DKR-KABUM-23-'A-003: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-23-'A-003
No edit summary
m (Text replacement - "Khyentse Metadata" to "Text")
 
(3 intermediate revisions by one other user not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=
|sectionheading=No
|fulltitle=
|fulltitletib=འཇམ་མགོན་མི་ཕམ་རྒྱ་མཚོའི་ཉེ་གནས་མཉེས་པ་གསུམ་གྱི་ཞབས་ཏོག་མཐར་ཕྱིན་པའི་བླ་མ་ཆོས་དབྱིངས་འོད་གསལ་གྱི་རྣམ་ཐར་ཡིད་ཆེས་དད་བརྒྱའི་གསོས་སྨན།
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 23: . Delhi: Shechen Publications, 1994.
|fulltitle='jam mgon mi pham rgya mtsho'i nye gnas mnyes pa gsum gyi zhabs tog mthar phyin pa'i bla ma chos dbyings 'od gsal gyi rnam thar yid ches dad brgya'i gsos sman
|citation=[[Khyentse, Dilgo]]. '''jam mgon mi pham rgya mtsho'i nye gnas mnyes pa gsum gyi zhabs tog mthar phyin pa'i bla ma chos dbyings 'od gsal gyi rnam thar yid ches dad brgya'i gsos sman''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 23: 207-213. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealer=
|tibgenre=Biographies - Hagiography - rnam thar
|sourcerevealertib=
|sourceauthor=
|sourceauthortib=
|associatedpeople=
|associatedpeopletib=
|tibgenre=Sadhanas - Evocation Ritual - sgrub thabs
|terma=No
|terma=No
|dkroutline=Seven
|dkroutline=Seven
|deity=
|cycle=
|cycletib=
|parentcycle=
|parentcycletib=
|volumenumber=023
|volumenumber=023
|volnumtib=༢༣
|volnumtib=༢༣
|volyigtib=འ་
|volyigtib=འ་
|totalvolumes=25
|totalvolumes=25
|beginfolioline=1a
|textnuminvol=003
|textnuminvol=003
|pdflink=File:DKR-KABUM-23-'A-003.pdf
|pagenumbers=207-213
|totalpages=7
|beginfolioline=1a1
|endfolioline=4a3
|totalfolios=4
|multivolumework=No
|versonotes=bla ma 'od gsal gyi rnam thar
|colophontib=འདི་ནས་མཛད་འཕྲོར་ལུས།
|colophonwylie='di nas mdzad 'phror lus/
|pdflink=File:DKR-KABUM-23-A-003.pdf
}}
}}
{{Header}}
{{Header}}

Latest revision as of 08:12, 1 June 2024

Wylie title 'jam mgon mi pham rgya mtsho'i nye gnas mnyes pa gsum gyi zhabs tog mthar phyin pa'i bla ma chos dbyings 'od gsal gyi rnam thar yid ches dad brgya'i gsos sman DKR-KABUM-23-A-003.pdf
Location dil mgo mkhyen brtse bka' 'bum
Volume 23, Text 3, Pages 207-213 (Folios 1a1 to 4a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. 'jam mgon mi pham rgya mtsho'i nye gnas mnyes pa gsum gyi zhabs tog mthar phyin pa'i bla ma chos dbyings 'od gsal gyi rnam thar yid ches dad brgya'i gsos sman. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 23: 207-213. Delhi: Shechen Publications, 1994.
