ་སྤྲོས། དགྲ་བགེགས་ཐམས་ཅད་ཚར་བཅད། སེམས་ཅན་ཐམས་ཅད་དེ་གསུམ་དུ་གྱུར། ཚུར་འདུས་ནང་གི་མགོན་པོ་ལྕམ་དྲལ་དང་ཟངས་གྲི་ཅན་ལ་ཐིམ་པའི་རྐྱེན་གྱིས་དེ་གསུམ་བླ་མ་ཧེ་རུ་ཀ་ལ་ཐིམ། བླ་མ་ཧེ་རུ་ཀ་ནམ་མཁའ་གང་བ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གསུམ་བག་ཆགས་དང་བཅས་པ་སྦྱངས། དེ་ཐམས་ཅད་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་བཀོད། འཁོར་འདས་སྣོད་བཅུད་བརྟན་གཡོ་ཐམས་ཅད་བླ་མ་ཧེ་རུ་ཀའི་སྐུར་གྱུར། ཚུར་འདུས་ནང་གི་བླ་མ་ཧེ་རུ་ཀ་ལ་ཐིམ་པས་དེ་ཉིད་དྲེགས་པ་རྒྱུད་གསུམ་གཅིག་ཏུ་འདུས་པའི་བདག་ཉིད་བདེ་བ་ཆེན་པོའི་རང་བཞིན་འོད་དུ་ཞུ་ལ་ཁད་པར་བསམས་ལ། རླུང་རོ་ལན་གསུམ་བསལ། འོག་རླུང་འཐེན་ཙམ་བྱས་སྟེང་རླུང་མནན་པས། འོད་དུ་ལྟེམ་གྱི་ཞུ་ནས་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་ཐིག་ལེ་སྔོ་བ་འཚེར་བ་འདྲིལ་བ་སྲན་ཆུང་ཙམ་ཞིག་ཏུ་གྱུར་པར་བསམས་ལ། དེ་ལ་སེམས་ཞུགས་པ་བཞིན་གཏད་ལ་རླུང་ཁ་སྦྱོར་བདུན་ནམ་ཉེར་གཅིག་སོགས་བཟུང་། མཐར། བླ་མ་དང་ཆོས་སྐྱོང་ཀུན་འདུས་ཀྱི་ངོ་བོ་ཐིག་ལེ་ཧཱུྃ་ཡིག་སྔོན་པོ་གཅིག་ཏུ་གྱུར་པར་བསམ། །ལྔ་བ་གསང་རྟེན་སྦ་བའི་གནད་ནི། ཧཱུྃ་དེ་ལས་ཆོས་སྐྱོང་གི་ངོ་བོ་ཧཱུྃ་ཡིག་ནས་འབྲས་ཙམ་ཞིག་ཆད། དབུ་ཞབས་བཟློག་སྟེ་འོད་ཟེར་དམར་པོ་བ་ཐག་ལྟ་བུའི་སྣ་ལ་ནར་གྱིས་བྱུང་། ལྟེ་བའི་ཡུམ་ཆེན་གྱི་སྤྱི་བོ་ནས་ཐོགས་མེད་དུ་ཞུགས། གསང་གནས་པདྨ་དམར་པོ་འདབ་བརྒྱད་ཁ་བྱེ་བའི་ཟེའུ་འབྲུའི་དབུས་སུ་ཕྱེད་ཙམ་ཐོན་ནས་གནས་པ་ལ་ཕྱི་རོལ་གྱི་དྲེགས་པ་རྒྱུད་གསུམ་ཐམས་ཅད་ཐིམ་པར་བསམ་ལ། སེམས་འཛིན་མེད་དུ་ཅི་གནས་སུ་འཇོག །དེ་ལྟ་བུ་ཉིན་མཚན་དུས་དྲུག་ཏུ་དྲན་པ་ཙམ་བྱས་ན་ཆོས་སྐྱོང་འབྲལ་མེད་དུ་མི་འཁོར་རེ་ཞེས་ས་སྐྱ་པ་ཆེན་པོས་དབུ་བསྙུང་ལན་གསུམ་བཞེས་ཞེས་གྲགས་སོ། །དེ་ལྟར་འདི་ཉིད་རྒྱུན་གྱི་རྣལ་འབྱོར་གྱི་དབང་དུ་བྱས་ནས་མདོར་བསྡུས་ཙམ་བསྟན་པ་ཡིན་གྱི། ཞིབ་པར་གཞི་སྐྱེ་མེད་དངོས་པོའི་གནས་ཚུལ་ལ་མཁས་པ། ལམ་ཁྲིད་བསྐྱེད་རྫོགས་ཉམས་ལེན་གྱི་གནད་ལ་མཁས་པ། མཐར་ཐུག་བསྟན་པ་སྲུང་བའི་མཚོན་ཆར་བསྟེན་པ་དང་། མངོན་སྤྱོད་མཆོག་གི་དངོས་གྲུབ་ཏུ་བསྒྱུར་བ་ལ་མཁས་པ། ཚུལ་བཞིན་ཉམས་སུ་བླངས་པས་གནས་སྐབས་སུ་ལས་བཞིའི་ཕྲིན་ལས་འགྲུབ་ཅིང་། འོད་གསལ་གྱི་རྟགས་བཅུ་ལ་སོགས་པའི་ཉམས་མྱོང་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཞིང་། མཐར་ཐུག་རྡོ་རྗེ་འཛིན་པའི་གོ་འཕང་མྱུར་དུ་ཐོབ་པ་ནི་ངེས་པའོ། ༈། གསང་སྒྲུབ་རྐྱང་པ་ཉམས་སུ་ལེན་ན་སྔོན་འགྲོ་རྣམས་ཡོངས་སུ་རྫོགས་པ་སོང་ནས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་སོགས་ནས་རང་ཉིད་མགོན་པོ་གཙོ་རྐྱང་ཕོ་ཉ་ལྔ་དང་བཅས་པར་བསྐྱེད་ལ། གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་བཅུག་པའི་རྐྱེན་གྱིས་རྩ་གསུམ་འཁོར་ལོ་ལྔ་གསལ་འདེབས་པ་ནས་འདི་ཡན་བསྒོམས་ལ་དགེ་བ་སྔོའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་ཉེར་བསྡུ་དང་། གཏོར་མ་འབུལ་བ་གཉིས་ལས། དང་པོ་བསྐྱེད་རིམ་ཉེར་བསྡུ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་བའི་འཁོར་ལོ་ལ་ཐིམ། སྲུང་བའི་འཁོར་ལོ་དུར་ཁྲོད་དང་བཅས་པ་ཁྲོ་བོ་བཅུ་ལ་ཐིམ། ཁྲོ་བོ་བཅུ་གདན་དང་བཅས་པ་རང་ལ་ཐིམ་པར་བསམས་ལ་རང་ནག་པོ་ཆེན་པོའི་ང་རྒྱལ་གྱིས་ཧཱུྃ་ཞེས་བརྗོད་པས། ཕྱི་རོལ་དུ་ཐུན་མོང་བའི་སྲུང་འཁོར་སྔར་བཞིན་གསལ་བཏབ་ལ། རང་དུས་རྟག་ཏུ་དེའི་ནང་དུ་ཚུད་བར་མོས་ལ་སྤྱོད་ལམ་གྱི་རྣལ་འབྱོར་བྱའོ། །འདིར་སྲུང་འཁོར་གྱི་ཆ་ལག་ནང་དྲག་པོ་སྔགས་རྒོད་ཀྱི་མན་ངག་བསྒོམ་པ་ནི། རང་ཉིད་མགོན་པོར་གསལ་བའི་ལྟེ་བ་ནས་སྤྱི་བོའི་བར་དུ་རྩ་དབུ་མ་དམར་ཞིང་གསལ་ལ་ཡངས་པ། དེའི་ལྟེ་བར་རྩ་མདུད་དེ་དྲེགས་པ་མོ་རྒྱུད་ཀྱི་ངོ་བོ་ཆོས་འབྱུང་གྲུ་གསུམ་མཐིང་ནག་གདེང་ཁ་གྱེན་དུ་ཕྱེ་བའི་ནང་དུ་འདོད་ཆགས་ཁྲག་གི་རྒྱ་མཚོས་གང་བ། སྙིང་གར་དྲེགས་པ་ཕོ་རྒྱུད་ཀྱི་ངོ་བོ་བྲག་རྫོང་གྲུ་གསུམ་དམར་ནག་ཞེ་སྡང་གི་མེ་འབར་བ། ཆོས་འབྱུང་ལས་འོད་ཟེར་དམར་པོ་འཕྲོས། ཕྱོགས་བཅུའི་དྲེགས་པ་མོ་རྒྱུད་ཐམས་ཅད་ལ་ཕོགདེ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བསྡུས་ནས་ཆོས་འབྱུང་ལ་ཐིམ། ཡང་བྲག་རྫོང་ལས་འོད་ཟེར་མཐིང་ནག་འཕྲོས། ཕྱོགས་བཅའི་དྲེགས་པ་ཕོ་རྒྱུད་ཐམས་ཅད་ལ་ཕོག་དེ་ཐམས་ཅད་འོད་མཐིང་གའི་རྣམ་པར་བསྡུས་ནས་བྲག་རྫོང་ལ་ཐིམ། བྲག་རྫོང་དེ་ཉིད་རྩ་དབུ་མའི་ནང་ནས་མར་བདེ་ཧྲིལ་གྱིས་ཆོས་འབྱུང་གི་ནང་དུ་ཁྲག་གི་དབུས་སུ་སླེབས། དེ་ལྟར་ཐབས་ཤེས་འདུས་པའི་རྐྱེན་གྱིས་དེའི་སྟེང་དུ་དྲེགས་པ་གཉིས་མེད་ཀྱི་རྒྱུད་ཀྱི་ངོ་བོ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ནག་གིས་མཚན་པ། དེ་ལས་འོད་ཟེར་དམར་ནག་འཕྲོས། ཕྱོགས་བཅུའི་དྲེགས་པ་གཉིས་མེད་ཀྱི་རྒྱུད་ཐམས་ཅད་ལ་ཕོག །དེ་ཐམས་ཅད་འོད་ཟེར་དམར་ནག་གི་རྣམ་པར་བསྡུས་ནས་རྡོ་རྗེ་ཧཱུྃ་དང་བཅས་པ་ལ་ཐིམ་པར་བསམས་ལ་རླུང་རོ་བསལ་ཏེ། ཧཱུྃ་ཡིག་ལས་མེ་སྟག་ཕྲོམ་ཕྲོམ་འཕྲོ་བར་བསམས་ལ་རླུང་བུམ་པ་ཅན་བཟུང་བས། ཧཱུྃ་ལས་མེ་འུར་གྱིས་འབར་ནས་སྣ་ཚོགས་རྡོ་རྗེའི་ནང་ཐམས་ཅད་གང་། དེ་ནས་བྲག་རྫོང་གི་ནང་ཐམས་ཅད་གང་། དེ་ནས་ཆོས་འབྱུང་གི་ནང་ཐམས་ཅད་གང་། དེ་ནས་རང་གི་ལུས་ཀྱི་ནང་ཐམས་ཅད་གང་། དེ་ནས་ཕྱི་སྲུང་བའི་འཁོར་ལོའི་མཐར་སྲིད་པ་གསུམ་དང་བཅས་པ་ཐམས་ཅད་མེ་དཔུང་དམར་ནག་ཚ་ཞིང་རྩུབ་པ་འུར་སྒྲ་དང་བཅས་འབར་བ་ལ་སེམས་གཏད། མཚན་མ་དང་རྣམ་རྟོག །ནད་གདོན་སྡིག་སྒྲིབ་དགྲ་བགེགས་དང་བཅས་པ་གཞོབ་ཐུལ་གྱིས་བསྲེགས་ནས་ཆོས་ཉིད་ཀྱི་ངང་དུ་ཐིམ་པར་བསམ། མེ་རིམ་གྱིས་འབར་བ་དང་། རླུང་ཁུག་རེ་སྦྲག་པའམ་བསྡུ་ན་རླུང་ཁུག་གཅིག་སོགས་ལ་བསྒོམ་ལ་སེམས་འཛིན་མེད་དུ་བཞག །ཡང་མེ་དཔུང་གི་སྒྲ་ལས་གྲགས་སྟོང་སྐྱེ་བ་མེད་པ་ཧཱུྃ་གི་སྒྲར་གྲགས་པར་བསམ་ལ། ཧཱུྃ་ཞེས་དབུགས་ཐེང་རེ་ལ་བརྒྱ་རྩ་སོགས་ཅི་འགྲུབ་དྲག་ཏུ་བཟླའོ། །མཐར་སྲིད་གསུམ་ཐམས་ཅད་མེ་འོད་ཀྱི་རྣམ་པར་བསྡུས་ནས་རང་ལ། དེ་ཆོས་འབྱུང་ལ། དེ་བྲག་རྫོང་ལ། དེ་སྣ་ཚོགས་རྡོ་རྗེ་ལ། དེ་ཧཱུྃ་ལ། དེའང་ནཱ་དའི་བར་བསྡུས། དེ་འཇའ་ཡལ་བ་ལྟར་བསམ་ལ་མི་དམིགས་པའི་ངང་ལ་བཞག །ཕྱི་ཡི་སྲུང་འཁོར་སྲུང་བཟློག་གྲུབ་ནས་འདི་ཉིད་ཉམས་སུ་བླངས་ཀྱང་རུང་ངོ་། །གུར་མགོན་དཀར་པོའི་ཚེ་སྒྲུབ་ཀྱི་མན་ངག་བསྒོམ་པར་སྤྲོ་ན། རང་ཉིད་ནག་པོ་ཆེན་པོར་གསལ་བའི་སྤྱི་བོ་དུང་ཁང་གི་ནང་དུ་འོད་སྔོན་པོ་ནམ་མཁའ་ལྟར་དྭངས་ཤིང་གསལ་བའི་དབུས་སུ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་མཐེབ་སོར་གྱི་ཚད་ཙམ་པ་སྐུ་མདོག་གངས་རིའི་ཕུང་པོ་ལ་ཉི་མ་ཤར་བ་ལྟ་བུ་དགྱེས་ཤིང་འཛུམ་པའི་ཉམས་ཅན་གྲི་གུག་དང་ཐོད་པ་ལ་སོགས་བའི་ཕྱག་མཚན་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་གྲུབ་པ་རིག་འཛིན་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པའི་ནུས་སྟོབས། ཕྱི་རོལ་འབྱུང་བ་བཞིའི་ཚོགས། མདོར་ན་སྣོད་བཅུད་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་དང་། རང་གི་བླ་ཚེ་ཡར་བ་འཐོར་བ་ཉམས་ཆག་ཏུ་གྱུར་པ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བསྡུས་ནས་ཧཱུྃ་ཡིག་དེ་ཉིད་ལ་ཐིམ། དེ་ལས་འཆི་མེད་བདུད་རྩིའི་ཆུ་རྒྱུན་དཀར་ལ་དམར་པའི་མདངས་ཆགས་པ་དཔག་ཏུ་མེད་པ་ཆི་ལི་ལི་བྱུང་ནས་མགོན་པོའི་སྐུའི་ནང་ཐམས་ཅད་མེར་གྱིས་ཁེངས། དེའི་སྐུ་ལུས་ལས་འཆི་མེད་ཚེའི་བདུད་རྩི་བསམ་གྱིས་མི་ཁྱབ་པ་བབས་པས། རང་གི་རྩ་གསུམ་འཁོར་ལོ་ལྔ། དེ་ལས་གྱེས་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས། བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞིའི་གྲངས་དང་མཉམ་པའི་རྩ་ཕྲན་དང་བཅས་ལུས་ཀྱི་ཆ་ཤས་ཐམས་ཅད་ཆབས་ཅིག་ཁེངས་པས་སྐད་ཅིག་དེ་ཉིད་ལ་ནད་གདོན་སྡིག་སྒྲིབ་ཁྱད་པར་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་བྱང་ཞིང་དག་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་མ་མ་ཨཱ་ཡུ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཡང་བླ་མ་ཕྱི་མ་རྣམས་ཀྱི་ཡིག་ཆར། པུཥྚིཾ་ཀུ་རུ་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཀྱང་སྣང་། ཞེས་པའི་སྔགས་བརྒྱ་སྟོང་སོགས་ཅི་འགྲུབ་བཟླས་པའི་མཐར། གུར་གྱི་མགོན་པོ་ཉིད་ཀྱང་འཆི་མེད་ཚེའི་བདུད་རྩིའི་ཆུ་རྒྱུན་དུ་ཞུ་བས་རང་གི་ལུས་མེར་གྱིས་གང་། ཚེ་སྲོག་ཉམས་པ་སོར་ཆུད། བ་སྤུའི་བུ་ག་ཐམས་ཅད་བདུད་རྩིའི་ཟིལ་པ་ཕྲོམ་མེར་གྱུར། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ཞིང་རླུང་བུམ་པ་ཅན་དང་རྡོར་བཟླས་སོགས་ལ་འབད་མཐར། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། སོགས་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ་བོ། །གཉིས་པ་གཏོར་མ་འབུལ་བ་ནི། གཏོར་ཆོག་ཕྲིན་ལས་མྱུར་མགྱོགས་སོགས་གང་ཡང་རུང་བས་ཕུལ། མཐར་རྟེན་བཞུགས་སམ། ཐོད་པ་ཁ་སྦྱོར་གྱི་ཞལ་ཤེས་གསང་རྟེན་ལུས་སྦ་སོགས་ཀྱི་མན་ངག་རྣམས་བྱས་ལ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་བསམ་ལ་གནས་གསུམ་བསྲུངས་ནས། དགེ་བ་འདི་ཡིས་མྱུར་དུ་བདག །ནག་པོ་ཆེན་པོ་འགྲུབ་གྱུར་ནས། སོགས་དང་། བགེགས་དང་ལོག་པར་འདྲེན་པ་དང་། སོགས་ནས། ཚར་གཅོད་ཤོག །ཅེས་བསྔོ་སྨོན་བྱའོ། །བྲིས་པའི་འཁོར་ལོ་ཇག་པ་བཀྱེ་བ་ཉལ་བའི་རྣལ་འབྱོར་གྱི་ཚུལ་དུ་ཉམས་སུ་ལེན་པ་ནི། མན་ངག་ལྟར་བྲིས་ཏེ་བསྒྲུབ་པའི་འཁོར་ལོ་ཁྲིད་ཀྱི་དུས་སུ་གནང་བ་དེ་ནུབ་མོ་དཔུང་པ་གཡོན་པའི་སྟེང་དུ་བཞག་ལ། གཡས་པའི་ཐལ་མོས་བཀབ་སྟེ། སྲུང་བའི་འཁོར་ལོ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས་དེ་དག་གི་ཐུགས་རྗེ་བྱིན་རླབས་རྣམས་ཁྲོ་བོ་བཅུ་གཅིག་སྲུང་བའི་འཁོར་ལོ་དང་བཅས་པའི་རྣམ་པར་སྤྱན་དྲངས། བྲིས་པའི་འཁོར་ལོ་ལ་གཉིས་སུ་མེད་པར་ཐིམ་པས་ནུས་མཐུ་དང་འོད་ཟེར་དཔག་ཏུ་མེད་པར་གྱུར་ཏེ་བདག་ཉིད་བསྲུང་བར་གྱུར། སླར་ཡང་འཁོར་ལོ་ལས་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་བཅུ་གཉིས་སོགས་ནས་སྟོང་དང་ལྡན་པའི་བར་བསམ་གྱིས་མི་ཁྱབ་པ་འཕྲོས། གནོད་བྱེད་དགྲ་བགེགས་ཀྱི་སྟེང་དུ་བབས་ཏེ། གཡས་གཡོན་དུ་དྲག་ཏུ་འཁོར་བས་དུམ་བུར་གཏུབ་ཅིང་རྗེས་མེད་དུ་བྱས། མཐར་ཚུར་འདུས་བྲིས་པའི་འཁོར་ལོ་ལ་ཐིམ་པས་སྔར་བས་ཀྱང་བརྟན་ཅིང་ནུས་ལྡན་དུ་གྱུར་པར་བསམ་ལ། མ་ཧཱ་ཀཱ་ལ་དང་། ཤཱ་ས་ན་ཅི་མང་བཟླས་པའི་མཐར། ཡེ་དྷརྨཱ་ལན་གསུམ་བརྗོད། འདི་ཡང་མ་ཆགས་པར་བྱས་ན་རང་ཉིད་སྔགས་ཀྱི་ནུས་པས་བར་ཆད་ཐམས་ཅད་བསྲུང་བ་གདོན་མི་ཟ་བར་གསུང་ཞིང་ཉམས་སུ་མྱོང་བ་དང་བཅས་བའོ། །རྨི་ལྟས་ངན་པ་བཟློག་པའི་ཟབ་ཏིག་ནི་གཞུང་དུ་ཤེས་སོ། །སང་ཐོ་རངས་ལྷའི་ང་རྒྱལ་གྱིས་ལྡང་མ་ཐག་ཧཱུྃ་ཞེས་བརྗོད་ཅིང་ཐུན་མོང་བའི་སྲུང་བའི་འཁོར་ལོ་གསལ་འདེབས། འགོ་བའི་ནད་ཉམ་ང་བའི་རིགས་ཡོད་ཚེ་ཨེ་ཀ་ཛཱ་ཊིའི་རིམས་སྲུང་མན་ངག་ཉམས་སུ་བླང་ནས་རྣལ་འབྱོར་པ་གྲོང་གཞན་དུ་འཇུག་གོ། གཞན་ཡང་ཁ་ཟས་སོགས་བཟའ་བའི་ཚེ་ཚོགས་འཁོར་དུ་ཤེས་པས། སྙིང་གའི་ཧཱུྃ་བླ་མ་ཡི་དམ་གྱི་ངོ་བོ་མཆོད་པར་བསམ་པ་སོགས་སྤྱི་ལྟར་དང་། དགོས་ཆེད་ཆེ་ན་འཁོན་ནག་ཟས་སུ་ཟ་བའི་དམིགས་པ་ནི་མན་ངག་ལས་ཤེས་པར་བྱའོ། །དེ་དག་གིས་ཉིན་ཞག་ཕྲུག་གཅིག་གི་ཐུགས་དམ་གྱི་རིམ་པ་རྫོགས་ཤིང་། དེ་ལས་འབྲིང་བསྡུས་ཀྱི་རྣམ་གཞག་ཅུང་ཟད་བརྗོད་ན། སྔོན་འགྲོ་རྣམས་དང་། དངོས་གཞི་སྲུང་འཁོར་ཟབ་པའི་གནད་ལྔ་དང་། མདེ་ཁ་བཞིའི་ཐོག་མ་རེ་རེ་འཁོར་ལོ་སེར་ཆུང་སྤྱིའི་བཟློག་པ་སྔགས་བཅས། དེ་ནས་དམོད་པ་འདོར་འཁོར་ལོ་བརྟན་པའི་སྔགས་བརྗོད་ནས་གསང་སྒྲུབ་ཡོངས་རྫོགས་རྗེས་རིམ་སོགས་བྱ་བ་འབྲིང་པོ་སྟེ་ཕལ་ཆེར་དེ་ལྟར་བྱེད་ན་ཡང་། ཟབ་པའི་གནད་ལྔ་ནས་བཟློག་པ་ལ་འཇུག །སྤྱིའི་བཟློག་པའི་དམིགས་པ་བྱད་མ་བཟློག་སྔགས་དང་དམོད་པ་འདོར་བ། བརྟན་སྔགས་བརྗོད་ནས་གསང་སྒྲུབ་ཀྱི་བསྙེན་པ་བྱ། དེ་ནས་ལས་མཁན་མྱང་འདས་དང་། གསང་རྟེན་ལུས་སྦ། བསྡུ་རིམ་བཅས་བྱེད་པ་ཤིན་ཏུ་བསྡུས་པའོ། །མདོར་ན་རང་གི་བླ་མ་ལས་ཇི་ལྟར་ཐོབ་པ་ཉམས་ལེན་དུ་བྱ་ཡི། མ་ཐོབ་པ་རྣམས་ལ་རང་དགར་འཇུག་ན་ཤིན་ཏུ་ཉེས་པ་ཆེ་བས་བག་ཡོད་པར་བྱའོ། །འདི་ལྟ་བུའི་ཉམས་སུ་ལེན་ཚུལ་འདི་ནི་དཔལ་ས་སྐྱ་པ་ཆེན་པོའི་ཡབ་ཆོས་ཐུན་མོང་མ་ཡིན་པ་བདག་ཆེན་བློ་གྲོས་རྒྱལ་མཚན་ཡན་ཆོད་དུ་གདུང་བརྒྱུད་ཁོ་ན་ལ་ཆིག་བརྒྱུད་དུ་བཞུགས་པ་དེ་ནས་རྡོ་རིང་ཀུན་སྤངས་ཆེན་པོ་ནས་བརྒྱུད་དེ། ཚར་ཆེན་རྡོ་རྗེ་འཆང་ཆེན་པོའི་གསུང་གི་བདུད་རྩིའི་སྙིང་ཁུ། ཆོས་སྐྱོང་ལ་མཁས་པར་རློམ་པ་ཕལ་ཆེས་ཐོས་པར་མི་འགྱུར་བ་ཉིད་དོ། །དེའང་རྗེ་ཚར་ཆེན་གྱིས། རྒྱུས་མེད་མུན་ཁུངས་འཁྱམས་པའི་བླུན་པོ་དང་། །ཤེས་འདོད་དཔེ་ཚོགས་བསྡུ་བའི་མཁས་རློམ་གྱིས། །ཚུལ་འདིར་བསྲེགས་དང་བཅད་པའི་གནས་མིན་པས། ལོག་རྟོག་སྤྲོས་པ་ཆོད་ལ་གཉིད་བྱོས་ཤིག །ཅེས་གསུངས་སོ། །གང་ཞིག་དད་པས་ཉམས་སུ་བླངས་རྣམས་ལ། །འདི་ཕྱི་བར་དོར་བླ་མ་མགོན་པོས་སྐྱོངས། །བྱང་ཆུབ་སྒྲུབ་པའི་བར་ཆད་ཀུན་ཞི་ཞིང་། །བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བར་ཤོག །ཅེས་བ་འདིའང་ཚར་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱི་གསུངས་དང་དགོངས་དོན་ཕྱིན་ཅི་མ་ལོག་པ་བརྒྱུད་ལྡན་མཁས་པའི་གསུང་ལས་ཇི་ལྟར་ཐོས་པ་བཞིན་ལེགས་པར་བསྡེབས་པ་འདི་ནི་ཆོས་མེད་ཀྱི་དྲེད་པོ་ཨཱནནྡ་ཤཱ་ས་ན་དྷཱ་ཛས་རང་དང་སྐལ་མཉམ་འགའ་ལ་ཕན་པའི་ལྷག་བསམ་གྱིས་བགྱིས་པ་ཆོས་བརྒྱུད་མི་གཅིག་པ་དང་། ཁྲིད་མ་རྫོགས་ཤིང་ཉམས་སུ་མི་ལེན་པ་དག་གི་སྤྱོད་ཡུལ་དུ་མི་འཆལ་ཞིང་། སྐལ་ལྡན་རྣམས་ཀྱི་མིག་དང་སྙིང་ལ་ངོམས་པ་མེད་པའི་བདུད་རྩིར་གྱུར་ནས་རང་སེམས་བླ་མ་ནག་པོ་ཆེན་པོའི་རང་ཞལ་མངོན་སུམ་མཇལ་ཏེ་ཕྱི་རོལ་གྱི་དྲེགས་པ་རྒྱུད་གསུམ་དབང་དུ་འདུ་ཞིང་ལས་བཞིའི་ཕྲིན་ལས་ལ་མངའ་དབང་འབྱོར་པའི་རྒྱུར་གྱུར་ཅིག །མགོན་པོ་ཕྱི་ནང་གསང་བའི་སྒྲུབ་ཐབས་འདི་ཉིད་ངག་དབང་བཟང་པོའི་སློབ་མ་ཞིག་གིས་མཛད་པ་ཚིག་བཅད་ཕལ་ཆེར་སྡེ་དགེ་ཡབ་ཆེན་གྱི་གསུང་བཀོད་འདུག་ཀྱང་། ཚིག་ཕྲད་དང་མཚམས་སྦྱོར་མི་བདེ་བ་ཁ་ཤས་ཡོད་ནའང་། སྙན་བརྒྱུད་ཀྱི་དོན་གནད་ཚང་ཞིང་། ཉམས་ལེན་མཁན་ལ་ཁྱེར་བདེ་བར་མཐོང་ནས་འཇ྄༵མ་དབྱང྄༵ས་ཆ྄ོ༵ས་ཀྱ྄ི༵་བླ྄ོ༵་གྲོས྄༵་པས་ཞུ་ཆེན་མ་ཧཱ་པཎྜི་ཏ་དང་། འཇམ་མགོན་ངག་དབང་ལེགས་གྲུབ་ཀྱི་གསུང་རྣམས་ལ་ཞུ་གཏུགས་དང་། ཚིག་བཅད་རྣམས་ལ་བརྗོད་བདེའི་འབྱིན་འཇུག་ཅུང་ཟད་བགྱིས་པ་འདིས་ཀྱང་རྗེ་བཙུན་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་མཐར་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་ཛ་ག་ཏཾ།། །།
