དཔལ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ཀྱི་རྒྱལ་པོ་གསང་བ་སྙིང་པོའི་བཤད་སྒྲུབ་བསྟན་པ་རྒྱས་པའི་སྨོན་ལམ་ཀུན་བཟང་རྡོ་རྗེ་སེམས་དཔའི་བདེན་ཚིག།

From Khyentse Lineage - A Tsadra Foundation Project
Wylie title dpal sgyu 'phrul drwa ba rtsa ba'i rgyud kyi rgyal po gsang ba snying po'i bshad sgrub bstan pa rgyas pa'i smon lam kun bzang rdo rje sems dpa'i bden tshig DKR-KABUM-23-A-004.pdf
Location dil mgo mkhyen brtse bka' 'bum
Volume 23, Text 4, Pages 215-226 (Folios 1a to 6b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Dpal sgyu 'phrul drwa ba rtsa ba'i rgyud kyi rgyal po gsang ba snying po'i bshad sgrub bstan pa rgyas pa'i smon lam kun bzang rdo rje sems dpa'i bden tshig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 23: 215-226. Delhi: Shechen Publications, 1994.
Genre Prayers - smon lam
[edit]
༄༅། །དཔལ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ཀྱི་རྒྱལ་པོ་གསང་བ་སྙིང་པོའི་བཤད་སྒྲུབ་བསྟན་པ་རྒྱས་པའི་སྨོན་ལམ་ཀུན་བཟང་རྡོ་རྗེ་སེམས་དཔའི་བདེན་ཚིག་ཅེས་བྱ་བ་བཞུགས་སོ། ཨོཾ་སྭ་སྟི་ཤྲཱི་སིདྡྷི་ཧཱུྃ། མི་ཤིགས་རྡོ་རྗེ་དབྱིངས་ཀྱི་ཐིག་ལེའི་ཀློང༌། །འོད་གསལ་སྒྱུ་འཕྲུལ་དྲྭ་བའི་ཁྱབ་བདག་མཆོག །སྲིད་ཞི་ཀུན་ཁྱབ་སེམས་དཔའ་འཁོར་ལོའི་བདག །ཀུན་བཟང་དང་པོའི་མགོན་པོ་ཆོས་ཀྱི་སྐུ། །ཞི་ཁྲོ་རབ་འབྱམས་རིགས་གསུམ་དྲྭ་མ་ལྔ། །རྒྱལ་པོ་ཛ་དང་སྒེག་རྡོར་སངས་རྒྱས་གསང༌། །པཎ་ཆེན་བི་མ་རང་བྱུང་པདྨ་སྐྱེས། །བཻ་རོ་གཉགས་གནུབས་རྨ་སོགས་ལོ་པཎ་ཚོགས། །ཟུར་པ་མེས་དབོན་རོང་ཀློང་དམ་གཙང་བྱམས། །ཆོས་ཀྱི་རྒྱལ་པོ་གཏེར་ཆེན་སྐུ་མཆེད་སོགས། །སྒྱུ་འཕྲུལ་བཤད་སྒྲུབ་བརྒྱུད་པའི་བླ་མ་དང༌། །ཡི་དམ་མཁའ་འགྲོ་ལེགས་ལྡན་ལྕམ་དྲལ་སོགས། །རབ་བྱམས་རྩ་གསུམ་དཀྱིལ་འཁོར་ལྷ་ཡི་ཚོགས། །དད་མོས་གདུང་བའི་གསོལ་འདེབས་རྒྱུད་བསྐུལ་ན། །དབྱིངས་ནས་མཁྱེན་བརྩེའི་ཡེ་ཤེས་རྩལ་སྤྲུགས་ལ། །རྣམ་དག་སྨོན་པའི་གནས་འདི་མྱུར་འགྲུབ་མཛོད། །རྒྱ་ཆེན་བཀའ་ཡི་རྒྱུད་ལུང་རྒྱ་མཚོ་འཁྱིལ། །ཟབ་དོན་གཏེར་གྱི་རི་གླིང་བཀོད་པས་མཛེས། །འོད་གསལ་དག་སྣང་ཉི་ཟླའི་ཟེར་ཕྲེང་ཅན། །སྔ་འགྱུར་བཤད་སྒྲུབ་ཆུ་གཏེར་རྒྱས་གྱུར་ཅིག །གབ་སྦས་གསང་བ་ཟབ་མོའི་གཞིའི་གནས་ལུགས། །ཐབས་གྲོལ་ཆོས་ཀྱི་སྙིང་པོས་མངོན་བྱས་ནས། །སྐུ་གསུམ་འབྲས་བུའི་དེ་ཉིད་ངེས་པའི་དོན། །སྒྱུ་འཕྲུལ་རྒྱུད་ཀྱི་བཤད་སྒྲུབ་རྒྱས་གྱུར་ཅིག །འཕགས་པའི་ཡེ་ཤེས་དབྱིངས་སུ་འཇུག་པའི་ཐབས། །དཔག་ཡས་ཟབ་རྒྱས་རྒྱུད་ཀྱི་སྙིང་པོའི་བཅུད། །མན་ངག་ངེས་པའི་གསང་བ་རྟོགས་པའི་རྒྱལ། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །ཐབས་མཆོག་རིགས་ལྔ་སྒྱུ་འཕྲུལ་ཞི་ཁྲོའི་ལྷ། །ཤེས་རབ་དབྱིངས་ཀྱི་དྲྭ་བར་སྡོམ་པ་ལས། །གདན་གསུམ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེ། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །མཐའ་ཡས་ཆོས་ཕུང་བརྒྱད་ཁྲིའི་ཟབ་ཞིའི་དོན། །འདིར་སྟོན་འདིས་སྟོན་འདི་གཅིག་རྟོགས་ཕྱིར་དུ། །གསུངས་པས་ཆེ་བ་བརྒྱད་ལྡན་ལུང་གི་སྤྱི། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །སྐུ་གསུང་ཐུགས་ཀྱི་གསང་བ་མི