Genre Biographies - Hagiography - rnam thar
Colophon

འདི་ནས་མཛད་འཕྲོར་ལུས།

'di nas mdzad 'phror lus/

[edit]
༄༅། །འཇམ་མགོན་མི་ཕམ་རྒྱ་མཚོའི་ཉེ་གནས་མཉེས་པ་གསུམ་གྱི་ཞབས་ཏོག་མཐར་ཕྱིན་པའི་བླ་མ་ཆོས་དབྱིངས་འོད་གསལ་གྱི་རྣམ་ཐར་ཡིད་ཆེས་དད་བརྒྱའི་གསོས་སྨན་ཞེས་བྱ་བ་བཞུགས། རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས། །སྔ་འགྱུར་ཤིང་རྟའི་སྲོལ་འབྱེད་པཎ་ཆེན་ཚུལ། །མཆོག་དང་གཉིས་མེད་འོད་གསལ་རྡོ་རྗེ་ཞེས། །མཚུངས་མེད་རྣམ་འདྲེན་མཆོག་ལ་གུས་བཏུད་ནས། །གང་གི་རྣམ་ཐར་བདུད་རྩིའི་ཕྲེང༌། །ཡིད་དང་རྣ་བའི་རྒྱན་རྨད་བྱུང༌། །བརྗེད་དུ་འཕོངས་ནས་སྐལ་བཟང་ལ། །སྨན་ཕྱིར་རེག་ཟིག་འདི་ལྟར་སྤེལ། །དེ་ཡང་དཔལ་ལྡན་བླ་མ་དམ་པ་འདི་ཉིད་ཐོག་མར་སྐུ་འཁྲུངས་སའི་གནས་ནི་ཤར་རྒྱལ་མོ་རོང་སྟེ་ཁྱིམ་དུ་མ་བཞུགས་པར་དགུང་གྲངས་བཅོ་བརྒྱད་སྟེང་གྲོགས་ཁ་ཤས་དང་བཅས་ཏེ་རྒྱ་ནག་གླང་ཆེན་འགྱིང་རི་བསྐོར་བར་ཕེབས། ཆོས་སྒོར་ཞུགས་ནས་གྲྭ་ས་གཅད་དགོས་དགོངས་ནས་ལོ་གཅིག་ཙམ་བཞུགས། ཀློག་དང་ཆོས་སྤྱོད་སོགས་དང་བོད་སྐད་བརྡའ་འཕྲོད་ཙམ་མཁྱེན། བླ་མ་ཚད་ལྡན་ཞིག་མ་བསྟེན་ན་འདི་ཙམ་གྱིས་ཕན་མི་འདུག །བླ་མ་ཞིག་བསྟེན་དགོས་པར་ཐུགས་ལ་ཡང་ཡང་ཤར་བཞིན་ཏྲེ་ཧོར་བྲག་མགོར་བྱོན། དེར་དགེ་ལུགས་ཀྱི་བླ་མ་རྫ་ལྷ་མགོན་ཞེས་ཐུགས་དམ་དཀོན་མཆོག་སྤྱི་འདུས་བསྟེན་ཅིང་ལུང་བསྟན་མང་པོ་གསུང་མཁན་ཞིག་འདུག་པ་མཇལ་ནས་ང་བླ་མ་སུའི་དྲུང་དུ་སོང་ན་ལེགས་ཞུས་པས། ཁྱེད་རང་གི་ཚེ་རབས་ལས་ཀྱི་བླ་མ་འཇུ་མི་ཕམ་རེད་འདུག་པས་དེ་ཡི་དྲུང་དུ་སོང་ན་ལེགས། ད་ེཡང་མྱུར་དུ་སོང་ན་མ་གཏོགས་མཇལ་ས་མི་འདུག་གསུངས་པས་བླ་མ་དེ་གང་དུ་བཞུགས་སྐད་ཆ་དྲིས་པས་དཀར་མོ་སྟག་ཚང་ཞེས་པའི་རི་ཁྲོད་དུ་བཞུགས་པར་རྩད་ཆོད་པས་གཞན་གང་དུའང་མ་སོང་བར་དེར་གཏད་ནས་བྱོན། བླ་མ་མཇལ་ཉིན་ཁ་བ་ཆེན་པོ་ཞིག་བབ། ཞོགས་པ་སྔ་པོ་མཇལ་སྐབས་ང་བླ་མ་ཞིག་བསྟེན་དགོས་འདུག །རྫ་ལྷ་མགོན་གྱིས་ཁྱེད་ཀྱི་མདུན་སོངས་ཞེས་ལུང་བསྟན་པས་ཁྱེད་ཀྱི་མདུན་དུ་སྡོད་ཆོག་པ་དགོས་ཞུས་པས། ཁྱེད་རང་ཤར་རྒྱལ་མོ་རོང་པ་རེད། ང་བྱང་རྫ་ཆུ་ཁར་སྐྱེས་པ་རེད། ང་ལ་ད་སྔ་གཡོག་པོར་བཞག་ཐབས་མི་མཆོག་དམན་མང་པོས་ཟེར་ཡང་གཅིག་ཀྱང་མ་བཞག །རང་རེ་གཉིས་ཀ་ཨ་ཅོ་གཉིས་རེད་པས་མཐུན་ན་མཉམ་དུ་སྡོད། མ་མཐུན་ན་སོ་སོར་འགྲོ་ཆོག་གི་རེད། སྡོད་དང་ཆོག་གསུངས། དེར་སློབ་མ་མང་པོ་འདུག་པ་བླ་མས་དེ་ལྟར་གསུང་སྐད་ཐོས་པས་ཐམས་ཅད་ཡ་མཚན་སྐྱེས་སོང་གསུངས། དེ་སྐབས་རྗེ་བླ་མ་རིན་པོ་ཆེ་ཟླ་བ་གཅིག་གི་མཚམས་ནས་སྐུ་མཚམས་བཅད་རྒྱར་བཞུགས་རྒྱུ་རེད་འདུག་པས་རྫ་ལྷ་མགོན་གྱིས་མྱུར་དུ་སོང་གསུངས་པ་ལུང་བསྟན་རྣོན་པོ་གསུང་འདུག་དགོངས་ནས་ཡིད་ཆེས་པ་བྱུང༌། སྤྱིར་ཕྱག་ལས་ལ་ཤིན་ཏུ་བྲིན་པས་མེ་ཤིང་བསྡུ་བ་སོགས་ཞབས་ཞུ་གང་དགོས་དཀའ་ངལ་མེད་པར་སྒྲུབ། གོ་འཇོའི་སློབ་མ་རྣམས་ཀྱིས་སེམས་ཀྱི་སྤྱོད་པ་རྣམ་སྦྱོང་དང༌། དབུ་མའི་ལྟ་ཁྲིད་ཞུས་ཏེ་ལོ་ལྔ་རེ་སྒོམ་གྱི་འདུག་པས་དེ་རྣམས་ཀྱང་ཞུས་ནས་ཉམས་ལེན་མཛད། བླ་མ་དཔལ་ལྡན་ལས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་རྗེ་བླ་མས་གསན་པ་དེ་ཡང་གསན། བླ་མ་འདི་ལྗགས་ཀློག་ཤིན་ཏུ་སྒྲ་དག་པས་མི་ཕམ་རིན་པོ་ཆེ་རང་གིས་བཀའ་འགྱུར་དཔེ་བལྟས་ཞིབ་ཏུ་མཛད་པ་དང་ཁྱད་པར་མ་བྱུང་གསུངས། ཞར་བྱུང་སངས་རྒྱས་མཚན་འབུམ་དང་ལས་སྒྲིབ་རྒྱུན་གཅོད་ཀྱང་བཀའ་བསྡུ་གནང༌། ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་དངོས་སློབ་སྨྱོ་ཤུལ་ལུང་རྟོགས་ལས་ཡེ་ཤེས་བླ་མའི་སྨིན་ཁྲིད་རྗེ་བླ་མ་དང༌། གསང་བདག་འཇམ་དབྱངས་བློ་གཏེར་དབང་པོ་སོགས་ཀྱིས་གསན་པའང་ཞུས་ཤིང་ཁྲིད་སྦྱོང་སྦྱང་གནང༌། སྐབས་ཤིག་ཁྱེད་རང་རྫོང་སར་དུ་སོངས། ཕྲན་གྱི་ཡི་གེ་འདི་མཁྱེན་བརྩེ་རིན་པོ་ཆེ་ལ་ཕུལ་དང་དབང་ཞིག་ཐོབ་ས་ཡོད་གསུངས་བཏང་བྱུང་བ་བཞིན་ཕེབ་པས་ཨ་ཐུབ་ཚང་ཨ་ནེ་གཉིས་སོགས་ལ་ཀློང་སྙིང་རིག་འཛིན་འདུས་པའི་དབང་དང༌། ཡོན་ཏན་མཛོད་ཤིང་རྟ་རྣམ་གཉིས་རྩ་འགྲེལ་གྱི་ཁྲིད་ལུང་རྒྱས་པར་གནང་བ་ལྷན་དུ་ཐོབ། དབང་བཞི་པའི་སྐབས། སེམས་གང་ཡིན་ཞེས་སྤྱན་གྱིས་ལྟ་སྟངས་དང་བཅས་སྡིགས་མཛུབ་གཏད་བྱུང་བས་སྔར་དང་མ་འདྲ་བའི་རིག་སྟོང་ཁྱབ་བརྡལ་གྱི་མྱོང་བ་ཞིག་སྐྱེས། གཏད་རྒྱའི་སྐབས་ཡོན་ཏན་མཛོད་ཀྱི་གླེགས་བམ་དབུ་ལ་བཀོད་པས་བྱིན་རླབས་ཀྱི་བབ་ཆེན་པོ་འདུག་སྙམས་པ་བྱུང་བས་སེམས་ཉིད་ངོ་སྤྲོད་ཀྱི་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཡིན་གསུངས་ནས་དད་གདུང་ཤིན་ཏུ་ཆེ་བར་གནང༌། བླ་མ་རིན་པོ་ཆེས་ཁྱེད་རང་ཧོར་ཁོག་ཏུ་སོངས། ལ་དཀར་ཚང་ནས་མཛོ་མོ་ཁ་ཤས་ཉོ་འོང་ས་ཡོད་པས་ཡར་དེད་ཤོག་གསུང་ཕྱག་བྲིས་བཅས་ཏེ་རྐང་འགྲོས་ཤིན་ཏུ་མྱུར་བར་ཕེབས། མཛོ་མོ་རྣམས་དང་གྲོགས་བཅས་ཡར་བཏང་བ་སྟག་ཚང་རི་ཁྲོད་དུ་ཕེབས། སྟག་ཚང་ལུང་པའི་དབུ་རྩྭ་ཡོད་སར་མཛོ་མོ་རྣམས་བཏང༌། དགུན་དུས་ཤིན་ཏུ་གྲང་བས་ཁ་བ་ཆེན་པོ་བབས་དུས་ན་བཟའ་ཡང་རས་རྐྱང་ལས་མེད་པས་མཛོ་མོ་རྣམས་ཕྱིར་ལན་པར་ཕེབས་དུས་ཁ་བ་ཆེ་སར་ནུབ་སྟེ་བརླ་རྩ་བར་ཟུག་པ་བྱུང༌། འོ་མ་དཀྲོག་པ། གསོལ་ཞོ་སོགས་ཐམས་ཅད་གཙང་སྦྲ་དང་བཅས་ཏེ་མཛད། གོ་འཇོའི་སློབ་མ་རྣམས་གྲོགས་དང་བཅས་བླ་