[edit]

@#/__/dpal rdo rje nag po chen po'i srung 'khor rdo rje brag rdzong ma gsang sgrub dang bcas pa'i rgyun khyer bdud sde 'joms pa'i mtshon cha zhes bya ba bzhugs so/__/ na mo shrI gu ru he ru ka badz+ra ma hA kA lA ya/__/bla ma bcom ldan dgyes mdzad he ru ka/__gdul dka' 'dul mdzad nag po chen por ston/__/dpa' bo dgra las rnam rgyal gang de la/__/btud nas phyi nang gsang ba'i sgrub thabs dbye/__/de la 'dir dpal rdo rje nag po chen po gur gyi mgon po'i thun mong ma yin pa'i srung 'khor nang khrid dang bcas pa rgyun du nyams su len par 'dod pas/__sngon 'gro/__dngos gzhi/__rjes gsum mo/__/dang po la spyi dang /__khyad par gyi sngon 'gro gnyis las/__dang po spyi'i sngon 'gro la bzhi las/__skyabs su 'gro ba ni/__lus bsam gtan gyi 'dug stangs byas la/__skyabs yul gsal btab ste ngag tu/__bdag dang 'gro ba nam mkha'i mtha' dang mnyam pa'i sems can thams cad dus da nas bzung ste ji srid byang chub snying po la mchis kyi bar du rtsa ba dang brgyud par bcas pa'i dpal ldan bla ma dam pa rnams la skyabs su mchi'o/__/yi dam dkyil 'khor gyi lha tshogs rnams la skyabs su mchi'o/__/rdzogs pa'i sangs rgyas bcom ldan 'das rnams la skyabs su mchi'o/__/dam pa'i chos rnams la skyabs su mchi'o/__/'phags pa'i dge 'dun rnams la skyabs su mchi'o/__/mkha' 'gro chos skyong srung ma ye shes kyi spyan dang ldan pa rnams la skyabs su mchi'o/__/zhes ci nus mthar rdo rje'i thal mo snying gar sbyar nas/__bla ma dang dkon mchog rin po che rnam pa gsum la skyabs su mchi'o/__/khyed rnams kyis bdag gi rgyud byin gyis brlab tu gsol/__zhes gsol ba btab pas/__skyabs yul rnams 'od du zhu nas rang la thim par bsam la mnyam par bzhag__/gnyis pa sems bskyed pa ni/__sems can thams cad kyi don du rdzogs pa'i sangs rgyas kyi go 'phang thob par bya/__de'i ched du dpal rdo rje nag po chen po'i lam gyi rim pa zab mo nyams su blang bar bgyi'o/__/lan gsum/__gsum pa rdo rje sems dpa'i bsgom bzlas ni/__rang gi spyi bor pad+ma dang zla ba'i steng du skad cig gis bcom ldan 'das rdo rje sems dpa' dpal he ru ka sogs kye rdor ltar/__shul thams cad bdud rtsi'i gang bar gyur/__zhes pa'i bar dang /__he ru ka'i yig brgya ci nus mthar/__mgon po bdag ni mi shes rmongs pa ste/__zhes sogs nas/__dag par mdzad du gsol/__zhes gsol ba btab pas sdig sgrib dag pa'i gnang ba byin par bsam/__rdo rje sems dpa' yab yum 'od du zhu ste spyi bo nas rang la thim pas rang gi lus 'ja' tshon lta bur gyur/__bzhi pa bla ma'i rnal 'byor ni/__gnas khang dur khrod rol pa'i gzhal yas khang du gsal ba'i nang du/__rang gi mdun gyi nam mkhar chos skyong 'khor bcas/__de yi dbu yi steng du bka' drin zla med rtsa ba'i bla ma dam pa nas bzung ste rdo rje 'chang gi bar gyi bla ma brgyud pa rnams sku gur gyi mgon po'i rnam pa can bdag la dgyes shing 'dzum pa/__sku bzhi ye shes lnga'i bdag nyid can tho brtsegs su bzhugs par bsam/__de dag gi thugs ka'i hU~M las 'od zer 'phros/__phyogs bcu na bzhugs pa'i rtsa brgyud kyi bla ma/__yi dam sangs rgyas byang sems mkha' 'gro chos skyong nor lha'i tshogs dpag tu med pa spyan drangs/__spyi bo'i bla ma rnams la thim pas thams cad kyang skyabs gnas kun 'dus kyi ngo bor gyur/__ces brjod/__sangs rgyas rdo rje 'chang chen la skyabs su mchi'o/__/sangs rgyas rdo rje 'chang chen la gsol ba 'debs so/__/sangs rgyas rdo rje 'chang chen gyis byin gyis rlobs shig__/ces brjod pas/__sangs rgyas rdo rje 'chang chen 'od du zhu nas bram ze mchog sred la thim par bsam/__de bzhin du/__slob dpon bram ze mchog sred la skyabs su mchi'o/__/sogs gong ltar bya/__paN chen bde ba'i rdo rje la=shrar+d+hA kar wa rma la=lo chen rin chen bzang po la=sngags 'chang yon tan tshul khrims la=mal lo blo gros grags pa la=rje btsun brtse ba chen po la=slob dpon bsod nams rtse mo la=rje btsun grags pa rgyal mtshan la=chos rje sa skya paN chen la='gro mgon chos rgyal 'phags pa la=mthu chen A nan dam pa la=bla ma bdag nyid chen po la=mkhas btsun nam mkha' legs pa la=chos rje bla ma dam pa la=bla chen kun dga' rgyal mtshan la='jam dbyangs nam mkha' rgyal mtshan la=bdag chen rdo rje 'chang chen la=rje btsun kun spangs pa chen po=tshar chen blo gsal rgya mtsho la='jam dbyangs mkhyen brtse'i dbang phyug la=mkhan chen bslab gsum rgyal mtshan la=grub mchog bsod nams chos 'phel la=rje btsun dbang phyug rab brtan la=mgon po bsod nams mchog ldan la=rin chen bsod nams mchog grub la=byams pa ngag dbang lhun grub la=rmor chen kun dga' lhun grub la=grub dbang sangs rgyas rgya mtsho la=kun dga' legs pa'i 'byung gnas la=ngag dbang kun dga' blo gros la=nam mkha' legs pa lhun grub la=rnam 'dren bkra shis dbang phyug la=mkhas grub ngag dbang chos 'byor la=grub mchog bstan 'dzin chos gsal la=rje btsun kun dga' bkra shis la=ngag dbang kun dga' bsam gtan la=byams pa rin chen chos skyong la=khyab bdag ngag dbang bsam gtan la=mthu chen 'jam dpal bstan 'dzin la='jam mgon ngag dbang legs pa la=drin chen rtsa ba'i bla ma 'jam dbyangs chos kyi blo gros la thim/__yang na/__ngag dbang chos 'byor la='dren mchog ngag dbang bzang po la='jam mgon ngag dbang legs grub la=mthu chen 'jam dpal bstan 'dzin man 'dra/__dus gsum sangs rgyas thams cad kyi ngo bo bla ma dam pa la gsol ba 'debs so/__bdag gi rgyud byin gyis brlab tu gsol/__lhan cig skyes pa'i ye shes dang rim pa gnyis kyi rtogs pa khyad par can rgyud la skye bar byin gyis brlab tu gsol/__mkha' 'gro chos skyong thams cad bdag gi dbang du 'dus nas las bzhi'i phrin las thams cad 'bad med du 'grub par mdzad du gsol/__zhes pa lan ci nus su mos gus drag po dang /__skad gsang mthon pos gsol ba btab/__khrid dang bsnyen pa'i skabs 'dir maN+Dal 'bul/__drin chen rtsa ba'i bla ma la skyabs su mchi'o/__/drin chen rtsa ba'i bla ma la gsol ba 'debs so/__/drin chen rtsa ba'i bla mas byin gyis rlobs shig__/'og gi mgon po 'khor bcas 'od du zhu nas rtsa ba'i bla mar thim/__rtsa ba'i bla ma de nyid 'od sngon po bde ba chen po'i rang bzhin du zhu nas/__rang gi spyi bo nas thim pas lus ngag yid gsum dang /__bla ma'i sku gsung thugs dang dbyer med ro gcig tu 'dres par bsam la rig pa 'dzin med du ci gnas su mnyam par 'jog__/gnyis pa khyad par gyi sngon 'gro la bsod nams kyi tshogs dang /__ye shes kyi tshogs gsog pa gnyis las/__dang po bsod nams kyi tshogs gsog pa la gnyis las/__dang po yul dag pa la brten pa ni/__rang skad cig gis nag po chen por gsal ba'i thugs ka'i hU~M las 'od zer 'phros pas nag po chen po lha bcu gcig srung ba'i 'khor lo dang bcas pa la bla ma mi bskyod pa'i rnam pas gtso bo'i dbu la brgyan pa mdun gyi nam mkhar oM badz+ra sa mA dzaHzhes pas spyan drangs/__na mo gu ru b+h+yaHna ma shrI ma hA kA la maN+Dal le b+h+yaHzhes pas phyag bya/__shrI gu ru ma hA kA la maN+Dal sa pa ri wA ra ar+g+haM pra tIts+tsha swA hA/__pA d+yaM pra tits+tsha swA hA/__oM badz+ra puSh+pe AHhU~M sogs nas/__shab+da AHhU~M/__zhes pas mchod/__dkon mchog gsum la bdag skyabs mchi/__/zhes sogs rgyun bshags lan gsum brjod/__tshogs zhing rnams rang la thim par bsam mo/__/gnyis pa yul ma dag pa la brten pa ni/__rang gi snying ga'i hU~M las sgo ma seng gdong ma 'od zer dkar po 'phro ba dpag tu med pa 'phros/__sems can thams cad bde ba dang bde ba'i rgyu dang ldan pa byas/__byams pa tshad med kyi ngo bo seng gdong ma'i go 'phang la bkod/__tshur 'dus rang la thim/__sgo ma gzigs gdong ma 'od zer ser po 'phro ba dpag tu med pa spros/__sems can thams cad sdug bsngal dang sdug bsngal gyi rgyu dang bral bar byas/__snying rje tshad med kyi ngo bo gzigs gdong ma'i go 'phang la bkod/__tshur 'dus rang la thim/__sgo ma dom gdong ma 'od zer dmar po 'phro ba dpag tu med pa spros/__sems can thams cad sdug bsngal med pa'i bde ba dang mi 'bral bar byas/__dga' ba tshad med kyi ngo bo dom gdong ma'i go 'phang la bkod/__tshur 'dus rang la thim/__sgo ma dred gdong ma 'od zer sna tshogs 'phro ba dpag tu med pa spros/__sems can thams cad nye ring chags sdang dang bral bar byas/__btang snyoms tshad med kyi ngo bo dred gdong ma'i go 'phang la bkod/__tshur 'dus rang la thim par bsam/__de ltar mi nus na/__sems can thams cad bde ba dang bde ba'i rgyu sogs spyi ltar brjod/__/gnyis pa ye shes kyi tshogs bsags pa ni/__oM shU n+ya ta dz+nyA na badz+ra swa b+hA wa At+ma ko\u0f85 haM/__zhes pas chos thams cad rang bzhin stong pa nyid du gyur par bsgom mo/__/gnyis pa dngos gzhi la/__phyi bskyed pa'i rim pa srung ba'i 'khor lo dang bcas pa dang /__nang rdzogs pa'i rim pas rtsa gsum 'khor lo lnga la brten pa'o/__/dang po la/__srung bzlog bsad mnan bzhi las/__dang po srung ba la'ang gnyis te/__zab pa'i gnad lnga'i sgo nas nyams su len pa dang /__khyad par gyi man ngag mde'u khar gdags pa'o/__/dang po la/__rten gyi gnad ni/__stong pa'i ngang las sU~M las rdo rje'i brag rdzong dmar nag gru gsum pa mtho zhing ngom chod pa/__de'i steng du e las chos 'byung gru gsum mthing nag yangs shing rgya che ba'i nang du khrag zhag 'khrugs