་ཟད་པ། །དབྱིངས་རིག་ཨེ་ཝཾ་ཕྱག་རྒྱའི་དཔྱིད་གྲུབ་པས། །བརྟན་བསྡུས་རྟོགས་པའི་རྡོ་རྗེ་སེམས་དཔའི་རྒྱུད། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །ཆོས་ཅན་ཀུན་རྗོབ་རྣམ་དག་ལྷའི་འཁོར་ལོ། །ཆོས་ཉིད་ཟབ་གསལ་དབྱེར་མེད་དོན་དམ་དབྱིངས། །གདོད་ནས་དག་མཉམ་ཟུང་འཇུག་ཕྱག་རྒྱར་བསྟན། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །གནས་ལུགས་མངོན་བྱེད་ཟབ་ལམ་ལྟ་སྤྱོད་སོགས། །རྒྱུད་ཀྱི་དངོས་པོ་ཕ་རོལ་ཕྱིན་པ་བཅུས། །ལམ་གྱུར་སྤང་རྟོགས་ཇི་བཞིན་མངོན་བྱེད་པ། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །སྤྱོད་དང་རིག་པ་མཉམ་པའི་བརྟུལ་ཞུགས་ཀྱི། །སྐལ་བ་ཅན་ལ་ཕྱི་ནང་གསང་བ་ཡི། །ཕན་དང་ནུས་པའི་ཟབ་དབང་གིས་སྨིན་བྱེད། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །ཐབས་མཆོག་བསྐྱེད་པས་སྣང་སྲིད་དག་པར་ཤར། །རྫོགས་རིམ་སྙིང་པོས་མཉམ་པའི་ཡེ་ཤེས་རྟོགས། །ལྷག་པའི་བདེན་གཉིས་དབྱེར་མེད་ལམ་གྱི་སྲོག །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །ཡང་དག་ལྟ་བས་ལོག་རྟོག་མུན་པ་བསལ། །བདེན་བཞིའི་རྟེན་འབྲེལ་ཐེག་ཆེན་ལམ་དུ་ཞུགས། །འདུལ་བ་དགོངས་པ་གསང་བའི་ལམ་སྟོན་བྱེད། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །འཁོར་འདས་རྒྱུ་གཅིག་འགག་མེད་ཡིག་འབྲུའི་སྤྲིན། །མི་ཟད་རྒྱན་གྱི་འཁོར་ལོ་བྱིན་རླབས་པས། །མངོན་སུམ་རྟོགས་པའི་ཤེས་བྱའི་ལྟ་བ་སྟོན། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །སེམས་ཉིད་ཡེ་ཤེས་ལྷ་རུ་རྣམ་པར་སྨིན། །ཚེ་ལ་དབང་ཐོབ་ཕྱག་རྒྱའི་རིག་འཛིན་ལྔ་གྲུབ། །སྐུ་ལྔ་ལྷུན་གྲུབ་འབྲས་བུའི་སར་སྦྱོར་བའི། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་བདག །རབ་འབྱམས་ཞི་ཁྲོའི་ཁྱབ་བདག་འབྲས་ཐོབ་བྱེད། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །སྐུ་གསུམ་ཡེ་ཤེས་ལྔ་ལྡན་མི་སློབ་པར། །བདེ་སྟོང་འཕོ་མེད་རྡོ་རྗེ་སེམས་དཔའི་དཔལ། །མཐོང་བའི་ཆོས་ལ་མངོན་བྱེད་ངེས་གསང་སྙིང༌། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །རབ་འབྱམས་ཆོས་ཕུང་བརྒྱད་ཁྲིའི་ཉིང་ཁུ་མཆོག །ལུང་རྟོགས་བསྟན་པའི་སྙིང་པོ་འདི་ཁོ་ན། །མཁས་གྲུབ་རིག་འཛིན་བྱེ་བའི་གཤེགས་ཤུལ་ཆེ། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །ངེས་གསང་རྒྱུད་ཀྱི་རྒྱལ་པོ་ཐེག་པའི་རྩེ། །མདོ་སྔགས་བསྟན་པའི་འབྱུང་གནས་ལུང་རྟོགས་སྲོག །སངས་རྒྱས་ཀུན་གྱི་ཉེ་ལམ་དགོངས་པའི་མཐིལ། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོའི་དབྱིངས། །འོད་གསལ་ཡེ་ཤེས་རང་སྣང་རྣམ་པར་རོལ། །རྡོ་རྗེ་གསང་བ་ཆེན་པོའི་ཚིག་མཆོག་རྒྱུད། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །མཚོན་བྱ་གཞི་ལམ་འབྲས་བུའི་རྒྱུད་ཀྱི་དོན། །མཚོན་བྱེད་སྒྲར་སྣང་གྲགས་པའི་བརྡ་ཡི་རྒྱུད། །ཀུན་མཐུན་ཀུན་ལས་ཁྱད་པར་འཕགས་པའི་ཆོས། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །ཕན་ནུས་ཟབ་མོའི་དབང་བཞིའི་རྒྱ་མཚོའི་གླིང༌། །བཤད་སྒྲུབ་ཆུ་བོ་སྟོང་གིས་མཛེས་པར་བསྐོར། །བྱིན་རླབས་གཟི་འབར་དངོས་གྲུབ་དབྱིག་གིས་གཏམས། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །དབང་གི་ཆུ་བོ་རྣམ་བཞིའི་སློབ་དཔོན་ཆེའི། །ཐུགས་བཅུད་རྡོ་རྗེ་ཅན་གྱི་གསང་མཛོད་སྒྲོམ། །རྡོ་རྗེའི་དངོས་གྲུབ་སྒྲུབ་པའི་གསང་ལམ་མཆོག །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །བཀའ་བབས་ཆུ་བོ་བཞི་རྫོགས་གཉགས་ལོ་ཆེ། །མདོ་སྒྱུའི་སྨིན་གྲོལ་སྲོག་འཛིན་གནུབས་ཆེན་པོ། །རྨ་བན་སྐ་ཅོག་བེ་རོ་སོའི་ཐུགས་བཅུད། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །གསང་བདག་ཟུར་པས་རྒྱ་ཆེན་བཤད་སྲོལ་འབྱེད། །རོང་ཀློང་ཉི་ཟླས་ཟབ་དོན་སྒོ་བརྒྱ་འབྱེད། །སྨྱོས་སྟོན་སྐུ་མཆེད་བསྟན་པའི་སྲོག་རྩ་མཐུད། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །གཞན་ཕན་མཐའ་ཡས་རྒྱལ་སྲས་ཆོས་ཀྱི་དབང༌། །མཁས་གྲུབ་ཟུང་གིས་ལེགས་བཤད་བདུད་རྩིའི་མཚོ། །མདོ་སྨད་སྔ་འགྱུར་བསྟན་པའི་སྲོག་ཏུ་དྲངས། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །སྨྲ་བའི་ཉི་མ་འཇམ་མགོན་རྣམ་པ་གསུམ། །མཁས་གྲུབ་ཟླ་བྲལ་མཁན་སློབ་རིག་འཛིན་གྱིས། །མདོ་རྒྱུད་བཀའ་གཏེར་བྱིན་རླབས་ཉེ་བརྒྱུད་བརྙེས། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །མདོར་ན་རྩོད་ལྡན་སྙིགས་མའི་སྨག་འདིར་ཡང༌། །ཟབ་གསང་རྒྱུད་ཀྱི་ལེགས་བཤད་ནོར་བུའི་གཟི། །མ་ཉམས་སྐལ་བཟང་སྤྱོད་ཅིང་དར་བ་ཡིས། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །མདོ་རྒྱུད་མ་ལུས་འབྱུང་བའི་གནས་གཅིག་པུ། །བགྲང་ཡས་ཐེག་པ་ཀུན་གྱི་རྩེ་མོར་ཕྱིན། །ས་གསུམ་དབུལ་སེལ་ནོར་བུ་དབང་གི་རྒྱལ། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་བསྐྱེད་དང༌། །རབ་འབྱམས་ཡི་དམ་ཞི་ཁྲོའི་མཐུ་བྱིན་དང༌། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ནུས་མཐུ་ཡིས། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །འཇིག་རྟེན་ནད་མུག་མཚོན་གྱི་བསྐལ་ངན་ཞི། །སྐྱེ་དགུའི་མོས་སྣང་རྣམ་དཀར་ཆོས་ལ་འཇུག །སྣོད་བཅུད་རྫོགས་ལྡན་དཔལ་ལ་སྤྱོད་བཞིན་དུ། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །མཁས་གྲུབ་རིག་འཛིན་འདུས་པས་ས་སྟེང་ཁྱབ། །བློ་གསལ་དད་བརྩོན་མཐུ་ལྡན་སློབ་ཚོགས་འཕེལ། །བཤད་སྒྲུབ་ལས་ཀྱི་འཁོར་ལོ་རྒྱུན་མི་ཆད། །སྒྱུ་འཕྲུལ་སྙིང་པོའི་བཤད་སྒྲུབ་རྒྱས་གྱུར་ཅིག །ཅེས་གང་གི་ཚེ་མདོ་སྨད་དུ་སྐྱེས་པའི་སྔགས་བཙུན་མངྒ་ལའི་མིང་ཅན་གངས་ཅན་དབུས་གཙང་གི་ཕྱོགས་སུ་རྐང་འཁྱར་བའི་ཚེ། དུས་ཀྱི་མུན་པས་ཕྱོགས་ཀུན་ཏུ་ཁེབས། ནད་མུག་མཚོན་གྱི་གློག་ཕྲེང་གྱ་གྱུར་ལྡང༌། མཐའ་མིའི་བསམ་སྦྱོར་སེར་སྤྲིན་ལས་བསྟན་འགྲོའི་བདེ་སྐྱིད་ཀྱི་ལོ་ཏོག་འཇོམས་པའི་སྐྱིན་ཐང་འབེབས་པ་ལ་ཉེ་བའི་ཚེ། འོག་མིན་མཚུར་མདོ་བོ་ལུང་ནས་སངས་རྒྱས་ཀརྨ་པ་ཆེན་པོའི་རྡོ་རྗེའི་བཀའ་ལུང་བཞིན་གསང་བདག་དགོངས་རྒྱན་གྱི་བཤད་ཁྲིད་དམ་པའི་སྐྱེས་བུ་དུ་མ་ལ་འབུལ་བའི་སྐབས་ལྷག་བསམ་གྱི་བདེན་ཚིག་ཏུ་སྨོན་པ་བཞིན་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་མཛད་དུ་གསོལ། མངྒ་ལཾ། ༈ ན་མོ་གུ་རུ་བཛྲ་དྷཱ་ར་ཡ། །དཔལ་གསང་བ་སྙིང་པོའི་རྒྱུད་འཆད་ཉན་གྱི་སྐབས་རྒྱས་པར་སྨིན་ལུགས་ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་རྒྱུད་འཆད་པའི་ཆོ་ག་ལྟར་དགོས་ཀྱང་བསྡུས་པའི་སྐབས། རྒྱལ་བ་ཆོས་ཀྱི་སྐུ་ཡི་དགོངས་པ་ཡིས༔ བདེ་གཤེགས་རིགས་ལྔ་རིགས་གསུམ་མགོན་པོ་དང༔ སངས་རྒྱས་གསང་བའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ སྒྱུ་འཕྲུལ་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ སྔ་འགྱུར་བཀའ་གཏེར་བཀའ་གདམས་ལམ་འབྲས་དང༌། །མར་ཤངས་བཀའ་བརྒྱུད་ཞི་གཅོད་སྦྱོར་བ་དྲུག །ཨོ་རྒྱན་བསྙེན་སྒྲུབ་ཟབ་མོའི་ཁྲིད་ཚུལ་སོགས། །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ལ་གུས་ཕྱག་འཚལ། །ཡོན་ཏན་རང་བཞིན་བདེ་ལེགས་ཕུན་སུམ་ཚོགས། །བཀྲ་ཤིས་མཆོག་གི་ལྷ་ཡི་ལྷར་གྱུར་པ། །ཐུགས་རྗེའི་རང་བཞིན་ཕན་བདེའི་སྤྲིན་ཚོགས་ཅན། །དཔལ་མགོན་བླ་མའི་ཚོགས་ལ་གུས་ཕྱག་འཚལ། །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །འཆད་དབང་ནི། སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཧྲཱིཿཡི་ཕྱག་རྒྱའི་ཚོགས་མཆོག་ལས། །ཆོས་ཀྱི་འཁོར་ལོ་གསལ་སྤྲོ་ཐིམ། །རྡོ་རྗེའི་ཐལ་མོའི་མཐེ་བོང་གཉིས་རྩེ་སྤྲད་དེ། ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གུང་མོ་གཉིས་རྩེ་སྤྲད་དེ། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མཛུབ་མོ་གཉིས་རྩ་སྤྲད་དེ། ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྲིན་མཛུབ་གཉིས་རྩེ་སྤྲད་དེ། ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མཐེའུ་ཆུང་གཉིས་རྩེ་སྤྲད་དེ། ཨོཾ་མ་ཧཱ་ཀྲྀ་ཏྱཱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཉན་དབང་ནི། ཉན་བྱེད་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཏྲཾ་གི་ཕྱག་རྒྱའི་ཚོགས་མཆོག་ལས། །རིན་ཆེན་དཀྱིལ་འཁོར་གསལ་སྤྲོ་ཐིམ། །རྡོ་རྗེའི་ཐལ་མོའི་སྲིན་མཛུབ་གཉིས་རྩེ་སྤྲད་དེ། ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གུང་མོ་གཉིས་རྩེ་སྤྲད་དེ། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མཛུབ་མོ་གཉིས་རྩེ་སྤྲད་དེ། ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མཐེ་བོང་གཉིས་རྩེ་སྤྲད་དེ། ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མཐེའུ་ཆུང་རྩེ་སྤྲད་དེ། ཨོཾ་མ་ཧཱ་ཀྲྀ་ཏྱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་གནས་གསུམ་དུ་བཞག་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨཱོཾ་ཨེ་ཧྱ་ཧི་བྷ་ག་ཝན། མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ། ས་མ་ཡ་སྟྭཾ། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ། ཛཿཧཱུྃ་བཾ་ཧོཿ སྒོ་མ་བཞིའི་ཕྱག་རྒྱ་བྱ། ཀཱ་ཡ་ཝཱཀ་ཙིཏྟ་ཏིཥྛ་བཛྲ། ཞབས་བསིལ་རྒྱ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། བདུག་སྤོས་རྒྱ། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། མེ་ཏོག་རྒྱ། ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། མར་མེའི་རྒྱ། ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི༔ དྲི་ཆབ་རྒྱ། ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡ་ཧོ། ཨ་ནུ་རཱ་ག་ཡ་མི། ཞེས་འཆད་ཉན་ལ་འཇུག་གོ། དགེའོ།།
[edit]

@#/__/dpal sgyu 'phrul drwa ba rtsa ba'i rgyud kyi rgyal po gsang ba snying po'i bshad sgrub bstan pa rgyas pa'i smon lam kun bzang rdo rje sems dpa'i bden tshig ces bya ba bzhugs so/__oM swa sti shrI sid+d+hi hU~M/_mi shigs rdo rje dbyings kyi thig le'i klong*/_/'od gsal sgyu 'phrul drwa ba'i khyab bdag mchog_/srid zhi kun khyab sems dpa' 'khor lo'i bdag_/kun bzang dang po'i mgon po chos kyi sku/_/zhi khro rab 'byams rigs gsum drwa ma lnga/_/rgyal po dza dang sgeg rdor sangs rgyas gsang*/_/paN chen bi ma rang byung pad+ma skyes/_/bai ro gnyags gnubs rma sogs lo paN tshogs/_/zur pa mes dbon rong klong dam gtsang byams/_/chos kyi rgyal po gter chen sku mched sogs/_/sgyu 'phrul bshad sgrub brgyud pa'i bla ma dang*/_/yi dam mkha' 'gro legs ldan lcam dral sogs/_/rab byams rtsa gsum dkyil 'khor lha yi tshogs/_/dad mos gdung ba'i gsol 'debs rgyud bskul na/_/dbyings nas mkhyen brtse'i ye shes rtsal sprugs la/_/rnam dag smon pa'i gnas 'di myur 'grub mdzod/_/rgya chen bka' yi rgyud lung rgya mtsho 'khyil/_/zab don gter gyi ri gling bkod pas mdzes/_/'od gsal dag snang nyi zla'i zer phreng can/_/snga 'gyur bshad sgrub chu gter rgyas gyur cig_/gab sbas gsang ba zab mo'i gzhi'i gnas lugs/_/thabs grol chos kyi snying pos mngon byas nas/_/sku gsum 'bras bu'i de nyid nges pa'i don/_/sgyu 'phrul rgyud kyi bshad sgrub rgyas gyur cig_/'phags pa'i ye shes dbyings su 'jug pa'i thabs/_/dpag yas zab rgyas rgyud kyi snying po'i bcud/_/man ngag nges pa'i gsang ba rtogs pa'i rgyal/_/sgyu 'phrul snying po'i bshad sgrub rgyas gyur cig_/thabs mchog rigs lnga sgyu 'phrul zhi khro'i lha/_/shes rab dbyings kyi drwa bar sdom pa las/_/gdan gsum rdo rje dbyings kyi dkyil 'khor che/_/sgyu 'phrul snying po'i bshad sgrub rgyas gyur cig_/mtha' yas chos phung brgyad khri'i zab zhi'i don/_/'dir ston 'dis ston 'di gcig rtogs phyir du/_/gsungs pas che ba brgyad ldan lung gi spyi/_/sgyu 'phrul snying po'i bshad sgrub rgyas gyur cig_/sku gsung thugs kyi gsang ba mi zad pa/_/dbyings rig e waM phyag rgya'i dpyid grub pas/_/brtan bsdus rtogs pa'i rdo rje sems dpa'i rgyud/_/sgyu 'phrul snying po'i bshad sgrub rgyas gyur cig_/chos can kun rjob rnam dag lha'i 'khor lo/_/chos nyid zab gsal dbyer med don dam dbyings/_/gdod nas dag mnyam zung 'jug phyag rgyar bstan/_/sgyu 'phrul snying po'i bshad sgrub rgyas gyur cig_/gnas lugs mngon byed zab lam lta spyod sogs/_/rgyud kyi dngos po pha rol phyin pa bcus/_/lam gyur spang rtogs ji bzhin mngon byed pa/_/sgyu 'phrul snying po'i bshad sgrub rgyas gyur cig_/spyod dang rig pa mnyam pa'i brtul zhugs kyi/_/skal ba can la phyi nang gsang ba yi/_/phan dang nus pa'i zab dbang gis smin byed/_/sgyu 'phrul snying po'i bshad sgrub rgyas gyur cig_/thabs mchog bskyed pas snang srid dag par shar/_/rdzogs rim snying pos mnyam pa'i ye shes rtogs/_/lhag pa'i bden gnyis dbyer med lam gyi srog_/sgyu 'phrul snying po'i bshad sgrub rgyas gyur cig_/yang dag lta bas log rtog mun pa bsal/_/bden bzhi'i rten 'brel theg chen lam du zhugs/_/'dul ba