མ་རིན་པོ་ཆེའི་གཟིམས་སྤྱིལ་གསར་པ་ཞིག་བརྩིག་པར་སྟག་ཚང་ཀེའུ་ཚང་གི་རྩེར་རིག་འཛིན་ཤྲཱི་སེངྷའི་ཞལ་གཟིགས་ས་ཡིན་པའི་བྲག་སྟེགས་ཤིག་ཏུ་ས་དཔྱད་ལེགས་གསུངས། སྐར་ཁུང་རྒྱ་ཁྲ་དགོས་པ་མི་ཕམ་རིན་པོ་ཆེས་ང་རྒྱ་གར་དུ་ཤིང་མཁན་མཁས་པ་ཞིག་ཏུ་སྐྱེས་པ་དྲན་གྱི་འདུག་ངས་བཟོ་ཆོག་གསུངས་ནས་ཕྱག་བརྐོས་གནང༌། དེར་བཀའ་བརྒྱད་བདེ་འདུས་ཀྱི་བསྙེན་སྒྲུབ་ཟླ་བ་དྲུག་ཏུ་གསུང་ངག་བཅད་དེ་གནང༌། དེའི་ཐུན་མཚམས་སུ་བཀའ་བརྒྱད་རྣམ་བཤད་ལྗགས་རྩོམ་གནང་བས་བཀའ་བརྒྱད་སྐོར་གྱི་ཕྱག་དཔེ་རྫོང་སར་ནས་བཞེས་དགོས་པས་ཞོགས་པ་སྔ་བར་རྫོང་སར་དགོན་པའི་རྒྱབ་རི་འབྲུག་མགོ་བརྒྱུད་དེ་ཉི་དྲོས་ལ་མཁྱེན་བརྩེ་རིན་པོ་ཆེའི་བླ་བྲང་དུ་ཕེབས་ཐུབ་པ་བྱས་ནས་པོད་དྲུག་བདུན་རེ་སྐུ་རྒྱབ་ཏུ་གདན་སྟེ་ཉིན་གུང་གསོལ་ཚིག་ཕུལ་དུས་བླ་མ་རིན་པོ་ཆེའི་ཞབས་སར་སླེབ་ཐུབ་པར་མཛད་དེ་ཐེང་ཁ་ཤས་ཕེབས་པས། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསོལ་དཔོན་བླ་མ་པདྨ་དོན་ཡོད་ཀྱང་སྟག་ཚང་དུ་བཞུགས་ཡོད་པས་ཐུགས་ཤིན་ཏུ་མཉེས་ཏེ། ང་སྔར་རྒྱལ་སྲས་གཞན་ཕན་མཐའ་ཡས་དབུས་གཙང་དུ་ཕེབས་སྐབས་ང་རང་ཁུར་ལྗིད་པོ་ཞིག་རྒྱབ་ཏུ་འཁུར། ཆིབས་དྲེལ་བཞི་ལྔ་ཞིག་ཡོད་པ་ཁལ་བཀལ་ནས་སྣ་ཁྲིད། རིན་པོ་ཆེ་ཆིབས་པ་བཅས་རྗེས་སུ་ཕེབས་སྐབས། རྒྱུག་མ་ཚུགས་འདུར་གྱིས་མྱུར་དུ་འགྲོ་སྐབས་རིན་པོ་ཆེས་པད་གཅེས་ག་ལེར་ཕེབས། དྲེའུ་རྣམས་རྒྱབ་ཆད་ཀྱི་རེད་གསུངས་ནས་ཡང་དལ་བུས་འགྲོ་གི་ཡོད། རྫོགས་ཆེན་ཤྲཱི་སེང་དུ་བཞུགས་དུས་གསོལ་ཞིབ་ང་རང་གི་ལག་པས་འཐག །རང་འཐག་གི་མདུན་དུ་སྤྱོད་འཇུག་གི་དཔེ་ཆ་དེ་བཞག་ནས་མཇལ། རྒྱབ་ཏུ་རྐྱལ་པ་ཞིག་གི་ནང་འོ་མ་བླུགས་ནས་གསོལ་མར་འཐོན་པ་བྱས་ནས་ཞབས་ཏོག་བྱས་པ་ཡིན། ཁྱོད་ཀྱང་དེ་ལྟར་རེད་ཅེས་ཡང་ཡང་གསུངས། གཟིམས་སྤྱིལ་དཀར་ཆག་དང་སྟག་ཚང་གནས་བསྟོད་བཅས་བླ་མ་རིན་པོ་ཆེའི་ཕྱག་བྲིས་དངོས་དེར་མཇལ་དུ་ཡོད། འདི་ནས་མཛད་འཕྲོར་ལུས།
[edit]

@#/_/'jam mgon mi pham rgya mtsho'i nye gnas mnyes pa gsum gyi zhabs tog mthar phyin pa'i bla ma chos dbyings 'od gsal gyi rnam thar yid ches dad brgya'i gsos sman zhes bya ba bzhugs/_rgyal kun yab gcig rje btsun 'jam dpal dbyangs/_/snga 'gyur shing rta'i srol 'byed paN chen tshul/_/mchog dang gnyis med 'od gsal rdo rje zhes/_/mtshungs med rnam 'dren mchog la gus btud nas/_/gang gi rnam thar bdud rtsi'i phreng*/_/yid dang rna ba'i rgyan rmad byung*/_/brjed du 