pa'i rgya mtshos gang ba/__de'i dbus su pa~M las pad+ma dang ra~M las nyi ma'i dkyil 'khor gyi steng du hU~M las sna tshogs rdo rje'i lte ba la hU~M gis mtshan pa/__de las 'od zer 'phros pas 'og rdo rje'i sa gzhi/__khor yug rdo rje'i rwa ba/__steng rdo rje'i gur dang bla bre/__phyi rol thams cad ye shes kyi me dpung 'bar zhing 'khrugs pa'i srung ba'i 'khor lor gyur/__oM badz+ra rak+Sha rak+Sha hU~M hU~M hU~M phaT swA hA/__lan gsum brjod pas brtan par bsam la/__srung 'khor gyi dbus su hU~M las gnam lcags las grub pa'i 'khor lo rtsibs bcu pa rtse mo rno ba/__khog pa stong pa yangs shing rgya che ba go skabs med par gyur/__oM badz+ra tsakra rak+Sha hU~M b+h+rU~M hU~M/__gnyis pa lha'i gnad ni/__'khor lo'i nang gi dbus dang phyogs bcur pad+ma dang nyi ma mi ro dmar ser mgo bo g.yas su bstan pa re re/__de rnams kyi steng du hU~M mthing nag re re/__de rnams las 'od zer 'phros/__dgra bgegs gdug pa can thams cad tshar bcad/__tshur 'dus yongs su gyur pa las/__bdag nyid nag po chen po lha bcu gcig gi sku cig char du gyur pa ni/__dbus su bdag nyid rdo rje nag po chen po che zhing cher 'bar ba sku mdog mthing nag zhal gcig phyag gnyis pa g.yas gri gug dang /__g.yon thod pa khrag gis gang ba thugs kar steng 'og tu 'dzin pa/__phyag gnyis char gyi dbus na rnam 'phrul gyi gaN+Di bsnams pa/__spyan gsum dang ldan zhing zhal mche ba gtsigs pa/__dbu skra ser po gyen du brdzes pa/__mi mgo skam po lnga'i dbu rgyan dang /__rlon pa khrag 'dzag pa lnga bcu'i do shal can/__rus pa'i rgyan drug dang sbrul gyis brgyan pa/__stag gi pags pa'i sham thabs can/__dar sna tshogs kyi cod pan dang lhab lhub kyis bklubs pa/__mi'u thung gel pa'i 'dug stangs kyis ro yi steng na bzhugs pa/__de yi g.yas na bya nag 'bum sde gshog bskor byed pa/__g.yon na khyi nag 'bum sde 'khang zhing zug pa/__rgyab na lcags spyang 'bum sde g.yal zhing rgyugs pa/__/mdun na mi nag 'bum sde gnam du 'o dod 'bod pa/__steng na nam mkha' lding gi sprul pa'i pho nya dpag tu med pa 'phro ba ye shes kyi me dpung rab tu 'bar ba'i dbus na bzhugs pa'o/__/phyogs bcu'i mgon po rnams sku mdog mthing nag g.yas gri gug nam mkhar 'phyar zhing /__g.yon thod khrag thugs kar 'dzin pa/__spyan gsum dang ldan zhing /__zhal mche ba gtsigs pa/__dbu skra ser po gyen du brdzes pa/__mi mgo skam po lnga yi dbu rgyan dang /__rlon pa khrag 'dzag pa lnga bcu'i do shal can/__rus pa'i rgyan drug dang sbrul gyis brgyan pa/__stag gi pags pa'i sham thabs can/__dar sna tshogs pa'i cod pan dang lhab lhub kyis bklubs pa/__zhabs g.yas bskum g.yon brkyang pa'i stabs kyis ye shes kyi me 'bar ba'i dbus na bzhugs pa'o/__/'khor lo'i rgyab rwa gur gyi nang du dur khrod chen po brgyad na phyogs skyong ba dang /__zhing skyong ba dang /__klu dang /__sprin dang /__me dang /__chu dang /__ro dang /__ro langs la sogs pa du ma dang /__gtsang ris kyi mgon po bdun cu rtsa lnga sogs dregs byed dpag tu med pas bskor ba/__lha de thams cad kyi dpral bar oM/__mgrin par AHthugs kar hU~M/__thugs ka'i hU~M las 'od zer 'phros pas rang bzhin gyi gnas nas nag po chen po lha bcu gcig srung ba'i 'khor lo dang bcas pa la sangs rgyas dang byang chub sems dpa'i tshogs kyis bskor ba oM badz+ra sa mA dzaHdzaHhU~M ba~M hoHgnyis su med par thim/__slar yang thugs ka'i hU~M las 'od zer 'phros pas dbang gi lha rigs lnga 'khor dang bcas pa oM badz+ra sa mA dzaHkhyed rnams kyis bdag la mngon par dbang bskur ba stsal du gsol/__zhes gsol ba btab pas de rnams kyis oM badz+rI b+ha wa a b+hi Shiny+tsa hU~M/__zhes gsung zhing bum pa'i chus spyi bo nas dbang bskur/__sku gang dri ma dag chu'i lhag ma yar lud pa las lha bcu gcig la mi bskyod pa re res dbur brgyan/__zhes pa'i bar shar bsgom du nyams su blangs/__lha'i nga rgyal dang /__rten dang brten pa'i rnam pa spyi dang bye brag la sems bzung ba sogs bskyed rim gyi dngos gzhi yin pas nan tan du bya'o/__/gsum ba bsrung bya sba ba'i gnad ni/__de ltar sgom pa'i/__gtso bo'i thugs kar pad+ma dang nyi ma'i dkyil 'khor gyi steng du rdo rje sngon po rtse lnga pa gyen du langs pa'i lte bar sems rnam par mi rtog pa'i ye shes kyi ngo bo hU~M yig sngon po gsal zhing 'tsher ba/__de yi steng gi klad kor gyi nang du bla ma/__rang nyid nang du/__mdun du pha ma dang dpon po/__g.yas su pho nye/__g.yon du mo nye/__rgyab tu 'khor g.yog__/'og tu nor phyugs dang khang zhing rnams kyi snying gar ming yig dang po thig les brgyan pa'i klad kor gyi nang du so so'i yid kyi ngo bo hU~M sngon po spus bris pa tsam gzi brjid dang ldan par bsam la rnam par shes pa rnams kyang bkug ste rang rang la thim par bsam pa ni sgo gsum sba ba'o/__/de rnams kyi mthar yi ge bdun ma/__bcu gnyis pa/__shA sa ni sngags phreng rnams kha dog mthing khas g.yas bskor du bskor ba/__hU~M de las rdo rje phra mo nas 'bras tsam dpag tu med pa 'phros pas bdag dang bsrung bya rnams kyi lus thams cad rdo rje'i go khrab kyis gtams par bsam pa ni go bgo ba'o/__/bzhi pa sku gsung thugs mi 'gyur ba'i man ngag gi gnad ni/__rang nyid mgon por gsal ba'i gnas gsum du/__/dpral bar oM las 'khor lo oM gyis mtshan/__/mgrin par AHlas pad+ma AHsa mtshan pa/__/thugs kar hU~M las rdo rje hU~M gis mtshan/__/oM las 'od 'phros sangs rgyas byang sems dang /__/dpa' bo mkha' 'gro'i sku yi byin nus sogs/__/'od dkar rnam par spyan drangs oM la thim/__/oM las 'od 'phros lus gang bdag bsrung bya'i/__/lus kyi sdig sgrib lha 'dre'i byad bcug bsal/__/rgyal kun sku dang nus pa mnyam par gyur/__/AHlas 'od 'phros sangs rgyas byang sems dang /__/dpa' bo mkha' 'gro'i gsung gi byin nus sogs/__/'od dmar rnam par spyan drangs AHla thim/__/AHlas 'od 'phros lus gang bdag bsrung bya'i/__/ngag gi sdig sgrib byang ma'i ngag mnan bsal/__/rgyal kun gsung dang nus pa mnyam par gyur/__/hU~M las 'od 'phros sangs rgyas byang sems dang /__/dpa' bo mkha' 'gro'i thugs kyi byin nus sogs/__/'od sngon rnam par spyan drangs hU~M la thim/__/hU~M las 'od 'phros lus gang bdag bsrung bya'i/__/yid kyi sdig sgrib rmongs rmugs nyes kun bsal/__/rgyal kun thugs dang nus pa mnyam par gyur/__/oM shrI ma hA kA la ya ma ma kA ya wAk+ka tsit+ta rak+Sha rak+Sha ku ru ku ru swA hA/__zhes pa'i sngags cung zad bzla/__zhar byung lce byin rlabs ni/__rang gi gre phug ra~M yig dmar nag las/__/me 'bar tha mal ro 'dzin gzhob thul bsregs/__hU~M yig las byung rdo rje dkar po'i ljags/__/rtse lnga'i lte bar hU~M dkar nyal thabs su/__/gnas pa'i mgo bo gre phug phyogs su bstan/__/de mthar dbyangs gsal dkar po g.yas su bskor/__/rwa rnams nang du sngags mgo gyen bstan pa'i/__oM shrI ma hA kA la ya ma ma badz+ra dzi hA rak+Sha rak+Sha ku ru ku ru swA hA/__sngags las me 'bar me stag phrom phrom 'phros/__/ngag gi nyes skyon thams cad bsregs par gyur/__gong gi sngags de nyer gcig sogs bzla/__rdo rje rtse lnga 'od du zhu ba las/__/ma hA kA la'i ljags kyi rnam par gyur/__/lnga pa 'khor lo bskor ba'i gnad ni/__rang gi thugs ka'i hU~M las 'od 'phros pas/__/phyogs bcu'i sangs rgyas byang sems thams cad kyi/__/sku gsung thugs yon phrin las ngo bo ni/__/ma~M yig gser mdog nam mkha'i khams gang ba/__/spyan drangs 'khor lo la thim nus ldan gyur/__oM badz+ra tsakra rak+Sha hU~M b+h+rU~M hU~M/__zhes pas brtan par bsam la/__hU~M/__brjod pas/__'khor lo g.yas su shugs drag 'khor ba las/__/me 'bar bla ma dam pa bdag bsrung byar/__/'tshe ba'i gnod byed byad ma dgra bgegs rnams/__/rtsa sbur mes bsregs bzhin du rjes med gyur/__ma hA kA la brgya rtsa bzla'o/__/gnyis pa khyad par gyi man ngag mde'u khar gdags pa la thun mong gi mde'u kha dang /__thun min gnyis las/__dang po la bzhi ste/__thog mar btsan po'i mkhar du gzhug pa la/__spro bsdu'i mkhar du gzhug pa thun mong ba ni/__/rang gi thugs ka'i hU~M las 'od zer 'phros/__/bla ma yi dam rgyal ba sras dang bcas/__/gsang sngags rig gzungs dpa' bo mkha' 'gro dang /__/chos skyong grub pa rig 'dzin tshogs ma lus/__/spyan drangs bdag dang dbyer med 'dres pa las/__/bdag nyid sra brtan mi shigs rdo rje yi/__/rang bzhin pha rol tshogs 'joms nus stobs ldan/__/phyogs las rnam par rgyal ba'i bdag nyid gyur/__/ma hA kA la bzla'o/__/thun mong ma yin pa'i spro bsdu'i mkhar du gzhug pa ni/__slar yang thugs ka'i hU~M las 'od zer 'phros/__/rtsa brgyud bla ma yi dam lha yi tshogs/__/sangs rgyas byang sems dpa' bo mkha' 'gro dang /__/grub pa rig 'dzin chos skyong nor lha yi/__/thugs rje nus stobs rdo rje rtse lnga pa/__/sngon po me 'bar lte bar hU~M gis mtshan/__/hU~M gi rang sgra sgrogs pa dpag med pa/__/spyan drangs bdag dang bsrung bya 'khor lo la/__/thim pas bkrag mdangs gzi brjid ches cher 'bar/__/gzhom bral rdo rje'i rang bzhin dpa' gding dang /__/nus stobs phun sum tshogs pa'i bdag nyid gyur/__/ma hA kA la bzla'o/__/stong nyid rdo rje'i mkhar du gzhug pa ni/__slar yang thugs ka'i hU~M las 'od zer 'phros/__/'khor 'das brtan g.yo'i dngos po la phog pas/__/'od zer sngon po'i rnam par ltem gyis zhu/__/brag rdzong rtsa bar sngo thib 'dus de la/__/sems gtad rdo rje rtse dgu nam mkha'i khyon/__/khyab pa gcig gyur de yi lte ba ru/__/bdag nyid rten dang brten par bcas pa kun/__/dwangs gsal gzi brjid 'bar ba mngon sum gsal/__/ma hA kA la bzla'o/__/thod pa nyi zla'i mkhar du gzhug pa ni/__slar yang thugs ka'i hU~M las 'od zer 'phros/__/rab 'byams zhing gi khyon gang bla ma dang /__/yi dam sangs rgyas byang sems grub rig 'dzin/__/dpa' bo mkha' 'gro chos skyong nor lha yi/__/byin nus dbyangs gsal dkar dmar char ltar babs/__/rdo rje'i phyed man A li yan kA lis/__/khrigs khengs zhu bas nyi zla'i rang bzhin gyi/__/thod pa kha sbyor nang chud de yi steng /__/sna tshogs rdo rje'i lte bar hU~M AHoM/__/rtsigs las 'od sngon phreng brgyus dbyangs gsal phreng /__/mdun nas rgyab dkris de bzhin hU~M yig gis/__/g.yas nas g.yon dkris hU~M las ye d+harmA/__/dkar po'i phreng byung rdo rje'i lte bar bskor/__/dbyangs gsal tshar gnyis dang /__ye d+harma tshar gcig brjod/__bla ma dam pa bdag dang bsrung bya 'khor dang bcas pa la bar chad thams cad srungs shig rak+Sha rak+ShaHgnyis pa khams gsum g.yul du bcad pa la/__thun