dgongs pa gsang ba'i lam ston byed/_/sgyu 'phrul snying po'i bshad sgrub rgyas gyur cig_/'khor 'das rgyu gcig 'gag med yig 'bru'i sprin/_/mi zad rgyan gyi 'khor lo byin rlabs pas/_/mngon sum rtogs pa'i shes bya'i lta ba ston/_/sgyu 'phrul snying po'i bshad sgrub rgyas gyur cig_/sems nyid ye shes lha ru rnam par smin/_/tshe la dbang thob phyag rgya'i rig 'dzin lnga grub/_/sku lnga lhun grub 'bras bu'i sar sbyor ba'i/_/sgyu 'phrul snying po'i bshad sgrub rgyas gyur cig_/sku gsung thugs dang yon tan phrin las kyi/_/gsang ba mi zad rgyan gyi 'khor lo'i bdag_/rab 'byams zhi khro'i khyab bdag 'bras thob byed/_/sgyu 'phrul snying po'i bshad sgrub rgyas gyur cig_/sku gsum ye shes lnga ldan mi slob par/_/bde stong 'pho med rdo rje sems dpa'i dpal/_/mthong ba'i chos la mngon byed nges gsang snying*/_/sgyu 'phrul snying po'i bshad sgrub rgyas gyur cig_/rab 'byams chos phung brgyad khri'i nying khu mchog_/lung rtogs bstan pa'i snying po 'di kho na/_/mkhas grub rig 'dzin bye ba'i gshegs shul che/_/sgyu 'phrul snying po'i bshad sgrub rgyas gyur cig_/nges gsang rgyud kyi rgyal po theg pa'i rtse/_/mdo sngags bstan pa'i 'byung gnas lung rtogs srog_/sangs rgyas kun gyi nye lam dgongs pa'i mthil/_/sgyu 'phrul snying po'i bshad sgrub rgyas gyur cig_/sku gsung thugs kyi gsang ba zab mo'i dbyings/_/'od gsal ye shes rang snang rnam par rol/_/rdo rje gsang ba chen po'i tshig mchog rgyud/_/sgyu 'phrul snying po'i bshad sgrub rgyas gyur cig_/mtshon bya gzhi lam 'bras bu'i rgyud kyi don/_/mtshon byed sgrar snang grags pa'i brda yi rgyud/_/kun mthun kun las khyad par 'phags pa'i chos/_/sgyu 'phrul snying po'i bshad sgrub rgyas gyur cig_/phan nus zab mo'i dbang bzhi'i rgya mtsho'i gling*/_/bshad sgrub chu bo stong gis mdzes par bskor/_/byin rlabs gzi 'bar dngos grub dbyig gis gtams/_/sgyu 'phrul snying po'i bshad sgrub rgyas gyur cig_/dbang gi chu bo rnam bzhi'i slob dpon che'i/_/thugs bcud rdo rje can gyi gsang mdzod sgrom/_/rdo rje'i dngos grub sgrub pa'i gsang lam mchog_/sgyu 'phrul snying po'i bshad sgrub rgyas gyur cig_/bka' babs chu bo bzhi rdzogs gnyags lo che/_/mdo sgyu'i smin grol srog 'dzin gnubs chen po/_/rma ban ska cog be ro so'i thugs bcud/_/sgyu 'phrul snying po'i bshad sgrub rgyas gyur cig_/gsang bdag zur pas rgya chen bshad srol 'byed/_/rong klong nyi zlas zab don sgo brgya 'byed/_/smyos ston sku mched bstan pa'i srog rtsa mthud/_/sgyu 'phrul snying po'i bshad sgrub rgyas gyur cig_/gzhan phan mtha' yas rgyal sras chos kyi dbang*/_/mkhas grub zung gis legs bshad bdud rtsi'i mtsho/_/mdo smad snga 'gyur bstan pa'i srog tu drangs/_/sgyu 