'phongs nas skal bzang la/_/sman phyir reg zig 'di ltar spel/_/de yang dpal ldan bla ma dam pa 'di nyid thog mar sku 'khrungs sa'i gnas ni shar rgyal mo rong ste khyim du ma bzhugs par dgung grangs bco brgyad steng grogs kha shas dang bcas te rgya nag glang chen 'gying ri bskor bar phebs/_chos sgor zhugs nas grwa sa gcad dgos dgongs nas lo gcig tsam bzhugs/_klog dang chos spyod sogs dang bod skad brda' 'phrod tsam mkhyen/_bla ma tshad ldan zhig ma bsten na 'di tsam gyis phan mi 'dug_/bla ma zhig bsten dgos par thugs la yang yang shar bzhin tre hor brag mgor byon/_der dge lugs kyi bla ma rdza lha mgon zhes thugs dam dkon mchog spyi 'dus bsten cing lung bstan mang po gsung mkhan zhig 'dug pa mjal nas nga bla ma su'i drung du song na legs zhus pas/_khyed rang gi tshe rabs las kyi bla ma 'ju mi pham red 'dug pas de yi drung du song na legs/_da \u0f7ayang myur du song na ma gtogs mjal sa mi 'dug gsungs pas bla ma de gang du bzhugs skad cha dris pas dkar mo stag tshang zhes pa'i ri khrod du bzhugs par rtsad chod pas gzhan gang du'ang ma song bar der gtad nas byon/_bla ma mjal nyin kha ba chen po zhig bab/_zhogs pa snga po mjal skabs nga bla ma zhig bsten dgos 'dug_/rdza lha mgon gyis khyed kyi mdun songs zhes lung bstan pas khyed kyi mdun du sdod chog pa dgos zhus pas/_khyed rang shar rgyal mo rong pa red/_nga byang rdza chu khar skyes pa red/_nga la da snga g.yog por bzhag thabs mi mchog dman mang pos zer yang gcig kyang ma bzhag_/rang re gnyis ka a co gnyis red pas mthun na mnyam du sdod/_ma mthun na so sor 'gro chog gi red/_sdod dang chog gsungs/_der slob ma mang po 'dug pa bla mas de ltar gsung skad thos pas thams cad ya mtshan skyes song gsungs/_de skabs rje bla ma rin po che zla ba gcig gi mtshams nas sku mtshams bcad rgyar bzhugs rgyu red 'dug pas rdza lha mgon gyis myur du song gsungs pa lung bstan rnon po gsung 'dug dgongs nas yid ches pa byung*/_spyir phyag las la shin tu brin pas me shing bsdu ba