mong ba 'khor los bcad pa ni/__bdag nyid bsgom pa'i rten dang brten par bcas/__/nus stobs cher 'bar nam mkha'i khyon kun khyab/__/'khor lo g.yas 'khor rang sgra 'brug ltar ldir/__/rngams brjid ldan pas bstan dang bstan 'dzin dang /__/bdag dang bsrung bya la sdang gdug pa can/__/nag po'i phyogs kun sngangs skrag rengs shing brgyal/__/cung zad dran rnyed bdag gi nus mthur shes/__/bdag la skyabs gsol 'dun gtad brag rdzong rtsar/__/'dus te de dag srog snying 'od dmar rtser/__/phyungs te zhabs 'og bdud kyi ro la thim/__/bdag gi bran du khas blangs bka' nyan gyur/__/shA sa na bzla'o/__/chos nyid kyi bcad pa ni/__de ltar gdul bya 'dul byed thabs tshul kun/__/rang sems kho na'i cho 'phrul nyid du shes/__/sems nyid gsal stong zung 'jug blo yul las/__/'das pa de ka'i ngang du lhod de 'jog__/ma hA kA la bzla'o/__/thun mong ma yin pa snang stong sku'i 'khor los 'dod khams g.yul du bcad pa ni/__/rang nyid mgon por gsal ba'i gnas gsum du/__/'khor lo pad+ma rdo rje 'bru gsum mtshan/__/oM las 'od dkar 'phros te 'dod khams kyi/__/snod bcud la phog de dag dkar ltem zhu/__/thod pa'i gur khang phyi rol skya thib thib/__/gnas par sems gtad de dag 'khor lo dkar/__/oM mtshan rang sgra sgrogs pa'i gur zlum gyur/__/'dod pa'i khams kyi snang ba bag chags dag__/snang stong skye med sku yi rdo rjer grub/__/ma hA kA la bzla'o/__/grags stong gsung gi 'khor los gzugs khams g.yul du bcad pa ni/__AHlas 'od dmar 'phros te gzugs khams kyi/__/gnas ris bcu bdun la phog dmar ltems zhu/__/'khor lo'i gur khang phyi rol dmar deng nge /__/gnas la sems gtad de dag pad+ma dmar/__/AHsa mtshan rang sgra sgrogs pa'i gur zlum gyur/__/gzugs khams snang ba bag chags dbyings su dag__/grags stong skye med gsung gi rdo rjer grub/__/ma hA kA la bzla'o/__/rig stong thugs kyi 'khor los gzugs med khams g.yul du bcad pa ni/__hU~M las 'od sngon 'phros te gzugs med khams/__/skye mched mu bzhi la phog 'od sngon por/__/zhu nas pad+ma'i gur khang phyi rol du/__/sngo thib gnas der sems gtad rdo rje sngo/__/hU~M mtshan rang sgra sgrogs pa'i gur zlum po/__/gzhom gzhig bral ba rdo rje'i rang bzhin gyur/__/gzugs med khams kyi rtog rig bag chags dag__/rig stong skye med thugs kyi rdo rjer grub/__/ma hA kA la bzla'o/__/gsum pa rno gsum mtshon du brdung ba la/__/gzhan gyi ting nge 'dzin 'joms pa'i mtshon cha ni/__rang nyid gtso 'khor thugs las 'od 'phros pas/__/'das dang ma 'das nus mthu kun bsdus te/__/lha dang srung 'khor me dpung bcas la thim/__/rno shugs cher 'bar de dag bar mtshams nas/__/rdo rje mtshon cha'i tshwa tshwa skar mda' ltar/__/'phros te bla ma dam pa bdag bsrung byar/__/gnod pa'i byad ma thams cad rmings med bcom/__/gur khang rtsar 'dus rtsa ba rang la bstan/__/rtse mo phyir bstan g.yas g.yon 'khor zhing 'khrugs/__/bgegs dgra tshar bcad mtshon cha'i gur du gyur/__/shA sa na bzla'o/__/gzhan gyi ngag gi nus pa 'joms pa'i mtshon cha ni/__drag sngags bzlas tshe rang dang phyogs bcu'i mgon/__/kun gyis sgrogs shing 'khor lo g.yas su 'khor/__/'khor gur me 'od bcas las shA sa na/__/mang spros sngags kyi rang sgra 'brug sgra 'bum/__/dus gcig ldir ltar bsgrags pas bla ma rje/__/bdag dang bsrung bya la 'tshe byad ma rnams/__/seng ge'i sgra thos wa tshogs snying 'gems ltar/__/bsngangs skrag kun nas rmongs shing nyams par byas/__/sngags 'bru ri rab lta bu mang 'phros pas/__/mtshon cha'i gur phyir oM gyi tog byas pa'i/__/shA sa na yi gur khang dmar nag gyur/__/de yi me 'od sgra yis dgra pho mo/__/thams cad kun nas rmongs shing nyams par byas/__/shA sa na bzla'o/__/rdzas bzlog las kyi mtshon cha ni/__bdag nyid gtso 'khor srung gur me 'od las/__/rdo rje mda' mdung gri sogs mtshon cha dang /__/dus kyi 'thor rlung me dpung ri rab zur/__/bzhi drug rak+ta'i rgya mtsho dug sbrul dang /__chu glang sngon po rwa gdengs dug gi sdong /__/mang spros bla ma dam pa bdag bsrung byar/__/gnod pa'i byad ma lha srung dang bcas pa'i/__/steng phab ser bas lo tog bcom pa ltar/__/sha rdzogs rus rdzogs la btang 'khor lo dang /__/gtor ma gtub bsreg rlung 'khor ri rab kyis/__/mnan cing me haM rak+ta'i mtsho yis bsad/__/sbrul dug rlangs pas byad mkhan rmongs nyams byas/__/chu glang sngon pos mnan gtad rwa rtser blangs/__/rmig pas brdzis shing lces bldag rjes med gtong /__/mdor na byad ma lha srung rdzas dang bcas/__/thal bar brlag te stong nyid ngang du thim/__/shA sa na la spel tshig__/byad ma kha kha sogs btags pa 'og nas 'byung ba ltar dang /__oM shrI ma hA kA la ye ya ma rA dza kI li kI la ya sarba b+h+yoHbzlog rbad/__btags pa bzla'o/__/bzhi pa 'khor lo jag par bkye ba la bsgom pa'i 'khor lo jag par bkye ba ni/__bdag gi bsgom pa'i 'khor gur me 'od las/__/gnam lcags las grub tsakra rtsibs bzhi brgyad/__/bcu gnyis bcu drug stong dang ldan pa'i bar/__/byad ma dgra bgegs pho mo'i steng du phabs/__/g.yas g.yon 'khor bas dum bu dum bur gtub/__/mes bsregs rlung gis gtor te rjes med btang /__/shA sa na bzla/__tshur 'dus rang gi phyi rol gur khang rtser/__/thim pas brtan cing nus stobs ldan par gyur/__/bris pa'i 'khor lo jag par bkye ba ni/__srod thun mthar nyams su len pa yin pas 'og tu 'chad do/__/gnyis pa thun mong ma yin pa'i mde'u kha gdags pa la/__phyi rol rdzas la brten nas nus mthu'i rtsal 'don ni/__man ngag ltar shes par bya'o/__/bar ye shes kyi 'khor los lus lha'i rtsal 'don la/__srung ba'i rtsal 'don tsam spro na/__srung ba'i don du lha rnams zhal nang gzigs/__/'khor lo g.yas 'khor sngags las 'od zer 'phros/__/rdo rwa'i phyi rol rdo rje'i sngags kyi gur/__/dmar nag rang sgra sgrogs bskor 'khor lo las/__/'khor lo mang spros mtshon cha'i gur rgyab tu/__/'khor bas gnod byed rdo tshan sbur ma bzhin/__/nye bar mi nus tsha rngams 'bar bar gyur/__/shA sa na bzla'o/__/nang dam tshig gi 'khor los sems nyid ye shes kyi rtsal 'don ni/__bsrung bya sogs re zhig mi dmigs par bzhag la/__rang nyid nag po chen po'i thugs ka ru/__/nyi ma'i steng du rdo rje rtse lnga pa/__/de yi lte bar nyi dkyil b+h+rU~M ser las/__/gser 'khor rtsibs bcu mtheb sor tsam du gsal/__/de yi dbus dang phyogs bcur nyi dkyil ni/__/sran ma phyed bkas tsam re'i steng du hU~M/__/sngo zhing 'tsher ba nas 'bras tsam bcu gcig__/bkrag mdangs ldan gsal phyogs bzhi'i rtsibs bar du/__/gti mug ser sna nga rgyal 'dod chags dang /__/phrag dog zhe sdang sa bon rim pa bzhin/__/ma~M dkar pa~M ser ra~M dmar da~M ljang gsal/__/rang gi sems kyi ngo bo hU~M yig las/__/dug lnga'i ngo bo de 'dra re chad thim/__/'khor lo g.yas 'khor gtub cing 'ja' ltar yal/__/gsal stong zung 'jug gi ngang la bzhag te rlung sbyor dang /__ma hA kA la bzla'o/__/de bzhin bdud bzhi'i ngo bo mi yi gzugs/__/dkar ser dmar nag spyi'u tshugs gnas pa gsal/__/hU~M las de 'dra re chad so sor thim/__/'khor lo g.yas bskor bdud bzhi nyal nyal bcom/__/ro ma nam mkhar 'ja' ltar yal bar bsam/__/rlung sbyor dang ma hA kA la bzla'o/__/hU~M las 'od 'phros de bzhin gshegs rnams kyi/__/thugs rgyud bskul te 'khor lo hU~M bcas pa'i/__/rnam par spyan drangs 'khor lo hU~M yig la/__/thim pas cher gsal nus mthu rgyas par gyur/__/slar yang 'od 'phros rgyal ba sras dang bcas/__/dpa' bo mkha' 'gro grub rigs thugs rgyud la/__/bzhugs pa ye shes lnga yi ngo bo ni/__hU~M sngon b+h+rU~M dkar A+oM ser dz+riM dmar dang /__/kha~M ljang spyan drangs hU~M gi dbus mdun g.yas/__/rgyab g.yon rnams su rim pa bzhin thim pas/__/ye shes lnga ni mngon du byas par bsam/__/rlung sbyor dang ma hA kA la bzla'o/__/de nas bsrung bya sogs sngar bzhin gsal la/__'khor lo g.yas su 'ur gyis 'khor ba'i shugs dang /__/lha rnams kyi zhal nas sngags kyi sgra 'brug ltar sgrogs shing /__/zhal nang du phyogs pas bdag dang bsrung bya rnams la rtse gcig tu dgongs shing srung ba'i las mdzad/__'khor lo gur khang me 'od dang bcas pa'i gzi brjid kyis mi mthun pa'i phyogs thams cad gzhob thul gyis bsregs nas stong nyid du thim par bsam/__oM ma hA kA la hU~M phaT/__ces pa'i yi ge bdun ma ci 'grub dang /__A+oM shrI ma hA kA la ya hU~M hU~M phaT swA hA/__ces yi ge bcu gnyis pa dang /__A+oM shrI ma hA kA la ya/__shA sa na u pa hA ri Ni/__e Sha a pash+tsi ma kA lo a yaM i daM rat+na tra ya/__a pa kA ri NaM/__ya daM pra ti dz+nyA/__sma ra si ta dA/__i daM duSh+TaM kha kha/__khA hi khA hi/__mA ra mA ra/__gr-i h+na gr-i h+na/__b+han+d+ha b+han+d+ha/__ha na ha na/__da ha da ha/__pa tsa pa tsa/__dwi na me ke na mA ra ya hU~M phaT/__ces pa'i sngags ring nyer gcig sogs ci 'grub bzla'o/__/bzlas pa'i rjes su/__bde bar gshegs pa thams cad kyi sku gsung thugs yon tan phrin las thams cad kyis bdag dang sems can thams cad la byin gyis brlab tu gsol/__myur du phyag rgya chen po mchog gi dngos grub rdo rje nag po chen po'i go 'phang thob par byin gyis brlab tu gsol/__zhes 'dod don la gsol ba btab bo/__/!gnyis pa bzlog pa la gsum las/__dang po spyi'i bzlog pa ni/__'khor lo'i rtsibs bar brgyad kyi rdo rje'i sa gzhir ya~M las rlung gi dkyil 'khor g.yo ba/__de'i steng du ra~M las me'i dkyil 'khor 'bar ba/__de'i steng nr-i tri sri las dgra bo pho gdon mo gdon rnams lus ring pa/__skra 'dzings pa/__kha nas khrag skyugs pa/__spyi'u tshugs su gnas pa gsum re gyur/__rang gi thugs ka nas khro bo dus mtha'i rlung gi shugs dang ldan pa/__lcags kyu dang zhags pa mtshon cha thogs pa dpag tu med pa 'phros/__de rnams kyis gnod byed gang na gnas pa nas rang dbang med par bkugs te rtsibs bar gyi dgra bgegs rnams la bstim par bsam la/__rje btsun rtsa ba dang brgyud par bcas pa'i dpal ldan bla ma dam pa rnams kyi bka' bden pa dang /__sangs rgyas kyi=chos kyi=dge 'dun gyi=gsang sngags dang rigs sngags phyag rgya'i bden pa dang /__khyad par du dpal rdo rje nag po chen po gur gyi mgon po khro bo bcu gcig 'khor dang bcas pa la sogs pa dam can chos skyong ba'i srung ma rnams kyi bden pa dang /__bden pa chen pos byin gyis brlabs kyis sangs rgyas kyi bstan pa 'jig pa/__bla ma dam pa'i sku dgra/__dge 'dun gyi spyi dgra/__rnal 'byor bdag cag lam sgrub pa la bar du gcod pa dang /__sdang zhing tho 'tshams pa'i gnod byed dgra bgegs thams cad 'khor lo'i