'phrul snying po'i bshad sgrub rgyas gyur cig_/smra ba'i nyi ma 'jam mgon rnam pa gsum/_/mkhas grub zla bral mkhan slob rig 'dzin gyis/_/mdo rgyud bka' gter byin rlabs nye brgyud brnyes/_/sgyu 'phrul snying po'i bshad sgrub rgyas gyur cig_/mdor na rtsod ldan snyigs ma'i smag 'dir yang*/_/zab gsang rgyud kyi legs bshad nor bu'i gzi/_/ma nyams skal bzang spyod cing dar ba yis/_/sgyu 'phrul snying po'i bshad sgrub rgyas gyur cig_/mdo rgyud ma lus 'byung ba'i gnas gcig pu/_/bgrang yas theg pa kun gyi rtse mor phyin/_/sa gsum dbul sel nor bu dbang gi rgyal/_/sgyu 'phrul snying po'i bshad sgrub rgyas gyur cig_/brgyud gsum rig 'dzin bla ma'i thugs bskyed dang*/_/rab 'byams yi dam zhi khro'i mthu byin dang*/_/mkha' 'gro chos skyong srung ma'i nus mthu yis/_/sgyu 'phrul snying po'i bshad sgrub rgyas gyur cig_/'jig rten nad mug mtshon gyi bskal ngan zhi/_/skye dgu'i mos snang rnam dkar chos la 'jug_/snod bcud rdzogs ldan dpal la spyod bzhin du/_/sgyu 'phrul snying po'i bshad sgrub rgyas gyur cig_/mkhas grub rig 'dzin 'dus pas sa steng khyab/_/blo gsal dad brtson mthu ldan slob tshogs 'phel/_/bshad sgrub las kyi 'khor lo rgyun mi chad/_/sgyu 'phrul snying po'i bshad sgrub rgyas gyur cig_/ces gang gi tshe mdo smad du skyes pa'i sngags btsun mang+ga la'i ming can gangs can dbus gtsang gi phyogs su rkang 'khyar ba'i tshe/_dus kyi mun pas phyogs kun tu khebs/_nad mug mtshon gyi glog phreng gya gyur ldang*/_mtha' mi'i bsam sbyor ser sprin las bstan 'gro'i bde skyid kyi lo tog 'joms pa'i skyin thang 'bebs pa la nye ba'i tshe/_'og min mtshur mdo bo lung nas sangs rgyas karma pa chen po'i rdo rje'i bka' lung bzhin gsang bdag dgongs rgyan gyi bshad khrid dam pa'i skyes bu du ma la 'bul ba'i skabs lhag bsam gyi bden tshig tu smon pa bzhin 'grub par bla ma rgyal ba sras dang bcas pas mdzad du gsol/_mang+ga laM/__!__na mo gu ru badz+ra d+hA ra ya/_/dpal gsang ba snying po'i rgyud 'chad nyan gyi skabs rgyas par smin lugs lo chen d+harma shrIs mdzad pa'i rgyud 'chad pa'i cho ga ltar dgos kyang bsdus pa'i skabs/_rgyal ba chos kyi sku yi dgongs pa yis:_bde gshegs rigs lnga rigs gsum mgon po dang:_sangs rgyas gsang ba'i bar du byin brlabs te:_'das dang ma byon da lta dus gsum gyi:_sgyu 'phrul brgyud pa'i bla ma la gsol ba 'debs:_snga 'gyur bka' gter bka' gdams lam 'bras dang*/_/mar shangs bka' brgyud zhi gcod sbyor ba drug_/o rgyan bsnyen sgrub zab mo'i khrid tshul sogs/_/sgrub brgyud shing rta brgyad la gus phyag 'tshal/_/yon tan rang bzhin bde legs phun sum tshogs/_/bkra shis mchog gi lha yi lhar gyur pa/_/thugs rje'i rang bzhin phan bde'i sprin