sogs zhabs zhu gang dgos dka' ngal med par sgrub/_go 'jo'i slob ma rnams kyis sems kyi spyod pa rnam sbyong dang*/_dbu ma'i lta khrid zhus te lo lnga re sgom gyi 'dug pas de rnams kyang zhus nas nyams len mdzad/_bla ma dpal ldan las rgyal ba'i bka' 'gyur rin po che'i lung rje bla mas gsan pa de yang gsan/_bla ma 'di ljags klog shin tu sgra dag pas mi pham rin po che rang gis bka' 'gyur dpe bltas zhib tu mdzad pa dang khyad par ma byung gsungs/________zhar byung sangs rgyas mtshan 'bum dang las sgrib rgyun gcod kyang bka' bsdu gnang*/_chos rje dpal sprul rin po che'i dngos slob smyo shul lung rtogs las ye shes bla ma'i smin khrid rje bla ma dang*/_gsang bdag 'jam dbyangs blo gter dbang po sogs kyis gsan pa'ang zhus shing khrid sbyong sbyang gnang*/_skabs shig khyed rang rdzong sar du songs/_phran gyi yi ge 'di mkhyen brtse rin po che la phul dang dbang zhig thob sa yod gsungs btang byung ba bzhin pheb pas a thub tshang a ne gnyis sogs la klong snying rig 'dzin 'dus pa'i dbang dang*/_yon tan mdzod shing rta rnam gnyis rtsa 'grel gyi khrid lung rgyas par gnang ba lhan du thob/_dbang bzhi pa'i skabs/_sems gang yin zhes spyan gyis lta stangs dang bcas sdigs mdzub gtad byung bas sngar dang ma 'dra ba'i rig stong khyab brdal gyi myong ba zhig skyes/_gtad rgya'i skabs yon tan mdzod kyi glegs bam dbu la bkod pas byin rlabs kyi bab chen po 'dug snyams pa byung bas sems nyid ngo sprod kyi bla ma 'jam dbyangs mkhyen brtse'i dbang po yin gsungs nas dad gdung shin tu che bar gnang*/_bla ma rin po ches khyed rang hor khog tu songs/_la dkar tshang nas mdzo mo kha shas nyo 'ong sa yod pas yar ded shog gsung phyag bris bcas te rkang 'gros shin tu myur bar phebs/_mdzo mo rnams dang grogs bcas yar btang ba stag tshang ri khrod du phebs/_stag tshang lung pa'i dbu rtswa yod sar mdzo mo rnams btang*/_dgun dus shin tu grang bas kha ba chen po babs dus na bza' yang ras rkyang las med pas mdzo mo rnams phyir lan par phebs dus kha