rtsibs bar du dmigs pa'i dgra bgegs kyi ling+ga 'di la myur ba nyid du khug cig phob cig__/oM shrI ma hA ka la sarba sha trUn A kaR+Sha ya dzaHdzaHhU~M ba~M hoHzhes yang yang brjod la bstim mo/__/'dir spros pa la dga' na/__slar yang snying ga'i hU~M las 'od zer tsha zhing rtsubs pa dpag tu med pa spros/__de dag la srung skyobs byed pa'i lha srung thams cad sbrang bu rlung po ches khyer ba ltar rgya mtsho'i pha mthar bskrad par bsams la gong ltar bden bdar gyi mthar byad ma dgra bgegs pho mo rgyab bsten lha srung gi tshogs thams cad dang phyes shig__/shA sa na yi mjug tu/__sarba de ba pri tiSh+Tha hU~M hU~M phaT/__ces brjod de nas/__bdag nyid khros pa'i nyams kyis hU~M zhes 'jigs pa'i sgra chen po bsgrags/__zhabs brdabs pas phyogs mtshams kyi khro bo rnams khros 'khrugs rngams pas zhal phyir gzigs/__steng 'og gi khro bo rnams zhabs g.yas brkyang du bsgyur/__'khor lo g.yon du shugs drag pos 'khor bas dgra bgegs rnams me rlung gis rim bzhin btegs pas rkang pa nas spyi bo'i bar du dum bur gtubs/__ro ma lhung ba rnams mes bsregs rlung gis rjes med du gtor/__las ngan dag nas rnam shes mi bskyod pa'i zhing du sangs rgyas par bsam/__shA sa na/__i daM duSh+TaM yan chad 'dra ba la de nas/__gnod byed kha kha/__gnod byed khA hi khA hi/__gnod byed mA ra mA ra/__gnod byed gr-ih+na gr-ih+na/__gnod byed b+han+d+ha b+han+d+ha/__gnod byed ha na ha na/__gnod byed da ha da ha/__gnod byed pa tsa pa tsa/__gnod byed di na me ke na mA ra ya hU~M phaT/__ces sam/__bsdu na/__i daM duSh+TaM gnod byed dgra bgegs byad ma thams cad kha kha khA hi/__zhes pas kyang rung gang ltar yang drug cu rtsa bzhi sogs do gal dang bstun te bzla'o/__/gnyis pa bye brag gi bzlog pa bdun po ni dgos ched skabs su gang babs nyams su blangs bar bya'o/__/gsum pa khyad par gyi bzlog pa la sprul pa spro ba ni/__khyad par bdag nyid gur gyi mgon por gsal/__/rab khros 'jigs pa'i sgra bsgrags mkha' la 'phags/__/zhabs brdab bdud ro nyal nyal la btang zhing /__/khros pa'i spyan gsum phyogs bcur hrig hrig gzigs/__/des bskul phyogs bcu'i mgon po rab tu khros/__/zhabs brdab 'jigs pa'i sgra bsgrags rang 'dra ba'i/__/sprul pa'i khro bo dur khrod brgyad du byon/__/khros 'khrugs zhabs brdabs 'jigs rung gad rgyangs bsgrags/__/phyogs skyong bcu dang rgyal chen sde bzhi ye/__/dmag las byas pa'i dmag dpon drag shul can/__/sa dang nam mkha'i khyon kun khyab par spros/__/dgra bgegs dmag dpung sbrang ma'i phung po rnams/__/dud pa 'khrigs ltar bun bun slebs pa rnams/__/bdag gi sprul pa'i dmag tshogs mthong ba'i mod/__/stobs nyams dpa' zhum go cha nus mdangs nyams/__/bdag gis sprul pa'i dmag rnams phar chas te/__/pha rol dmag dpung bsad bcom sha khrag zos/__/go cha phrogs te ming gi lhag mar byas/__/cung zad lhag ma lus rnams gnod byed kyi/__/steng du phar log bdag gis dmag sna drangs/__/de rjes sprul pa'i dmag dpung rngam zhing rgyugs/__/gnod byed dgra gdon byad mkhan pho mo sogs/__/bsad bcad sha khrag hab hab zhal du gsol/__/nor rdzas yul mkhar grong khyer gtan nas brlag__/ye shes mes bsregs sprul pa'i 'thor rlung gis/__/stong gsum pha mthar khyer te rjes med gyur/__/shA sa na spel tshig can dang /__oM shrI ma hA kA la ya ya ma rA dza kI li kI la ya sarba b+h+yoHbzlog rbad/__ma ma te kaM graM pa te b+h+yoHbzlog rbad/__ces drag tu bzla/__yang sprul spro ba ni/__slar yang bdag nyid gur gyi mgon po gsal/__rab khros hU~M zhes 'jigs pa'i sgra chen sgrogs/__/khros pa'i spyan gsum phyogs bcur drag tu gzigs/__/phyogs bcu'i mgon po rab tu khros shing 'khrugs/__/des bskul sprul pa'i mgon po rnams kyang khros/__/'jigs rung sgra bsgrags dmag tshogs rab tu bskul/__/phyogs skyong dmag rnams shin tu 'khrugs pa las/__/yang sprul rta pa srin po khros pa dang /__/ma he sngo nag dug sbrul gangs seng rngams/__/'thab glang mtshon thogs 'phar spyang ru tra nag__/rlung lha sngon po gnam lcags ga ru Da/__/lcags sdig rnams te grangs med gtum la rngam/__/steng 'og phyogs mtshams khyab pa'i zil ma bzod/__/dgra bgegs stobs nyams sprul pa'i rta pa yis/__/mtshon cha'i char phab ma hes brdzis shing brdung /__/dug sbrul mthong reg dug gis myos shing 'thibs/__/seng ge 'phar spyang ru tras bsad bcom zos/__/rlung lhas rlung gis gtor bskrad mkha' lding gis/__/mig klad rgyu lto phyir phyungs lcags sdig gis/__/rab brtsir sha khrag thams cad hab thob rol/__/nor rdzas yul mkhar mes bsregs rlung gis gtor/__/thams cad stong nyid bde chen ngang du thim/__/shA sa na spel chog can dang /__oM shrI ma hA kA la ye ya ma rA dza kI li kI la ya sarba b+h+yoHbzlog rbad/__ma ma te kaM graM pa te b+h+yoHbzlog rbad/__ces bzla/__mgon po'i sprul pa yang sprul dmag tshogs kyis/__/dgra bgegs byad ma'i tshe dang bsod nams stobs/__/dpal 'byor ngo so dang bcas 'khyer bzhin du/__/tshur 'dus sprul gzhi rnams la sib kyis thim/__/bdag cag phyogs las rnam rgyal nus mthu yis/__/bdag nyid srid pa gsum gyi rje bor gyur/__'di la khyad par gyi mde'u kha bzlog pa'i rtsa la 'don spro na khrid gzhung ltar dang /__sngags pa nang rgyas pa'i man ngag__/gtor ma la brten nas dgra bo rang gshed la dbab pa sogs ni dgos ched khyad par can byung na bla ma'i man ngag ltar shes par bya'o/__/dmod pa 'dor ba ni/__lag gnyis bkan la/__oM b+ha ya nA sa ni/__trA sa ni sarba mA ra pra t+yAM gi ra/__bi nA sa ni/__yi ge tsi ta duSh+TAn satwa ma ma birU pa ka~M kurban/__ti tA ni/__sarba mA ra Ni pra t+yAM ka ri Ni pa ta tu hU~M phaT swA hA/__ces tshar gsum dang /__su gang dag bdag cag gi dpal ldan bla ma dam pa rnams dang /__bdag cag la sdang ba'i sems dang ldan pa rnams dang /__gdug pa'i sems dang ldan pa rnams dang /__drag shul gyi sems dang ldan pa rnams dang bsam pa dang sbyor ba ngan par byed pa'i dgra bgegs thams cad kyi bsam sbyor ngan pa thams cad zhi bar gyur cig__/gal te zhi bar ma gyur na de'i tshe de dag thams cad kyi lus bcing bar bgyi'o/__/ngag bcing bar bgyi'o/__/yid bcing bar bgyi'o/__/mthu brlag par gyur cig__/rdzu 'phrul brlag par gyur cig__/stobs brlag par gyur cig__/des bzlas pa'i sngags kyis de nyid brlag par gyur cig__/des bsgrubs pa'i lha 'dres de nyid kyi sha za bar gyur cig__/ces brjod pas dmod pa 'dor te/__de'ang lag pa gnyis gnam lcags las grub pa'i 'khor lo rtsibs stong dang ldan pa'i bar du dgra bgegs rnams dmigs te thal mo lan gsum brdab pas sha khrag dmar chal gyis song ba khro bo rnams kyi zhal du stobs/__ro ma rnams 'og gi khro bo'i zhal du bstabs pas bzhes par bsam/__khro bo 'bar ba'i tshogs rnams kyis/__/dgra bgegs rnams ni thams cad kyi/__/lus ngag thal ba rdul du rlog__/rnam shes chos kyi dbyings su sgrol/__/zhes brjod la 'khor gsum dmigs pa med pa'i ngang du mnyam par bzhag go/__de nas bsad pa dang mnan dmigs ma byas na/__hU~M zhes brjod pas 'khor lo g.yas su 'khor/__yang hU~M zhes brjod pas khro bo rnams zhal nang du gzigs par bsam la/__oM badz+ra tsakra rak+Sha hU~M b+h+rU~M hU~M/__zhes brjod pas srung ba'i 'khor lo brtan par bsam/__/gsum pa bsad pa la gsum las/__dang po spyir bsad pa ni/__'og sna tshogs rdo rje'i lte bar chos 'byung mthing nag me 'bar ba'i nang du dgra bgegs gzugs brnyan nyams thag pa'i rnam pa can/__lces brang khebs pa'i snying gar srog gi rten khrag gi thig le mtshal dwangs ma'i mdog lta bu gcig tu gsal ba la/__rang gi thugs ka nas spros pa'i pho nya rnams kyis dgra bgegs bkug nas bstim par bsam/__rgyas pa sngar ltar 'gugs 'dren byas te/__rang nyid khros pa'i zhabs brdabs/__'jigs pa'i hU~M sgra drag tu bsgrags/__'khor lo g.yas su 'khor ba'i mas kyi rtsibs rtse dgra bgegs kyi snying gar gzir te drag tu 'khor bas snying rtsa srog rtsa thams cad nyal nyal gtub cing bcad/__sha khrag sprul pa'i pho nya rnams kyis zos shing tshar bcad/__mthar dgra bgegs kyi rgyud kyi sdig sgrib bsam ngan thams cad dag nas mi bskyod pa'i zhing du sangs rgyas par bsam la/__/sha sa na spel tshig can drag tu bzla'o/__/bye brag bstan pa'i spyi dgra bsgral ba'i bsad las lnga'am bdun dang /__rnal 'byor sgos dgra rang gshed rang la dbab ste bsad pa'i las sbyor nams zhal las shes par bya'o/__/bsad pa'i rtsal 'don sogs kyang gzhung du gsal lo/__/bzhi pa mnan pa ni/__rang nyid mgon por gsal ba'i zhabs 'og tu dong gru gsum gting ring bar gyur pa'i nang du dgra bgegs gsal bar gyur/__rang gi thugs ka'i hU~M las spros pa'i pho nya rnams kyis dgra bgegs bkug te thim par bsam/__dgug gzhug rgyas par byas la/__dgra bgegs de nyid dong gi gting du las kyi gshin rje zhal gdangs pa'i lto bar song ba dang steng nas rdo rje rgya gram gyis mnan pas thar pa'i dus med par bsam la shA sa na'i mjug la/__di na me ke na s+t+waM b+ha ya nan/__btags pa cung zhig bzlas nas lta ba la 'jog go/__rdzas la brten pa dang /__mnan pa'i rtsal 'don ni gzhung du shes so/__/de nas gong bzhin srung 'khor brtan sngags brjod do/__/phyi sgrub rkyang pa nyams su len na 'og nas 'byung ba'i rjes kyi rim pa rnams bya'o/__/!gnyis pa nang rdzogs pa'i rim pa rtsa gsum 'khor lo lnga la brten pa'i gsang sgrub kyi bsnyen sgrub la gsum las/__dang po bsnyen pa ni/__rang nyid mgon por gsal ba'i thugs ka nas 'od zer 'phros pas rang bzhin gyi gnas nas bla ma dang yi dam nag po chen po lcam dral 'khor dang bcas pa oM badz+ra sa mA dzaHdzaHhU~M ba~M hoHgnyis su med par thim pas rang gi lus rten dang brten pa'i rang bzhin du gyur pa ni/__spyi bo nas gsang gnas kyi bar du rtsa dbu ma sngo sangs thig le dwangs mas gang ba/__g.yas su ro ma dmar gsal rak+ta'i dwangs mas gang ba/__g.yas su rkyang ma dkar dwangs byang chub sems kyi dwangs mas gang ba/__lte ba sprul pa'i 'khor lo/__gsang gnas bde skyong gi 'khor lo/__snying ga chos kyi 'khor lo/__mgrin pa longs spyod kyi 'khor lo/__spyi bo bde chen gyi 'khor lo rnams rtsa mdud las gyes pas 'dab ma'i rnam pa/__gsang gnas rtsa gsum 'dus mdo chos 'byung gru gsum smug nag bde ba chen po'i rang bzhin gdengs kha che ba lte 'og sor bzhir slebs pa/__rtsa ba phra ba gsang gnas su zug pa/__de'i nang du chos sku skye ba med pa las skye ba'i cho 'phrul yum chen e ka dzA Ti chos dbyings nam mkha'i rang bzhin sku mdog sngon mo zhal