tshogs can/_/dpal mgon bla ma'i tshogs la gus phyag 'tshal/_/lha yi skad dang klu dang gnod sbyin skad/_/grul bum dag dang mi yi skad rnams dang*/_/'gro ba kun gyi sgra rnams ji tsam par/_/thams cad skad du bdag gis chos ston to/_/'chad dbang ni/_smra byed 'khor lo'i gzhal yas su/_/gsal ba'i thig le'i ngo bo nyid/_/hrIHyi phyag rgya'i tshogs mchog las/_/chos kyi 'khor lo gsal spro thim/_/rdo rje'i thal mo'i mthe bong gnyis rtse sprad de/_oM ma hA pra t+ya bek+Sha Na dz+nyA na badz+ra swa b+hA wa At+ma ko\u0f85 haM/_gung mo gnyis rtse sprad de/_oM ma hA shU n+ya ta dz+nyA na badz+ra swa b+hA wa At+ma ko\u0f85 haM/_mdzub mo gnyis rtsa sprad de/_oM ma hA A dar+sha dz+nyA na badz+ra swa b+hA wa At+ma ko\u0f85 haM/_srin mdzub gnyis rtse sprad de/_oM ma hA sa ma tA dz+nyA na badz+ra swa b+hA wa At+ma ko\u0f85 haM/_mthe'u chung gnyis rtse sprad de/_oM ma hA kr-i t+yA nuSh+Tha na dz+nyA na badz+ra swa b+hA wa At+ma ko\u0f85 haM/_nyan dbang ni/_nyan byed 'khor lo'i gzhal yas su/_/gsal ba'i thig le'i ngo bo nyid/_/traM gi phyag rgya'i tshogs mchog las/_/rin chen dkyil 'khor gsal spro thim/_/rdo rje'i thal mo'i srin mdzub gnyis rtse sprad de/_oM ma hA sa ma tA dz+nyA na badz+ra swa b+hA wa At+ma ko\u0f85 haM/_gung mo gnyis rtse sprad de/_oM ma hA shU n+ya ta dz+nyA na badz+ra swa b+hA wa At+ma ko\u0f85 haM/_mdzub mo gnyis rtse sprad de/_oM ma hA A dar+sha dz+nyA na badz+ra swa b+hA wa At+ma ko\u0f85 haM/_mthe bong gnyis rtse sprad de/_oM ma hA pra t+ya bek+Sha Na dz+nyA na badz+ra swa b+hA wa At+ma ko\u0f85 haM/_mthe'u chung rtse sprad de/_oM ma hA kr-i t+ya nuSh+Tha na dz+nyA na badz+ra swa b+hA wa At+ma ko\u0f85 haM/_rdo rje rtse lnga'i phyag rgya gnas gsum du bzhag la/_oM sarba ta thA ga ta ma hA kA ya badz+ra swa b+hA wa At+ma ko\u0f85 haM/_oM sarba ta thA ga ta ma hA wAka badz+ra swa b+hA wa At+ma ko\u0f85 haM/_oM sarba ta thA ga ta ma hA tsit+ta badz+ra swa b+hA wa At+ma ko\u0f85 haM/_A+oM e h+ya hi b+ha ga wan/_ma hA ka ru Ni ka dr-i sh+ya ho/_sa ma ya s+t+waM/_rdo rje bsdu ba'i phyag rgya bya/_dzaHhU~M baM hoH_sgo ma bzhi'i phyag rgya bya/_kA ya wAka tsit+ta tiSh+Tha badz+ra/_zhabs bsil rgya/_oM A ha ra A ha ra sarba bid+yA d+hA ra pU dzi te na maHsa man+ta bud+d+ha nAM ga ga na khaM sa ma ye swA hA/_bdug spos rgya/_oM shrI badz+ra rA ga d+hU pe d+hU/_me tog rgya/_oM shrI badz+ra rA ga puSh+pe pu/_mar me'i rgya/_oM shrI badz+ra rA ga A lo ke hrI:_dri chab rgya/_oM shrI badz+ra rA ga gan+d+he gan/_sa ma ya ho/_sa ma ya s+t+waM/_a nu rA ga ya ho/_a nu rA ga ya mi/_zhes 'chad nyan la 'jug go/_dge'o//

Footnotes

Other Information