ba che sar nub ste brla rtsa bar zug pa byung*/_'o ma dkrog pa/_gsol zho sogs thams cad gtsang sbra dang bcas te mdzad/_go 'jo'i slob ma rnams grogs dang bcas bla ma rin po che'i gzims spyil gsar pa zhig brtsig par stag tshang ke'u tshang gi rtser rig 'dzin shrI seng+ha'i zhal gzigs sa yin pa'i brag stegs shig tu sa dpyad legs gsungs/_skar khung rgya khra dgos pa mi pham rin po ches nga rgya gar du shing mkhan mkhas pa zhig tu skyes pa dran gyi 'dug ngas bzo chog gsungs nas phyag brkos gnang*/_der bka' brgyad bde 'dus kyi bsnyen sgrub zla ba drug tu gsung ngag bcad de gnang*/_de'i thun mtshams su bka' brgyad rnam bshad ljags rtsom gnang bas bka' brgyad skor gyi phyag dpe rdzong sar nas bzhes dgos pas zhogs pa snga bar rdzong sar dgon pa'i rgyab ri 'brug mgo brgyud de nyi dros la mkhyen brtse rin po che'i bla brang du phebs thub pa byas nas pod drug bdun re sku rgyab tu gdan ste nyin gung gsol tshig phul dus bla ma rin po che'i zhabs sar sleb thub par mdzad de theng kha shas phebs pas/_rgyal sras gzhan phan mtha' yas kyi gsol dpon bla ma pad+ma don yod kyang stag tshang du bzhugs yod pas thugs shin tu mnyes te/_nga sngar rgyal sras gzhan phan mtha' yas dbus gtsang du phebs skabs nga rang khur ljid po zhig rgyab tu 'khur/_chibs drel bzhi lnga zhig yod pa khal bkal nas sna khrid/_rin po che chibs pa bcas rjes su phebs skabs/_rgyug ma tshugs 'dur gyis myur du 'gro skabs rin po ches pad gces ga ler phebs/_dre'u rnams rgyab chad kyi red gsungs nas yang dal bus 'gro gi yod/_rdzogs chen shrI seng du bzhugs dus gsol zhib nga rang gi lag pas 'thag_/rang 'thag gi mdun du spyod 'jug gi dpe cha de bzhag nas mjal/_rgyab tu rkyal pa zhig gi nang 'o ma blugs nas gsol mar 'thon pa byas nas zhabs tog byas pa yin/_khyod kyang de ltar red ces yang yang gsungs/_gzims spyil dkar chag dang stag tshang gnas bstod bcas bla ma rin po che'i phyag bris dngos der mjal du yod/_'di nas mdzad 'phror lus/

Footnotes

Other Information