gcig phyag gnyis kyi me yi phyag rgyas g.yu yi bum pa thugs kar 'dzin pa/__dar dkar gyi na bzas stod g.yogs shing /__stag gi pags pa'i sham thabs can/__ral pa lan bu gcig tu gyur nas g.yon du 'phyangs ba/__khro mo'i rnam pa can/__'di la shin tu zab pa'i gnad lnga ste/__dang po bsgom pa lta'i gnad ni/__lha rnams gong ma'i zhabs 'og tu 'og ma'i dbu tshud pa dang sku tshad kyang je chung du btang ste/__de las 'od sngon po gsum chad rtsa gsum gyi nang du song bas/__snying ga chos kyi 'khor lo'i dbus kyi dbu ma'i rtsa thig rlung gsum 'od dang bcas pa dbyer med du 'dres pa las/__rtsa 'khor gyi stod tsam du bla ma he ru ka sku mdog sngon po zhal gcig phyag gnyis pa g.yas rdo rje dang /__g.yon thod pa bdud rtsis gang ba 'dzin pa/__gru mo g.yon gyi khug na rdo rjes mtshan pa'i kha T+wA~M ga brten pa spyi bor ral pa'i thor cog dang /__sna tshogs rdo rjes mtshan pa/__gar gyi nyams dgu dang ldan zhing rus pa'i rgyan drug 'khrol ba/__zhabs g.yas brkyang pa'i brla la g.yon bskum pa'i sor mo rnams gtad pa'i gar stabs kyis bzhugs pa/__de'i thad kyi ro ma dang dbyer med pa'i rdo rje nag po chen po gur gyi mgon po sku mdog mthing nag che zhing cher 'bar ba zhal gcig phyag gnyis pa g.yas gri gug dang g.yon thod pa khrag gis gang ba thugs kar steng 'og tu 'dzin pa/__phyag gnyis char gyi dbus na rnam 'phrul gyi gaN+Di bsnams pa/__spyan gsum dang ldan zhing zhal mche ba gtsigs pa/__dbu skra ser po gyen du brdzes pa/__mi mgo skam po lnga yi dbu rgyan dang /__rlon pa khrag 'dzag pa lnga bcu'i do shal can/__rus pa'i rgyan drug dang sbrul gyis brgyan pa/__stag gi pags pa'i sham thabs can/__dar sna tshogs kyi cod pan dang lhab lhub kyis bklubs pa/__mi'u thung gel pa'i 'dug stangs kyis ro yi steng na bzhugs pa/__de'i g.yas su bya nag__/g.yon na khyi nag__/rgyab na ce spyang /__mdun na mi nag__/steng na nam mkha' lding gi sprul pa'i pho nya 'phro ba/__ye shes kyi me 'bar ba'i dbus na bzhugs pa/__g.yon du rkyang ma dang dbyer med pa'i dpal ldan lha mo 'dod pa khams kyi dbang phyug ma bong bu gwa pa la zhon pa/__sku mdog sngon nag zhal gcig phyag bzhi ma g.yas kyi dang po na ral gri/__gnyis pa na thod pa khrag gis gang ba/__g.yon gyi dang po na mdung /__gnyis pa na rtse gsum gyi mgul na dar nag gi ba dan 'phyang ba bsnams pa/__mi mgo skam po lnga yi dbu rgyan dang /__/rlon pa lnga bcu'i do shal can/__rus pa'i rgyan lnga dang ldan pa/__glang po che'i ko rlon gyis stod g.yogs shing /__ba glang gi ko bas smad g.yogs pa/__re lde'i sham thabs can/__mi ro rengs pa khar bcug nas mche ba gtsigs pa/__snyan g.yas pa na dug sbrul dang gser gyi dril bu/__g.yon pa la seng ge dang g.yu'i dril bus brgyan pa/__klu'i dbang po'i ska rags can/__shin tu rid cing mi sdug pa lte ba'i thad ka nas nyi zla 'char ba zhabs gnyis lcags sgrog gis mdzes par byas pa/__sku la khrag gi thig le dang zhag gi zo ris/__thal chen gyi tshom bus brgyan pa/__ma mo mkha' 'gro sha za 'bum sde'i dbus na hU~M dang b+h+yoHyi sgra sgrogs pa/__bla ma'i thugs ka nas 'od sngon po gcig chad/__chos kyi 'khor lo'i dbus su hU~M yig tu gyur dbu ma dang ro gcig tu 'dres pa las/__las kyi mgon po ber nag zangs gri can sku mdog mthing nag zhal gcig phyag gnyis pa g.yas dgra bgegs kyi srog rtsa gcod pa'i zangs gri nam mkha' la phyar zhing /__g.yon dam nyams kyi snying khrag gsol ba'i b+han dmar thugs kar 'dzin pa/__zhal gdangs shing ljags 'dril ba/__mche ba gtsigs shing spyan gsum bgrad pa/__ral pa khams nag nam mkhar gzings pa/__dar nag po'i 'jol ber gser ma sum brtsegs gsol ba la gser gyi ka bo che bcings pa sag ti'i l+h+wam 'bog gsol ba'i zhabs gnyis g.yas bskum zhing g.yon bgrad pa'i stabs kyis bzhugs pa/__gur mgon gyi thugs ka nas la~M chad pas ro ma dang dbyer med pa'i nag po gnod sbyin g.yas gser gyi gri gug dang /__g.yon sbar ba phyir gdengs pa'i mthil na nyi ma'i dkyil 'khor 'char ba/__deng phon gser ma'i phod ka dang /__mi lpags rlon pa khrag 'dzag pa lding thabs su gyon zhing gser gyi rna cha 'phyang ba/__lha mo'i thugs ka nas ma~M smug nag chad pas rkyang ma dang dbyer med pa'i nag mo gnod sbyin g.yas gser gyi spu gri/__g.yon sbar ba phyir gdengs pa'i mthil na zla ba'i dkyil 'khor 'char ba/__dar nag po gser gyi thig le can gyi gos gyon zhing bye ru'i lan tshar 'phyang ba/__gnod sbyin gyi thugs ka nas tri yig gnyis chad pa las ro ma dang dbyer med pa'i stod du pu tra nag po g.yas ral gri dang /__g.yon thod pa khrag gis gang ba 'dzin pa/__dar nag po'i ang ga rag dang dar med gyi na bza' can/__smad du b+ha Ta nag po g.yas dam shing dang /__g.yon mi'i snying 'dzin pa stag slag gyon zhing man+t+ra'i ga sha can/__gnod sbyin mo'i thugs ka nas b+h+yoHgcig chad pa rkyang ma dang dbyer med pa'i sring mo gser gyi spu gri ma nag mo g.yas gser gyi spu gri dang /__g.yon rgyu zhags zhal du 'drad cing kha nas me 'bar ba gcer bu ral pa thur du 'phyang ba/__dbu ma'i nang gi lha rnams mdun drang por gzigs pa/__ro ma'i lha g.yon gzigs/__rkyang ma'i lha g.yas gzigs/__las mgon pho gsum zhabs g.yon brkyang /__mo gnyis g.yas brkyang du bzhugs pa'o/__/mchan/__'dir mchog sgrub pa'i skabs su bde ba sgrub pa'i dmigs pa khrid gzhung ltar bya'o/__/de thams cad kyi dpral bar oM/__mgrin par AHthugs kar hU~M/__bla ma he ru ka'i thugs ka'i hU~M las 'od zer 'phros pas rang bzhin gyi gnas nas mgon po lha dgu bla ma dang bcas pa oM badz+ra sa mA dzaHdzaHhU~M ba~M hoHgnyis su med par thim/__slar yang thugs ka'i hU~M las 'od zer 'phros pas dbang gi lha rigs lnga 'khor dang bcas pa oM badz+ra sa mA dzaHoM sarba ta thA ga ta a b+hi Shiny+tsa tu maM/__zhes gsol ba btab pas/__oM badz+rI b+ha wa a b+hi Shiny+tsa hU~M zhes gsung zhing bum pa'i chus spyi bo nas dbang bskur dri ma dag__/chu'i lhag ma yar lud pa las bla ma he ru ka dang gur gyi mgon po la mi bskyod pa gzhan rnams la mi bskyod pa'i ngo bo rdo rje sngon po rtse lnga pa re res dbur brgyan/__/gnyis pa rdzas kyi rdo rjes dam la bzhag pa'i gnad ni/__bla ma'i phyag tu dam tshig gi rdo rje rtse lnga pa thogs nas lha rnams kyi spyi bor bzhag pas/__de 'dra ba re chad pa spyi bo nas thim pas snying gar gnas par bsam la/__rdo rje 'di ni rdo rje che/__/sangs rgyas kun gyis byin gyis brlabs/__gal te dam las 'das gyur na/__/'jig 'gyur 'di la the tshom med/__/ma hA sa ma ya ha na hU~M phaT/__ces dam la bzhag__/de nas gtor ma dngos sam/__yid kyis bsam la/__snod ka pA la stong gsum gyi khyon dang mnyam par bcud dgra bgegs kyi sha khrag las grub pa'i zag med ye shes kyi bdud rtsis gang bar gyur/__oM AHhU~M hoHdang /__oM AHhU~M ha ho hrIHlan gsum gyis byin gyis brlabs/__oM gu ru he ru ka shrI ma hA kA la ya/__ma hA kA lI de wI ye/__e ka dza TI de wI ye/__ma hA kA la rU pa/__badz+ra kA la yak+Sha/__kA lI yak+Sha sI/__yak+Sha pu tra ru tra b+ha tra ru lu rak+kha sI sa pa ri wA ra na maHsarba ta thA ga te b+h+yoHsogs lan gsum gyis phul/__mtshan sngags de nyid kyi mthar/__ar+g+haM nas/__shab+da'i bar gyis mchod/__oM AHhU~M gis nang mchod phul/__spro na bstod pa bya gsungs/__bla ma he ru ka'i thugs kar nyi ma'i steng du hU~M yig gi mthar/__de wa pi tsus bskor ba/__de'i mthar chos skyong 'khor bcas kyi sngags rnams kyis rim bzhin g.yas su bskor ba/__lha dgu'i thugs kar nyi ma'i steng du hU~M b+h+yoHhU~M ya~M m+ma~M tri tri b+h+yoHrnams kyi sa bon dang bcas/__bla ma'i thugs ka'i sa bon sngags phreng dang bcas pa las 'od zer dpag tu med pa 'phros pas lus thams cad gang /__nad gdon sdig sgrib thams cad sbyangs/__bde chen gyi ye shes khyad par can rgyud la skyes shing chos skyong rnams cung zad skrag pa'i rnam pas bka' las 'da' mi nus shing 'dar phri li li yod par bsam la/__oM de wa pi tsu badz+ra hU~M hU~M hU~M phaT swA hA/__zhes brgya rtsa'am/__nyer gcig tsam bzla/__/gsum pa gnyen po sngags kyi gnad ni/__de nas 'od zer chos skyong so so'i thugs ka'i sa bon la phog pas rab tu mnyes shing 'dzum pa'i mdangs dang bcas pas bdag gi dbang du 'dus bar bsam la/__thog mar mgon po la dmigs pa gtad de/__oM ma hA kA la hU~M phaT/__ces brgya rtsa la sogs pa bzlas/__lha mor dmigs te/__oM ro ru ro ru bi tiSh+Sha ba d+hod+si kA ma la rak+khaM sI hU~M b+h+yoHhU~M/__ces mgon po'i phyed dang /__zangs gri can la/__oM ma hA kA la rU pa sa ma ya hU~M phaT/__lha mo dang grangs mnyam/__/las mgon mo gnyis la/__oM ro ru ro ru tri tsa pa la a shug me ma hU~M ma b+h+yoHdza dzaHlha mo'i phyed dang /__pho gsum la dmigs te/__a li a li ma dza dza/__sham sham/__li shi ded/__a shwa ded/__mo smug pu tri a li ma dza/__nag mo sha la ru pa dza dzaHmo'i phyed bzlas so/__/'dir thun mong ma yin pa'i bsnyen pa/__mi 'khu ba'i bzlas pa/__srog 'phrog pa'i bzlas pa/__srog gi yang thig blang ba sogs ji ltar rigs par bya'o/__/gnyis pa sgrub pa ni/__rlung ro lan gsum bus la/__lte ba'i yum chen las 'od zer tsha zhing drag pa drod kyi rang bzhin 'phros snying khar song /__g.yas ro ma'i pho rgyud la phog pas rang dbang med par bskul/__sna bug g.yas nas rlung phyir 'gro ba dang lhan cig dregs pa pho rgyud nam mkha'i khams gang ba 'phros/__bstan pa dang rnal 'byor pa la sdang ba'i dgra bgegs thams cad tshar bcad/__sems can thams cad pho rgyud du byas/__rang bzhin gyi gnas nas dregs pa pho rgyud rnams dang ro gcig tu 'dres pa tshur 'dus/__rlung nang du 'jug pa dang mnyam du sna bug g.yas nas zhugs/__rlung gnas pa dang lhan cig pho rgyud rnams dang ro gcig tu 'dres pas dbang du 'dus par bsams la/__rlung 'byung 'jug gnas gsum bsdoms pa la phreng ba re re bskyur ba'i grangs nyer gcig sogs ji ltar rigs pa bzung ba ni dbang du bsdu ba'o/__/yang dregs pa pho rgyud las 'od zer phyir 'phros pas sangs rgyas byang chub sems dpa' thams cad spyan drangs rlung nang du 'jug pa dang lhan cig sna bug g.yas nas zhugs/__rlung gnas pa dang mnyam du nang gi pho rgyud rnams la thim pas de dag gis byin gyis brlabs par bsams la/__sngar bzhin dbang du bsdu ba dang grangs mnyam bya ba ni byin gyis brlabs pa'o/__/de bzhin du ste ba'i yum chen las 'od zer tsha zhing drag pa drod kyi rang bzhin 'phros/__snying gar song g.yon