JKW-KABAB-20-WA-017: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(5 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse | |fulltitletib=སྙན་བརྒྱུད་ཕུར་པའི་གནད་ཏིག་གི་གཏོར་བཟློག་ཕྲིན་ལས་རྡོ་རྗེའི་ཐོག་འབེབས་དགྲ་བགེགས་ཀུན་འཇོམས། | ||
|fulltitle=snyan brgyud phur pa'i gnad tig gi gtor bzlog phrin las rdo rje'i thog 'bebs dgra bgegs kun 'joms | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''snyan brgyud phur pa'i gnad tig gi gtor bzlog phrin las rdo rje'i thog 'bebs dgra bgegs kun 'joms''. In ''Rdzong sar 'jam dbyangs mkhyen brtse'i dbang po'i bka' babs'', Vol. 20: 213-247. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013. | |||
|collectiontitletib=མཁྱེན་བརྩེའི་བཀའ་བབས་ | |||
|collectiontitle=mkhyen brtse'i bka' babs | |collectiontitle=mkhyen brtse'i bka' babs | ||
| | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |||
|sourcerevealer='jam dbyangs mkhyen brtse'i dbang po | |sourcerevealer='jam dbyangs mkhyen brtse'i dbang po | ||
|editor= | |sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
|editor= | |||
|editortib= | |||
|associatedpeople=Prabhahasti | |associatedpeople=Prabhahasti | ||
|associatedpeopletib=པྲ་བྷ་ཧསྟི་ | |associatedpeopletib=པྲ་བྷ་ཧསྟི་ | ||
|tibgenre= | |tibgenre=Averting or Dispelling Rites- zlog pa, Torma-offering Rituals - gtor chog | ||
|terma=Yes | |terma=Yes | ||
|transmissiontype=snyan brgyud - Aural Transmission | |transmissiontype=snyan brgyud - Aural Transmission | ||
Line 19: | Line 22: | ||
|cycletib=ཕྲིན་ལས་ཕུར་པའི་གནད་ཏིག་ | |cycletib=ཕྲིན་ལས་ཕུར་པའི་གནད་ཏིག་ | ||
|language=Tibetan | |language=Tibetan | ||
|volumenumber=020 | |volumenumber=020 | ||
|volnumtib=༢༠ | |volnumtib=༢༠ | ||
Line 25: | Line 27: | ||
|totalvolumes=22 | |totalvolumes=22 | ||
|textnuminvol=017 | |textnuminvol=017 | ||
|pagenumbers=213-247 | |||
|totalpages=35 | |||
|beginfolioline=1a | |||
|endfolioline=18a2 | |||
|totalfolios=18 | |||
|multivolumework=No | |multivolumework=No | ||
|versonotes=mkhyen brtse'i bka' babs | |versonotes=mkhyen brtse'i bka' babs | ||
|colophontib=།ཅེས་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་གཏོར་བཟློག་རྡོ་རྗེའི་ཐོག་འབེབས་དགྲ་བགེགས་ཀུན་འཇོམས་ཞེས་བྱ་བ་འདི་ནི་ཉག་ཨ་ཛི་རོང་གི་དྲི་ཧྲེད་དབོན་པོ་པདྨ་རིག་འཛིན་ནས་སྔ་རྗེས་ནན་ཏན་ཆེན་པོས་བསྐུལ་བ་དང༌། རང་གིས་བསྒྲིགས་པའི་ལས་བྱང་དང་འབྲེལ་བར་ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་གྱི་ཞལ་སྔ་ནས་ཀྱང་བྲིས་ན་ལེགས་ཚུལ་བཀའ་ཕེབས་བཞིན་རྗེ་ཉིད་ནས་ཡི་གེའི་ལྷན་ཅིག་བྱེད་རྐྱེན་སོགས་བཀའ་དྲིན་གྱིས་ཉེ་བར་ཁྱབ་པ་དང་བཅས། འཇམ་དབྱངས་བློ་གྲོས་རྒྱ་མཚོའམ་ཕྲིན་ལས་གྲུབ་པ་རྩལ་གྱིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་ས་བྱི་ཧོར་ཟླ་དྲུག་པའི་ཚེས་ལ་ཁྲིགས་སུ་བསྡེབས་པ་འདིས་ཀྱང་རྒྱལ་བསྟན་རིན་པོ་ཆེ་དེར་འཛིན་སྡེ་དང་བཅས་པ་དར་ཞིང་རྒྱས་ལ། ནག་ཕྱོགས་ཀྱི་བདུད་དཔུང་རྩད་ནས་འཇོམས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། | |||
|colophonwylie=ces snyan brgyud phur pa'i gnad tig gi gtor bzlog rdo rje'i thog 'bebs dgra bgegs kun 'joms zhes bya ba 'di ni nyag a dzi rong gi dri hred dbon po pad+ma rig 'dzin nas snga rjes nan tan chen pos bskul ba dang/__rang gis bsgrigs pa'i las byang dang 'brel bar kun gzigs mchog sprul rin po che bkra shis dpal 'byor gyi zhal snga nas kyang bris na legs tshul bka' phebs bzhin rje nyid nas yi ge'i lhan cig byed rkyen sogs bka' drin gyis nye bar khyab pa dang bcas/__'jam dbyangs blo gros rgya mtsho'am phrin las grub pa rtsal gyis rdzong sar bkra shis lha rtse'i chos grwar sa byi hor zla drug pa'i tshes la khrigs su bsdebs pa 'dis kyang rgyal bstan rin po che der 'dzin sde dang bcas pa dar zhing rgyas la/__nag phyogs kyi bdud dpung rtsad nas 'joms pa'i rgyur gyur cig__/sarba dA mang+ga laM// | |||
|rtzlink=Terdzo-KHI-022-1 | |||
|recensionlink=JKCL-KABUM-05-CA-028 | |||
|pdflink=File:JKW-KABAB-20-WA-017.pdf | |pdflink=File:JKW-KABAB-20-WA-017.pdf | ||
}} | }} | ||
Line 32: | Line 43: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། སྙན་བརྒྱུད་ཕུར་པའི་གནད་ཏིག་གི་གཏོར་བཟློག་ཕྲིན་ལས་རྡོ་རྗེའི་ཐོག་འབེབས་དགྲ་བགེགས་ཀུན་འཇོམས་བཞུགས་སོ།། | {{TibP|༄༅། སྙན་བརྒྱུད་ཕུར་པའི་གནད་ཏིག་གི་གཏོར་བཟློག་ཕྲིན་ལས་རྡོ་རྗེའི་ཐོག་འབེབས་དགྲ་བགེགས་ཀུན་འཇོམས་བཞུགས་སོ།། །། | ||
༄༅༅། །ན་མ་ཤྲཱི་བཛྲ་ཀུ་མཱ་རཱ་ཡ། །མ་རུངས་བདུད་དགྲའི་ཚོགས་རྣམས་འདུལ་བ་ལ། །མཐུ་སྟོབས་བསྐལ་པའི་མེ་ལྟར་རབ་འབར་ཞིང༌། །དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །བླ་མ་དཔལ་ཆེན་རྡོ་རྗེ་གཞོན་ནུས་སྐྱོངས། །སྙིགས་དུས་མ་རུངས་དམ་སྲིའི་ཚོགས་རྣམས་ཀུན། །རྩྭ་སྦུར་མེ་བཞིན་འཇོམ་པར་བྱེད་པ་ལ། །ཁྲོ་རྒྱལ་རིག་སྔགས་ཕྲིན་ལས་སྟོབས་འདུས་ལས། །ལྷ་མཆོག་གཞན་གྱིས་འདུལ་བར་ག་ལ་ནུས། །དེ་ཕྱིར་པྲ་བྷ་ཧསྟིའི་ཐུགས་ཀྱི་བཅུད། །གུ་རུ་ཤཱཀྱ་སེང་གེའི་ཞལ་གྱི་ལུང༌། །འོད་གསལ་སྤྲུལ་པའི་རྡོ་རྗེའི་སྙན་བརྒྱུད་ཀྱི། །ཕྲིན་ལས་རྡོ་རྗེ་ཕུར་པའི་གཏོར་བཟློག་འཆད། །འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་ཚུལ་འདིའི་བསྐྱེད་རྫོགས་ཀྱི་གདིང་དང་ལྡན་པའམ། །བསྙེན་སྒྲུབ་ལས་སུ་རུང་བ་སྔོན་དུ་འགྲོ་བས་སྲུང་བཟློག་གི་ལས་ལ་བསྔགས་པའི་གཏོར་བཟློག་གི་རིམ་པ་ལ། ཡོ་བྱད་སྔོན་དུ་བསགས་པ། ཆོ་གའི་རིམ་པ་དངོས། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ། དྲག་པོའི་ལས་དང་མཐུན་པའི་གནས་སམ་སྒྲུབ་པའི་ཁང་པར་ཉི་མ་ལྷོ་བགྲོད་མགོ་ཕུར་འཛོམས་པ་སོགས་མངོན་སྤྱོད་གདབ་ལས་ལ་བསྔགས་པའི་དུས་སུ་གནས་ཁང་རྒྱན་གྱིས་སྤྲས་པར་གཞུང་མཐུན་གྱི་སྐུ་རྟེན་བཀྲམས་པའི་སྤྱན་སྔར་སྟེགས་བུར་སྒྲུབ་ཕུར་དར་མཐིང་ནག་གི་ཅོད་པན་ཅན་དང༌། ཡི་དམ་དང་ཆོས་སྐྱོང་གི་གཏོར་མ། ཚོགས། ཆད་བརྟན། སྨན་རཀ །ཉེར་སྤྱོད། དཀར་བགེགས་སོགས་སྤྱི་ལྟར་དང༌། ཁྱད་པར་གྱི་ལས་དཀྱིལ་སྟེགས་བུ་ལ་རོ་སོལ་གྱིས་བྱུགས་པར་ཨེ་གྲུ་གསུམ་མེ་རི་དང་བཅས་པའི་དབུས་སུ་དྲག་པོའི་འཁོར་ལོ་རྩིབས་བཅུ། །ལྟེ་བར་ཆོས་འབྱུང་དང་བཅས་པ་བྲི། དེ་སྟེང་མཉྫིའི་ཁར་ལྕགས་སྣོད་དུ་འབྲུ་ནག་གི་རྗེན་ཕྱེ་ཁྲག་གིས་སྦྲུས་པའི་དམར་གཏོར་ཐོག་གཟུགས་འཁོར་བཅུའི་བསྐོར། དེ་ཡི་ཕྱི་ལ་མདུན་དུ་ཤྭ་ན་མ་བཞི། གཡས་སུ་བདག་ཉིད་མ་བཞི། གཡོན་དུ་ས་བདག་མ་བཞི་ཡི་བཤོས་བུ་སོ་སོའི་མཐུན་རྫས་ཀྱིས་གཏམས་པ་རྣམས་ཀྱི་རྩེར་སྐུ་གཟུགས་རུ་མཚོན་བ་དན་ནག་པོ་མེ་ལོང་དང་བཅས་པ་བཙུགས། ཁྲག་ཀོང༌། མཚེ་ཡུངས། རྩང་དམར། ཁྲམ་བྱང་དང་རྒྱུ་རློན་སོགས་དྲག་པོའི་རྒྱན་གྱིས་རྔམས་བརྗིད་ལྡན་པ་བྱ། མཐར་བསྐོར་དུ། གཏོར་ཟོར། ཁྲག་ཀོང༌། རྡོ་ཟོར། མདའ། ཡུངས་དཀར་གྱི་གོང་བུ། དུག་སྣ་བཅས་དང་ཁྲག་གི་ཨརྒྷཾ་སོགས་དྲག་པོའི་ཉེར་སྤྱོད་ཀྱིས་གཡས་སུ་བསྐོར། ཉེ་ལོགས་ཅི་བདེ་བར་ལྕགས་ཧོམ་དུ་བག་ཟན་ལ་ཕུང་ཤུལ་སོགས་ཀྱི་ས་དང་དུར་ཁྲོད་ཀྱི་འཇག་མ་བཏང་བའི་ལིངྒ་ལ་ཚད་ལྡན་བྱེད་ན་དགྲ་སྲོག་སྤུ་གྲིའི་འཁོར་ལོ་ཚོན་སྐུད་སྔོ་དམར་གྱིས་བཅིངས་པ་གཞུགས་ལ་མཐའ་རྩངས་རས་བསྐོར། ཉིན་རེ་བཞིན་བསྒྲལ་རྒྱུའི་ཟན་ལིང༌། བྱ་འུག་གི་སྒྲོ། གུ་གུལ། ཡུངས་དཀར། བྱད་ཐགས། ཁྲག་ཐུན། ཐུན་རྫས་སྣ་ཚོགས། གདབ་ཕུར། རལ་གྲི། ཐོ་བ། ཧོམ་གཟར་རྣམས་དང༌། བཟློག་པ་གྲངས་གསོགས་སྐབས་ཟོར་ལ་འབུལ་རྒྱུའི་གཏོར་ཆུང་གྲངས་མང༌། ཐུན་གཏོར་ཟུར་གསུམ་མཚེ་ཡུངས་རྩང་གིས་བརྒྱན་པ། གཞན་ཡང་རོལ་མོའི་རིགས་བྱེད་སོགས་འོག་ཏུ་དགོས་པ་རྣམས་འདུ་བྱ། བསྐང་བཟློག་རྐྱང་པ་ཡིན་ན་ཟོར་གཏོར་དང་ལིངྒ་བདུད་རྩི་རཀྟ་མར་མེ་ཛ་གད་མཾ་ས་ཚེའི་ཟླ་རྒྱས་བམ་ཆེན། གསུར་ཆེན། བཟའ་བཅའ་སོགས་བསྐང་རྫས་སྣ་ཚོགས་བཤམས་པ་ལས་གཞན་མི་དགོས་སོ། །གཉིས་པ་ཆོ་ག་དངོས་ལ། ཏིང་ངེ་འཛིན་གྱི་རྫོང་བཅའ་བ་དང༌། དྲག་པོའི་གཡུལ་འགྱེད་པ་གཉིས་ལས། དང་པོ་ནི་ཚིག་བདུན་གསོལ་འདེབས་དང༌། དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པ་ཡི་སོགས་དང༌། བརྒྱུད་པའི་གསོལ་འདེབས་ནས་བརྩམས་མཆོད་པ་བྱིན་བརླབ་ཀྱི་བར་ལས་བྱང་ཕྲིན་ལས་རྣམ་པར་རོལ་པའི་དགའ་སྟོན་ལྟར་བཏང༌། བདག་བསྐྱེད་ནི། ཧཱུྃ། རྡོ་རྗེ་དེ་བཞིན་ཉིད་ཀྱི་དབྱིངས་སོགས་རྒྱུན་གྱི་རྣལ་འབྱོར་གཏེར་ཆེན་བླ་མ་མཁྱེན་བརྩེའི་གསུངས་སབ་ཁ་མེད་པ་ལྟར་བཏང་ལ་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་བཅས་བྱ། སྟོང་ཚིག་གི་མཆོད་པ་ཕུལ་ལ་མདུན་བསྐྱེད་མཆོད་པ་བྱིན་བརླབ་དང༌། ལྷ་བསྐྱེད་ནས་བཟུང་བཟླས་པའི་བར་ལས་བྱང་རྒྱས་པ་ཕྲིན་ལས་རྣམ་རོལ་ལྟར་སྦྱར་ལ་ཟོར་དཀྱིལ་ལྷར་བསྐྱེད། ཛབ྄་ཁང་དབྱེ་མི་དགོས། བུམ་བཟླས་དང་ཚེ་སྒྲུབ་སོགས་ཀྱང་དོར། ཁྱད་པར་གྱི་བཟླས་དམིགས་སྲུང་བཟློག་བསད་མནན་གསུམ་ལས་དང་པོ་རྡོ་རྗེའི་མཁར་དུ་སྲུང་བ་ནི། དཔལ་ཆེན་བཅུ་ལས་ཡེ་ཤེས་ཀྱི༔ རྣམ་འཕྲུལ་ནམ་མཁའ་གང་བར་འཕྲོས༔ ཕྱོགས་མཚམས་སྟེང་འོག་ཚོམ་བུར་བཞུགས༔ བསྲུང་བ་མཚམས་ཀྱི་ལས་མཛད་དེ༔ གུར་ཁང་དྲུག་གིས་གཏམས་པར་བསྒོམས༔ སྒྲུབ་སྔགས་མཐར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་བཛྲཱ་ཀཱ་ཝཱ་ཙི་རཀྵ་རཀྵ་ཞེས་སྦྱར་བ་བཟླ། གཉིས་པ་བཟློག་དམིགས་ནི། དཔལ་ཆེན་ལྷ་ཚོགས་འཁོར་དང་བཅས༔ ཁྲོས་འཁྲུགས་རྔམས་པའི་གཟི་བྱིན་བསྐྱེད༔ ཕྱི་རོལ་ཞལ་གཟིགས་སྔགས་ཀྱི་སྒྲ༔ འབྲུག་སྟོང་ལྟ་བུར་སྒྲོགས་པ་ཡི༔ སྐུ་དང་ཞལ་ལས་དམོད་པའི་མཚོན༔ ནད་མཚོན་དུག་རླངས་ཕོ་ཉའི་ཚོགས༔ སྐར་ལྟར་འཁྲུགས་ཤིང་སེར་ལྟར་འབབས༔ ནག་ཕྱོགས་འབྱུང་པོའི་སྡེ་དང་བཅས༔ ཕས་རྒོལ་རིག་སྔགས་དམོད་པའི་དབལ༔ མི་མཐུན་འབྲས་བུ་ཐན་ལྟས་ངན༔ ཐམས་ཅད་རང་དབང་མེད་པར་བཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་བབས༔ རྩ་སྦུར་མེ་ལྕེས་བསྲེགས་པ་བཞིན༔ རྗེས་ཤུལ་མེད་པར་བརླག་པར་བསམ༔ སྒྲུབ་སྔགས་དང་དྲག་སྔགས་སྤུ་གྲི་སྦྲེལ་བའི་ཤམ་དུ། རྦོད་ཟོར་སརྦ་ཨ་པ་ཀ་ར་བྷྱོ་བྷྱོ་ཟློག་ཟློག་རྦད་ནན༔ ཞེས་ཆིག་དྲིལ་དུ་དྲག་ཁ་ནས་ཆུ་འབབ་པ་བཞིན་དྲག་ཏུ་བཟླ། གསུམ་པ་བསད་དམིགས་སྤྱིར་བཏང་ནི། རང་གི་ཐུགས་ཀའི་འོད་ཟེར་མདུན་བསྐྱེད་ལ་ཕོག །དེ་ལས་འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས། ཁྲོ་བཅུ་ཁྲ་ཐབ་སྒོ་མ་དམ་ཅན་རྣམས་ལ་ཕོག་པས་དེ་རྣམས་ལས་སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་འཕྲོས། བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་ཅིང་བསྟན་འགྲོ་ལ་འཚེ་བའི་དགྲ་བགེགས་ཐམས་ཅད་མངོན་སྤྱོད་དྲག་པོའི་ཕྲིན་ལས་དྲུག་གིས་མིང་ཙམ་ཡང་མེད་པར་རྡུལ་དུ་བརླག་པར་བསམ། སྒྲུབ་སྔགས་དང་སྤུ་གྲི་སྦྲེལ་བའི་ཧཱུྃ་ཕཊ་ཀྱི་གོང་དུ་དགྲ་བགེགས་དམ་སྲི་མཱ་ར་ཡ་ཞེས་སྦྱར་བ་ཅི་ནུས་སུ་བཟླ། ཐུན་རྫས་རྣམས་ལའང་ཕུས་གདབ་སྟེ་ངར་བསྐྱེད། ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླ། སྟོང་ཚིག་མཆོད་བསྟོད་མདོར་བསྡུས་སྔོན་དུ་འགྲོ་བས། བཀའ་གཏེར་གྱི་སྲུང་མ་སྤྱི་དང༌། ཁྱད་པར་ཕུར་སྲུང་གི་གསོལ་ཀ་རྒྱས་བསྡུས་གང་རིགས་སྦྱར། ཚོགས་བྱིན་བརླབ་ནས་བརྩམས་མཆོད་པའི་རྗེས། སྐོང་བ་བདུད་ལས་རྣམ་རྒྱལ་སྦྱར། བཤགས་པའི་རྗེས་སྨད་ལས་གཏོར་བཟློག་རྒྱས་པ་དང་མི་འབྲེལ་ན་བསྒྲལ་བསྟབས་བཅས་དཀྱུས་ལྟར་གྲུབ་པ་དང༌། རོལ་མོ་དབྱངས་དང་བཅས་པས། ཧཱུྃ༔ སྣང་སྲིད་ཕུར་བུས་གདབ་པའི་ཕྱིར༔ རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་༔ ཁམས་གསུམ་འཁོར་བ་རྒྱས་འདེབས་ཕྱིར༔ འཁོར་ལོ་རྒྱས་འདེབས་ཐུགས་དམ་བསྐང་༔ མི་དགེ་བཅུ་པོ་ཚར་བཅད་ཕྱིར༔ ཁྲོ་རྒྱལ་ཡབ་བཅུའྀ་ཐུགས་དམ་བསྐང་༔ དགེ་བཅུ་དང་དུ་བླང་བའི་ཕྱིར༔ ཁྲོ་མོ་བཅུ་ཡྀ་ཐུགས་དམ་བསྐང་༔ ཕྱོགས་བཅུར་སྤྲུལ་པ་འགྱེད་པའི་ཕྱིར༔ ཁྲ་ཐབས་ཉི་ཤུའི་ཐུགས་དམ་བསྐང་༔ གདུག་པའི་དགྲ་བགེགས་སྒྲོལ་བའི་ཕྱིར༔ སྲས་མཆོག་ཉེར་གཅིག་ཐུགས་དམ་བསྐང་༔ ཞི་རྒྱས་དབང་དྲག་ལས་སྒྲུབ་ཕྱིར༔ ཕྲིན་ལས་བཞི་ཡི་ཐུགས་དམ་བསྐང་༔ སློབ་དཔོན་སྐུ་དགྲ་སྒྲོལ་བའི་ཕྱིར༔ ཤྭཱ་ན་མཆེད་བཞིའི་ཐུགས་དམ་བསྐང་༔ བསྟན་པའི་སྤྱི་དགྲ་སྒྲོལ་བའི་ཕྱིར༔ རེ་ཏི་མཆེད་བཞིའི་ཐུགས་དམ་བསྐང་༔ རྣལ་འབྱོར་སྒོས་དགྲ་སྒྲོལ་བའི་ཕྱིར༔ བསེ་མོ་བཞི་ཡི་ཐུགས་དམ་བསྐང་༔ མྱུར་མགྱོགས་དྲག་པོའི་ལས་མཛད་ཕྱིར༔ བསེ་ལྕགས་དུང་གསུམ་ཐུགས་དམ་བསྐང་༔ དགུགས་འདྲེན་འཆིང་བསྡམ་མྱོས་བྱའི་ཕྱིར༔ སྒོ་མ་བཞི་ཡི་ཐུགས་དམ་བསྐང་༔ རུ་ཏྲ་སྡེ་གསུམ་འདུལ་བའི་ཕྱིར༔ གིང་ཆེན་བཅོ་བརྒྱད་ཐུགས་དམ་བསྐང་༔ ཕྱོགས་བཅུར་དམག་དཔུང་དབབ་པའི་ཕྱིར༔ མ་བདུན་སྲིང་བཞིའི་ཐུགས་དམ་བསྐང་༔ ཕྲིན་ལས་རྒྱ་མཚོ་སྒྲུབ་པའི་ཕྱིར༔ དབང་ཕྱུག་ཉེར་བརྒྱད་ཐུགས་དམ་བསྐང་༔ ཞེས་དང་གཞན་ཡང༌། བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་༔ བ་ལིཾ་གཏོར་མས་ཐུགས་དམ་བསྐང་༔ རཀྟ་དམར་གྱིས་ཐུགས་དམ་བསྐང་༔ ཞལ་ཟས་ཚོགས་ཀྱིས་ཐུགས་དམ་བསྐང་༔ དཀྱིལ་འཁོར་འཁོར་ཞལ་གྱིས་ཐུགས་དམ་བསྐང་༔ ཛ་གད་ཕུད་ཀྱིས་ཐུགས་དམ་བསྐང་༔ ཞུན་ཆེན་མར་མེས་ཐུགས་དམ་བསྐང་༔ སྲོག་དབུགས་མདངས་ཀྱིས་ཐུགས་དམ་བསྐང་༔ གསུར་ཆེན་དྲི་ཡིས་ཐུགས་དམ་བསྐང་༔ རོལ་མོ་སྒྲ་ཡིས་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ གཡར་དམ་གཉེན་པོ་སོར་སྩོལ་ཅིག༔ དེ་ནས་དཔོན་སློབ་རྣམས་ཀྱིས་ཕྱིར་ཟློག་ཏུ་ཐལ་མོ་གདབ་ཅིང༌། དེ་ལྟར་བསྐང་བས་བསྐང་གསོལ་ནས༔ འདི་ལྟར་བཟློག་པའི་ཕྲིན་ལས་མཛོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཡས་ཀྱི་བདུད་གཡོས་ཕྱིར་ལ་བཟློག༔ མས་ཀྱི་སྲི་ལངས་ཕྱིར་ལ་བཟློག༔ ཉེ་བའི་བྱོལ་པོ་ཕྱིར་ལ་བཟློག༔ ཡུལ་བའི་འགྲིམ་ཆགས་ཕྱིར་ལ་བཟློག༔ ཕ་ཚན་རྒྱ་འདྲེ་ཕྱིར་ལ་བཟློག༔ མ་བུའི་བྱུར་འདྲེ་ཕྱིར་ལ་བཟློག༔ གཤིན་རྗེའི་འཁྲུལ་འཁོར་ཕྱིར་ལ་བཟློག༔ མ་མོའི་ཁྲག་ཟོར་ཕྱིར་ལ་བཟློག༔ བདུད་ཀྱི་ཁྲམ་ཁ་ཕྱིར་ལ་བཟློག༔ བཙན་གྱི་གཟེར་ཁ་ཕྱིར་ལ་བཟློག༔ ས་བདག་གདུག་བྱེད་ཕྱིར་ལ་བཟློག༔ རྒྱལ་པོའི་སྨྱོ་འབོག་ཕྱིར་ལ་བཟློག༔ གཟའ་ཡི་ཀིང་ཀང་ཕྱིར་ལ་བཟློག༔ མུ་སྟེགས་ངན་སྔགས་ཕྱིར་ལ་བཟློག༔ ཐེའུ་རང་སྲིས་རྐུན་ཕྱིར་ལ་བཟློག༔ ནད་ཁ་རིམས་ཁ་ཕྱིར་ལ་བཟློག༔ སྔགས་པའི་ཕུར་ཁ་ཕྱིར་ལ་བཟློག༔ བོན་གྱི་བོན་ཟོར་ཕྱིར་ལ་བཟློག༔ སུམ་པའི་གླང་ཟོར་ཕྱིར་ལ་བཟློག༔ མེ་ཉག་འབོལ་ལེ་ཕྱིར་ལ་བཟློག༔ ལོ་ཟླ་ཞག་ཀེག་ཕྱིར་ལ་བཟློག༔ མོ་ངན་རྨི་ངན་ཕྱིར་ལ་བཟློག༔ ལྟས་ངན་མཚན་ངན་ཕྱིར་ལ་བཟློག༔ ཕོ་བརྒྱའི་མདའ་བདར་མཚོན་ཁ་བཟློག༔ མོ་བརྒྱའི་དུག་གཡོས་ཟས་ཁ་བཟློག༔ མི་ནག་སྐྱེ་བོའི་ཡ་ག་བཟློག༔ བྲན་ཁོལ་ངན་པའི་དམོད་མཆུ་བཟློག༔ དགྲ་ལ་བྷྱོ་ལ་བསྒྲལ་དུ་གསོལ༔ བགེགས་ལ་བྷྱོ་ལ་རྡུལ་དུ་རློག༔ ཞེས་བསྐང་བཟློག་འདི་ཁོ་ན་ལ་གྲངས་བཟུང༌། སྤྲོ་ན་དྲག་སྔགས་བཟློག་ཤམ་ཅན་ཅུང་ཟད་བཟླ། ཚོགས་ལ་རོལ་པ་ནས་བཟུང་ལས་བྱང་དཀྱུས་ལྟར་ལ། ཆད་ཐོའི་མགོར་འོག་གི་ཟོར་བསྐུལ་ཙམ་སྦྱར་ཏེ་གཏོར་མ་ཕུལ་བས་བསྐང་བཟློག་སྤྱི་ཁྱབ་ལ་རུང་བས་ཞར་ལ་འཕྲོས་པའོ། །བཟློག་པ་རྒྱས་པའི་སྐབས་གོང་གི་ཚོགས་བཤགས་པ་བཅས་གྲུབ་པ་ན། གཉིས་པ་དྲག་པོའི་ལས་ཀྱི་གཡུལ་འགྱེད་པ་ལ་སྔོན་དུ་བྱ་བ་གསུམ། བར་དུ་བྱ་བ་བཞི། རྗེས་ཀྱི་བྱ་བ་དྲུག་གི་སྔ་མ་ལ། ཐུགས་དམ་བསྐུལ་བ། གསེར་སྐྱེམས། གཟུ་དཔང་གསུམ་ལས། དང་པོ་ནི། རང་ཉིད་ལྷའི་ང་རྒྱལ་དྲག་པོ་བསྐྱེད་ལ། བླ་མ་རིག་འཛིན་དཔལ་ཆེན་རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་སྲུང་མ་དང་བཅས་པ་ཐམས་ཅད་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་བཞེངས་ཤིང་སྤྲུལ་པའི་ཕོ་ཉ་ནམས་མཁའ་གང་བ་ཙམ་སྤྲོ་བར་དམིགས་ལ། རིག་འཛིན་བསྐུལ་བ་ནི། ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ དུས་གསུམ་རྒྱལ་བའི་གདུང་འཚོབ་བའི༔ རིག་འཛིན་རྣམས་ཀྱི་དུས་ལ་བབ༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་ཙནྡན་ནགས་ཚལ་དུ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ པཎ་ཆེན་བི་མ་མི་ཏྲ་ཡིས༔ གངྒཱ་ལ་ཡི་ཆུ་བོ་ལ༔ ཇི་ལྟར་རྟགས༴ ཕུར་བུ༴ བལ་པོ་ཤཱི་ལ་མཉྫུ་ཡིས༴ མན་དྷ་ལ་ཡི་མཁར་གོང་ལ༔ ཇི་ལྟར་༴ ཕུར་བུ༴ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས༔ དགུང་གི་ཕོ་རོག་ནག་པོ་ལ༔ ཇི་ལྟར༴ ཕུར་བུར༴ པདྨ་མདོ་སྔགས་གླིང་པ་ཡིས༔ སྙན་བརྒྱུད་བཀའ་བབས་བརྙེས་པའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ གཞན་ཡང་རིག་འཛིན་གྲུབ་པའི་ཚོགས༔ ཕྲིན་ལས་དྲག་རྩལ་ཅན་རྣམས་ཀྱིས༔ ཇི་ལྟར༴ ཕུར་བུ༴ མ་གཡེལ་མ་གཡེལ་རིག་འཛིན་རྣམས༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ མཐུ་རྩལ་ནུས་པའི་དཔུང་སྐྱེད་ཅིང་༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ དེ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐུལ་བ་ནི། ཧཱུྃ༔ ཆོས་ཉིད་གདོད་ནས་སྐྱེ་བ་མེད་པ་ལ༔ སྙིང་རྗེ་ཆེན་པོས་སྐྱེ་བའི་སྐུར་བསྟན་པ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་༔ རིགས་ལྔ་ཡེ་ཤེས་ཀུན་ཏུ་སྣང་བའི་སྤྲིན༔ ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་སྤྲུལ་པ་བཅས༔ དུས་ལས་ཡལ་ཡོལ་དབྲི་བཀོལ་མི་མཛད་པར༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐུགས་དམ་དབང་གིས་ཁྲོས་འཁྲུགས་སྐུར་བཞེངས་ཏེ༔ གདུག་ཅན་དགྲ་བགེགས་གཏུམ་པོ་ཕམ་མཛད་ཕྱིར༔ འཁོར་བཅས་ཐ་ཚིག་གཉེན་པོའི་དུས་ལ་བབ༔ གསོལ་ཡང་མི་དགོངས་བསྐུལ་ཡང་མི་བགྱིད་ན༔ ཐུགས་དམ་ཞལ་བཞེས་དམ་བཅའ་བརྫུན་དུ་ཐལ༔ དེ་ཕྱིར་ཡེ་ཤེས་ཆེན་པོའི་རྩལ་བསྐྱེད་ལ༔ མངོན་སྤྱོད་དམོད་པའི་ཕྲིན་ལས་ཡོངས་གྲུབ་མཛོད༔ ཕུར་སྲུང་དམ་ཅན་རྣམས་བསྐུལ་བ་ནི། ཧཱུྃ་བྷྱོ༔ སྔོན་ཚེ་སྒྲུབ་པའི་གནས་མཆོག་ནས༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་མ༔ ཟངས་ཀྱི་ཝ་མོ་རྐང་གསུམ་མ༔ བསྭེ་ཡི་འཕར་བ་ལྕེ་བརྒྱད་མ༔ གཡུ་ཡི་ཕྱི་མོ་རལ་པ་ཅན༔ ང་རོ་འབྲུག་ཏུ་ལྡིར་ཞིང་ཟུག༔ ཁ་རླངས་སྤྲིན་དུ་འཁྱིལ་ཞིང་འཐིབས༔ མིག་ནི་ཉི་མའི་ཟེར་བཞིན་འབར༔ བང་ནི་གློག་གིས་འགྲན་མི་ནུས༔ སྤུ་ནི་མཚོན་ཆའི་སོ་ལྟར་རྣོ༔ དེ་འདྲའི་ཆིབས་ཀྱི་བརྗིད་ཚུལ་ལ༔ འཇིགས་པའི་མི་མོ་བཟང་མོ་ཞོན༔ གཡས་པས་རྡོ་རྗེ་ཐོད་ཕྲེང་འདྲེན༔ གཡོན་པས་རིན་ཆེན་ཕུར་བུ་འདྲིལ༔ མུ་ཁ་མཆེད་བཞིའི་དུས་ལ་བབ༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ མ་ཐ་མ་ཐ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ་བྷྱོ༔ བྱིང་བྱེད་མཚོ་ལ་གནས་བཅས་ཤིང་༔ རླུང་ནག་འཚུབས་མའི་སྣ་འདྲེན་མ༔ དཔལ་ལྡན་ནག་མོ་རེ་མ་ཏི༔ སྐུ་མདོག་མཐིང་ནག་འབར་བ་ལ༔ མི་ལྤགས་རློན་པ་སྐུ་ལ་གསོལ༔ ཕྱག་ན་སྤུ་གྲི་རྣོན་པོ་བསྣམས༔ ཆིབས་སུ་དྲེལ་རྟ་རྐང་གསུམ་བཅིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ བར་སྣང་ཁམས་སུ་རྟེན་བཅས་ཤིང་༔ འབྲུག་དང་གློག་གི་སྣ་འདྲེན་མ༔ དཔལ་ལྡན་ནག་མོ་རེ་མ་ཏི༔ སྐུ་མདོག་དམར་ནག་འབར་བ་ལ༔ བཙོས་དམར་ལའུ་སྐུ་ལ་གསོལ༔ ཁྲག་སྐམ་ལྕགས་སྐྱུ་ཕྱག་ན་བསྣམས༔ ཆུ་གླང་སྔོན་པོ་ཆིབས་སུ་བཅིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ རི་རབ་རྩེ་ལ་རྟཻན་བཅས་ཤིང་༔ སད་དང་སེར་བའི་སྣ་འདྲེན་མ༔ དཔལ་ལྡན་ནག་མོ་རེ་མ་ཛ༔ སྐུ་མདོག་སེར་ནག་འབར་བ་ལ༔ བྱ་ཡི་ཐུལ་པ་སྐུ་ལ་གསོལ༔ ཕྱག་ན་གསེར་གྱི་ཟོར་བ་བསྣམས༔ ཆིབས་སུ་ཤ་བ་ཡུ་མོ་བཅིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ ས་ཡི་གླིང་དུ་རྟེན་བཅས་ཤིང་༔ ཁ་བ་བུ་ཡུག་སྣ་འདྲེན་མ༔ དཔལ་ལྡན་ནག་མོ་རེ་མ་ཛུ༔ སྐུ་མདོག་ལྗང་ནག་འབར་བ་ལ༔ ཆུ་དར་ཐུལ་པ་སྐུ་ལ་གསོལ༔ ཕྱག་ན་བདུད་ཀྱི་ཁྲམ་བམ་བསྣམས༔ རྔ་མོ་སྔོ་ནག་ཆིབས་སུ་བཅིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་མ་མ་ཝཱ་ཤཾ་ཀུ་རུ་མ་དྷཾ་ཨེ་ཀ་ར་ཨི་དན་དྷ་ཏི་མ་མ་ཤཱི་གྷྲཾ་ཀཱ་ར་ཡེ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ་བྷྱོ༔ བལ་ཡུལ་ཡ་བྱིན་ཡུལ་ལ་བསྟེན༔ མར་ཁུའི་མཚོ་ལ་མངའ་ཡང་མཛད༔ རྡོ་རྗེ་ཡ་བྱིན་མཐུ་མོ་ཆེ༔ སྐུ་མདོག་མཐིང་ནག་འབར་བ་ལ༔ མཐིང་ནག་བེར་ཆེན་སྐུ་ལ་གསོལ༔ ཕྱག་ན་བདུད་ཞགས་ལྕགས་ཀྱུ་བསྣམས༔ བདུད་རྟ་ནག་པོ་ཆིབས་སུ་བཅིབས༔ འདིར་བྱོན་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ རོང་གི་དེ་བྱིན་ཡུལ་ལ་བསྟེན༔ ཞག་གི་མཚོ་ལ་མངའ་ཡང་མཛད༔ རྡོ་རྗེ་དེ་བྱིན་རྩལ་མོ་ཆེ༔ སྐུ་མདོག་སེར་ནག་འབར་བ་ལ༔ བེར་ཆེན་སེར་ནག་སྐུ་ལ་གསོལ༔ གསེར་ཞགས་གསེར་ཕུར་བསྣམས༔ ཆིབས་སུ་གཟའ་རྟ་སེར་པོ་བཅིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ མང་ཡུལ་བསེ་བྱིན་ཡུལ་ལ་བསྟེན༔ ཁྲག་གི་མཚོ་ལ་མངའ་ཡང་མཛད༔ རྡཽ་རྗེ་བསེ་བྱིན་འཕྲུལ་མོ་ཆེ༔ སྐུ་མདོག་དམར་ནག་འབར་བ་ལ༔ བེར་ཆེན་དམར་ནག་སྐུ་ལ་གསོལ༔ བཙན་ཞགས་སེང་ལྡིང་ཕུར་བུུ་བསྣམས༔ ཆིབས་སུ་བཙན་རྟ་དམར་པོ་བཅིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ སྙེ་ནམ་ཕག་བྱིན་ཡུལ་ལ་བསྟེན༔ འོ་མའི་མཚོ་ལ་མངའ་ཡང་མཛད༔ རྡོ་རྗེ་ཕག་བྱིན་མཐུ་མོ་ཆེ༔ སྐུ་མདོག་སྔོ་ནག་འབར་བ་ལ༔ བེར་ཆེན་སྔོ་ནག་སྐུ་ལ་གསོལ༔ གཡུ་ཞགས་མཆོང་ཕུར་ཕྱག་ན་བསྣམས༔ གཡུ་རྟ་སྔོན་པོ་ཆིབས་སུ་བཅིབས༔ འདིར་སྤྱོན་བཅོལ་བའི་ཕྲིན་ལས་མཛོད༔ ཀ་ཊ་ཀ་ཊ་ཡ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་མཱ་ར་སེ་ན་པྲ་མརྡྷ་ནི༔ དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་དང་བསྐུལ་མཚམས་སོ་སོར། དམ་རྫས་མཆོད་པ་འདི་བཞེས་ལ༔ སྲིད་པའི་ཕུར་བུ་བདག་སྒྲུབ་པས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་སྦྱར་ཞིང་སྨན་རག་གཏོར་མ་ལ་སྦྲེངས་ཏེ་བསྐུལ་ལོ། །གཉིས་པ་གསེར་སྐྱེམས་ནི། རྃ་ཡྃ་ཁྃ་གིས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ལས་གསེར་སྐྱེམས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར༔ ཧཱུྃ༔ དཀོན་མཆོག་རིན་ཆེན་གསུམ་དང་རྩ་བ་གསུམ༔ ཁྱད་པར་ཕྲིན་ལས་ཕུར་པའི་ལྷ་ཚོགས་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་བསྐྱེད་ཅིག༔ ཕོ་རྒྱུད་མོ་རྒྱུད་མ་ནིང་དྲེགས་པའི་སྡེ༔ མ་མོ་མཁའ་འགྲོ་ཞིང་སྐྱོང་གནས་ཉུལ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་བསྐྱེད་ཅིག༔ ལོ་ཟླ་ཞག་དུས་སྤར་སྨེ་ཚེས་ཀྱི་བདག༔ ཡུལ་ལྷ་གཞི་བདག་མཐུ་རྩལ་ལྡན་པ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་བསྐྱེད་ཅིག༔ གསུམ་པ་གཟུ་དཔང་ནི། ཧཱུྃ༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོས༔ རྡོ་རྗེ་ཐེག་པའི་བསྟན་པ་ལ༔ མི་ཕྱེད་དད་པས་རབ་ཞུགས་ཏེ༔ སྒྲུབ་པ་སྙིང་པོར་ལེན་པ་དང་༔ ཀློག་དང་སྤོང་བའི་སྡེ་བཙུགས་ཤིང་༔ ཐོས་བསམ་བསྟན་པ་བཙུགས་པ་ལ༔ དགྲ་དང་བགེགས་ཀྱི་བར་ཆད་བྱུང་༔ མ་གཡེལ་དྲག་པོའི་ལས་མཛོད་ཅིག༔ ད་དུས་བསྐལ་པའི་སྙིགས་མ་ལ༔ རྣལ་འབྱོར་མགོན་སྐྱབས་མ་མཆིས་པས༔ ལྷ་དང་སྲུང་མ་གྲོགས་ལ་བྱོན༔ བདེན་རྫུན་གཉིས་ཀྱི་དཔང་པོ་མཛོད༔ བདག་ནི་མ་ཉེས་མ་ལེན་ནོ༔ མ་ཡོ་མ་བཅོས་གཟུ་དང་དཔང་༔ དམ་ཉམས་དགྲ་བོ་སྡིག་ཆེན་གྱིས༔ ལྷ་དང་སློབ་དཔོན་བརྙས་པ་དང་༔ རྡོ་རྗེའི་འཆེད་ལ་འཁུ་བ་དང་༔ སྲུང་མ་རྣམས་ལ་མཐུ་མེད་ཟེར༔ སངས་རྒྱས་བསྟན་པ་བཤིགས་པ་དང་༔ སེམས་ཅན་ཡོངས་ལ་འཚེ་བ་དང་༔ ཆོས་འཁོར་སྲིད་ལ་རྔམས་པ་དང་༔ དགེ་འདུན་སྡེ་ལ་འཚེ་བ་དང་༔ བསྟན་པའི་གཞི་ལ་ཕྲག་དོག་བྱས༔ མི་དགེ་བཅུ་ནི་དང་ལེན་པའི༔ དམ་ཉམས་སྡིག་ཅན་དགྲ་བོ་འདི༔ མྱུར་དུ་བསྒྲལ་བར་མ་བྱས་ན༔ སྙིང་པོའི་སྒྲུབ་པ་བཤོལ་ལ་ཐུག༔ སངས་རྒྱས་བསྟན་པ་འཇིག་ལ་ཉེ༔ ད་ནི་ལྷ་དང་སྲུང་མ་རྣམས༔ མངོན་སྤྱོད་དྲག་པོའི་ལས་ལ་བསྐུལ༔ མ་གཡེལ་དྲག་པོའི་ཕྲིན་ལས་མཛོད༔ གཉིས་པ་བར་དུ་བྱ་བའི་ལས་ལ། དམིགས་བྱ་བསྐྱེད་འགུགས། སྒྲོལ་ཆོག་དངོས། ཐུགས་དམ་བསྐུལ་བ། བཟློག་པའི་ལས་བཅོལ་བ་དང་བཞི་ལས། དང་པོ་ནི། ཨེ་ཡཾ་ཛྭ་ལ་རཾ། རང་གི་མདུན་དུ་གནམ་ལྕགས་ཀྱི་བྲུབ་ཁུང་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་གཞི་གསེར་གྱི་ས་གཞི་ལ་ཐུག་པ། མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པའི་ཕྱི་རོལ་དུ་ཕུར་སྲུང་དམ་ཅན་རྣམས་ལས་ལ་རྔམས་པ་དེའི་ནང་དུ་ནྲྀ་ཏྲི་ལས་གནོད་བྱེད་དགྲ་བགེགས་འདུས་པའི་ངོ་བོ་ནག་ལ་ཧམ་པ། རྐང་ལག་ལྕགས་སྒྲོག་གིས་བསྡམས་པ། བུ་ག་དགུ་ནས་ཁྲག་འཛག་པ། མིག་ཤི་མིག །འོ་དོད་ལྷང་ལྷང་འབོད་པ་ཞིག་ཏུ་གྱུར། གཡབ་དྲིལ་འགུགས་རྒྱ་བཅས། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང༌། གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཕྲིན་ལས་ཕུར་པ་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང༌། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་སྲིད་པ་གསུམ་གར་གནས་གར་གྲོས་ཀྱང་སྐད་ཅིག་ཡུད་ཙམ་གྱིས་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་ཛཿཧཱུྃ་བྃ་ཧོཿ ཤྲཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊཿ ལན་གསུམ་གྱིས་བཀུག་སྟེ། བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བྃ༔ བཛྲ་གྷནྜེ་ཧོ༔ པྲ་བེ་ཤ་ཡ་ཕཊ༔ ཨཱ་བེ་ཤ་ཡ་ཨཱཿ ཞེས་ཕྱག་རྒྱ་བཞིའི་དགུག་གཞུག་བཅིངས་མྱོས་དབྱེ་དབབ་རྣམས་བྱ། གཉིས་པ་བསྒྲལ་བ་དངོས་ལ་རིག་པ་མཆོག་གི་རྒྱུད་ལས། ལྷ་དབྲལ་གཟུགས་ལ་དབབ་པ་དང༌། །བྱད་དུ་གཞུག་དང་སྨྱོ་རུ་གཞུག །རྡུལ་དུ་བརླག་དང་ཞལ་དུ་བསྟབས། །དེ་ལའང་ཕོ་ཉ་འཕྱང་སྔགས་རྫས། །ཏིང་འཛིན་དམོད་པས་ལས་རྫོགས་བྱ། །ཞེས་འབྱུང་བ་ལྟར་གབ་པའི་སྔགས་དྲུག་གི་དགོངས་པས་བསྒྲལ་བའི་ལས་དྲུག །དེ་རེ་རེ་ལའང་ནང་གསེས་དྲུག་དྲུག་ཏུ་གསུངས་པ་སྙན་བརྒྱུད་གཏེར་གཞུང་དཀྱུས་སུ་བབ་དྲུག་གིས་བསྐུལ་བ་དང༌། བྱད་དུ་བཅུག་ཅིང་ལྷ་དབྱེ་དང༌། སྤུ་གྲིའི་སྔགས་དང་དམོད་པ་གདགས༔ ཞེས་པའི་དོན་གྲུབ་པའི་རིག་འཛིན་རྣམས་ཀྱི་མན་ངག་གིས་ཅུང་ཟད་རྒྱས་པར་བཀྲལ་བ་ལ། དང་པོ་ལྷ་དང་ཕྲལ་བ་ལའང་དྲུག་གི །ཕོ་ཉ་བསྐུལ་བ་ནི། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འཕྱང་ནི། གཏོགས་ཤིང་གྲོགས་དང་ཕྲལ་བར་གྱིས༔ སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ༔ དབྱེ་རྫས་བདུག །བྱ་འུག་གི་སྒྲོས་བྱབ། དཀྱིལ་འཁོར་ལྷ་ཚོགས་དང་རྡོ་རྗེ་ལེགས་པ་འགོང་པོ་འཁོར་དང་བཅས་པས་ལྷ་དང་ཕྲལ་བར་བསམས། དགྲ་བོ་སྐྱོབས་པའི་ལྷ་གཉིས་དང་ཕྲལ་བར་གྱུར་ཅིག །ཅེས་དམོད་བོར། གཉིས་པ་གཟུགས་དབབ་ནི། སྔ་མ་ལྟར་དྲུག་རེ་འོག་མ་རྣམས་ལ་འགྲེ་བས། ཧཱུྃ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཕོབས་ཤིག་རྣམ་པར་གཟིར་བར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཧཱུྃ་ཕཊ༔ ཡུངས་དཀར་གྱིས་བྲབ། དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཀླུ་ཆེན་འཇོག་པོ་འཁོར་དང་བཅས་པས་རྣམ་ཤེས་བཀུག་ནས་བསྟིམ་པར་བསམས། དགྲ་བོའི་རྣམ་ཤེས་ལིང་ག་ལ་ཐིམ་པར་གྱུར་ཅིག །གསུམ་པ་བྱད་དུ་གཞུག་པ་ནི། ཧཱུྃ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ དོངས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུངས་ཤིང་རྒྱོབ་ཅིག་རྣམ་པར་ཆིངས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་དགྲ་བགེགས་སརྦ་ཤཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ༔ བྱད་ཐག་གིས་བཅིངས། དཀྱིལ་འཁོར་གྱི་ལྷ་ཚོགས་དང་སྲོག་བདག་སྒྲོལ་གིང་འཁོར་དང་བཅས་པས་དགྲ་བོ་བཅིངས་པར་བསམས། དགྲ་བགེགས་གནོད་བྱེད་འདི་ཆིངས་ཤིག་སྡོམས་ཤིག༔ བཞི་པ་སྨྱོ་རུ་གཞུག་པ་ནི། ཧཱུྃ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ རིངས་པར་ཁུག་ལ་སྨྲར་ཆུག་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ དུག་སྣས་བྲབ། དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཐེའུ་རང་འཁོར་དང་བཅས་པས་དགྲ་བགེགས་སེམས་སྨྱོ་རུ་བཅུག་པར་བསམས། དགྲ་བགེགས་སྨྱོ་འབོག་དྲན་པ་ཉམས་པར་གྱུར་ཅིག །ལྔ་པ་རྡུལ་དུ་བརླག་པའི་ཁོངས་སུ་སྤུ་གྲི་ཆིག་ཤུར་གྱི་གདབ་ལས་འབྱུང་བས། བསྒྲལ་ཕུར་ཐོགས་ལ། བདག་དཔལ་ཆེན་པོ། ཕུར་པ་སྲས་མཆོག །ལིང་ག་དགྲ་བགེགས་དངོས་སུ་གསལ་བའི་སྙིང་གར་ཚེ་སྲོག་གི་རྟེན་ནྲྀ་ཏྲི་དང་བཅས་གསལ། ཕུར་པའི་དབལ་རྩེ་ཨ་དཀར་པོའི་འོད་ཀྱིས་དམིགས་བྱའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། སྲོག་རྟེན་ལ་རེག་པ་ཙམ་གྱིས་སྒོ་ལྔའི་རྣམ་ཤེས་དབལ་རྩེར་བསྡུས། ཉོན་ཡིད་རྩད་བཅད། དྭངས་མ་ལྔ་འདུས་ཀྱི་ཚེ་བསོད་ཐམས་ཅད་འོད་ཀར་པོའི་རྣམ་པར་བསྡུས་ནས་རང་ལ་ཐིམ། ཀུན་གཞིའི་རྣམ་ཤེས་ཨ་དཀར་པོའི་རྣམ་པ་ཕུར་རྩེས་ལིང་གིས་བཏེགས་ནས་དཔལ་ཆེན་པོའི་ཐུགས་ཀར་ཐིམ། ཕུར་བུའི་དབལ་ལས་མཚོན་ཆའི་ཆར་བབ་པས་བག་ཆགས་ཀྱི་གཟུགས་ཕུང་དུམ་བུར་གཏུབས་པར་བསམས་ལ། ཧཱུྃ༔ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས༔ སྐུ་གསུང་ཐུགས་ཀྱི་དབྱིངས་སུ་རྫོགས༔ ཡེ་ཤེས་གསུམ་གྱི་སྲོག་ལྡན་པས༔ དུག་གསུམ་རྩད་གཅོད་ཀཱི་ལ་ཡ༔ འདྲིལ་ནི་རྡོ་རྗེ་གཞོན་ནུས་འདྲིལ༔ དམིགས་པ་དགྲ་དང་བགེགས་ལ་གཏད༔ ལས་ནི་ཚེ་བསོད་རང་ལ་བསྟིམ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྦར༔ གཟུགས་ཕུང་ཐལ་བའི་རྡུལ་དུ་བརླག༔ འབྲས་བུ་ལས་ངན་རྒྱུན་བཅད་དེ༔ སངས་རྒྱས་རྣམས་ཀྱི་སྲས་སུ་བསྐྱེད༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ དགྲ་བགེགས་ཙིཏྟ་མཱ་ར་ཡ་ཧཱུྃ་ཕཊ༔ རྦད་ཐུམ་རི་ལི་ལི༔ ཞེས་བརྗོད་དེ་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་བརྟེན་པ་བསྒྲལ། དྲག་སྔགས་སྤུ་གྲིའི་ཐུན་རྫས་ཀྱིས་བྲབ། རལ་གྲིས་གཏུབ། རྟེན་གཞི་བག་ཆགས་ཀྱི་ཕུང་པོ་རྒྱུན་བཅད་པའི་ཕྱིར་རྡུལ་དུ་བརླག་པ་དངོས་ནི། ཧཱུྃ༔ ས་བདག་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ད་དྷ་ཡ་ད་དྷ་ཡ་ཧཱུྃ་ཕཊ༔ ཐོ་གཏུན་གྱིས་བརྡུང་སྟེ། དཀྱིལ་འཁོར་གྱི་ལྷ་ཚོགས་དང་ལྷ་བདུད་རྣམ་རོལ་འཁོར་དང་བཅས་པས་དགྲ་བགེགས་རྡུལ་དུ་བརླག་པར་གྱུར། དགྲ་བགེགས་ཐལ་བའི་རྡུལ་དུ་རློགས་ཤིག །དྲུག་པ་ཞལ་དུ་སྟོབས་པ་ནི། ཧཱུྃ༔ བདག་ཉིད་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ང་ཡི་དབང་དུ་གྱུར་ནས་ཀྱང་༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊཿ ཧོམ་གཟར་གྱིས་ལིང་རོ་བསྟབ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་དང་རེ་མ་ཏི་འཁོར་དང་བཅས་པས་དགྲ་བགེགས་སྟོབས་པར་གྱུར། དགྲ་བགེགས་ཤ་ཁྲག་ལྷག་མ་མེད་པར་རོལ་ཅིག །སླར་ཡང་ལིང་རོ་རྣམས་བདུད་རྩིར་སྦར་བ་ཞལ་དུ་སྟོབས་པ་ནི། ཧཱུྃ་བྷྱོ༔ གནམ་ས་ཙམ་གྱི་ཞལ་གདངས་ལ༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་འགྱུ་འདྲའི་ལྗགས་བརྐྱང་སྟེ༔ ཉམས་པ་བདུན་ལྡན་དགྲ་བོ་རོལ༔ ཡེ་ཤེས་ཆེན་པོའི་གཟི་བྱིན་བསྐྱེད༔ བདེ་བ་ཆེན་པོའི་རྩལ་དང་བཅས༔ དབྱིངས་རིག་གཉིས་སུ་མེད་པའི་ངང་༔ མངོན་སྤྱོད་ཕྲིན་ལས་མཐར་ཕྱིན་མཛོད༔ ས་མ་ཡ་ཧོ་ཧོ་ཧོ༔ ཨ་ཧཾ་མ་ཧཱ་སུ་ཁ་ཧོ༔ ཉིན་ཐ་མར་ཤོག་ལིང་ཡོད་ན་ཧོམ་དུ་བསྲེགས། སྤྲོ་ན་དྲག་པོའི་སྦྱིན་བསྲེགས་ཀྱང་བྱ། དེ་ལྟར་བསྒྲལ་བའི་ཤ་རུས་ཆ་གཅིག་གཏོར་མར་བསྟབས། ཆ་གཅིག་ཁྲག་སྐྱེམས་དང་སྦྱར་ཏེ་བཟློག་བསྐུལ་སྐབས་འབུལ་རྒྱུ་འཇོག །ཆ་གཅིག་ལྷག་གཏོར་གཙང་དམེ་ལ་བསྲེ་དགོས། སྐབས་འདིར་ཚོགས་ལ་རོལ། ལྷག་མ་བཏང་བའི་བར་ལས་བྱང་ལྟར་རོ། །གསུམ་པ་སླར་ཡང་ཐུགས་དམ་བསྐུལ་བ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་རྡོ་རྗེ་གཞོན་ནུའི་ཚོགས༔ དབྱིངས་ལས་སྐྱེ་བ་མ་མཆིས་ཀྱང་༔ རིག་པ་རང་སྣང་རོལ་པའི་རྩལ༔ དྲག་ཤུལ་ཆེན་པོའི་གཟི་བྱིན་བསྐྱེད༔ དགྲ་བགེགས་ཤ་ཁྲག་རུས་པའི་ཚོགས༔ དགྱེས་པའི་གད་མོ་དང་བཅས་བཞེས༔ འབར་བ་མཆོག་གི་ཆོ་འཕྲུལ་གྱིས༔ ནག་ཕྱོགས་དགྲ་བགེགས་རྩད་ནས་ཆོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཕས་རྒོལ་རྦོད་གཏོང་དམོད་པའི་མཚོན༔ ཟློག་གཟིར་ཕྲིན་ལས་དུས་ལ་བབ༔ མ་གཡེལ་མ་གཡེལ་ཡི་དམ་ལྷ༔ བཞི་པ་བཟློག་པའི་ཕྲིན་ལས་དངོས་ནི། ཧཱུྃ་བྷྱོ༔ ཤིན་ཏུ་རྣམ་དག་ཡེ་ཤེས་ངང་༔ སྙིང་རྗེའི་སྐུར་ཤར་ཧེ་རུ་ཀ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི༔ ཤེས་རབ་ཡུམ་དང་མཉམ་སྦྱོར་བས༔ གདོད་མའི་བདེ་གཤེགས་སྙིང་པོ་ལས༔ གློ་བུར་རྟོག་པས་བཏགས་པ་ཡི༔ འདོད་ཆགས་ཞེ་སྡང་གཏི་མུག་ཚོགས༔ རྣམ་པར་འགྱུར་བས་བྱུང་བ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ འབར་གཡོ་འཐིབས་པ་ལས་བྱུང་བའི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་ཡུལ་ཞེན་པ་ལས་བྱུང་བའི༔ ས་ཆུ་མེ་རླུང་གཡོ་འཁྲུགས་ཟློག༔ འཛིན་པའི་ང་བདག་ལས་བྱུང་བའི༔ རྩ་དང་རླུང་གི་ཆོ་འཕྲུལ་ཟློག༔ གཉིས་མེད་ཡེ་ཤེས་འཁྲུལ་པའི་རྩལ༔ ཀུན་བརྟག་སེམས་ཀྱི་བག་ཆགས་ཟློག༔ སྣ་ཚོགས་རྟོག་པའི་གཞན་དབང་ཅན༔ སྡེ་བརྒྱད་གདུག་པའི་གཡོ་འཁྲུགས་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་བསྒྱུར༔ ཡེ་ཤེས་ཆེན་པོ་མཐར་ཕྱིན་མཛོད༔ ཧཱུྃ་བྷྱོ༔ མེ་ལོང་ཡེ་ཤེས་ངང་ཉིད་ལས༔ བཅོམ་ལྡན་བཛྲ་ཀཱི་ལ་ཡ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐོགས་མེད་ཕྲིན་ལས་རྩལ་ཕྱུངས་ལ༔ ཉོན་མོངས་ཞེ་སྡང་ལས་བྱུང་བའི༔ མི་མཐུན་འགལ་རྐྱེན་བར་ཆད་ཟློག༔ གདོད་མའི་བདེ་གཤེགས་སྙིང་པོ་ལས༔ གློ་བུར་རྟོག་པས་བཏགས་པ་ཡི༔ འདོད་ཆགས་ཞེ་སྡང་གཏི་མུག་ཚོགས༔ རྣམ་པར་འགྱུར་བས་བྱུང་བ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ འབར་གཡོ་འཐིབས་པ་ལས་བྱུང་བའི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་ཡུལ་ཞེན་པ་ལས་བྱུང་བའི༔ ས་ཆུ་མེ་རླུང་གཡོ་འཁྲུགས་ཟློག༔ འཛིན་པའི་ང་བདག་ལས་བྱུང་བའི༔ རྩ་དང་རླུང་གི་ཆོ་འཕྲུལ་ཟློག༔ གཉིས་མེད་ཡེ་ཤེས་འཁྲུལ་པའི་རྩལ༔ ཀུན་བརྟག་སེམས་ཀྱི་བག་ཆགས་ཟློག༔ སྣ་ཚོགས་རྟོག་པའི་གཞན་དབང་ཅན༔ སྡེ་བརྒྱད་གདུག་པའི་གཡོ་འཁྲུགས་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་བསྒྱུར༔ ཡེ་ཤེས་ཆེན་པོ་མཐར་ཕྱིན་མཛོད༔ ཧཱུྃ་བྷྱོ༔ མཉམ་ཉིད་ཡེ་ཤེས་ངང་ཉིད་ལས༔ བཅོམ་ལྡན་རཏྣ་ཀཱི་ལ་ཡ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐོགས་མེད་ཕྲིན་ལས་རྩལ་ཕྱུངས་ལ༔ ཉོན་མོངས་ང་རྒྱལ་ལས་བྱུང་བའི༔ མི་མཐུན་འགལ་རྐྱེན་བར་ཆད་ཟློག༔ གདོད་མའི་བདེ་གཤེགས་སྙིང་པོ་ལས༔ གློ་བུར་རྟོག་པས་བཏགས་པ་ཡི༔ འདོད་ཆགས་ཞེ་སྡང་གཏི་མུག་ཚོགས༔ རྣམ་པར་འགྱུར་བས་བྱུང་བ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ འབར་གཡོ་འཐིབས་པ་ལས་བྱུང་བའི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་ཡུལ་ཞེན་པ་ལས་བྱུང་བའི༔ ས་ཆུ་མེ་རླུང་གཡོ་འཁྲུགས་ཟློག༔ འཛིན་པའི་ང་བདག་ལས་བྱུང་བའི༔ རྩ་དང་རླུང་གི་ཆོ་འཕྲུལ་ཟློག༔ གཉིས་མེད་ཡེ་ཤེས་འཁྲུལ་པའི་རྩལ༔ ཀུན་བརྟག་སེམས་ཀྱི་བག་ཆགས་ཟློག༔ སྣ་ཚོགས་རྟོག་པའི་གཞན་དབང་ཅན༔ སྡེ་བརྒྱད་གདུག་པའི་གཡོ་འཁྲུགས་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་བསྒྱུར༔ ཡེ་ཤེས་ཆེན་པོ་མཐར་ཕྱིན་མཛོད༔ ཧཱུྃ་བྷྱོ༔ སོར་རྟོགས་ཡེ་ཤེས་ངང་ཉིད་ལས༔ བཅོམ་ལྡན་པདྨ་ཀཱི་ལ་ཡ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐོགས་མེད་ཕྲིན་ལས་རྩལ་ཕྱུངས་ལ༔ ཉོན་མོངས་འདོད་ཆགས་ལས་བྱུང་བའི༔ མི་མཐུན་འགལ་རྐྱེན་བར་ཆད་ཟློག༔ གདོད་མའི་བདེ་གཤེགས་སྙིང་པོ་ལས༔ གློ་བུར་རྟོག་པས་བཏགས་པ་ཡི༔ འདོད་ཆགས་ཞེ་སྡང་གཏི་མུག་ཚོགས༔ རྣམ་པར་འགྱུར་བས་བྱུང་བ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ འབར་གཡོ་འཐིབས་པ་ལས་བྱུང་བའི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་ཡུལ་ཞེན་པ་ལས་བྱུང་བའི༔ ས་ཆུ་མེ་རླུང་གཡོ་འཁྲུགས་ཟློག༔ འཛིན་པའི་ང་བདག་ལས་བྱུང་བའི༔ རྩ་དང་རླུང་གི་ཆོ་འཕྲུལ་ཟློག༔ གཉིས་མེད་ཡེ་ཤེས་འཁྲུལ་པའི་རྩལ༔ ཀུན་བརྟག་སེམས་ཀྱི་བག་ཆགས་ཟློག༔ སྣ་ཚོགས་རྟོག་པའི་གཞན་དབང་ཅན༔ སྡེ་བརྒྱད་གདུག་པའི་གཡོ་འཁྲུགས་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་བསྒྱུར༔ ཡེ་ཤེས་ཆེན་པོ་མཐར་ཕྱིན་མཛོད༔ ཧཱུྃ་བྷྱོ༔ བྱ་གྲུབ་ཡེ་ཤེས་ངང་ཉིད་ལས༔ བཅོམ་ལྡན་ཀརྨ་ཀཱི་ལ་ཡ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐོགས་མེད་ཕྲིན་ལས་རྩལ་ཕྱུངས་ལ༔ ཉོན་མོངས་ཕྲག་དོག་ལས་བྱུང་བའི༔ མི་མཐུན་འགལ་རྐྱེན་བར་ཆད་ཟློག༔ གདོད་མའི་བདེ་གཤེགས་སྙིང་པོ་ལས༔ གློ་བུར་རྟོག་པས་བཏགས་པ་ཡི༔ འདོད་ཆགས་ཞེ་སྡང་གཏི་མུག་ཚོགས༔ རྣམ་པར་འགྱུར་བས་བྱུང་བ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ འབར་གཡོ་འཐིབས་པ་ལས་བྱུང་བའི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་ཡུལ་ཞེན་པ་ལས་བྱུང་བའི༔ ས་ཆུ་མེ་རླུང་གཡོ་འཁྲུགས་ཟློག༔ འཛིན་པའི་ང་བདག་ལས་བྱུང་བའི༔ རྩ་དང་རླུང་གི་ཆོ་འཕྲུལ་ཟློག༔ གཉིས་མེད་ཡེ་ཤེས་འཁྲུལ་པའི་རྩལ༔ ཀུན་བརྟག་སེམས་ཀྱི་བག་ཆགས་ཟློག༔ སྣ་ཚོགས་རྟོག་པའི་གཞན་དབང་ཅན༔ སྡེ་བརྒྱད་གདུག་པའི་གཡོ་འཁྲུགས་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་བསྒྱུར༔ ཡེ་ཤེས་ཆེན་པོ་མཐར་ཕྱིན་མཛོད༔ ཧཱུྃ་བྷྱོ༔ མི་དགེ་བཅུ་པོ་གནས་དག་ཅིང་༔ དགེ་བ་བཅུ་པོ་གནས་གྱུར་པ༔ ཁྲོ་བཅུ་ཁྲ་ཕྱག་འཁོར་བཅས་ཀྱིས༔ རྒྱུ་འབྲས་འཆོལ་བར་སྤྱོད་པ་ཟློག༔ གདོད་མའི་བདེ་གཤེགས་སྙིང་པོ་ལས༔ གློ་བུར་རྟོག་པས་བཏགས་པ་ཡི༔ འདོད་ཆགས་ཞེ་སྡང་གཏི་མུག་ཚོགས༔ རྣམ་པར་འགྱུར་བས་བྱུང་བ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ འབར་གཡོ་འཐིབས་པ་ལས་བྱུང་བའི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་ཡུལ་ཞེན་པ་ལས་བྱུང་བའི༔ ས་ཆུ་མེ་རླུང་གཡོ་འཁྲུགས་ཟློག༔ འཛིན་པའི་ང་བདག་ལས་བྱུང་བའི༔ རྩ་དང་རླུང་གི་ཆོ་འཕྲུལ་ཟློག༔ གཉིས་མེད་ཡེ་ཤེས་འཁྲུལ་པའི་རྩལ༔ ཀུན་བརྟག་སེམས་ཀྱི་བག་ཆགས་ཟློག༔ སྣ་ཚོགས་རྟོག་པའི་གཞན་དབང་ཅན༔ སྡེ་བརྒྱད་གདུག་པའི་གཡོ་འཁྲུགས་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་བསྒྱུར༔ ཡེ་ཤེས་ཆེན་པོ་མཐར་ཕྱིན་མཛོད༔ ཧཱུྃ་བྷྱོ༔ རང་བྱུང་ཡེ་ཤེས་གཅིག་ཉིད་ལས༔ དུ་མའི་གར་གྱིས་རྣམ་འཕྲུལ་པ༔ སྒོ་མ་སྲུང་མར་བཅས་པ་ཡིས༔ སྣ་ཚོགས་རྟོག་པ་ཐམས་ཅད་ཟློག༔ གདོད་མའི་བདེ་གཤེགས་སྙིང་པོ་ལས༔ གློ་བུར་རྟོག་པས་བཏགས་པ་ཡི༔ འདོད་ཆགས་ཞེ་སྡང་གཏི་མུག་ཚོགས༔ རྣམ་པར་འགྱུར་བས་བྱུང་བ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ འབར་གཡོ་འཐིབས་པ་ལས་བྱུང་བའི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་ཡུལ་ཞེན་པ་ལས་བྱུང་བའི༔ ས་ཆུ་མེ་རླུང་གཡོ་འཁྲུགས་ཟློག༔ འཛིན་པའི་ང་བདག་ལས་བྱུང་བའི༔ རྩ་དང་རླུང་གི་ཆོ་འཕྲུལ་ཟློག༔ གཉིས་མེད་ཡེ་ཤེས་འཁྲུལ་པའི་རྩལ༔ ཀུན་བརྟག་སེམས་ཀྱི་བག་ཆགས་ཟློག༔ སྣ་ཚོགས་རྟོག་པའི་གཞན་དབང་ཅན༔ སྡེ་བརྒྱད་གདུག་པའི་གཡོ་འཁྲུགས་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་བསྒྱུར༔ ཡེ་ཤེས་ཆེན་པོ་མཐར་ཕྱིན་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ རྦོད་ཟོར་སརྦ་ཨ་པ་ཀ་ར་བྷྱོ་བྷྱོ་ཟློག་ཟློག་རྦད་ནན༔ ཅེས་དང༌། གཞན་ཡང༌། བྷྱོ༔ གཞན་ཡང་ཟློག་ཅིང་བསྒྱུར་བ་ནི༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གནོད་ཅིང་བར་དུ་གཅོད་པ་ཡི༔ ལྟས་ངན་བརྒྱད་ཅུ་རྩ་བཞི་ཟློག༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག༔ དུས་མིན་འཆི་དང་འཇིགས་བརྒྱད་ཟློག༔ གློ་བུར་བདུན་བརྒྱ་ཉི་ཤུ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ གདོན་རིགས་སྟོང་ཕྲག་བཅོ་བརྒྱད་ཟློག༔ སྐེག་ཆེན་སུམ་བརྒྱ་དྲུག་ཅུ་ཟློག༔ ལྷ་ཆེན་དྲག་པོའི་གདུག་རྩུབ་ཟློག༔ ལྷ་མ་ཡིན་གྱི་སྒྱུ་ཐབས་ཟློག༔ མགོན་པོའི་སྤར་བུ་བསྐོར་བ་ཟློག༔ གཤིན་རྗེའི་འཁྲུལ་འཁོར་བཅས་པ་ཟློག༔ དྲང་སྲོང་བྲམ་ཟེའི་དམོད་པ་ཟློག༔ གཟའ་ཡི་ཀིང་ཀང་འཕེན་པ་ཟློག༔ བཙན་ནད་གཟེར་ཁ་གཏོང་བ་ཟློག༔ ས་བདག་ཀླུ་ཡི་མཛེ་ནད་ཟློག༔ བནྡེས་འབུམ་བསྐོར་བྱེད་པ་ཟློག༔ སྔགས་པས་སྔགས་ཟོར་འཕེན་པ་ཟློག༔ བོན་གྱིས་ཙོ་དམར་འཕེན་པ་ཟློག༔ མུ་སྟེགས་ངན་སྔགས་བྱེད་པ་ཟློག༔ བྱང་ཕུར་རྦོད་གཏོང་ཟུག་པ་ཟློག༔ མནན་གཏད་སྲེག་འཕང་བྱེད་པ་ཟློག༔ མོ་རྩིས་རྨི་ལམ་མཚན་ངན་ཟློག༔ སྔ་ཞགས་མདའ་ལྟར་འཕེན་པ་ཟློག༔ ཕྱི་ཞགས་གྲུ་གུར་འཐུལ་བ་ཟློག༔ མི་མཐུན་གནོད་པའི་ཕྱོགས་ཀུན་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་ཕུར་བུའི་མཐུ་ཡིས་བསྒྱུར༔ ཟོར་རོ་དགྲ་དང་བགེགས་ལ་ཟོར༔ བཅོམ་ལྡན་རྡོ་རྗེ་ཕུར་པའི་ཚོགས༔ དམ་རྫས་མཆོད་པ་འདི་བཞེས་ལ༔ བྱད་དང་རྦོད་གཏོང་བསྒྱུར་བ་དང་༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ བཟློག་པའི་ཕྲིན་ལས་བསྐུལ༔ གལ་ཆེ་ན་བཟློག་སྔགས་ཀྱང་གྲངས་བསག་གོ །གཏོར་བཟློག་ཞག་གྲངས་བྱེད་ན་འདི་ནས་འོག་ཏུ་འབྱུང་བའི་ཐུན་གཏོར་བསྐུལ་བཅས་དང༌། ཆོས་སྐྱོང་གི་གཏོར་འབུལ། ཆད་བརྟན་སོགས་ལས་བྱང་ལྟར་མཐར་དབྱུང་དགོས་སོ། །གསུམ་པ་རྗེས་ཀྱི་བྱ་བའི་ལས་ལ། ཡེ་ཤེས་གཤེགས་ཤིང་ཟོར་བསྒྲུབ་པ། ཟོར་ལམ་བསལ་བ། མཐུ་དཔུང་བསྐྱེད་པ། ཟོར་བསྐུལ་བ། ཟོར་འཕང་བ། ཟོར་རྗེས་གཅོད་པ་དང་དྲུག་ལས། དང་པོ་ནི། ཉིན་ཐ་མ་ལ། སྤྲོ་ན་སློབ་དཔོན་བདུད་ཆས་སུ་ཞུགས། གཏོར་མའི་ལྷ་ཚོགས་ལ་མཆོད་བསྟོད་ནོངས་པ་བཤགས་ཏེ། ཟོར་དཀྱིལ་གྱི་སྤྲུལ་གཞི་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁར་འདེགས། སྤྲུལ་པ་དམ་ཚིག་གི་འཁོར་ལོ་འོད་དུ་ཞུ་བ་ལས་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་དཔལ་རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཁྲ་ཕྱག་སྒོ་མ་བཀའ་སྲུང་སྡེ་བརྒྱད་དྲེགས་པའི་དཔུང་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བའི་ནད་མཚོན་དུག་གི་ཆར་འབེབས་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པར་གྱུར། དྲག་སྔགས་སྤུ་གྲི་མཱ་ར་ཡའི་སྤེལ་ཚིག་ཅན་བཟླ། དམར་གཏོར་ཁྲག་སྐྱེམས་བཅས་པར་དགྲ་བགེགས་འགུགས་འདྲེན་དང༌། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་པའི་ནང་དུ་གཏོར་རྫས་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་འདོད་ཡོན་གྱི་རྣམ་པ་ནམ་མཁའ་དང་མཉམ་པར་གང་བར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཏེ། ཞལ་བསྟབས་ཀྱི་དམིགས་པ་དང་བཅས་རྩ་སྔགས་ལ་གཏོར་སྔགས་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཏགས་པ་ལན་གསུམ་གྱིས་ཁྲག་གཏོར་གཏོར་ཆེན་དུ་ཕུལ་ལ། ཁྲག་སྐྱེམས་སྒྲེངས་བ་དང་བཅས། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་སོགས། །ལྷུན་པོར་སྤུངས་པའི་འདོད་དགུའི་བ་ལིངྟ། །ཕྱི་ནང་ཉེར་སྤྱོད་སྨན་རག་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི །ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། །ཁམས་གསུམ་དབང་སྡུས་དགྲ་བགེགས་བདུད་སྡེའི་དཔུང༌། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཕས་རྒོལ་བསམ་ངན་སྦྱོར་རྩུབ་བྱད་སྟེམས་དཔུང༌། །ཐམས་ཅད་རང་གཤེད་ཕོབས་ལ་ནུས་མཐུ་ཤིགས། །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་འདོད་དོན་གསོལ་བས། དམ་ཚིག་ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་དགྲ་བགེགས་ཀྱི་སྟེང་དུ་ལས་ལ་རྔམས་པར་བསམས། ལས་བྱང་གི་ཆད་ཐོ་བཏང༌། གཉིས་པ་ཟོར་ལམ་བསལ་བ་ནི། དཀར་གཏོར་གསེར་སྐྱེམས་སྔོན་དུ་འགྲོ་བས། ཧཱུྃ༔ རྡོ་རྗེ་གཞོན་ནུའི་བཀའ་ཉན་པ༔ ཕུར་སྲུང་དམ་ཅན་འཁོར་དང་བཅས༔ དེ་རིང་རྣལ་འབྱོར་ལས་བརྩམས་ན༔ སྒོ་རྣམས་ཕྱེས་ལ་འཕྲང་སོལ་ཅིག༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ གཙང་རིས་དཔལ་མགོན་བདུན་ཅུ་རྣམས༔ བཀའ་དང་དམ་ལས་མ་འདའ་བར༔ རུ་ང་ཕྲག་དོག་མ་མཛད་ཅིག༔ ཞབས་བསྐུམ་སྐུ་གཟུར་དབུ་ཁུག་ལ༔ བདག་གིས་དམར་ཆེན་གཏོར་ཟོར་འཕེན༔ གདོང་དུ་སུ་ཡང་མ་འདུག་ཅིག༔ ཅེས་བརྗོད། ཕུད་དང་རུ་མཚོན་གྱིས་སྣ་དྲངས་ལ་ཟོར་འཕེན་ཕྱོགས་སུ་ཁྱེར། གསུམ་པ་ཟོར་དཔུང་བསྐྱེད་པ་ནི། སླར་ཡང་ཕུད་ཕྱོགས་བཅུར་འཐོར་ཏེ། ཧཱུྃ་བྷྱོ༔ བླ་མ་ཡི་དམ་ལྷ་ཚོགས་དང་༔ ཁྱད་པར་ཕུར་བུའི་ལྷ་ཚོགས་ཀྱིས༔ མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ༔ དོ་ནུབ་ཟོར་གྱི་ལས་མཛོད་ཅིག༔ ཤྭ་ན་བདག་ཉིད་ས་བདག་སོགས༔ དམ་ཅན་ཆོས་སྐྱོང་སྲུང་མ་ཡིས༔ མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ༔ དོ་ནུབ་ཟོར་གྱི་ལས་མཛོད་ཅིག༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་༔ ཡུལ་ལྷ་གཞི་བདག་གཉེན་པོ་ཡིས༔ མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ༔ དོ་ནུབ་ཟོར་གྱི་ལས་མཛོད་ཅིག༔ ཅེས་དང་བདེན་པའི་སྟོབས་བརྗོད་པ་ནི། ཧཱུྃ༔ སངས་རྒྱས་ཀྱིས་ནི་བདུད་ཕམ་མཛད། །ཆོས་མ་ཡིན་ནི་ཆོས་ཀྱིས་སོ། །དགེ་འདུན་གྱིས་ནི་མུ་སྟེགས་ཕམ། །དབང་པོས་ལྷ་མིན་ཕམ་འགྱུར་ཏེ། །རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས། །དགྲ་བགེགས་རྣམས་ནི་ཕམ་པར་མཛད། །རིགས་སྔགས་བདེན་པའི་མཐུ་འདི་ནི། །ཐོགས་པ་མེད་པར་འགྲུབ་པར་མཛོད། ཅེས་བརྗོད་ལ་རིག་པ་ངར་བསྐྱེད། བཞི་པ་ཟོར་བསྐུལ་བ་ནི། ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པའི་མཁའ་ཀློང་ནས༔ དབྱིངས་ཀྱི་ཆོ་འཕྲུལ་འོད་ལྔ་ཀུན་ཏུ་ཤར༔ མ་རུངས་གདུག་པའི་ཚོགས་རྣམས་བསྒྲལ་བའི་ཕྱིར༔ བཅོམ་ལྡན་དཔལ་ཆེན་བཛྲ་ཀུ་མཱ་ར༔ ཡབ་ཡུམ་སྲས་དང་བཀའ་སྡོད་སྤྲུལ་འཁོར་བཅས༔ གདུག་པ་འདུལ་ཕྱིར་དུས་ལས་མི་གཡེལ་བའི༔ མངོན་སྤྱོད་དམོད་པ་ཆེན་པོའི་རྩལ་བསྐྱེད་ལ༔ དམ་ཉམས་དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད༔ ཅེས་བསྐུལ། ལྔ་པ་ཟོར་འཕང་བ་ནི། དམིགས་བྱ་འབེན་དུ་བཟུང་ལ་དགུགས་གཞུག་དྲག་ཏུ་བྱ། ཟོར་རྣམས་རིམ་པར་བརྡེགས་ལ། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། །ཕོ་ཉར་མངགས་པའི་ཟོར་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡ། །དམར་ཆེན་དྲག་པོ་གཏོར་མའི་ཟོར། །རྦ་ཀློང་འཁྲུགས་པ་ཁྲག་གི་ཟོར། །རི་བོ་བསྙིལ་བ་རྡོ་ཡི་ཟོར། །རྣོ་མྱུར་ཤུགས་དྲག་མདའ་ཡི་ཟོར། །མཚོན་རྩེ་གཟིངས་པ་ཡུངས་དཀར་ཟོར། །མུན་པ་འཁྲིགས་པ་དུག་གི་ཟོར། །གློག་ལྟར་འཁྱུགས་ཤིང་ཐོག་ལྟར་འབེབས། །དགྲ་བགེགས་ལུས་སེམས་འབེམ་ལ་ཡཱ། དྲག་སྔགས་བཟློག་ཤམས་ཅན་བརྗོད་ལ་རྔམས་སྟབས་དང་བཅས་འཕང༌། རྒྱས་པར་སྤྲོ་ན་ཟོར་བདུན་ཁ་ཕྲལ་ཀྱང་རུང་ངོ༌། །དེ་ནས་ཟོར་ཆེན་བཏེགས་ལ། ཧཱུྃ་བྷྱོ༔ དགོངས་སུ་གསོལ་ལོ་སངས་རྒྱས་རྣམས༔ གསན་དུ་གསོལ་ལོ་ཡི་དམ་ལྷ༔ ཁྲག་འཐུང་རྡོ་རྗེ་གཞོན་ནུའི་ཚོགས༔ ཐུགས་དམ་ཞལ་བཞེས་མ་གཡེལ་ཅིག༔ བསྟན་པ་བཤིགས་པའི་དགྲ་བོ་དང་༔ བར་གཅོད་བྱེད་པའི་བགེགས་ཚོགས་ཀྱི༔ སྐྱོབས་པའི་ལྷ་དང་སྲུང་མ་དང་༔ འགོ་བའི་དགྲ་བླ་རྒྱུད་དང་བཅས༔ བསྡོངས་ཟླ་བྱེད་པའི་འབྱུང་པོ་ཀུན༔ ཡེ་ཤེས་མེ་ཡི་མཚོན་ཆས་གཟིར༔ རིག་སྔགས་དམོད་པས་རྨིང་མེད་བཅོམས༔ བདུན་བརྒྱུད་རིགས་ཀྱང་རྩད་ནས་ཆོད༔ མིང་དང་བརྡ་ཙམ་མེད་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔དང་དྲག་སྔགས་ཆིག་དྲིལ་མཐར་བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལེ་རྦད་ནན༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཞེས་དྲག་སྔགས་བཟླ་བཞིན་དུ་འཕང་པས། དགྲ་བོའི་གཟུགས་ཕུང་རྡུལ་དུ་བཤིགས། །རྣམ་ཤེས་མར་མེ་བསད་པ་ལྟར་ཡལ། གནས་གཞིས་ལོངས་སྤྱོད་རྗེས་མེད་དུ་བརླག་པར་བསམས། དམོད་མོ་དང་བཅས་ཐལ་མོ་དང་དུལ་མོ་བརྡེག་གོ །དྲུག་པ་ཟོར་རྗེས་གཅོད་པ་ནི། ཕྱི་བསྙེགས་བཅད་ཕྱིར་བྱ་ཁྱུང་འཇིགས་སུ་རུང་བས་ཞལ་ཕྱིར་གཟིགས་པར་བསམས་ལ། ཨོཾ་ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཞེས་བཟླ། ལས་བྱང་ལྟར་སྲུང་འཁོར་གྱིས་མཚམས་བཅད། རྡོ་རྗེ་སློབ་དཔོན་གྱིས་རྟིང་མནན་ཏེ་ལོག་ལ་སྒྲུབ་ཁང་གི་སྒོ་དྲུང་དུ་བརྟན་མ་སྐྱོངས། གཏོར་གཞོང་སྦུབས་ལ་དམ་སྲི་སྒབ་འདྲེ་བཀུག་ཅིང་མནན་པར་བསམས། ལས་བྱང་ལྟར་རྟ་བྲོ་དང༌། ཤིས་བརྗོད་མདོར་བསྡུས་བྱ། འཕང་བའི་སྔ་རྗེས་སྐབས་གང་བབས་ལ་མནན་པ་བྱ་བར་འདོད་ན་ལས་ཀྱི་རིམ་པ་ཟུར་གསལ་ལྟར་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ནི། ནང་དུ་ལོག་སྒྲུབ་སྔགས་ཀྱི་ཤམ་བུར། བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ བཏགས་པ་ཅུང་ཟད་བཟླས་མཐར། མདའ་དར་གཡབ་སྟེ། ཨོཾ༔ དང་པོར་ཐུགས་བསྐྱེད་རྗེས་སུ་དགོངས༔ བར་དུ་གྲུབ་པའི་རྟགས་མཚན་དབྱུངས༔ ཐ་མ་རིག་འཛིན་བདག་ཅག་གིས༔ རྩེ་གཅིག་བསྙེན་པ་ཆུད་མ་གསོན༔ སྐུ་གསུང་ཐུགས་ཀྱི་གཟི་བྱིན་བསྐྱེད༔ ཡོན་ཏན་ཕྲིན་ལས་ཆོ་འཕྲུལ་སྟོན༔ ཕོ་ཉ་སྤྲུལ་པས་འཇིག་རྟེན་ཁོངས༔ སྣོད་ཀྱི་དྭངས་མ་བཅུད་ཀྱི་དཔལ༔ འཁོར་འདས་ཀུན་གྱི་ཚེ་བསྡུས་ལ༔ རྣལ་འབྱོར་བདག་གི་ལུས་ལ་ཞུགས༔ སྒོ་གསུམ་ཐིག་ལེའི་དབྱིངས་སུ་བསྟིམ༔ བླ་ཚེ་ཆད་ཉམས་ཡར་བ་གསོས༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཞེས་ཚེ་འགུགས་ཀྱང་བྱ། ཆོས་སྲུང་གི་གཏོར་འབུལ་རྗེས་ཆོག་བཅས་དང༌། ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁར་བཏེགས་པའི་ལྷ་ལ་མཆོད་བསྟོད། ནོངས་བཤགས་དང༌། བརྟན་བཞུགས་བདག་བསྐྱེད་བསྡུ་ལྡངས། དགེ་བསྔོ་ཤིས་བརྗོད་བཅས་ལས་བྱང་ལྟར་རྒྱས་པར་བྱའོ། །དེ་ལྟར་བརྩོན་པས་གནས་སྐབས་དང་མཐར་ཐུག་གི་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཕྱི་ནང་གི་ཉེར་འཚེ་མཐའ་དག་ཞི་ཞིང༌། བར་ཆད་མེད་པ་རྡོ་རྗེའི་ས་ལམ་ཡོངས་སུ་རྫོགས་ནས་ཁྲག་འཐུང་དཔལ་ཆེན་ཕྲིན་ལས་རོལ་པའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་གོ་འཕང་མངོན་དུ་འགྱུར་བ་ནི་ངེས་པའོ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཁྲོ་བོའི་རྒྱལ། །ཆེ་བཙན་གདུག་པ་མཐར་བྱེད་ཀུ་མཱ་རའི། གཏོར་བཟློག་རྡོ་རྗེའི་ཐོག་འབེབས་འཁྲུལ་འཁོར་འདིས། །བསྟན་དགྲ་མ་ལུས་རྩད་ནས་བརླག་གྱུར་ཅིག །འདི་ལ་མ་རིག་སྒྲིབས་པས་ནོངས་གྱུར་ན། །བླ་མ་རྡོ་རྗེ་སེམས་དཔའི་སྤྱན་སྔར་བཤགས། །ལེགས་བྱས་དགེ་བ་རིན་ཆེན་ལྷུན་པོ་འདི། །བསྟན་དང་འགྲོ་ལ་ཡོངས་སུ་བསྔོ་བར་བགྱི། །རྩ་གསུམ་ཐུགས་རྗེའི་བྱིན་རླབས་སྤྲིན་ཕུང་ལས། །གྲུབ་གཉིས་ནོར་བུའི་གྲུ་ཆར་འབེབས་པ་དང༌། །ཕུར་བུའི་ཐལ་འབྱིན་རྣམ་བཞིའི་དགོངས་པ་ཡིས། །སྲིད་གསུམ་གྲོང་ཁྱེར་དུས་གཅིག་སྒྲོལ་བར་ཤོག །ཅེས་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་གཏོར་བཟློག་རྡོ་རྗེའི་ཐོག་འབེབས་དགྲ་བགེགས་ཀུན་འཇོམས་ཞེས་བྱ་བ་འདི་ནི་ཉག་ཨ་ཛི་རོང་གི་དྲི་ཧྲེད་དབོན་པོ་པདྨ་རིག་འཛིན་ནས་སྔ་རྗེས་ནན་ཏན་ཆེན་པོས་བསྐུལ་བ་དང༌། རང་གིས་བསྒྲིགས་པའི་ལས་བྱང་དང་འབྲེལ་བར་ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་གྱི་ཞལ་སྔ་ནས་ཀྱང་བྲིས་ན་ལེགས་ཚུལ་བཀའ་ཕེབས་བཞིན་རྗེ་ཉིད་ནས་ཡི་གེའི་ལྷན་ཅིག་བྱེད་རྐྱེན་སོགས་བཀའ་དྲིན་གྱིས་ཉེ་བར་ཁྱབ་པ་དང་བཅས། འཇམ་དབྱངས་བློ་གྲོས་རྒྱ་མཚོའམ་ཕྲིན་ལས་གྲུབ་པ་རྩལ་གྱིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་ས་བྱི་ཧོར་ཟླ་དྲུག་པའི་ཚེས་ལ་ཁྲིགས་སུ་བསྡེབས་པ་འདིས་ཀྱང་རྒྱལ་བསྟན་རིན་པོ་ཆེ་དེར་འཛིན་སྡེ་དང་བཅས་པ་དར་ཞིང་རྒྱས་ལ། ནག་ཕྱོགས་ཀྱི་བདུད་དཔུང་རྩད་ནས་འཇོམས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །། | |||
}} | }} |
Latest revision as of 14:48, 1 June 2024
Wylie title | snyan brgyud phur pa'i gnad tig gi gtor bzlog phrin las rdo rje'i thog 'bebs dgra bgegs kun 'joms | |
---|---|---|
Location | mkhyen brtse'i bka' babs Volume 20, Text 17, Pages 213-247 (Folios 1a to 18a2) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Tertön | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po) | |
Associated People | པྲ་བྷ་ཧསྟི་ (Prabhahasti) | |
Citation | 'jam dbyangs mkhyen brtse chos kyi blo gros. snyan brgyud phur pa'i gnad tig gi gtor bzlog phrin las rdo rje'i thog 'bebs dgra bgegs kun 'joms. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 20: 213-247. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013. | |
Genre | Averting or Dispelling Rites- zlog pa · Torma-offering Rituals - gtor chog | |
Cycle | ཕྲིན་ལས་ཕུར་པའི་གནད་ཏིག་ (phrin las phur pa'i gnad tig) | |
Deity | rdo rje phur pa | |
Karchag page | JKW-KABAB-Volume-20-WA-Karchag | |
Recension Link | Other Versions on this site: སྙན་བརྒྱུད་ཕུར་པའི་གནད་ཏིག་གི་གཏོར་བཟློག་ཕྲིན་ལས་རྡོ་རྗེའི་ཐོག་འབེབས་དགྲ་བགེགས་ཀུན་འཇོམས། | |
RTZ | In the Rinchen Terdzö: https://rtz.tsadra.org/index.php/Terdzo-KHI-022-1 | |
Colophon |
།ཅེས་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་གཏོར་བཟློག་རྡོ་རྗེའི་ཐོག་འབེབས་དགྲ་བགེགས་ཀུན་འཇོམས་ཞེས་བྱ་བ་འདི་ནི་ཉག་ཨ་ཛི་རོང་གི་དྲི་ཧྲེད་དབོན་པོ་པདྨ་རིག་འཛིན་ནས་སྔ་རྗེས་ནན་ཏན་ཆེན་པོས་བསྐུལ་བ་དང༌། རང་གིས་བསྒྲིགས་པའི་ལས་བྱང་དང་འབྲེལ་བར་ཀུན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་གྱི་ཞལ་སྔ་ནས་ཀྱང་བྲིས་ན་ལེགས་ཚུལ་བཀའ་ཕེབས་བཞིན་རྗེ་ཉིད་ནས་ཡི་གེའི་ལྷན་ཅིག་བྱེད་རྐྱེན་སོགས་བཀའ་དྲིན་གྱིས་ཉེ་བར་ཁྱབ་པ་དང་བཅས། འཇམ་དབྱངས་བློ་གྲོས་རྒྱ་མཚོའམ་ཕྲིན་ལས་གྲུབ་པ་རྩལ་གྱིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་ས་བྱི་ཧོར་ཟླ་དྲུག་པའི་ཚེས་ལ་ཁྲིགས་སུ་བསྡེབས་པ་འདིས་ཀྱང་རྒྱལ་བསྟན་རིན་པོ་ཆེ་དེར་འཛིན་སྡེ་དང་བཅས་པ་དར་ཞིང་རྒྱས་ལ། ནག་ཕྱོགས་ཀྱི་བདུད་དཔུང་རྩད་ནས་འཇོམས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། | |
ces snyan brgyud phur pa'i gnad tig gi gtor bzlog rdo rje'i thog 'bebs dgra bgegs kun 'joms zhes bya ba 'di ni nyag a dzi rong gi dri hred dbon po pad+ma rig 'dzin nas snga rjes nan tan chen pos bskul ba dang/__rang gis bsgrigs pa'i las byang dang 'brel bar kun gzigs mchog sprul rin po che bkra shis dpal 'byor gyi zhal snga nas kyang bris na legs tshul bka' phebs bzhin rje nyid nas yi ge'i lhan cig byed rkyen sogs bka' drin gyis nye bar khyab pa dang bcas/__'jam dbyangs blo gros rgya mtsho'am phrin las grub pa rtsal gyis rdzong sar bkra shis lha rtse'i chos grwar sa byi hor zla drug pa'i tshes la khrigs su bsdebs pa 'dis kyang rgyal bstan rin po che der 'dzin sde dang bcas pa dar zhing rgyas la/__nag phyogs kyi bdud dpung rtsad nas 'joms pa'i rgyur gyur cig__/sarba dA mang+ga laM// |
Footnotes
Other Information
- JKW-KABAB-20-WA-017
- Tibetan Publications
- Tibetan Texts
- mkhyen brtse'i bka' babs
- phrin las phur pa'i gnad tig
- rdo rje phur pa
- Averting or Dispelling Rites- zlog pa
- Torma-offering Rituals - gtor chog
- 'jam dbyangs mkhyen brtse chos kyi blo gros
- 'jam dbyangs mkhyen brtse'i dbang po
- Prabhahasti
- JKW-KABAB-Volume-20-WA
- Khyentse Lineage Project