rkyang ma'i mo rgyud la phog pas/__rang dbang med par bskul te sna bug g.yon nas rlung phyir 'gro ba dang lhan cig dregs pa mo rgyud nam mkha'i khams gang bar 'phros/__bstan pa dang rnal 'byor pa la sdang ba'i dgra bgegs tshar bcad/__sems can thams cad mo rgyud du byas/__rang bzhin gyi gnas nas dregs pa mo rgyud rnams dang ro gcig tu 'dres pa tshur 'dus/__rlung nang du 'jug pa dang mnyam du sna bug g.yon nas zhugs/__rlung gnas pa dang lhan cig mo rgyud rnams dang ro gcig tu 'dres bas dbang du 'dus par bsams la/__rlung sbyor gyi grangs gong ltar 'gre'o/__/yang dregs pa mo rgyud las 'od zer 'phros pas sangs rgyas byang chub sems dpa' thams cad spyan drangs/__rlung nang du 'jug pa dang lhan cig sna bug g.yon nas zhugs/__rlung gnas pa dang mnyam du nang gi mo rgyud rnams la thim pas de dag byin gyis brlab par bsams la grangs mnyam bya'o/__/yang /__lte ba'i yum chen las 'od zer tsha zhing drag pa drod kyi rang bzhin 'phros/__snying gar song dbu ma'i gnyis med kyi rgyud la phog pas rang dbang med par bskul te dbu ma'i yar sne spyan dbus ma nas thon/__rlung phyir 'gro ba dang lhan cig dregs pa gnyis med kyi rgyud nam mkha'i khams gang bar 'phros/__bstan pa dang rnal 'byor pa la sdang ba'i dgra bgegs tshar bcad/__sems can thams cad gnyis med kyi rgyud du byas/__rang bzhin gyi gnas nas dregs pa gnyis med kyi rgyud rnams dang ro gcig tu 'dres pa tshur 'dus/__rlung nang du 'jug pa dang mnyam du dbu ma nas zhugs/__rlung gnas pa dang mnyam du gnyis med rgyud rnams dang ro gcig tu 'dres pas dbang du 'dus par bsams la grangs gong ltar dang /__yang /__dregs pa gnyis med kyi rgyud rnams las 'od zer 'phros pas/__sangs rgyas dang byang chub sems dpa' thams cad spyan drangs/__rlung nang du 'jug pa lhan cig spyan dbus ma nas zhugs/__rlung gnas pa dang mnyam du nang gi gnyis med kyi rgyud rnams la thim pas de dag byin gyis brlabs par bsam la grangs gong ltar bya'o/__/gsum pa las sbyor ni/__rgyun gyi dmigs par/__lte ba'i yum chen dang bla ma he ru ka'i thugs ka nas 'od zer dmar nag tsha zhing rtsub la bzod par dka' ba 'phros/__mgon po 'khor dang bcas pa la phog pas 'dar zhing skrag pa dang /__dgra bgegs la khro 'khrugs rngam pa'i nyams kyis rang 'dra'i sprul pa drag gtum mtshon cha thogs pa stong gsum gang ba 'phros/__sangs rgyas kyi bstan pa bshig pa/__bla ma'i sku la bdo ba/__bdag gi chos sgrub pa la bar du gcod pa la sogs pa'i dgra bgegs gdug pa can thams cad tshar bcad/__sha khrag rus pa klad pa la sogs pa dmar chil chil zhal du gsol bas rjes med du btang /__de dag gi rnam shes rang gi sems nyid dang ro gcig tu bsres la 'dzin med du bzhag__/slar yang srung ma tshur 'dus rang la thim par bsam/__de lta bu'i spro bsdu yang yang bya zhing sngar bzlog pa'i skabs su bstan pa'i shA sa na spel tshig can bzla ba mgon po'i rbad bsad dang /__oM hU~M shrI ya de wI kA li kA li ma hA kA li hU~M b+h+yoHhU~M ma ma sha trU~M a mu ka mA ra ya hU~M phaT/__ha na ha na/__da ha da ha/__pa tsa pa tsa hU~M hU~M phaT phaT/__ces kyang 'byung /__zhes lha mo'i rbad bsad dang /__oM ma hA kA la/__kA la rU pa/__sa ma ya/__sa sa na dgra bo thams cad tsa tur tsa pur snying la khril sa ma ya/__ma hA kA la dgra bo'i srog rtsa la 'ur 'ur/__kA la kA la dgra bo ma ra ya rbad rbad/__kha kha khA hi khA hi sa ma ya hU~M hU~M phaT phaT/__ces zangs gri can gyi rbad bsad dang /__trag rak+sha kha mun+t+ra ru lu ru lu/__trag rak+sha snying khrag snying b+h+yoHpu ta pu ta b+h+yoHsha sha trag sha sha trag__/trag+mo tra pa/__snying khrag trag+mo tra pa/__gnod byed mA ra ya/__oM ma hA rak+sha tsit+ta srog tum tum/__kA ma la rak+sha tsit+ta srog trum trum/__gu h+ya rak+sha tsit+ta srog trum trum/__hrI ba~M rak+sha tsit+ta srog trum trum/__ma ma tsa pur tsit+ta sog trum trum/__pu ru tsa lhuM tsit+ta srog trum trum/__zhes las mkhan mo'i rbad bsad dang /__d+hr-ig d+hr-ig ya du pa sha ni sod/__dum shig a gad dzaHmon bu a gad dzaHya nr-i ya nr-i mon bu dzaHmon bu khrag la 'jibs dzaHnr-i na rbad/__du na rbad/__shi na rbad/__shag shig rbad/__tri na rbad/__du na rbad/__mon bu pu tra shaM rbad/__yaM rmugs/__/ling 'dus/__khaM shod pa ya mo dzaHdgra bo'i rus la khrol khrol rbad/__gser gyi spu gri gnod byed kyi snying la yaM rbad/__ces pas mgon po'i rbad bsad bcas man ngag nas 'byung ba ltar ram/__mi nus na bsnyen sngags rnams kyi mjug tu/__dgra bgegs mA ra ya phaT/__ces btags pa cung zad re bzla bar bya'o/__/gzhan yang gdon grib zhi ba/__tshe sgrub pa/__khams gsum dbang du bya ba/__dpal 'byor longs spyod snyan grags sogs rgyas pa/__phrin las sna tshogs spel ba/__rnal 'byor sgos dgra bsgral ba bcas thun mong ma yin pa'i las sbyor spu gri so 'debs kyi skor ni skal ba dang ldan pa'i slob mas man ngag ldan pa'i slob dpon gyi zhal nas mnyes pa'i yon dang bcas pas blang bar bya'o/__/yang 'gal rkyen gegs sogs zhi zhing mthun rkyen tshe bsod spel ba'i zhal shes ni/__snying ga'i bla ma he ru ka dza lan+d+ha ra'i 'khor lo'i dbus su byon pas rdo rje sems dpa' yab yum du lam gyis gyur/__lte ba sprul pa'i 'khor lor mgon po lha dgu po gsal/__yum chen gyi bum pa'i nang du b+h+yoHyig shel gyI mdog can de las 'od zer 'phros/__snod bcud kyi tshe dang bsod nams legs pa'i tshogs thams cad bsdus/__de las 'chi med bdud rtsi'i rang bzhin gyi chu rgyun dkar la dmar ba'i mdangs chags pa dpag tu med pa dkar chi li li rtsa gsum 'khor lo'i nang mas rim gyis gang /__bla ma dam pa bdag dang yid bcugs kyis 'chi med tshe yi dngos grub thob/__bla ma'i thugs ka'i hU~M yig dkar po las kyang zag med kyi bdud rtsi'i rgyun babs/__'khor lo rnams yas rim gyis gang /__khyad par lha rnams kyi sku yi cha shas thams cad gang bas mi mnyes pa thams cad byang zhing dag__/dgyes pa'i mdangs dang ldan pas dngos grub thams cad da lta nyid du stsol bar bsam la/__rlung kha sbyor bya/__res 'ga' he ru ka'i yig brgya dang /__yum chen gyi sngags/__oM e ka dzA Ti de wI in+d+ra sI hU~M b+h+yo hU~M/__ma ma A yu puSh+TiM ku ru oM/__btags pa spel zhing bzla'o/__/mthar bla ma sngar gyi rang gnas su byon par bsam/__bzhi pa las mkhan mya ngan las 'da' ba'i gnad ni/__bla ma'i thugs ka'i 'od zer gyis bskul bas pu tra ming sring gsum nam mkha'i khams gang bar spros/__dgra bgegs thams cad tshar bcad/__sems can thams cad de gsum du gyur/__tshur 'dus nang gi pu tra ming sring gsum la thim pa'i rkyen gyis de gsum gnod sbyin yab yum la thim par bsam/__gnod sbyin yab yum nam mkha' gang bar spros/__dgra bgegs thams cad tshar bcad/__sems can thams cad de gnyis su gyur/__tshur 'dus nang gi gnod sbyin yab yum la thim pa'i rkyen gyis de gnyis mgon po lcam dral dang zangs gri can la thim/__mgon po lcam dral dang zangs gri can nam mkha' gang ba spros/__dgra bgegs thams cad tshar bcad/__sems can thams cad de gsum du gyur/__tshur 'dus nang gi mgon po lcam dral dang zangs gri can la thim pa'i rkyen gyis de gsum bla ma he ru ka la thim/__bla ma he ru ka nam mkha' gang ba spros/__sems can thams cad kyi sgrib gsum bag chags dang bcas pa sbyangs/__de thams cad zung 'jug rdo rje 'chang gi go 'phang la bkod/__'khor 'das snod bcud brtan g.yo thams cad bla ma he ru ka'i skur gyur/__tshur 'dus nang gi bla ma he ru ka la thim pas de nyid dregs pa rgyud gsum gcig tu 'dus pa'i bdag nyid bde ba chen po'i rang bzhin 'od du zhu la khad par bsams la/__rlung ro lan gsum bsal/__'og rlung 'then tsam byas steng rlung mnan pas/__'od du ltem gyi zhu nas snying ga chos kyi 'khor lo'i dbus su thig le sngo ba 'tsher ba 'dril ba sran chung tsam zhig tu gyur par bsams la/__de la sems zhugs pa bzhin gtad la rlung kha sbyor bdun nam nyer gcig sogs bzung /__mthar/__bla ma dang chos skyong kun 'dus kyi ngo bo thig le hU~M yig sngon po gcig tu gyur par bsam/__/lnga ba gsang rten sba ba'i gnad ni/__hU~M de las chos skyong gi ngo bo hU~M yig nas 'bras tsam zhig chad/__dbu zhabs bzlog ste 'od zer dmar po ba thag lta bu'i sna la nar gyis byung /__lte ba'i yum chen gyi spyi bo nas thogs med du zhugs/__gsang gnas pad+ma dmar po 'dab brgyad kha bye ba'i ze'u 'bru'i dbus su phyed tsam thon nas gnas pa la phyi rol gyi dregs pa rgyud gsum thams cad thim par bsam la/__sems 'dzin med du ci gnas su 'jog__/de lta bu nyin mtshan dus drug tu dran pa tsam byas na chos skyong 'bral med du mi 'khor re zhes sa skya pa chen pos dbu bsnyung lan gsum bzhes zhes grags so/__/de ltar 'di nyid rgyun gyi rnal 'byor gyi dbang du byas nas mdor bsdus tsam bstan pa yin gyi/__zhib par gzhi skye med dngos po'i gnas tshul la mkhas pa/__lam khrid bskyed rdzogs nyams len gyi gnad la mkhas pa/__mthar thug bstan pa srung ba'i mtshon char bsten pa dang /__mngon spyod mchog gi dngos grub tu bsgyur ba la mkhas pa/__tshul bzhin nyams su blangs pas gnas skabs su las bzhi'i phrin las 'grub cing /__'od gsal gyi rtags bcu la sogs pa'i nyams myong khyad par can rgyud la skye zhing /__mthar thug rdo rje 'dzin pa'i go 'phang myur du thob pa ni nges pa'o/__!/__gsang sgrub rkyang pa nyams su len na sngon 'gro rnams yongs su rdzogs pa song nas/__stong pa'i ngang las pa~M las pad+ma dang ra~M las nyi ma'i dkyil 'khor gyi steng du hU~M yig mthing nag sogs nas rang nyid mgon po gtso rkyang pho nya lnga dang bcas par bskyed la/__gnas gsum byin gyis brlab/__ye shes pa bcug pa'i rkyen gyis rtsa gsum 'khor lo lnga gsal 'debs pa nas 'di yan bsgoms la dge ba sngo'o/__/gsum pa rjes kyi rim pa la nyer bsdu dang /__gtor ma 'bul ba gnyis las/__dang po bskyed rim nyer bsdu ni/__rang gi thugs ka'i hU~M las 'od zer 'phros pas khams gsum snod bcud thams cad 'od du zhu nas srung ba'i 'khor lo la thim/__srung ba'i 'khor lo dur khrod dang bcas pa khro bo bcu la thim/__khro bo bcu gdan dang bcas pa rang la thim par bsams la rang nag po chen po'i nga rgyal gyis hU~M zhes brjod pas/__phyi rol du thun mong ba'i srung 'khor sngar bzhin gsal btab la/__rang dus rtag tu de'i nang du tshud bar mos la spyod lam gyi rnal 'byor bya'o/__/'dir srung 'khor gyi cha lag nang drag po sngags rgod kyi man ngag bsgom pa ni/__rang nyid mgon por gsal ba'i lte ba nas spyi bo'i bar du rtsa dbu ma dmar zhing gsal la yangs pa/__de'i lte bar rtsa mdud de dregs pa mo rgyud kyi ngo bo chos 'byung gru gsum mthing nag gdeng kha gyen du phye ba'i nang du 'dod chags khrag gi rgya mtshos gang ba/__snying gar dregs pa pho rgyud kyi ngo bo brag rdzong gru gsum dmar nag zhe sdang gi me 'bar ba/__chos 'byung las 'od zer dmar po 'phros/__phyogs bcu'i dregs pa mo rgyud thams cad la phogade thams cad 'od zer dmar po'i rnam par bsdus nas chos 'byung la thim/__yang brag rdzong las 'od zer mthing nag 'phros/__phyogs bca'i dregs pa pho rgyud thams cad la phog de thams cad 'od mthing ga'i rnam par bsdus nas brag rdzong la thim/__brag rdzong de nyid rtsa dbu ma'i nang nas mar bde hril gyis chos 'byung gi nang du khrag gi dbus su slebs/__de ltar thabs shes 'dus pa'i rkyen gyis de'i steng du dregs pa gnyis med kyi rgyud kyi ngo bo sna tshogs rdo rje'i lte bar hU~M mthing nag gis mtshan pa/__de las 'od zer dmar nag 'phros/__phyogs bcu'i dregs pa gnyis med kyi rgyud thams cad la phog__/de thams cad 'od zer dmar nag gi rnam par bsdus nas rdo rje hU~M dang bcas pa la thim par bsams la rlung ro bsal te/__hU~M yig las me stag phrom phrom 'phro bar bsams la rlung bum pa can bzung bas/__hU~M las me 'ur gyis 'bar nas sna tshogs rdo rje'i nang thams cad gang /__de nas brag rdzong gi nang thams cad gang /__de nas chos 'byung gi nang thams cad gang /__de nas rang gi lus kyi nang thams cad gang /__de nas phyi srung ba'i 'khor lo'i mthar srid pa gsum dang bcas pa thams cad me dpung dmar nag tsha zhing rtsub pa 'ur sgra dang bcas 'bar ba la sems gtad/__mtshan ma dang rnam rtog__/nad gdon sdig sgrib dgra bgegs dang bcas pa gzhob thul gyis bsregs nas chos nyid kyi ngang du thim par bsam/__me rim gyis 'bar ba dang /__rlung khug re sbrag pa'am bsdu na rlung khug gcig sogs la bsgom la sems 'dzin med du bzhag__/yang me dpung gi sgra las grags stong skye ba med pa hU~M gi sgrar grags par bsam la/__hU~M zhes dbugs theng re la brgya rtsa sogs ci 'grub drag tu bzla'o/__/mthar srid gsum thams cad me 'od kyi rnam par bsdus nas rang la/__de chos 'byung la/__de brag rdzong la/__de sna tshogs rdo rje la/__de hU~M la/__de'ang nA da'i bar bsdus/__de 'ja' yal ba ltar bsam la mi dmigs pa'i ngang la bzhag__/phyi yi srung 'khor srung bzlog grub nas 'di nyid nyams su blangs kyang rung ngo /__/gur mgon dkar po'i tshe sgrub kyi man ngag bsgom par spro na/__rang nyid nag po chen por gsal ba'i spyi bo dung khang gi nang du 'od sngon po nam mkha' ltar dwangs shing gsal ba'i dbus su dpal rdo rje nag po chen po gur gyi mgon po mtheb sor gyi tshad tsam pa sku mdog gangs ri'i phung po la nyi ma shar ba lta bu dgyes shing 'dzum pa'i nyams can gri gug dang thod pa la sogs ba'i phyag mtshan rgyan cha lugs yongs su rdzogs pa/__de'i thugs kar nyi ma'i dkyil 'khor gyi steng du hU~M yig dkar po/__de las 'od zer phyogs bcur 'phros pas bla ma yi dam sangs rgyas byang sems dpa' bo mkha' 'gro grub pa rig 'dzin chos skyong srung ma'i tshogs dang bcas pa'i nus stobs/__phyi rol 'byung ba bzhi'i tshogs/__mdor na snod bcud kyis bsdus pa'i tshe dang bsod nams ye shes thams cad dang /__rang gi bla tshe yar ba 'thor ba nyams chag tu gyur pa thams cad 'od zer dkar po'i rnam par bsdus nas hU~M yig de nyid la thim/__de las 'chi med bdud rtsi'i chu rgyun dkar la dmar pa'i mdangs chags pa dpag tu med pa chi li li byung nas mgon po'i sku'i nang thams cad mer gyis khengs/__de'i sku lus las 'chi med tshe'i bdud rtsi bsam gyis mi khyab pa babs pas/__rang gi rtsa gsum 'khor lo lnga/__de las gyes pa'i rtsa stong phrag bdun cu rtsa gnyis/__ba spu bye ba phrag phyed dang bzhi'i grangs dang mnyam pa'i rtsa phran dang bcas lus kyi cha shas thams cad chabs cig khengs pas skad cig de nyid la nad gdon sdig sgrib khyad par dus ma yin par 'chi ba'i 'jigs pa thams cad byang zhing dag nas 'chi med tshe'i dngos grub thob par bsam la/__oM shrI ma hA kA la ya ma ma A yu puSh+TiM ku ru swA hA/__yang bla ma phyi ma rnams kyi yig char/__puSh+TiM ku ru ye hU~M hU~M phaT swA hA/__zhes kyang snang /__zhes pa'i sngags brgya stong sogs ci 'grub bzlas pa'i mthar/__gur gyi mgon po nyid kyang 'chi med tshe'i bdud rtsi'i chu rgyun du zhu bas rang gi lus mer gyis gang /__tshe srog nyams pa sor chud/__ba spu'i bu ga thams cad bdud rtsi'i zil pa phrom mer gyur/__'chi med tshe'i dngos grub thob par bsam zhing rlung bum pa can dang rdor bzlas sogs la 'bad mthar/__lo brgya thub cing ston brgya mthong ba dang /__sogs smon lam rnam par dag pas rgyas gdab bo/__/gnyis pa gtor ma 'bul ba ni/__gtor chog phrin las myur mgyogs sogs gang yang rung bas phul/__mthar rten bzhugs sam/__thod pa kha sbyor gyi zhal shes gsang rten lus sba sogs kyi man ngag rnams byas la/__rang gi dpral bar oM dkar po/__mgrin par AHdmar po/__thugs kar hU~M sngon po rnams bsam la gnas gsum bsrungs nas/__dge ba 'di yis myur du bdag__/nag po chen po 'grub gyur nas/__sogs dang /__bgegs dang log par 'dren pa dang /__sogs nas/__tshar gcod shog__/ces bsngo smon bya'o/__/bris pa'i 'khor lo jag pa bkye ba nyal ba'i rnal 'byor gyi tshul du nyams su len pa ni/__man ngag ltar bris te bsgrub pa'i 'khor lo khrid kyi dus su gnang ba de nub mo dpung pa g.yon pa'i steng du bzhag la/__g.yas pa'i thal mos bkab ste/__srung ba'i 'khor lo las 'od zer bsam gyis mi khyab pa 'phros/__sangs rgyas thams cad kyi thugs rgyud bskul bas de dag gi thugs rje byin rlabs rnams khro bo bcu gcig srung ba'i 'khor lo dang bcas pa'i rnam par spyan drangs/__bris pa'i 'khor lo la gnyis su med par thim pas nus mthu dang 'od zer dpag tu med par gyur te bdag nyid bsrung bar gyur/__slar yang 'khor lo las gnam lcags kyi 'khor lo rtsibs brgyad bcu gnyis sogs nas stong dang ldan pa'i bar bsam gyis mi khyab pa 'phros/__gnod byed dgra bgegs kyi steng du babs te/__g.yas g.yon du drag tu 'khor bas dum bur gtub cing rjes med du byas/__mthar tshur 'dus bris pa'i 'khor lo la thim pas sngar bas kyang brtan cing nus ldan du gyur par bsam la/__ma hA kA la dang /__shA sa na ci mang bzlas pa'i mthar/__ye d+harmA lan gsum brjod/__'di yang ma chags par byas na rang nyid sngags kyi nus pas bar chad thams cad bsrung ba gdon mi za bar gsung zhing nyams su myong ba dang bcas ba'o/__/rmi ltas ngan pa bzlog pa'i zab tig ni gzhung du shes so/__/sang tho rangs lha'i nga rgyal gyis ldang ma thag hU~M zhes brjod cing thun mong ba'i srung ba'i 'khor lo gsal 'debs/__'go ba'i nad nyam nga ba'i rigs yod tshe e ka dzA Ti'i rims srung man ngag nyams su blang nas rnal 'byor pa grong gzhan du 'jug go/__gzhan yang kha zas sogs bza' ba'i tshe tshogs 'khor du shes pas/__snying ga'i hU~M bla ma yi dam gyi ngo bo mchod par bsam pa sogs spyi ltar dang /__dgos ched che na 'khon nag zas su za ba'i dmigs pa ni man ngag las shes par bya'o/__/de dag gis nyin zhag phrug gcig gi thugs dam gyi rim pa rdzogs shing /__de las 'bring bsdus kyi rnam gzhag cung zad brjod na/__sngon 'gro rnams dang /__dngos gzhi srung 'khor zab pa'i gnad lnga dang /__mde kha bzhi'i thog ma re re 'khor lo ser chung spyi'i bzlog pa sngags bcas/__de nas dmod pa 'dor 'khor lo brtan pa'i sngags brjod nas gsang sgrub yongs rdzogs rjes rim sogs bya ba 'bring po ste phal cher de ltar byed na yang /__zab pa'i gnad lnga nas bzlog pa la 'jug__/spyi'i bzlog pa'i dmigs pa byad ma bzlog sngags dang dmod pa 'dor ba/__brtan sngags brjod nas gsang sgrub kyi bsnyen pa bya/__de nas las mkhan myang 'das dang /__gsang rten lus sba/__bsdu rim bcas byed pa shin tu bsdus pa'o/__/mdor na rang gi bla ma las ji ltar thob pa nyams len du bya yi/__ma thob pa rnams la rang dgar 'jug na shin tu nyes pa che bas bag yod par bya'o/__/'di lta bu'i nyams su len tshul 'di ni dpal sa skya pa chen po'i yab chos thun mong ma yin pa bdag chen blo gros rgyal mtshan yan chod du gdung brgyud kho na la chig brgyud du bzhugs pa de nas rdo ring kun spangs chen po nas brgyud de/__tshar chen rdo rje 'chang chen po'i gsung gi bdud rtsi'i snying khu/__chos skyong la mkhas par rlom pa phal ches thos par mi 'gyur ba nyid do/__/de'ang rje tshar chen gyis/__rgyus med mun khungs 'khyams pa'i blun po dang /__/shes 'dod dpe tshogs bsdu ba'i mkhas rlom gyis/__/tshul 'dir bsregs dang bcad pa'i gnas min pas/__log rtog spros pa chod la gnyid byos shig__/ces gsungs so/__/gang zhig dad pas nyams su blangs rnams la/__/'di phyi bar dor bla ma mgon pos skyongs/__/byang chub sgrub pa'i bar chad kun zhi zhing /__/bdud sde'i g.yul las rnam par rgyal bar shog__/ces ba 'di'ang tshar chen rdo rje 'chang yab sras kyi gsungs dang dgongs don phyin ci ma log pa brgyud ldan mkhas pa'i gsung las ji ltar thos pa bzhin legs par bsdebs pa 'di ni chos med kyi dred po Anan+da shA sa na d+hA dzas rang dang skal mnyam 'ga' la phan pa'i lhag bsam gyis bgyis pa chos brgyud mi gcig pa dang /__khrid ma rdzogs shing nyams su mi len pa dag gi spyod yul du mi 'chal zhing /__skal ldan rnams kyi mig dang snying la ngoms pa med pa'i bdud rtsir gyur nas rang sems bla ma nag po chen po'i rang zhal mngon sum mjal te phyi rol gyi dregs pa rgyud gsum dbang du 'du zhing las bzhi'i phrin las la mnga' dbang 'byor pa'i rgyur gyur cig__/mgon po phyi nang gsang ba'i sgrub thabs 'di nyid ngag dbang bzang po'i slob ma zhig gis mdzad pa tshig bcad phal cher sde dge yab chen gyi gsung bkod 'dug kyang /__tshig phrad dang mtshams sbyor mi bde ba kha shas yod na'ang /__snyan brgyud kyi don gnad tshang zhing /__nyams len mkhan la khyer bde bar mthong nas 'ja?~Xm dbyanga?~Xs cho?~Xs kyi?~X blo?~X grosa?~X pas zhu chen ma hA paN+Di ta dang /__'jam mgon ngag dbang legs grub kyi gsung rnams la zhu gtugs dang /__tshig bcad rnams la brjod bde'i 'byin 'jug cung zad bgyis pa 'dis kyang rje btsun sa skya pa'i bstan pa rin po che spyi dang /__bye brag tshar chen chos kyi rgyal po'i snyan brgyud kyi bstan pa rin po che phyogs mthar rgyas pa'i rgyur gyur cig__/sarba dza ga taM//___//

Footnotes

Other Information