DKR-KABUM-21-ZHA-004: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་ཡི་དམ་ཁྲོ་བོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པའི་ལས་བྱང་ཁྲིགས་བསྡེབས་ཁྲག་འཐུང་རོལ་པའི་དགའ་སྟོན། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 21: . Delhi: Shechen Publications, 1994. | |fulltitle=rdo rje phur pa gnyags lugs kyi yi dam khro bo rdo rje gzhon nu'i dkyil 'khor brgya dang bcu gnyis pa'i las byang khrigs bsdebs khrag 'thung rol pa'i dga' ston | ||
|citation=[[Khyentse, Dilgo]]. ''Rdo rje phur pa gnyags lugs kyi yi dam khro bo rdo rje gzhon nu'i dkyil 'khor brgya dang bcu gnyis pa'i las byang khrigs bsdebs khrag 'thung rol pa'i dga' ston''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 21: 38-66. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|associatedpeople=gnyags dz+nyA na ku mA ra | |associatedpeople=gnyags dz+nyA na ku mA ra | ||
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | |associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | ||
|tibgenre= | |tibgenre=Activity Manual - las byang | ||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
Line 21: | Line 20: | ||
|cycle=snyan brgyud snying gi gsang mdzod | |cycle=snyan brgyud snying gi gsang mdzod | ||
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | |cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | ||
|volumenumber=021 | |volumenumber=021 | ||
|volnumtib=༢༡ | |volnumtib=༢༡ | ||
|volyigtib=ཞ་ | |volyigtib=ཞ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=004 | |||
|pagenumbers=38-66 | |||
|totalpages=57 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=29a3 | ||
|totalfolios=29 | |||
|multivolumework=No | |||
|rectonotes=las byang | |||
|versonotes=gnyags lugs phur pa | |versonotes=gnyags lugs phur pa | ||
| | |colophontib=ཅེས་གཉགས་ལུགས་རྡོ་རྗེ་ཕུར་པ་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པའི་ལས་བྱང་ཁྲིགས་བསྡེབས་འདི་ལྟར་གྱིས་ཞེས་རྒྱལ་ཀུན་ཕྲིན་ལས་ཀྱི་སྤྱི་གཟུགས་འཇམ་དབྱངས་མཁྱེན་པའི་གཏེར་མཛོད་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་བཀའ་ལུང་གསེར་གྱི་སྒྲོམ་བུ་ཚངས་གནས་སུ་བསྩལ་བ་དང༌། སྙིགས་དུས་བསྟན་འགྲོའི་དཔུང་གཉེན་ཞྭ་དེའུའི་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་མདོ་སྔགས་བསྟན་འཛིན་དང༌། སྙིང་པོ་དོན་གྱི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེ་སོགས་དོན་གཉེར་ཅན་དུ་མས་བསྐུལ་བའི་རྐྱེན་གྱིས་ཟབ་མོའི་ཆོས་འདིའི་བཀའ་བབ་ཀློང་ཆེན་ནམ་མཁའ་འོད་གསལ་ཨོ་རྒྱན་མདོ་སྔགས་གླིང་པས་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་དང་འདབས་འབྲེལ་བའི་ཕུན་ཚོགས་བཀྲ་ཤིས་དགའ་འཁྱིལ་དུ་བྲིས་པའི་ཡི་གེ་པ་ནི་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་དང་དེ་འཛིན་ལ་རྒྱུ་མཚན་ཤེས་པའི་དད་བློའི་སྣང་བ་ཐོབ་པ་རྙིང་བཙུན་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱིས་བགྱིས་པ་འདིས་ཀྱང་སྙིགས་དུས་ཀྱི་རྒུད་པ་ཞི་ཞིང་བསྟན་པ་རིན་པོ་ཆེ་དར་རྒྱས་ཡུན་རིང་དུ་གནས་པའི་དགེ་མཚན་གྱི་དཔལ་དུ་གྱུར་ཅིག། | ||
|colophonwylie=ces gnyags lugs rdo rje phur pa dkyil 'khor brgya dang bcu gnyis pa'i las byang khrigs bsdebs 'di ltar gyis zhes rgyal kun phrin las kyi spyi gzugs 'jam dbyangs mkhyen pa'i gter mdzod chos kyi blo gros rin po ches bka' lung gser gyi sgrom bu tshangs gnas su bstsal ba dang*/_snyigs dus bstan 'gro'i dpung gnyen zhwa de'u'i 'khrul zhig mchog sprul rin po che 'gyur med mdo sngags bstan 'dzin dang*/_snying po don gyi rnal 'byor pa klong chen ye shes rdo rje sogs don gnyer can du mas bskul ba'i rkyen gyis zab mo'i chos 'di'i bka' bab klong chen nam mkha' 'od gsal o rgyan mdo sngags gling pas spa gro skyer chu'i gtsug lag khang dang 'dabs 'brel ba'i phun tshogs bkra shis dga' 'khyil du bris pa'i yi ge pa ni 'od gsal rdo rje snying po'i bstan pa dang de 'dzin la rgyu mtshan shes pa'i dad blo'i snang ba thob pa rnying btsun 'gyur med theg mchog bstan 'dzin gyis bgyis pa 'dis kyang snyigs dus kyi rgud pa zhi zhing bstan pa rin po che dar rgyas yun ring du gnas pa'i dge mtshan gyi dpal du gyur cig/ | |||
|pdflink=File:DKR-KABUM-21-ZHA-004.pdf | |pdflink=File:DKR-KABUM-21-ZHA-004.pdf | ||
}} | }} | ||
Line 37: | Line 41: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་ཡི་དམ་ཁྲོ་བོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པའི་ལས་བྱང་ཁྲིགས་བསྡེབས་ཁྲག་འཐུང་རོལ་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་ཡི་དམ་ཁྲོ་བོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པའི་ལས་བྱང་ཁྲིགས་བསྡེབས་ཁྲག་འཐུང་རོལ་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།། | ||
<br> | |||
༄༅། །ན་མོ་གུ་རུ་ཤྲཱི་བཛྲ་ཀཱི་ལ་ཡ་མཎྜ་ལ་བྷྱ། ཐུགས་ཀྱི་ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །མ་གཡོས་མི་འགྱུར་འབར་བའི་ཁྲོ་རྒྱལ་ཚུལ། །དོན་ལ་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཕྲིན་ལས་རིགས་ཀྱི་སྤྱི་དཔལ་བཞེངས་མཛད་རྒྱལ། །གོ་འཕང་མཆོག་ལ་བདེ་མྱུར་གྱིས། །བགྲོད་བྱེད་རིམ་པ་དང་པོའི་ལམ། །དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པའི། །ཕྲིན་ལས་འཇུག་བདེའི་བཙས་སུ་སྤེལ། །འདི་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་རིམ་མོ། །དང་པོ་ལ་ཐོག་མར་བཤམ་བཀོད་ནི། སྒྲུབ་པའི་ཁང་པ་རྒྱན་གྱི་སྤྲས་པའི་གུང་རྟེན་གྱི་མདུན། དཀྱིལ་འཁོར་གང་འབྱོར་དང༌། ཕུར་པ་ལྷ་གྲངས་སམ་གཙོ་ཕུར་ཙམ་བཀོད། སྨན་རཀ་གཏོར་མ་ཉེར་སྤྱོད་ཀྱི་མཆོད་པ། འབུལ་གཏོར་རིགས་བཅས་འདུ་བྱའོ། །གཉིས་པ་དཀར་ཕྱོགས་ལ་གཏོར་མ་འབུལ་བ་ནི། གཏོར་མ་དང་གསེར་སྐྱེམས་བསང་ཆུས་བྲན། རྃ་ཡྃ་ཁྃ་གིས་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་ས་བདག་བརྟན་མ་སོགས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ། ཧཱུྃ༔ གང་ཞིག་དཀར་པོའི་ཕྱོགས་འཛིན་ཅིང༔ འཛམ་གླིང་ས་ལ་དབང་བྱེད་ཀུན༔ བདག་གིས་གནས་འདིར་དཀྱིལ་འཁོར་བཞེངས༔ ཀོ་ལོང་ཕྲག་དོག་མ་མཛད་པར༔ བརྔན་དུ་གཏོར་མ་གསེར་སྐྱེམས་འབུལ༔ དགྱེས་པར་བཞེས་ལ་ས་འདི་སྩོལ༔ བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད༔ བྷཱུ་མི་པ་ཏི་གཙྪས་གཤེགས་སུ་གསོལ་བ་དང་ཆབས་ཅིག་གཏོར་མ་ཕྱི་རོལ་དུ་འབུལ། གསུམ་པ་སྐྱབས་འགྲོ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་གྱུར། ན་མོ༔ བདག་སོགས་འགྲོ་ཀུན་དེང་ནས་བཟུང༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ བཞི་པ་སེམས་བསྐྱེད་ནི། མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན༔ སྲིད་པའི་རྩ་བ་བདུད་བཞི་བཅོམ༔ བར་ཆད་གདོན་བགེགས་བསྒྲལ་བའི་ཕྱིར༔ དཔལ་ཆེན་ལྷ་ཚོགས་སྒྲུབ་པར་བགྱི༔ ལན་གསུམ། ལྔ་པ་ཚོགས་བསགས་པ་ནི། ཧོཿ བདག་དང་མཐའ་ཡས་སེམས་ཅན་རྣམས༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་བགེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ལ་ཡི་རང༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དག་པ་གསུམ་གྱིས་ལུས་འབུལ་ལོ༔ ཚེ་རབས་བགྲང་བའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །དྲུག་པ་བགེགས་བསྐྲད་པ་ནི། དངོས་སུ་བཤམས་པའི་གཏོར་མ་ཡོད་ན་བྱིན་བརླབ་དང་བསྔོ་བ་སྤྱི་ལྟར་བྱས་ལ། ཧཱུྃ༔ གསང་བ་བླ་མེད་ལམ་སྒྲུབ་པའི༔ རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་འདིར༔ འདུ་བའི་ལྷ་ནི་མ་གཏོགས་པ༔ དམ་མེད་བདུད་རིགས་ནག་པོའི་ཕྱོགས༔ ལྟ་ཞིང་ཉན་པའི་དབང་མེད་པས༔ བྱིན་པའི་གཏོར་མ་འདི་ཁྱེར་ལ༔ རང་རང་གནས་སུ་བདེ་བར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ང་ནི་འཇིགས་བྱེད་རྡོ་རྗེ་ཅན༔ བཀའ་ལས་འདའ་བའི་སྡིག་ཅན་རྣམས༔ རྡོ་རྗེ་ཡེ་ཤེས་མཚོན་ཆེན་པོས༔ ཕྱེ་མར་འཐག་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་བརྗོད་ལ་གུ་གུལ་བདུག །ཡུངས་ཐུན་གྱིས་གཟིར། རོལ་མོ་དྲག་ཏུ་འཁྲོལ་བས་ནག་ཕྱོགས་རྣམས་རྒྱང་རིང་དུ་བསྐྲད་ལ། བདུན་པ་མཚམས་གཅོད་པ་ནི། ཧཱུྃ༔ མི་ཤིགས་མཚོན་ཆའི་གུར་དང་ས་གཞི་ལ༔ དམར་ནག་དམར་སྨུག་མེ་ཡི་འདུ་འཕྲོ་འཁྱིལ༔ ཡེ་ཤེས་ཁྲོ་བོ་བཅུ་ཡང་དབྱིངས་ནས་བཞེངས༔ ཁྲག་འཐུང་རོལ་པའི་ལྷ་ཚོགས་ནང་ན་བཞུགས༔ མཚམས་ཀྱི་དཀྱིལ་འཁོར་མ་ལུས་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་བྷྲཱུཾ༔ བརྒྱད་པ་བརྡ་སྒོ་དབྱེ་བ་ནི། ཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་སོ་ཅོག༔ ཀུན་ཀྱང་དག་པ་ལྷའི་གྲོང་ཁྱེར༔ མ་བཅོས་དོན་གྱི་ལྷ་མཆོག་ལ༔ ཚད་མེད་སྒོ་བཞི་དབྱེ་བས་འཇུག༔ བྷྲཱུཾ་པྲ་བེ་ཤ་ཡ་ཕཊ༔ དགུ་པ་ཕྱག་འཚལ་བ་ནི། ཧོཿ ལྷ་དང་རང་སེམས་བཟང་ངན་བྲལ༔ གཉིས་མེད་རང་སྣང་སྤྱི་དཔལ་ཆེ༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ རྡོ་རྗེ་ལྟ་བའི་ཕྱག་གིས་འདུད༔ ཨ་ལ་ལ་ཧོཿ ཞེས་ངོ་ཕབ་པའི་ཚུལ་གྱིས། ཨ་ཏི་པཱུ་ཧོཿས་བཏུད་པ་ལ། པྲ་ཏཱིཙྪ་ཧོཿ ཞེས་ལན་དུ་དངོས་གྲུབ་བསྩལ་བར་བསམ། བཅུ་པ་བཤགས་པ་ནི། ཐལ་མོ་སྦྱར་ཏེ། ཧཱུྃ༔ སྣང་སྲིད་གདོད་ནས་དག་པའི་དཀྱིལ་འཁོར་ལྷ༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་རྣམས༔ ཐུགས་རྗེའི་བརྩེ་བས་བདག་ལ་དགོངས་སུ་གསོལ༔ ཡེ་ནས་མ་རིག་འཁྲུལ་པས་སྒྲིབ་པ་ཡི༔ རྣམ་རྟོག་ཀུན་བརྟགས་བློ་ཡིས་སྒྲོ་བཏགས་པས༔ རང་རིག་ཡེ་ཤེས་དོན་ལ་རྨོངས་པ་ཡིས༔ སྲུང་མཚམས་མེད་པའི་དམ་ལས་འགལ་བ་དང༔ བླ་མར་སྨོད་ཅིང་ཡི་དམ་སྤངས་བ་དང༔ བསྙེན་སྒྲུབ་ཛཔ་བཟླས་ཚད་དུ་མ་བསྐྱལ་བ༔ ཏིང་འཛིན་ལྟ་བ་ཀློང་དུ་མ་གྱུར་ཤིང༔ གསང་བཅུ་གཞན་ལ་བསྒྲགས་སོགས་མཐོལ་ལོ་བཤགས༔ གཞན་ཡང་མི་སྤང་དང་དུ་བླང་བྱ་དང༔ སྤྱད་པར་བྱ་དང་སྒྲུབ་པར་བྱ་བ་དང༔ ཤེས་བྱ་ལྔ་སོགས་ཉི་ཤུ་རྩ་ལྔ་ཡི༔ དམ་ལས་འགལ་བར་གྱུར་པ་མཐོལ་ལོ་བཤགས༔ ཉ་སྟོང་དུས་བཞིའི་མཆོད་པ་ཆག་པ་དང༔ སྡིག་ཅན་རྣམས་ལ་རྟག་ཏུ་བྱམས་བྱས་ཤིང༔ མཁའ་འགྲོ་རྣམས་ལ་ཤ་ཁྲག་གཏོར་མ་ཆག༔ སྦྱོར་སྒྲོལ་མཆོད་པ་དུས་ལས་གཡེལ་བ་སོགས༔ རྩ་ལྟུང་བཅུ་བཞི་དང་འགལ་མཐོལ་ཞིང་བཤགས༔ གཞན་ཡང་སྦོམ་པོ་ཡན་ལག་ཕྲ་ཞིབ་ཀྱི༔ དམ་ཚིག་དབྱེ་བ་ས་ཡ་གྲངས་མེད་པ༔ དེ་ལས་འགལ་བར་གྱུར་པའི་རྣལ་འབྱོར་གྱིས༔ འགྱོད་ཚངས་གདུང་བའི་སྨྲེ་སྔགས་འདི་བཏོན་པས༔ རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་སྤྱན་རས་ཀྱིས༔ ཡུད་ཙམ་གཟིགས་ཏེ་ཐུགས་རྗེས་བཟོད་བཞེས་གསོལ༔ ཚངས་པར་བསྩལ་ནས་མཆོག་དང་ཐུན་མོང་གི༔ དངོས་གྲུབ་དཀའ་བ་མེད་པར་འགྲུབ་པ་དང༔ རྫོགས་པ་ཆེན་པོའི་བསྟན་པ་མཐར་བགྱིད་ཅིང༔ ཀུན་ཏུ་བཟང་པོའི་རྒྱལ་ས་ཟིན་པར་ཤོག༔ སྤྲོ་ན་བདེ་གཤེགས་སྤྱི་བཤགས་དང་ཡིག་བརྒྱ་བཟླ། བཅུ་གཅིག་པ་བྱིན་འབེབས་པ་ནི། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་ཕུར་བུ་སྒྲུབ་པའི་ཕྱིར༔ སྔོན་གྱི་ཞལ་བཞེས་མ་བསྙེལ་བར༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཡེ་ཤེས་ཁྲོ་རྒྱལ་འཁོར་དང་བཅས༔ འཁོར་བ་རྡོ་རྗེར་སྒྲུབ་པའི་ཕྱིར༔ ནམ་མཁའ་ཁྱབ་པའི་གར་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཚེ་ཁས་བླང་དམ་བཅས་བཞིན༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ནམ་མཁའ་གང་བའི་ལྷ་ཚོགས་རྣམས༔ སྐུ་ཡི་གར་སྟབས་སྣ་ཚོགས་བསྒྱུར༔ རྡོ་རྗེའི་གླུ་བྲོ་གར་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ གསུང་ནི་སྔགས་སྒྲ་འབྲུག་ལྟར་སྒྲོགས༔ རྒོད་གཤེ་དྲག་ཤུལ་རོལ་པ་ཡི༔ ས་གསུམ་འཇིགས་པའི་ང་རོ་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཐུགས་ནི་ཡེ་ཤེས་རྔམ་པའི་དཔལ༔ སྙིང་རྗེ་ཞི་དང་ཁྲོ་བོ་ཡི༔ རིག་རྩལ་དགོངས་པའི་གདིང་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་མ་ལུས་པའི༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ་ཨཿ ཧྲིཾ་ཧྲིཾཿ ཕེཾ་ཕེཾཿ བཅུ་གཉིས་པ་མཆོད་པ་བྱིན་རླབས་ནི། ཧཱུྃ་ཧྲཱིཿ སྣང་སྲིད་བདེ་ཆེན་རོལ་པ་ཡི༔ ཡེ་ཤེས་སྣང་བ་ཁྱབ་བརྡལ་སྤྲིན༔ ཀུན་བཟང་མཆོད་པ་བསམ་ཡས་གཏེར༔ རང་བྱུང་རང་ཤར་ལྷུན་གྱིས་གྲུབ༔ སརྦ་ས་མ་ཡ་པཱུ་ཛ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་མ་ཧཱ་པཱུ་ཛ་སྥ་ར་ཎ་ཁཾ༔ ཞེས་ཕྱི་མཆོད་དང༌། ཨོཾ་མ་ཧཱ་ཤྨ་ཤ་ན་རུ་ཏྲ་བྷོ་གཿརཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ཨཱཿཧཱུྃ༔ ཞེས་ནང་མཆོད་དྲག་པོའི་ཉེར་སྤྱོད་དང༌། ཧཱུྃ༔ རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང༔ དབྱིངས་ཀྱི་བྷནྡྷར་ཤ་ལྔ་བདུད་རྩི་ལྔ༔ ཡེ་ཤེས་རིགས་ལྔ་དབྱེར་མེད་བྱང་ཆུབ་སེམས༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་བདུད་རྩིར་འཁྱིལ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ་གྱིས་སྨན། ཧཱུྃ༔ ལྕང་ལོར་བཅས་པའི་དུང་ཆེན་སྣོད་ཡངས་སུ༔ ཁམས་གསུམ་གདུག་པ་བསྒྲལ་བའི་ཁྲག་མཚོར་འཁྱིལ༔ གཱིརྟི་མཁའ་ནས་ཡེ་ཤེས་བདེ་བའི་རྒྱུན༔ མི་ཕྱེད་སོ་སོར་རྟོག་པའི་ལྦུ་ཕྲེང་གཡོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཀ་པཱ་ལ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ་གྱིས་རཀྟ། ཧཱུྃ༔ གཏོར་སྣོད་རིན་ཆེན་བྷཉྫས་སྟོང་གསུམ་ཁྱབ༔ གཏོར་མའི་ངོ་བོ་བླ་མེད་དམ་ཚིག་རྫས༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ༔ ལྷ་ཚོགས་དགྱེས་སྐོང་མཆོད་པའི་ཕུང་པོར་སྤུངས༔ ཨོཾ་ཨཱ་ཧཱུྃ་མ་ཧཱ་བ་ལིཾ་ཏ་སརྦ་ཀཱ་མ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ་གྱིས་གཏོར་མ་རྣམས་བྱིན་གྱིས་བརླབས། བཛྲ་སྥ་ར་ཎ་ཁཾ་གིས་མཁའ་ཁྱབ་ཏུ་སྤེལ། གཉིས་པ་དངོས་གཞི་ལ། དང་པོ་ཏིང་ངེ་འཛིན་གསུམ་ནི། ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ ཆོས་ཉིད་ངང་གིས་དག་པའི་ཀློང༔ གཟུང་འཛིན་མཚན་མ་མི་གནས་པ༔ རྣམ་པར་ཐར་པའི་སྒོ་གསུམ་མོ༔ ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་ཧོཿ སྙིང་རྗེ་ཆེན་པོའི་མཚོན་ཆ་ནི༔ སྲིད་པའི་རྩ་བ་གཅོད་བྱེད་པའི༔ ཐུགས་རྗེའི་ཤུགས་ཀྱིས་ཁྲོ་བ་ལས༔ སྡུག་བསྔལ་འཇོམས་པའི་ཏིང་འཛིན་བསྒོམ༔ ཨཱཿམ་ཧཱ་ཀ་རུ་ཎི་ཀ་ཧོཿ སྟོང་ཉིད་ནམ་མཁའི་ཁམས་གནས་པའི༔ འཁོར་འདས་ཀུན་གྱི་སྲོག་གི་གོ༔ རང་བྱུང་ཡི་གེ་འདུས་མ་བྱས༔ ཧཱུྃ་ཆེན་བསྐལ་པའི་མེ་ལྟར་འབར༔ ཧཱུྃ་བཛྲ་ཛྙཱ་ན་དྷཱ་ཏུ་ཧོཿ གཉིས་པ་རྟེན་འབྱུང་བ་རིམ་བརྩེགས་རི་རབ་གཞལ་ཡས་ཁང་བཅས་གསལ་གདབ་པ་ནི། ཧཱུྃ་ལས་ཨེ་ཡཾ་རཾ་སུཾ་ར༔ ཀེཾ་རཾ་ཆད་པ་འོག་གཞི་ནི༔ ཆོས་འབྱུང་དབྱིངས་དང་མཉམ་པའི་དབུས༔ རླུང་མེ་ཤ་ཆེན་ས་གཞི་བརྡལ༔ ཁྲག་མཚོ་ཀེང་རུས་རི་རབ་སྟེང༔ ཁོར་ཡུག་དྲག་པོའི་མེ་རླུང་ཚོགས༔ ཀུན་ཏུ་འབར་ཞིང་འཚུབས་མ་འཁྱིལ༔ མ་ཧཱ་ཛྭ་ལ་རཾ༔ མེ་ཀློང་བྷྲཱུཾ་ཡིག་ལྔ་ལྡན་ཆད༔ ཡོངས་གྱུར་པད་ཉི་རྒྱ་གྲམ་སྟེང༔ ཡེ་ཤེས་རང་སྣང་གཞལ་ཡས་ཁང༔ རང་བྱུང་དུར་ཁྲོད་བཀོད་པ་ཅན༔ ཕྱི་ནི་རྩིག་པ་ཁ་དོག་ལྔ༔ ནང་ནི་སྐམ་རློན་རྙིད་པའི་མགོ༔ གནམ་ལྕགས་གཟེར་བཏབ་རཀྟས་སྦྱར༔ རིན་ཆེན་ཕ་གུ་དྲྭ་བ་ཕྱེད༔ ཆུ་སྲིན་རྔམ་པའི་ཁ་ལས་དཔྱང༔ ཤར་བུ་མདའ་ཡབ་པུ་ཤུ་དང༔ གཟའ་དང་ལྷ་ཀླུ་ཀ་གདུང་ཕྱམ༔ རྒྱུ་སྐར་དྲལ་གཟེབ་ཞིང་གི་ཐོག༔ ལྷ་ཆེན་ཐོད་པ་དབུས་ཕྱུར་བུ༔ མ་ཧཱ་རུ་ཏྲའི་ཙིཏྟའི་ཏོག༔ ཡེ་ཤེས་ཟེར་འཕྲོ་འོད་ཕུང་འཁྱིལ༔ རོ་སྐྲའི་རྔ་ཡབ་ཞིང་གི་འཕན༔ གཅན་གཟན་ལྤགས་པའི་རྒྱལ་མཚན་གདུགས༔ ཕྱི་ནང་སྒོ་བཞི་རྟ་བབ་བརྒྱད༔ ཆོས་འཁོར་རི་དྭགས་གདུགས་ཏོག་མཛེས༔ དལ་དབུས་གནམ་ལྕགས་འཁོར་ལོ་དང༔ ལྟེ་བ་ཟླུམ་པོ་ཨེ་ཡིས་མཚན༔ ཟླ་གམ་གསུམ་ལ་ཁྲག་མཚོ་འཁྱིལ༔ བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཀྲོ་དྷ་མཎྜ་ལ་ཧཱུྃ༔ དེ་ནས་ལྷ་གནས་སོ་སོར་གདན་གསལ་གདབ་པ་ནི། དཀྱིལ་འཁོར་ཆེན་པོ་དེ་ཡི་ནང༔ དབུས་ཀྱི་གྲུ་གསུམ་སྟེང་ཉིད་དུ༔ གཞལ་ཡས་གྲུ་བཞི་རྒྱན་རྫོགས་ལྔ༔ རྩིབས་བཅུར་གཞལ་ཡས་ཁང་ཆེན་བཅུ༔ གཡས་གཡོན་གྲུ་གསུམ་ཨེ་རེ་རེ༔ ཟླ་གམ་གསུམ་དང་ཁྲག་གི་ཁྱམས༔ ཕྱི་རོལ་ཁོར་ཡུག་ཨེ་ཡི་དལ༔ གསེར་ཁྱམས་ལེའུ་ཚེར་ཟླ་གམ་བརྒྱད༔ གྲུ་ཆད་གློ་འབུར་ཀུན་ལ་ཡང༔ དབང་གི་ཕོ་བྲང་སྒོ་གཅིག་པ༔ མ་འདྲེས་གསལ་ལ་རྫོགས་པར་ཤར༔ ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུཾ༔ དབུས་ཀྱི་གཞལ་ཡས་ལྟེ་བ་རུ༔ བྲག་ཆེན་པད་ཉི་ལྷ་ཆེན་པོ༔ ཁྱོ་ཤུགས་བྱི་ཆིངས་བསྣོལ་བ་དང༔ ཕྱོགས་བཅུར་ཚངས་པ་བརྒྱ་བྱིན་དང༔ མེ་ལྷ་གཤིན་རྗེ་སྲིན་པོ་རླུང༔ ཆུ་བདག་རླུང་ལྷ་གནོད་སྦྱིན་དང༔ དབང་ལྡན་ས་བདག་ཆུང་མར་བཅས༔ བསྣོལ་བའི་པད་ཉི་བྲག་ཆེན་གསལ༔ ཨེ་རྣམས་ཁྲག་གི་མཚོ་འཁྲུགས་པར༔ པད་ཉི་བམ་རོ་གན་རྐྱལ་འགྱེལ༔ གནས་ཡུལ་མ་མོ་སྒོ་མ་དང༔ དབང་ཕྱུག་ཕུར་སྲུང་བཞུགས་པའི་གནས༔ ཀེང་རུས་གྲམ་བུའི་ཁྲི་བཅས་གསལ༔ མ་སཱུརྻ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ༔ པྃ་པདྨ་མཎྜ་ལ༔ གསུམ་པ་བརྟེན་པ་ལྷ་ཡི་འཁོར་ལོ་བསྒོམ་པའི་དང་པོ་ཆོས་སྐུའི་ངོ་བོ་བདག་རྩ་བའི་དཀྱིལ་འཁོར་གཙོ་བོ་ཡབ་ཡུམ་བསྒོམ་པ་ནི། ཧཱུྃ༔ དབུས་ཀྱི་ཆོས་འབྱུང་ལྟེ་བ་རུ༔ རང་རིག་ཧཱུྃ་བབ་ཡོངས་གྱུར་ལས༔ སྤྲོ་བསྡུས་འོད་ཀྱིས་དོན་གཉིས་བྱས༔ འོད་ཀྱི་ཕུང་པོ་རྡོ་རྗེར་གྱུར༔ བཛྲ་ཧཱུྃ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་འཆང་ཆེན་ཧེ་རུ་ཀ༔ སྤྱི་དཔལ་ཀརྨ་ཀཱི་ལ་ཡ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ རྩ་ཞལ་སྲིན་པོ་ཁྲོས་པའི་ཞལ༔ གཡས་པ་དཀར་བ་ཀུ་མུཏ་དཱ༔ གཡོན་པ་དམར་ནག་ཨམ་གཙིགས་བསྡམས༔ དེ་སྟེང་ཞལ་གསུམ་ལྗང་སེར་ནག༔ སྟེང་གི་ཞལ་གསུམ་སྨུག་མཐིང་དམར༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ སྤྱི་བོར་རྡོ་རྗེ་ཕྱེད་པའི་ཏོག༔ རྭ་གདེང་ཟར་བུ་སྦྲུལ་གྱིས་བཅིང༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཞལ་བགྲད་མཆེ་གཙིགས་ལྗགས་བརྐྱང་འདྲིལ༔ ཧཱུྃ་ཕཊ་ཕེཾ་གྱི་སྒྲ་དྲག་སྒྲོགས༔ ཁྲོ་གཉེར་ཆུ་རླབས་ལྟ་བུར་འཁྲུགས༔ སྨ་ར་སྨིན་མ་མེ་ལྟར་འབར༔ རྡོ་རྗེའི་སྐུ་མཆོག་སྤྲིན་བཞིན་གནག༔ གཡས་དགུའི་དང་པོས་རྡོ་རྗེ་གདེང༔ འཁོར་ལོ་དགྲ་སྟྭ་རལ་གྲི་མདུང༔ ཐོ་བ་ལྕགས་ཀྱུ་གསལ་ཤིང་བསྣམས༔ གཡོན་དགུས་མེ་དཔུང་ཁཊྭཱཾ་ག༔ རི་རབ་ཞགས་པ་བྷནྡྷ་དམར༔ སྡིག་མཛུབ་མདའ་དང་བདུད་བཞིའི་མགོ༔ ཐ་མའི་ཕྱག་གཉིས་ཕུར་བུ་འདྲིལ༔ དྲག་པོའི་སྟང་སྟབས་ཕྱོགས་བཅུར་གཡོ༔ འབར་བའི་ཞབས་བཞི་བརྐྱང་བསྐུམ་གྱིས༔ བར་ཆད་བདུད་བཞི་བརྫིས་ཤིང་མནན༔ གླང་ཆེན་ཞིང་ལྤགས་སྟོད་གཡོགས་ཤིང༔ སྟག་གི་ཤམ་ཐབས་གྲོལ་ཞིང་འཆིང༔ སྐུ་ལ་རུས་པའི་ཕྱག་རྒྱ་དྲུག༔ མགོ་ཕྲེང་དཔལ་གྱི་ཆས་གོས་རྫོགས༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང༔ ཁམས་གསུམ་ཟིལ་གནོན་ཆེན་པོར་གསལ༔ པང་དུ་བདེ་ཆེན་སྐྱེད་པའི་ཡུམ༔ འཁོར་ལོ་རྒྱས་འདེབས་ཁྲོ་གཏུམ་སྒེག༔ གཅེར་བུ་གཟིག་གི་ཤམ་ཐབས་གསོལ༔ ཐོད་སྐམ་རུས་པའི་རྒྱན་གྱིས་སྤྲས༔ ཕྱག་གཉིས་གཡས་པས་ཡབ་མགུལ་འཁྱུད༔ ཨུཏྤལ་མཐེབ་སྲིན་སྦྱར་བས་འཛིན༔ གཡོན་པས་དམར་གྱི་བྷནྡྷ་སྟོབ༔ ནུ་འབུར་བྷ་ག་རྒྱས་པས་སྦྱོར༔ སྐེད་སྐབས་ཕྲ་ལྡེམ་གཡས་པའི་ཞབས༔ ཡབ་ཀྱི་དཀུ་ལ་འཁྱུད་ཅིང་ལྡེམ༔ གཡོན་པ་བརྐྱངས་ཏེ་དགྲ་བགེགས་བརྫིས༔ འབར་བའི་བརྟུལ་ཞུགས་ཡོངས་སུ་རྫོགས༔ གཙོ་བོའི་གཡོན་དུ་སྒྲོལ་བྱེད་ཀྱི༔ ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ༔ ཁྲོ་གཏུམ་སྒེག་པའི་གཟི་བྱིན་གྱིས༔ ཡབ་ལ་ལྟ་ཞིང་ཆགས་པའི་ཚུལ༔ གཡས་པས་གྲི་གུག་ནམ་མཁར་འཕྱར༔ གཡོན་པས་ཙིཏྟ་ཁྲག་འཛག་ཟ༔ གཅེར་བུ་རུས་པའི་རྒྱན་འཕྱང་བའི༔ གཡེར་ཁའི་སྒྲ་ལས་ཆོས་སྒྲ་སྒྲོག༔ གཉིས་པ་ལོངས་སྐུའི་ངོ་བོ་འཁོར་གྱི་ཁྲོ་བོའི་དཀྱིལ་འཁོར་སྤྲོ་བ་ནི། ཨ་ཧོ་ཨ་ཧོ་ཨ་ཧོ་ཧཱུྃ༔ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཨ་ནུ་རཱ་ག་ཡ་མི༔ ཨ་ནུ་རཱ་ག་ཡ་ཧོཿ རྡོ་རྗེ་པདྨ་རྒྱས་མཛད་དེ༔ སྦྱོར་བས་སྐུ་ནི་སྒེག་བཞད་དཔའ༔ པདྨ་བྷཉྫ་མོ་ཀྵ་ཧོཿ ཞལ་ནས་ཨ་ཧོ་ཧཾ་ཞེས་སྒྲོགས༔ རྡོ་རྗེའི་གསུང་མཆོག་རྒོད་གཤེ་རྔམས༔ ཐུགས་ནི་བདེ་བ་ཆེར་འབར་བའི༔ སྙིང་རྗེ་རྔམས་དང་ཞི་བར་བཅས༔ སྲུབ་ཅིང་སྲུབ་པའི་སྦྱོར་བའི་སྒྲས༔ སངས་རྒྱས་སྲས་བཅས་རྗེས་ཆགས་བསྐུལ༔ ཞལ་ཞུགས་བྱང་ཆུབ་སེམས་སུ་ཞུ༔ དྭངས་མའི་སེམས་སྤྲིན་ཧཱུྃ་བཞི་སྤྲོས༔ ཤར་དུ་བཛྲ་ཀྲོ་དྷ་སྟེ༔ རྡོ་རྗེ་ཕུར་པ་དཀར་ལ་སྒེག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་མཐིང་གཡོན་དམར་འཁོར་ལོ་དང༔ དགྲ་སྟྭ་ཐོ་བ་མེ་ལྕེ་འབར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ལྷོ་རུ་རཏྣ་ཀྲོ་དྷ་སྟེ༔ རིན་ཆེན་ཕུར་པ་སེར་ལ་བརྗིད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་རིན་པོ་ཆེ༔ རལ་གྲི་ཞགས་པ་ཁཊྭཱྃ་གདེང༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ནུབ་ཏུ་པདྨ་ཀྲོ་དྷ་སྟེ༔ པདྨ་ཕུར་པ་དམར་ལ་ཆགས༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་མཐིང་པདྨ་དང༔ བེ་ཅོན་མཚོན་འཁོར་གསལ་ཤིང་འཕྱར༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ བྱང་དུ་ཀརྨ་ཀྲོ་དྷ་སྟེ༔ ཕྲིན་ལས་ཕུར་པ་ལྗང་ནག་གཏུམ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་རྒྱ་གྲམ་གདེང༔ ཏྲི་ཤུལ་ཙིཏྟ་དུང་དམར་སྟོབ༔ རིགས་བཞིའི་ཁྲོ་བོ་རང་འདྲའི་ཡུམ༔ ཕྱག་རྒྱ་རང་རྟགས་བྷཉྫ་ཐོགས༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ གཙོ་བོ་བཞིན་དུ་ཡོངས་སུ་རྫོགས༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ སླར་ཡང་གཙོ་མཆོག་སྦྱོར་མཚམས་ནས༔ བྱང་སེམས་ས་བོན་ཧཱུྃ་བཅུ་སྤྲོས༔ ཕྱོགས་བཅུའི་རྩིབས་ཀྱི་གཞལ་ཡས་དབུས༔ ཐོག་ལྟར་བབ་པའི་སྤྲོ་བསྡུ་ཡིས༔ འོད་ཟེར་རྣོན་པོས་ཕྱོགས་སྐྱོང་བའི༔ གདོན་ཚོགས་བཏུལ་ཏེ་ཚུར་འདུས་པ༔ པད་ཉི་ཕྱོགས་སྐྱོང་ཕོ་མོའི་སྟེང༔ ཧཱུྃ་བབ་ཡོངས་གྱུར་ཁྲོ་བཅུར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ྄༔ སྟེང་ཕྱོགས་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་མཛད་སྔོ་སྐྱ་མཐིང་སེར་དམར༔ ཞལ་གསུམ་ཕྱག་དྲུག་དང་པོ་གཉིས༔ རྡོ་རྗེ་དུང་དམར་བར་པ་ཡིས༔ མདའ་གཞུ་འགེངས་ཞིང་རོལ་པའི་ཡུམ༔ སྒྲ་འབྱིན་མ་དང་མཉམ་པར་སྦྱོར༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ༔ རྣམ་པར་རྒྱལ་བ་དཀར་སྔོ་ལྗང༔ དང་པོས་རྡོ་རྗེ་བྷན་དམར་དཀྲུགས༔ བར་པས་འཁོར་ལོ་རྩེ་གསུམ་གདེངས༔ རྡོ་རྗེ་སྙེམས་མ་ཡུམ་དང་སྦྱོར༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ྄༔ ཤར་ལྷོ་མེ་ལྷའི་གདན་སྟེང་དུ༔ དབྱུག་སྔོན་མཐིང་ནག་དཀར་དམར་ཞལ༔ ཕྱག་དྲུག་རྡོ་རྗེ་དུང་ཆེན་ཁྲག༔ མེ་དབལ་རྡོ་རྗེའི་དབྱུག་ཐོ་འཕྱར༔ རྡོ་རྗེ་སྡེར་མོར་མཉམ་པར་སྦྱོར༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ྄༔ ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་དུ༔ གཤིན་རྗེ་གཤེད་སྔོན་སྔོ་ལྗང་ཞལ༔ ཕྱག་དྲུག་རྡོ་རྗེ་ཐོད་པ་དང༔ དགྲ་སྟྭ་འབར་བའི་བེ་ཅོན་ཕྱར༔ དུར་ཁྲོད་བདག་མོ་ཡུམ་དང་སྦྱོར༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄༔ ལྷོ་ནུབ་སྲིན་པོའི་གདན་སྟེང་དུ༔ མི་གཡོ་མཐིང་ག་ཞལ་དཀར་དམར༔ དང་པོས་རྡོ་རྗེ་ཀ་པཱ་ལ༔ རལ་གྲི་ཞགས་པ་འཕེན་པའི་ཡུམ༔ གཏུན་ཁུང་མ་དང་གཉིས་མེད་སྦྱོར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ནུབ་ཕྱོགས་ཆུ་ལྷའི་གདན་སྟེང་དུ༔ རྟ་མགྲིན་དམར་པོ་དཀར་སྔོའི་ཞལ༔ ཕྱག་དྲུག་རྡོ་རྗེ་བྷན་དམར་འཛིན༔ ཞགས་པ་སྤུ་གྲི་གདེངས་པའི་ཡུམ༔ རྡོ་རྗེ་གཏུམ་མོ་མ་དང་སྦྱོར༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄༔ ནུབ་བྱང་རླུང་ལྷའི་གདན་སྟེང་དུ༔ འདོད་རྒྱལ་དམར་སྐྱ་ཞལ་ལྗང་སེར༔ ཕྱག་དྲུག་རྡོ་རྗེ་ཐོད་ཁྲག་དང༔ བ་དན་རྔ་ཡབ་འཛིན་པའི་ཡུམ༔ མདའ་སྙེམས་མ་དང་གཉིས་མེད་འཁྲིལ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄༔ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ༔ བདུད་རྩི་འཁྱིལ་ལྗང་སེར་དུད་ཁ༔ རྡོ་རྗེ་དུང་ཁྲག་རྒྱ་གྲམ་དང༔ དབྱུག་ཐོ་བསྣམས་པའི་ཡུམ་རླུང་འབྱིན༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ྄༔ བྱང་ཤར་དབང་ལྡན་གདན་སྟེང་དུ༔ ཁམས་གསུམ་རྣམ་རྒྱལ་སེར་ནག་ཞལ༔ དཀར་ལྗང་རྡོ་རྗེ་དུང་ཆེན་བསྣམས༔ མདའ་གཞུ་འགེངས་པའི་ཡུམ་གསོད་བྱེད༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ྄༔ འོག་ཕྱོགས་ས་བདག་གདན་སྟེང་དུ༔ སྟོབས་ཆེན་དུད་ཁ་ནག་སེར་ཞལ༔ ཕྱག་དྲུག་རྡོ་རྗེ་དུང་ཆེན་དང༔ ཐོ་བ་ཞགས་འཛིན་ཡུམ་སྐྱོད་བྱེད༔ འཁོར་དུ་རང་འདྲའི་རིགས་བཞི་ཡི༔ ཁྲོ་རྒྱལ་རྣམ་བཞི་ཡུམ་དང་སྦྱོར༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ༔ འབར་བའི་ཆས་ཀུན་རྫོགས་པར་གསལ༔ བཛྲ་མ་ཧཱ་ཀྲོ་དྷ་མཎྜ་ལ་བྷྲཱུཾ༔ ཁྲོ་རྒྱལ་ཆེན་པོ་རྣམ་པ་བཅུའི༔ དཀྱིལ་འཁོར་རྣམས་ཀྱི་གཡས་གཡོན་དུ༔ རྟོག་འཇོམས་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་ཕག་གི་གདོང༔ དཔའ་གཏུམ་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་སྟག་གི་མགོ༔ རྫིས་ཚོར་སྤང་བའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་གཡག་གི་མགོ༔ དུས་འཇུག་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་ཤ་བའི་མགོ༔ ཡེ་རྫོགས་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་གཟིག་གི་མགོ༔ ཐབས་མཁས་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་བྱི་ལའི་མགོ༔ ཟ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་སྤྱང་ཀིའི་མགོ༔ རིགས་བཙུན་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་སེང་གེའི་མགོ༔ ཟ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་དྲེད་ཀྱི་མགོ༔ མྱོས་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་དོམ་གྱི་མགོ༔ མི་འགྱུར་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་རྨིགས་བུའི་མགོ༔ ཐོགས་མེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་བྱ་རྒོད་མགོ༔ གསལ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་བྱ་རོག་མགོ༔ མཐོང་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་འུག་པའི་མགོ༔ ཐལ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་ཁྭ་ཏའི་མགོ༔ བཀྲ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་པུ་ཤུད་མགོ༔ སྒྲིབ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་ཁྲ་ཡི་མགོ༔ གསོ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་ཕ་ཝཾ་མགོ༔ བཙལ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་སྲེ་མོང་མགོ༔ འགུགས་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་བྱི་བའི་མགོ༔ ཕྲ་ཕྱག་ཕོ་མོ་དེ་དག་ཀྱང༔ གཅེར་བུ་ཁྲོ་ཉམས་སྟངས་སྟབས་ཅན༔ སྟག་གཟིག་ཤམ་ཐབས་འཕྱང་ཞིང་རྒྱུག༔ གཡས་པས་ལྕགས་ཀྱུ་གཡོན་པ་ན༔ ཕུར་བུ་འདྲིལ་ཞིང་བགེགས་ལ་འདེབས༔ མེ་དཔུང་རྔམས་པའི་ཀློང་ན་འགྱིང༔ རང་འདྲའི་ཕོ་ཉའི་འདུ་འཕྲོ་ནི༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དང༔ སུམ་སྤྲུལ་བྱེ་བ་རྡུལ་ལྟར་འཁྲིགས༔ གོ་མཚམས་མེད་པར་གཏམས་པར་གྱུར༔ འབར་བ་ཆེན་པོའི་དཀྱིལ་འཁོར་ཤར༔ གསུམ་པ་སྤྲུལ་སྐུ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་ལས་བྱེད་ཕོ་ཉ་མོའི་འཁོར་དང་བཅས་པ་བསྒོམ་པ་ནི། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་མཎྜ་ལ་ཧཱུྃ༔ ཟླ་གམ་འཁྱིལ་པ་གསུམ་གྱི་སྟེང༔ གཙོ་བོ་ཡབ་ཡུམ་སྦྱོར་མཚམས་ནས༔ ཧཱུྃ་ཡིག་བདུན་ཚན་གསུམ་དུ་སྤྲོས༔ འོད་ཀྱིས་ཁམས་གསུམ་གདུག་ཅན་བསྒྲལ༔ སྣང་སྲིད་ཕུར་བུའི་ད་ལར་རྫོགས༔ བདེ་གཤེགས་རྒྱལ་བ་རབ་འབྱམས་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ ཧཱུྃ་ལ་ཐིམ་པས་སྐད་ཅིག་གིས༔ མདུན་དུ་ཐུགས་ཀྱི་སྲས་མཆོག་མཐིང༔ གཡས་སུ་སྐུ་ཡི་སྲས་ལྗང་ནག༔ གཡོན་དུ་གསུང་གི་སྲས་དམར་ནག༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་ཅན༔ གཡས་གཡོན་དཀར་དམར་ཞལ་ནི་བརྗིད༔ དང་པོས་རྡོ་རྗེ་མེ་ཆེན་སྤྲོ༔ བར་པས་དགྲ་སྟྭ་ཁཊྭཱཾ་གདེངས༔ ཐ་མས་ཕུར་བུ་འདྲིལ་བ་ཡི༔ སྐུ་ལ་དུར་ཁྲོད་དཔལ་ཆས་རྫོགས༔ སྐུ་སྨད་འབར་བའི་ཕུར་བུའི་དབལ༔ གནམ་ལྕགས་མེ་འཁྲུགས་ཚྭ་ཚྭ་འཕྲོ༔ ཆུ་སྲིན་ཁ་ནས་ཐོན་པ་ཡི༔ དུག་སྦྲུལ་སྡོམ་དང་སྡིག་པ་འཕྱོ༔ དགྲ་བགེགས་དཀར་ནག་སྙིང་གི་མཚམས༔ ཕུར་རྩེ་གཟིར་བས་སྲིད་གསུམ་བསྒྲལ༔ མཚན་མ་རྫས་ཀྱི་དཀྱིལ་འཁོར་རྫོགས༔ དཔལ་ཆེན་གསང་བ་གསུམ་དུ་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ༔ གྲུ་ཆད་ཤར་ནས་ཕྱོགས་བཞི་རུ༔ གཽ་རི་དཀར་མོ་ཞིང་དབྱུག་འཕྱར༔ ཙཽ་རི་སེར་མོ་མདའ་གཞུ་འགེངས༔ པྲ་མོ་དམར་མོ་ཆུ་སྲིན་འཕྱར༔ བཻ་ཏ་ལྗང་མོ་རྡོ་རྗེ་གདེངས༔ མཚམས་བཞིར་པུཀྐ་རྒྱུ་ཞགས་སེར༔ གྷསྨ་ལྗང་གུ་བྷན་ཁྲག་འཐུང༔ ཙཎྜ་སེར་མོ་རྒྱུ་ཞགས་འཇིབ༔ སྨེ་ཤ་མཐིང་ག་བམ་ཆེན་ཟ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཌཱ་ཀི་ནི་ཕེཾ་བྷྱོ༔ གསེར་ཁྱམས་ཕྱོགས་མཚམས་རེ་རེ་བཞིན༔ སིང་ཧ་སྨུག་ནག་རོ་ལ་ཟ༔ བྱཱ་གྲྀ་དམར་མོ་ལག་བསྣོལ་ཏེ༔ སྲི་ལ་ནག་མོས་བྱིས་བམ་ལྡག༔ ཤྭ་ན་སྤྱང་མཐིང་རོ་ཐོགས་པ༔ གྲྀ་དྷ་སེར་མོ་རྒྱུ་ཞགས་འདྲེན༔ ཀངྐ་དམར་མོ་ཞིང་ཕྲག་ཁུར༔ ཀཱ་ཀ་ནག་མོ་བྷན་གྲི་ཐོགས༔ ཨུ་ལུ་མཐིང་གས་རྡོ་རྗེ་གསོར༔ ཀུན་ཀྱང་ཁྲོ་མོ་འཇིགས་པའི་གཟུགས༔ གཟིག་ཤམ་རུས་པའི་རྒྱན་གྱིས་སྒེག༔ ཐོད་སྐམ་ཕྲེང་གསོལ་ཞབས་བརྐྱང་བསྐུམ༔ རལ་གསིགས་མཆེ་གཙིགས་སྡང་མིག་ཅན༔ ཟླ་གམ་གཞལ་ཡས་རྫོགས་པར་རོལ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཨ་རལླི་ཕེཾ་བྷྱོ༔ གཙོ་བོའི་སྦྱོར་མཚམས་ཛཿཧཱུྃ་བྃ༔ ཧོཿཡི་ཡི་གེ་བཞི་སྤྲོས་པས༔ ཤར་དུ་སྒོ་མ་ལྕགས་ཀྱུ་མ༔ དཀར་མོ་རྟ་ཡི་གདོང་པ་ཅན༔ ལྷོ་རུ་སྒོ་མ་ཞགས་པ་མ༔ སེར་མོ་ཕག་གི་གདོང་པ་ཅན༔ ནུབ་ཏུ་སྒོ་མ་ལྕགས་སྒྲོག་མ༔ དམར་མོ་ཀངྐའི་གདོང་པ་ཅན༔ བྱང་དུ་སྒོ་མ་དྲིལ་བུ་མ༔ ལྗང་གུ་སྤྱང་ཀིའི་གདོང་པ་ཅན༔ ཀུན་ཀྱང་གཡོན་པས་ཕུར་པ་འདྲིལ༔ གཅེར་མོ་རལ་གསིགས་གཟིག་ཤམ་ཅན༔ གཏུམ་ཆེན་རྔམ་པའི་གད་རྒྱང་སྒྲོགས༔ པད་ཉི་བམ་རོའི་སྟེང་ན་འགྱིང༔ ཛཿཧཱུྃ་བྃ་ཧོཿ ཁྲག་ཁྱམས་དཔལ་གྱི་བཀའ་སྡོད་ཆེའི༔ མཐིང་ནག་ཨེ་ཡི་དལ་རེ་རེར༔ ཤར་སྟོད་སྲིན་མོ་ཚངས་པ་དང༔ ལྷ་ཆེན་མོ་གསུམ་ཤར་སྨད་དུ༔ གཏོག་འདོད་གཞོན་ནུ་བརྒྱ་བྱིན་མ༔ ལྷོ་སྟོད་རྡོ་རྗེ་བདུད་རྩི་ཟླ༔ བེ་ཅོན་སྲིན་མོ་ཟ་བ་སྨད༔ ནུབ་སྟོད་དགའ་སྟོབས་རྡོ་རྗེ་མ༔ འདོད་པ་ནོར་སྲུང་རླུང་ལྷ་སྨད༔ བྱང་སྟོད་གསོད་བྱེད་ཕག་མོ་མེ༔ རྒན་བྱེད་སྣ་ཆེན་ཆུ་ལྷ་སྨད༔ རྡོ་རྗེ་ནག་མོ་སེར་མོ་དང༔ དམར་མོ་ལྗང་ནག་ཕྱིའི་སྒོ་བཞིར༔ རིམ་པར་གཡག་སྦྲུལ་གཟིག་སྲེ་དྲེད༔ དོམ་དང་ཕ་ཝཾ་ཆུ་སྲིན་སྡིག༔ ཁྲ་ཝ་ཁྭ་ཏ་སྟག་བྱ་རྒོད༔ རྟ་དོམ་ཁྱི་ཤྭ་སྐྱིན་ཕག་གདོང༔ བྱ་རོག་གླང་སྦྲུལ་ཁུ་བྱུག་སེང༔ སྦྲུལ་གྱི་གདོང་ཅན་མཚོན་ཆ་འཕེན༔ གྲུ་གསུམ་དལ་དུ་ཁྲག་མཚོའི་ཀློང༔ བམ་རོའི་སྟེང་འགྱིང་ཁྲོ་མོའི་གཟུགས༔ ཕྱོགས་བཞིར་ལས་བཞི་སྒྲུབ་པ་ཡི༔ ཕོ་ཉ་བྲན་དང་མངག་གཞུག་མ༔ མ་མོ་མཁའ་འགྲོའི་དཀྱིལ་འཁོར་ནི༔ ལས་བྱེད་ཆེན་པོའི་ཚུལ་དུ་གསལ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ མ་མ་ཀྲོ་དྷཱི་ཌཱ་ཀི་ནི་མཎྜ་ལ་ཧཱུྃ་བྷྱོ༔ སླར་ཡང་ཕྱོགས་མཚམས་བཅུ་གཉིས་ཀྱི༔ ཨེ་ལ་དཔལ་ཆེན་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྲག་ཁྱམས་ཤར་དུ་ཤྭ་ན་མཐིང༔ ལག་གཡས་ཐོད་པའི་ཕྲེང་བ་འདྲེན༔ གཡས་སུ་ཐབས་ཀྱི་སྐྱེས་བུ་དཀར༔ ལྷོ་རུ་ཀྲྀ་ཏ་མུ་ཁ་སེར༔ ལག་གཡས་འབར་བའི་ལྕགས་ཀྱུ་གདེངས༔ གཡས་སུ་གཤིན་རྗེའི་སྐྱེས་བུ་ནག༔ ནུབ་ཏུ་སྲི་ལ་མུ་ཁ་དམར༔ ལག་གཡས་སྙིང་གི་ཕྲེང་བ་འདྲེན༔ གཡས་སུ་བདུད་ཀྱི་སྐྱེས་བུ་དམར༔ བྱང་དུ་ཤྲི་ག་མུ་ཁ་ལྗང༔ ལག་གཡས་གནམ་ལྕགས་རྡོ་རྗེ་གདེངས༔ གཡས་སུ་གནོད་སྦྱིན་སྐྱེས་བུ་ལྗང༔ མ་མོ་རྣམས་ཀྱི་གཡོན་ཕུར་པ༔ གདོང་དང་མཚུངས་པའི་ཆིབས་ལ་ཞོན༔ ཡབ་རྣམས་ཤེལ་གྲི་ཁྲམ་ཤིང་དང༔ དར་དམར་བེ་ཅོན་གཡོན་ཕུར་པ༔ ཤར་སྟོད་རེ་མ་ཏི་མཐིང་ནག༔ ཕྱག་བཞི་སྲིད་པའི་ཕུར་པ་དང༔ མེ་ལོང་ཞགས་ཐོགས་ཤར་བདུད་སྦྱོར༔ ལྷོ་སྟོད་རེ་མ་ཏྲི་སེར་ནག༔ བདུད་རྩིའི་བུམ་ཐོགས་ལྷོ་བདུད་སྦྱོར༔ ནུབ་སྟོད་རེ་མ་ཛཿདམར་ནག༔ ནད་རྐྱལ་རྡེབས་ཤིང་ནུབ་བདུད་སྦྱོར༔ བྱང་སྟོད་རེ་མ་ཛུ་ལྗང་ནག༔ ཁྲམ་ཤིང་ཐོགས་ཤིང་བྱང་བདུད་སྦྱོར༔ ཡབ་རྣམས་གཡས་གཡོན་དུང་ཁྲག་ཐོ༔ ཆིབས་སུ་བོང་བུ་ཤ་བ་དང༔ ཆུ་གླང་རྔ་མོ་གྭ་པ་ཆིབས༔ ཤར་སྨད་ཡ་བྱིན་སེང་ཞོན་ནག༔ ལྷོ་སྨད་དེ་བྱིན་འབྲུག་ཞོན་སེར༔ ནུབ་སྨད་བསེ་བྱིན་གློག་ཞོན་ནག༔ བྱང་སྨད་ཕག་བྱིན་ཆུ་སྲིན་ཞོན༔ གིང་ཆེན་སྡེ་བཞི་རྟ་དང་ཁྱུང༔ བྱ་གླག་བསེ་གཡག་ཁམ་པ་ཞོན༔ ཡུམ་རྣམས་ཉི་ཟླ་ཐོག་སེར་རི༔ རྒྱ་མཚོ་ཐོགས་པ་གཉིས་རེའོ༔ ཕྱོགས་མཚམས་གྲུ་གསུམ་རེ་རེའི་ནང༔ བཞུགས་པའི་མ་མོ་བཅུ་གཉིས་ཀྱི༔ ལས་བྱེད་ཕོ་ཉ་འབར་བའི་སྐུ༔ བདུད་གཟའ་བཙན་དང་ཀླུའི་བུ་མོ༔ ཕྱོགས་སྐྱོང་འདུལ་བའི་ཁྱི་མོ་བརྒྱད༔ དཀར་སེར་དམར་ལྗང་ཕྱོགས་མཚམས་རྒྱུག༔ གནམ་ཁྱི་ངར་མ་ཀླད་ལ་ལྡིང༔ བསེ་ཁྱི་དམར་པོས་རི་ཀླུང་ཉུལ༔ ཁྱུང་ཁྱི་གཟན་ལ་འཇབ་ཅིང་འཁྱུགས༔ སྟག་ཁྱི་ཁྲག་རྔུབ་ཤ་རྗེས་ཉུལ༔ ལྕགས་ཀྱི་སྤྱང་བརྒྱད་དགྲ་ཤ་ཟ༔ དུང་གི་ཁྱི་བརྒྱད་ང་རོ་སྒྲོགས༔ གསེར་གྱི་འཕར་བརྒྱད་བྱ་ར་བྱེད༔ ཟངས་ཀྱི་ཁྱི་བརྒྱད་འུར་འུར་ཟུག༔ སྟག་ཆེན་བརྒྱད་ཀྱིས་མཆོང་ཞིང་རྩེ༔ སྦྲུལ་ཆེན་བརྒྱད་ཀྱིས་འཁྱུགས་ཤིང་འགྲོ༔ བྱི་ལ་བརྒྱད་ཀྱིས་བླ་ལ་འཇབ༔ ཁྱུང་གི་ཕྲ་མེན་བརྒྱད་འཕུར་འཕྱོ༔ སྤྲུལ་པའི་ཕོ་ཉ་རྡུལ་ལྟར་འཚུབས༔ མཚོན་ཆའི་ཆར་པ་སྤྲོ་ཞིང་རྒྱུག༔ སྒྲོལ་བྱེད་བཀའ་སྡོད་ཆེན་པོ་ཡི༔ དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷརྨ་པཱ་ལ་མ་ཧཱ་ཀྲོ་དྷ་མཎྜ་ལ་བྷྲཱུྃ༔ དེ་ལྟར་སྣང་སྲིད་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་གསལ་གདབ་པ་ལ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་འདེབས་པ་ནི། ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པའི༔ སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་སྤྱན་དྲངས་གནས་གསུམ་དུ་ཐིམ་པས། དེ་རྣམས་ཀྱི་གསང་བ་གསུམ་དང་གཉིས་སུ་མེད་པར་གྱུར། དབང་བསྐུར་བ་ནི། ཡང་ཐུགས་ཀ་ནས་འོད་འཕྲོས་དབང་གི་ལྷ་ཐམས་ཅད་སྤྱན་དྲངས་པས་དབང་བསྐུར་བར་གྱུར། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ དབང་དང་བྱིན་རླབས་དེང་སྩོལ་ཅིག༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ་མ་ཧཱ་ཨརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་མ་ཧཱ་ས་མ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ་མ་ཧཱ་པྲ་ཏྱ་བེ་ཀྵ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ་མ་ཧཱ་ཀྲྀ་ཏྱཱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ སྤྱི་བོའི་གནས་ལྔར་དབང་ལྷ་ཡབ་ཡུམ་རྗེས་ཆགས་རྒྱས་པའི་ཞུ་བདེའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཆུ་ཡི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་གཙོ་བོ་ལ་རྡོ་རྗེ་མི་བསྐྱོད་པ་དང༌། འཁོར་རྣམས་ལ་སོ་སོའི་རིགས་ཀྱི་བདག་པོས་དབུར་བརྒྱན་པར་གྱུར། བཞི་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་རང་བཞིན་གྱི་གནས་ནས་བླ་མ་རིག་འཛིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཐམས་ཅད་སངས་རྒྱས་ཀུན་གྱི་ཕྲིན་ལས་ཀྱི་རྣམ་རོལ་མི་བཟད་འབར་བ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་སྲུང་མ་དང་བཅས་པའི་རྣམ་པར་བཛྲ་ས་མཱ་ཛཿ ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་དབུས་བྲལ་བ་ནས༔ རང་བྱུང་ཡེ་ཤེས་ཧེ་རུ་ཀ༔ དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ འཇིགས་མཛད་རྡོ་རྗེ་གཞོན་ནུ་ཆེ༔ ཐབས་ཀྱི་སྤྱོད་པས་གང་འདུལ་དུ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཡེ་ཤེས་ཁྲོ་བོ་ཆེན་པོ་ནི༔ འཁོར་གྱི་དཔལ་ཆེན་ཁྲོ་རྒྱལ་བཅུ༔ སྲས་དང་སྤྲུལ་པ་བཀའ་སྡོད་བཅས༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ གནས་འདི་ཉིད་དུ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་ས་མ་ཡ་ཛཿཛཿ ལྔ་པ་དམ་ཡེ་གཉིས་མེད་དུ་བསྟིམ་པ་ནི། ཧཱུྃ་ཧྲཱིཿ བདེ་ཆེན་དབྱིངས་ཀྱི་གཞལ་ཡས་དབུས༔ རང་སྣང་རིག་པའི་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བཞུགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ དྲུག་པ་ཕྱག་འཚལ་བ་ནི། ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ བདུན་པ་མཆོད་པ་ལ། ཉེར་སྤྱོད་སྨན་རཀ་གཏོར་མ་དང༌། །སྦྱོར་དང་སྒྲོལ་བའི་མཆོད་པ་གསུམ། །ཞེས་ནང་གསེས་སུ་གསུམ་དུ་དབྱེ་བའི་དང་པོ་ཐུན་མོང་ཉེར་སྤྱོད་ཀྱི་མཆོད་པ་ལ་ཞི་དྲག་གཉིས་ལས། དང་པོ་ནི། ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་དེ་ཝི་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ གཉིས་པ་ནི། ཧཱུྃ་ཧྲཱིཿ འབར་བའི་ང་རྒྱལ་ཆེན་པོ་ཡིས༔ ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར༔ དམ་ཉམས་སྙིང་ཁྲག་མཆོད་ཡོན་དང༔ མྱོས་བྱེད་དུག་ཆུའི་ཞབས་བསིལ་འཁྲུགས༔ དབང་པོ་ལྔ་ཡི་མེ་ཏོག་དང༔ ཚིལ་ཆེན་དུད་པ་འཁྲིགས་པའི་སྤོས༔ ཞུན་གྱི་མར་མེ་མདངས་གསལ་ཞིང༔ མཁྲིས་སྣ་ཁྲག་ཞག་བྱུག་པའི་རྩི༔ ཤ་རུས་དོན་སྣོད་མཱཾ་སའི་ཟས༔ ཐོད་རྔ་མི་རྐང་གླིང་བུ་སོགས༔ རུ་ཏྲ་ཆེན་པོའི་ལོངས་སྤྱོད་ཀྱིས༔ ཁྲག་འཐུང་རྡོ་རྗེའི་ལྷ་ཚོགས་བསྐང༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་རུ་ཏྲ་པཱུ་ཛ་ས་མ་ཡ་ཧོཿ གཉིས་པ་ཁྱད་པར་གྱི་མཆོད་པ་ལ་གསུམ་ལས། སྨན་གྱི་མཆོད་པ་ནི། ཧཱུྃ༔ རང་བྱུང་པདྨ་བྷཉྫའི་སྣོད༔ བདེ་ཆེན་རྡོ་རྗེའི་སྦྱོར་བ་ལས༔ འབར་བ་དཀྱིལ་འཁོར་དགུའི་བྱང་སེམས༔ ཡེ་ཤེས་ཀློང་དགུའི་ཕྱག་རྒྱའི་སྤྲིན༔ རང་བཞིན་ལྷུན་རྫོགས་མཆོད་པ་ཆེ༔ བདུད་རྩི་ར་ས་ཡཱ་ནའི་དངོས༔ བླ་མེད་དམ་ཚིག་རྫས་ཀྱི་མཆོག༔ ཨོཾ་ཨ་མྲྀ་ཏ་ཁཱ་ཧི༔ བརྒྱུད་མཆོད་ནི། དགོངས་པ་བརྡ་དང་སྙན་ནས་བརྒྱུད་པ་ཡི། །བྱིན་རླབས་སྤྲིན་ཕུང་ཡེ་ཤེས་ཆར་ཆེན་འབེབས། །རིག་འཛིན་རྩལ་འཆང་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཁྱབ་བདག་སྟོན་པ་ཆོས་སྐུ་ཀུན་ཏུ་བཟང༌། །ལོངས་སྤྱོད་ཡོངས་རྫོགས་རྡོ་རྗེ་སེམས་དཔའ་དང༌། །སྤྲུལ་སྐུ་མཁའ་འགྲོ་ལས་ཀྱི་དབང་མོ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཕུར་པའི་རིག་འཛིན་པྲ་བྷ་ཧསྟི་དང༌། །འཕོ་ཆེན་སྐུ་བརྙེས་བི་མ་ལ་མི་ཏྲ། །དཀྱིལ་འཁོར་ཀུན་བདག་པདྨ་འབྱུང་གནས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དབྱིངས་ཕྱུག་ཌཱ་ཀི་བདེ་ཆེན་མཚོ་རྒྱལ་དང༌། བདུད་རྩི་ཕུར་གྲུབ་ཛྙཱ་ན་ཀུ་མཱ་ར། །མངའ་བདག་ཆེན་པོ་སོག་པོ་ལྷ་དཔལ་རྗེ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བཀའ་བབ་བདུན་ལྡན་རྡོ་རྗེ་གཟི་བརྗིད་དང༌། །གཏེར་འབྱིན་མདོ་སྔགས་གླིང་དང་མ་ཏིའི་མཚན། །ཆོས་བདག་རིག་འཛིན་བརྒྱུད་པར་བཅས་པ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རྡོ་རྗེ་གཞོན་ནུ་བདུད་འདུལ་ཁྲོ་བོ་བཅུ། །ཕྲ་ཐབས་སྲས་མཆོག་སྒོ་མ་ཕུར་སྲུང་སོགས། །དངོས་གྲུབ་མཆོག་སྩོལ་བསམ་ཡས་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དཔལ་གྱི་བཀའ་སྡོད་ཕྲིན་ལས་གློག་ལྟར་འཁྱུག །མ་སྲིང་མཁའ་འགྲོ་དམ་ཅན་རྒྱ་མཚོ་དང༌། །སྣང་སྲིད་གཞིར་བཞེངས་རྡོ་རྗེའི་མཎྜ་ལར། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃ༔ དམ་ཚིག་རྫས་ཀྱི་བདུད་རྩི་ལས༔ ཡེ་ཤེས་སྙིང་པོའི་དངོས་གྲུབ་དབྱིག༔ མཐེབ་སྲིན་ཉི་ཟླའི་གྭའུ་ཡིས༔ རྡོ་རྗེའི་ལྕེ་ལ་བཞག་ཅིང་མྱང༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་མྲྀ་ཏ་སིདྡྷི་ཕ་ལ་ཧོ༔ གཏོར་མའི་མཆོད་པ་ནི། ཧཱུྃ་ཧྲཱིཿ རྡོ་རྗེའི་ཕུང་ཁམས་ཐམས་ཅད་ཀྱང༔ འདོད་ཡོན་རྨད་བྱུང་གཏོར་མར་ཤར༔ རང་བཞིན་རྫས་ཀྱི་དཀྱིལ་འཁོར་ཆེ༔ ལྷུན་གྱིས་གྲུབ་པའི་བ་ལིཾ་ཏ༔ སྣང་སྲིད་མ་ལུས་ལྷུན་རྫོགས་པའི༔ མཆོད་པ་ཀུན་གྱིས་ཡང་དག་མཆོད༔ ཨོཾ་མ་ཧཱ་བ་རཀྟ་ཁཱ་ཧི༔ རཀྟའི་མཆོད་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། ཧཱུྃ་ཧྲཱིཿ གདུག་པའི་སྙིང་གི་ཁྲག་རྒྱུན་དང༔ གཱིརྟིའི་རང་བྱུང་གསང་བའི་ཁྲག༔ ཁམས་གསུམ་ཆགས་པའི་བཅུད་ཆེན་པོ༔ དམར་ནག་ལྦུ་ཕྲེང་འཁྲུགས་པའི་མཚོ༔ འབར་བ་གཏུམ་ཆེན་རྔམ་པ་ལ༔ གཉིས་མེད་རོལ་པས་དགྱེས་དགུར་བཞེས༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ གཉིས་པ་བྱེ་བྲག་རཀྟ་ཚར་གསུམ་ནི། ཕུད་དང་རཀྟ་བསྲེས་པ་དང་པོ་བཀའ་སྒོ་བའི་ཕྱིར་ཕུལ་ལ། ཧཱུྃ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ རིངས་པར་ཁུག་ལ་སྨྱོར་ཆུག་ཅིག༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ང་ཡི་དབང་དུ་གྱུར་ནས་ཀྱང༔ བསྒོ་བའི་བཀའ་ལ་ཉན་པར་བྱོས༔ མ་ཧཱ་རཀྟ་ཁཱ་ཧི༔ གཉིས་པ་དམ་ཅན་གནད་དུ་དབབ་པའི་ཕྱིར་འབུལ་བ་ནི། ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཇི་བཞིན་བཅས་པ་ཡི༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔ མ་ཧཱ་རཀྟ་ཁཱ་ཧི༔ གསུམ་པ་མཐུ་དང་རྫུ་འཕྲུལ་འཕྲོག་པའི་ཕྱིར་འབུལ་བ་ནི། ཧཱུྃ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལྷའམ་འོན་ཏེ་བདུད་ཀྱང་རུང༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་མེད་པར་གྱིས༔ མ་ཧཱ་རཀྟ་ཁཱ་ཧི༔ གསུམ་པ་སྒྲོལ་མཆོད་ནི། ཧཱུྃ་ཧྲཱིཿ ཁམས་གསུམ་མ་ཧཱ་རུ་ཏྲའི་ཚོགས༔ ཀུན་ཏུ་ཁྲོས་པས་བསྒྲལ་བ་ལས༔ ཤ་ཆེན་བརྩེགས་པའི་རི་རབ་དང༔ རུས་ཆེན་བསྒྲལ་བའི་གྲམ་བུར་སྤུངས༔ དམར་ནག་ཁྲག་གི་རྒྱ་མཚོ་འབུལ༔ དུག་གསུམ་དག་པའི་དངོས་གྲུབ་སྩོལ༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ བཞི་པ་སྦྱོར་མཆོད་ནི། ཧཱུྃ་ཧྲཱིཿ འབར་བ་ཁྲོ་མོའི་ཨེ་ཀློང་དུ༔ གཏུམ་ཆེན་ཁྲོ་བོའི་རྡོ་རྗེས་བརྡུང༔ བར་དུ་གཅོད་ན་ལྷ་ཡང་རུང༔ བསྒྲལ་བའི་ལས་ཀྱི་མཆོད་པ་འབུལ༔ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ྄་ཕཊ྄་ཕཊ྄༔ ཧ་ཧ་ཧ༔ བརྒྱད་པ་བསྟོད་པ་ནི། ཧཱུྃ་ཧྲཱིཿ བསྐལ་པ་མེ་ལྟར་འབར་བའི་ཀློང༔ རང་བྱུང་དུར་ཁྲོད་ཆེན་པོའི་དབུས༔ དཔལ་ཆེན་འབར་བ་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུར་ཕྱག་འཚལ་བསྟོད༔ འཇིགས་རུང་སྐུ་ནི་གར་དགུས་སྒེག༔ མཐིང་ནག་བཻཌཱུའི་ལྷུན་པོ་བཞིན༔ ཉི་མ་འབུམ་གྱི་གཟི་བརྗིད་ཀྱིས༔ ཁམས་གསུམ་ཟིལ་གྱིས་གནོན་ལ་བསྟོད༔ རབ་འཇིགས་རྡོ་རྗེའི་གད་མོ་ཆེས༔ གདུག་པ་ཅན་རྣམས་སྲོག་རྩ་འདར༔ རྒོད་གཤེ་དྲག་ཤུལ་རོལ་པ་ཆེའི༔ ཧཱུྃ་ཕཊ་གད་རྒྱངས་སྒྲོག་ལ་བསྟོད༔ མི་གཡོ་ཐུགས་ནི་རབ་ཏུ་ཞི༔ སྙིང་རྗེ་རྔམས་པའི་གདུང་བ་ཆེས༔ བདུད་དང་རུ་ཏྲ་གདུལ་དཀའ་འདུལ༔ རྡོ་རྗེ་སྲིན་པོའི་ཚུལ་ལ་བསྟོད༔ ཡོན་ཏན་བསམ་ཡས་ཆོ་འཕྲུལ་གྱིས༔ འཕགས་པའི་རྣམ་ཐར་མ་ལུས་རྫོགས༔ མི་སློབ་འབྲས་བུའི་དེ་ཉིད་ཀྱི༔ གསང་བ་རྒྱན་གྱི་འཁོར་ལོར་བསྟོད༔ མཁའ་ཁྱབ་འགྲོ་བ་ཀུན་འདུལ་བའི༔ ཕྲིན་ལས་དཔག་ཡས་གང་འདུལ་སྟོན༔ སྲིད་ཞིའི་རྒྱན་དུ་རྫོགས་པའི་ལྷ༔ གཉིས་མེད་མཉམ་པའི་ངང་དུ་བསྟོད༔ དངོས་གཅིག་ཐིག་ལེ་ཆེན་པོའི་གཟུགས༔ རབ་འབྱམས་གཙོ་དང་འཁོར་གྱི་ཚུལ༔ བསམ་ཡས་བཀོད་པའི་ཆོ་འཕྲུལ་ཅན༔ མ་ལུས་ཀུན་ལ་གུས་པས་བསྟོད༔ དགུ་པ་བཟླས་པ་ལ། བསྙེན་སྒྲུབ་ལས་གསུམ་ལས། དང་པོ་བསྙེན་པ་ལ་གཉིས་ལས། དབང་དང་སྒྲུབ་པའི་སྐབས་ཛབ་ཁང་དབྱེ་དགོས་ཤིང༌། དཀྱུས་ཀྱི་བཟླས་པའི་དང་པོ་གཙོ་བོ་ཡབ་ཡུམ་ལ་བརྟེན་པའི་བསྙེན་དམིགས་ཀྱི་བསྙེན་པ་བཀོད་པའི་བཟླས་པ་ནི། བདག་ཉིད་ཐུགས་ཀར་ཡེ་ཤེས་སེམས༔ རྡོར་སེམས་དཀར་གསལ་ལོངས་སྐུའི་ཆས༔ རྡོ་རྗེ་དྲིལ་བསྣམས་ཕྱེད་སྐྱིལ་བཞུགས༔ ཚོན་གང་འོད་ཀྱི་ཕུང་པོ་ནི༔ རིན་ཆེན་ཟུར་བརྒྱད་དབུས་ན་བཞུགས༔ དེ་ཡི་ཐུགས་ཀར་ཙིཏྟ་ནི༔ མཐིང་སྨུག་མཆོང་གི་གུར་ལྟར་མཛེས༔ ལྟེ་བར་ཉི་སྟེང་རྡོ་རྗེ་ནི༔ རྩེ་དགུ་ནས་ཀྱི་འབྲུ་ཙམ་བསྒྲེངས༔ རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ནག༔ མཐའ་བསྐོར་སྙིང་པོ་འབྲུ་དགུ་འབར༔ སྔགས་ཕྲེང་མཚམས་སུ་གསུང་རྡོ་རྗེ༔ རྟ་མགྲིན་དམར་པོས་བར་ཆད་སྲུང༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ དཔལ་ཆེན་སྐུ་དང་གཉིས་མེད་གྱུར༔ ཞེས་གསལ་སྣང་རྩེ་གཅིག་ཏུ་སྒྲུབ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ ཅེས་བསྙེན་སྔགས་འབྲུ་དགུ་པ་ཉིད་བཟླ། གོམས་པ་བརྟན་པ་དང༌། གཉིས་པ་ཉེ་བསྙེན་དོ་ལིའི་བཟླས་པ་ནི། སྔགས་ཕྲེང་བདག་མདུན་ཞལ་དང་མཁའི༔ སྦྱོར་མཚམས་ནས་བརྒྱུད་འོད་ཟེར་ལས༔ སྐུ་སྔགས་ཕྱག་མཚན་མཚོན་ཆ་མེ༔ སྤྲོ་བསྡུས་སྣང་སྲིད་ལྷ་དང་སྔགས༔ ཡེ་ཤེས་རོལ་པར་འབྱམས་ཀླས་ཏེ༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ བརྟན་གཡོ་རྩི་ཤིང་ནགས་ཚལ་ཀྱང༔ ཐམས་ཅད་ཕུར་པའི་དལ་དུ་རྫོགས༔ ཞལ་ནས་སྔགས་ཀྱི་སྒྲ་སྒྲོག་ཅིང༔ ཀུན་ཀྱང་ཀཱི་ལིའི་ཛཔ་སྒྲ་སྒྲོགས༔ སྣང་སྲིད་ཕྱག་རྒྱ་ཆེན་པོའི་དབྱིངས༔ དག་པའི་ཡེ་ཤེས་རོལ་པར་ཤར༔ ཞེས་སྤྲོ་བསྡུའི་ཏིང་འཛིན་དང་བཅས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄་ཛཿཧཱུྃ་ཨ༔ སྒྲུབ་སྔགས་འབྲུ་བཅུ་བདུན་པ་དང༌། གཉིས་པ་སྒྲུབ་པ་ལ་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་གཉིས་ཀྱི། དང་པོ་ལའང་གཉིས་ལས། དང་པོ་ཀཱི་ལ་རིགས་བཞིའི་བཟླས་དམིགས་ནི། དཔལ་གྱི་ཐུགས་ཀའི་འོད་ཟེར་གྱིས༔ རིགས་བཞིའི་ཁྲོ་བོའི་རྒྱལ་པོ་བསྐུལ༔ སྤྲོ་བསྡུའི་མཛད་པས་དོན་གཉིས་སྒྲུབ༔ ཁྱད་པར་རྒྱལ་ཀུན་སྐུ་གསུང་ཐུགས༔ ཡེ་ཤེས་རྡོ་རྗེའི་བྱིན་རླབས་བསྡུས༔ འགྲོ་བའི་ལུས་ངག་ཡིད་སྒྲིབ་སྦྱངས༔ མཆོག་གི་ཕྲིན་ལས་བཞི་འགྲུབ་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ གཉིས་པ་སྲས་མཆོག་ཉེར་གཅིག་གི་བཟླས་པ་ནི། དཔལ་ཆེན་སྐུ་ཡི་གནས་གསུམ་ལས༔ བྱུང་བའི་འོད་ཀྱིས་ཁམས་གསུམ་བསྒྲལ༔ སྲིད་པ་རྡོ་རྗེ་ཕུར་པའི་ཞིང༔ རྡོ་རྗེའི་དམ་ཚིག་གསུམ་དུ་དག༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ༔ གཉིས་པ་ལ་གཉིས་ལས། དང་པོ་ཁྲོ་རྒྱལ་ཡབ་བཅུའི་བཟླས་པ་ནི། གཙོ་བོའི་འོད་ཀྱིས་ཕྱོགས་མཚམས་སུ༔ བཞུགས་པའི་ཁྲོ་རྒྱལ་ཡབ་བཅུ་བསྐུལ༔ འོད་ཟེར་སྤྲོ་བསྡུས་འཇིག་རྟེན་ཁྱབ༔ གདུག་པའི་ཕྱོགས་སྐྱོང་སྡེ་བརྒྱད་བཏུལ༔ སྟོབས་བཅུའི་བྱིན་རླབས་ནུས་པ་བསྡུས༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་ཀྱིས༔ དངོས་གྲུབ་མཐའ་དག་འགྲུབ་པར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷཧཱུྃ་ཕཊ྄༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་པཊ྄༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ྄༔ ཞེས་ཁྲོ་བོ་བཅུ་སོ་སོར་བཟླ། གཉིས་པ་ཁྲོ་མོ་བཅུའི་བཟླས་དམིགས་ནི། རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ ཐུགས་སྲོག་འོད་ཀྱིས་ཁྲོ་མོ་བསྐུལ༔ དེ་དག་ལས་སྤྲོས་འོད་ཟེར་གྱིས༔ འགྲོ་ཀུན་ཕར་ཕྱིན་མཛད་པར་བསྐུལ༔ སེར་སྣ་ལ་སོགས་སྒྲིབ་སྦྱངས་ནས༔ སྣོད་བཅུད་ཡེ་ཤེས་རོལ་པར་བལྟ༔ ཨོཾ་བཛྲ་ཀྲོ་དྷཱི་དཱི་པ་ཡ་ཏི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ལཱ་སྱ་ཀི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ཏཱི་ཏཱ་རུ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ཤྨ་ཤཱ་ན་པ་ཏི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་མུ་ཧ་ལ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ཛ་ཡ་ཏི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ས་བྱ་ཏི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ས་བྱ་མ་ཏི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་མཱ་ར་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་མུཎྜེ་མཾ་ཧཱུྃ༔ ཞེས་སོ་སོར་བཟླ། གསུམ་པ་ལས་སྦྱོར་ལ་བཞི་ལས། དང་པོ་ཕྲ་མེན་ཉི་ཤུའི་བཟླས་པ་ནི། གཙོ་མོའི་འོད་ཀྱིས་ཁྲོ་བཅུ་བསྐུལ༔ དེ་དག་ཐུགས་ཀའི་འོད་ཀྱི་ཕྲེང༔ ཕྲ་མེན་ཚོགས་བསྐུལ་རང་འདྲ་སྤྲོས༔ ས་གསུམ་ཁྱབ་པའི་སྤྲོ་བསྡུ་ཡིས༔ འཇིག་རྟེན་དྲེགས་ཚོགས་གཟིར་ཞིང་དངངས༔ བཀའ་ཉན་དབང་བསྡུས་ཟིལ་གྱིས་མནན༔ གདུག་པ་ཅན་རྣམས་མ་ལུས་བསྒྲལ༔ འབར་བ་གར་དགུའི་རོལ་རྩེད་ཀྱིས༔ མངོན་སྤྱོད་ཕྲིན་ལས་རྫོགས་པར་གྱུར༔ ཨོཾ་བཛྲ་སུ་ཀ་ར་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཨི་ཥུ་པ་མུ་ཁི་ཧཱུྃ༔ ཨོཾ་བཛྲ་བྱཱ་གྲྀ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་གྲྀ་དྷ་མུ་ཁི་ཧཱུྃ༔ ཨོཾ་བཛྲ་ཙ་མ་ར་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཏ་ནཱ་མུ་ཁི་ཧཱུྃ༔ ཨོཾ་བཛྲ་ཧ་རི་ཎ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཨཱུ་ལུ་ཀ་མུ་ཁི་ཧཱུྃ༔ ཨོཾ་བཛྲ་ཏྱ་ཀི་མུ་ཁ་ཧཱུྃ༔ ཨོཾ་བཛྲ་པྲེ་ཏ་མུ་ཁི་ཧཱུྃ༔ ཨོཾ་བཛྲ་པི་ཊྭ་ལ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་པཀྵི་ཏ་མུ་ཁི་ཧཱུྃ༔ ཨོཾ་བཛྲ་སྲྀ་ག་ལ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་པཉྩ་ར་ཎ་མུ་ཁི་ཧཱུྃ༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཏི་ཏི་ལ་མུ་ཁི་ཧཱུྃ༔ ཨོཾ་བཛྲ་རཀྵི་ས་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ན་ཀུ་ལ་མུ་ཁི་ཧཱུྃ༔ ཨོཾ་བཛྲ་རཀྵ་ས་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཀ་ཤི་ཀ་མུ་ཁི་ཧཱུྃ༔ སྔགས་སོ་སོར་བགྲངས། གཉིས་པ་གནས་ཡུལ་གྱི་མ་མོ་བཅུ་དྲུག་གི་བཟླས་པ་ནི། དཔལ་ཆེན་རྣམས་ཀྱི་སྦྱོར་མཚམས་ནས༔ བདེ་ཆེན་འོད་ཟེར་དམར་ལྗང་སྤྲོས༔ གནས་ཡུལ་ཌཱ་ཀིའི་སྙིང་གར་རེག༔ རྗེས་ཆགས་ཕྱག་རྒྱའི་འོད་ཟེར་གྱིས༔ འཇིག་རྟེན་གཡོ་འགུལ་དབང་མེད་བརྡེག༔ འཁྲུལ་སྣང་བར་ཆད་གདོན་བགེགས་བསྒྲལ༔ སྣང་གྲགས་རིག་པ་ལྷ་དང་སྔགས༔ ཡེ་ཤེས་གཅིག་གི་ཆོ་འཕྲུལ་རྫོགས༔ ཨོཾ་བཛྲ་གཽ་རི་ཧ༔ ཨོཾ་བཛྲ་ཙཽ་རི་ཧ༔ ཨོཾ་བཛྲ་པྲ་མོ་ཧེ་ཧ༔ ཨོཾ་བཛྲ་བཻ་ཏ་ལི་ཧ༔ ཨོཾ་བཛྲ་པུཀྐ་སི་ཧ༔ ཨོཾ་བཛྲ་གསྨ་རི་ཧ༔ ཨོཾ་བཛྲ་ཙཎྜ་ལི་ཧ༔ ཨོཾ་བཛྲ་སྨེ་ཤ་ནི་ཧ༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧེ༔ ཨོཾ་བཛྲ་བྱཱ་གྲྀ་མུ་ཁ་ཧེ༔ ཨོཾ་བཛྲ་ཤྲི་ལ་མུ་ཁ་ཧེ༔ ཨོཾ་བཛྲ་ཤྭ་ན་མུ་ཁ་ཧེ༔ ཨོཾ་བཛྲ་གྲྀ་དྷ་མུ་ཁ་ཧེ༔ ཨོཾ་བཛྲ་ཀངྐ་མུ་ཁ་ཧེ༔ ཨོཾ་བཛྲ་ཀཱ་ཀ་མུ་ཁ་ཧེ༔ ཨོཾ་བཛྲ་ཨཱུ་ལུ་ཀ་མུ་ཁ་ཧེ༔ ཞེས་སོ་སོར་བཟླ། གསུམ་པ་དཀྱིལ་འཁོར་ནང་གི་སྒོ་མ་བཞིའི་བཟླས་པ་ནི། ལྷ་ཚོགས་ཐུགས་ཀའི་འོད་ཟེར་གྱིས༔ ཕྲིན་ལས་སྒོ་མའི་ཐུགས་རྒྱུད་བསྐུལ༔ ཚད་མེད་འོད་ཀྱིས་འགྲོ་ཀུན་སྦྱངས༔ མེ་ལོང་ལ་སོགས་ཡེ་ཤེས་བཞིས༔ ས་ལ་དབུགས་དབྱུང་ཕྲིན་ལས་མཛད༔ ཨོཾ་བཛྲ་ཀྲོདྷཱི་ཨངྐུ་ཤ་ཛཿ ཨོཾ་བཛྲ་ཀྲོ་དྷཱི་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་སྥོ་ཊ་བྃ༔ ཨོཾ་བཛྲ་ཀྲོ་དྷཱི་གཎྜེ་ཧོཿ བཞི་པ་དབང་ཕྱུག་ཉེར་བརྒྱད་ཀྱི་བཟླས་པ་ནི། ཧེ་རུ་ཀ་དཔལ་ཁྲག་འཐུང་ལྷའི༔ སྦྱོར་མཚམས་འོད་དཀར་སྤྲོ་བསྡུ་ཡིས༔ ཤར་གྱི་མ་བདུན་ལས་ལ་བསྐུལ༔ ཉོན་མོངས་ཞི་བའི་ལས་མཛད་གྱུར༔ མ་ནུ་རཀྴ་སི་བྷྱོ༔ པྲཧྨ་ནི་བྷྱོ༔ རཽ་ཏྲཱི་བྷྱོ༔ བིཥྞ་བྷྱ་བྷྱོ༔ ཀུ་མཱ་རི་བྷྱོ༔ ཨིནྡྲ་ཎཱི་བྷྱོ༔ སིང་ག་ལཾ་བྷྱོ༔ ཤིནྟཾ་ཀུ་རུ་སྭཱ་ཧཱ༔ ཧེ་རུ་ཀ་དཔལ་ཁྲག་འཐུང་ལྷའི༔ སྦྱོར་མཚམས་འོད་སེར་སྤྲོ་བསྡུ་ཡིས༔ ལྷོ་ཡི་མ་བདུན་ལས་ལ་བསྐུལ༔ ཡེ་ཤེས་རྒྱས་པའི་ལས་མཛད་གྱུར༔ ཨ་མྲྀ་ཏཾ་བྷྱོ༔ སཽ་མྱེ་བྷྱོ༔ དཎྚ་དཾ་བྷྱོ༔ རཀྴ་སི་བྷྱོ༔ བྷཀྵ་སི་བྷྱོ༔ ར་ཏི་བཛྲ་བྷྱོ༔ རུ་ཏི་ར་མ་ཏི་བྷྱོ༔ པུཥྚིཾ་ཀུ་རུ་ཨོཾ༔ ཧེ་རུ་ཀ་དཔལ་ཁྲག་འཐུང་ལྷའི༔ སྦྱོར་མཚམས་འོད་དམར་སྤྲོ་བསྡུ་ཡིས༔ ནུབ་ཀྱི་མ་བདུན་ལས་ལ་བསྐུལ༔ རླུང་སེམས་དབང་བསྡུའི་ལས་མཛད་གྱུར༔ ཨེ་ཀ་ཙ་ཏི་ཎི་བྷྱོ༔ མ་ནུ་ཧ་རཾ་བྷྱོ༔ སི་ཏི་ཀཾ་བྷྱོ༔ ཝཱ་ཡ་ཝེ་བྷྱོ༔ མ་ཧཱ་མ་ར་ཎ་བྷྱོ༔ ཨགྣི་བཛྲ་བྷྱོ༔ བྷ་ར་ཧི་བྷྱོ༔ ཝཱ་ཤཾ་ཀུ་རུ་ཧོཿ ཧེ་རུ་ཀ་དཔལ་ཁྲག་འཐུང་ལྷའི༔ སྦྱོར་མཚམས་འོད་ཟེར་ལྗང་ནག་འཕྲོས༔ བྱང་གི་མ་བདུན་ལས་ལ་བསྐུལ༔ གཟུང་འཛིན་ཚར་གཅོད་ལས་མཛད་གྱུར༔ ཙ་མུནྟི་བྷྱོ༔ སུ་ཏ་ནི་བྷྱོ༔ ཝ་རུ་ཎ་བྷྱོ༔ མ་ཧཱ་ཀཱ་ལི་བྷྱོ༔ ཙ་ཀ་ལ་བྷྱོ༔ ཀུཾ་བྷ་ཀརྞ་བྷྱོ༔ ལམྦྷོ་དྷཱ་ར་བྷྱོ༔ མཱ་ར་ཡ་ཕཊ྄༔ སྔགས་བདུན་ཚན་རྣམས་སྦྲེལ་ཏེ་བཟླ། དེ་དག་ཀྱང་ཉེ་བསྙེན་དང་བསྙེན་སྔགས་གཙོ་བོར་བཟླ། སྒྲུབ་པ་དང་སྒྲུབ་ཆེན་སྔ་མའི་ཕྱེད་ཆ། ལས་སྦྱོར་སྒྲུབ་པའི་ཕྱེད་ཆ་བཅས་སྐབས་ཕྱེད་པར་བཟླ་ཞིང༌། དབང་དང་སྒྲུབ་ཆེན་གྱི་སྐབས་བསྙེན་སྒྲུབ་ཀྱི་བཟླས་པ་གྲངས་མཉམ་པར་བཟླས་ཀྱང་རུང་ངོ༌། །ཐུན་མཐར་དབྱངས་གསལ་རྟེན་སྙིང་བཟླས་པས་ལྷག་ཆད་ཁ་སྐང་ཞིང་བྱིན་རླབས་བརྟན་པར་བྱས་ཏེ། གཏང་རག་གི་མཆོད་བསྟོད་འབུལ། ཡིག་བརྒྱ་བཟླ། བཀའ་གཏེར་སྲུང་མ་སྤྱི་དང་ཁྱད་པར་འདི་ཉིད་ཀྱི་བཀའ་སྲུང་ཡེ་ཤེས་མགོན་པོ་དང༌། གཏེར་སྲུང་དྲེགས་པ་སྡེ་ལྔའི་གཏོར་ཆོག་རྒྱས་པར་བཏང༌། གསུམ་པ་རྗེས་རིམ་ལ། ཚོགས་མཆོད་བསྐུལ་དང་ཆད་ཐོ་འབུལ། །བརྟན་མ་རྟ་བྲོ་དངོས་གྲུབ་བླང༌། །ནོངས་བཤགས་བསྡུ་ལྡང་བསྔོ་སྨོན་གདབ། །ཤིས་བརྗོད་རྒྱུན་སྤྱོད་འཇུག་པ་བཅུ། །ཞེས་པའི་དང་པོ་ལའང་བརྒྱད་ལས། ཐོག་མར་བྱིན་གྱིས་བརླབ་པ་ནི། དཀྱིལ་འཁོར་གྱི་མདུན་དུ་ཞིང་ངམ་གཅན་གཟན་གྱི་པགས་པའི་སྟེང་ཐབས་ཤེས་བཟའ་བཏུང་གི་རྫས་རྣམས་བཀྲམ། དགོས་པ་དང་འབྲེལ་ན་ཕྱག་དང་སྐོང་བཤགས་ཀྱི་ཆོ་ག་སྤྱི་ལྟར་བྱ། ཚོགས་ཀྱི་དམ་རྫས་ལ་ཆུ་ཆང་ནང་མཆོད་ཀྱིས་བྲན་ཏེ། ཞུ་བསྐུལ་སྔོན་དུ་འགྲོ་བས། རྃ་ཡྃ་ཁྃ༔ ཆོས་ཀུན་སྒྱུ་མ་ལྟ་བུ་ཡི༔ རིག་པའི་ཡེ་ཤེས་རྃ་ཡྃ་ཁྃ༔ སྟོང་གསལ་རྣམ་པར་མི་རྟོག་པའི༔ རང་བཞིན་དཔལ་གྱི་ཐུགས་ལས་སྤྲོས༔ ཚོགས་ཀྱི་རྫས་ཀུན་བསྲེགས་གཏོར་བཀྲུས༔ རླུང་མེ་ཐོད་སྒྱེད་གསུམ་གྱི་སྟེང༔ ཨཱཿལས་ཡེ་ཤེས་ཀ་པཱ་ལར༔ ངོ་བོ་ཡེ་ཤེས་ལྔའི་རང་བཞིན༔ རྣམ་པ་ཤ་ལྔ་བདུད་རྩི་ལྔ༔ བྱེད་ལས་ཟག་མེད་བདེ་སྐྱེད་པའི༔ རང་བཞིན་བླ་མེད་དམ་ཚིག་རྫས༔ འབྲུ་གསུམ་ལས་བྱུང་ཁ་དོག་དང༔ དྲི་རོ་མཆོག་ལྡན་ཟེགས་མ་ལས༔ འདོད་ཡོན་དཔག་མེད་འཆར་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་མང་དུ་བརྗོད། གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། སྤོས་རོལ་ཅང་ཏེའུ་དྲིལ་བུ་དང་བཅས་ཏེ། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ གཉིས་མེད་རོལ་པའི་སྲས་མཆོག་དང༔ ཁྲོ་བཅུ་ཡབ་ཡུམ་ཕྱག་བརྙན་བཅས༔ ཕྲིན་ལས་སྒོ་མ་ཕུར་སྐྱོང་རྣམས༔ ཧེ་རུ་ཀ་ཡི་འདུ་བར་སྤྱོན༔ ཚོགས་ཁང་རང་སྣང་རྒྱན་གྱི་ཞིང༔ རྣལ་འབྱོར་ཕོ་མོ་རིག་པ་འཛིན༔ སྣང་སྲིད་རྣམ་དག་བརྡལ་བ་ཆེ༔ རྒྱ་ཆད་ཕྱོགས་ལྷུང་མ་དམིགས་པའི༔ གནས་འདིར་དཔལ་གྱི་ཐ་ཚིག་དགོངས༔ དཀྱིལ་འཁོར་ཆེན་པོར་བྱིན་གྱིས་རློབས༔ དམ་རྫས་བདུད་རྩིའི་ཕུད་ཆེན་པོར༔ དངོས་གྲུབ་གནས་སུ་མཛད་དུ་གསོལ༔ ཤྲཱི་ཧེ་རུ་ཀ་ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཕཻཾ་ཕཻཾ་ཛཿཛཿ ཞེས་སྤྱན་དྲངས་པ་ལ། མཆོད་པའི་ལྷ་མོའི་ཚོགས་སྤྲོས་པས་མཆོད་པ་ནི། རྡོ་རྗེ་སྒེག་མོས་དགའ་བས་མཆོད་བྱ་ཞིང༌། །རྡོ་རྗེ་ཕྲེང་མས་རབ་ཏུ་བརྒྱན་བྱས་ཏེ། །རྡོ་རྗེ་གླུ་མས་གསང་བའི་གླུ་བླངས་ནས། །རྡོ་རྗེ་གར་མས་མཛེས་པའི་གར་བསྒྱུར་མ། །ཕྱོགས་བཅུའི་འཇིག་རྟེན་ནམ་མཁའི་ཁམས་བཀང་ནས། །བླ་མ་དཀྱིལ་འཁོར་དམ་ཅན་སྲུང་མ་ལ། །རྣམ་དག་མོས་པའི་བློ་ཡིས་བདག་འབུལ་ན། །བཞེས་ཤིག་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ལཱ་སྱ་ཧཱུྃ། ཨོཾ་བཛྲ་མཱ་ལྱ་ཏྲཱྃ། ཨོཾ་བཛྲ་གཱིརྟི་ཧྲཱིཿ ཨོཾ་བཛྲ་ནཱིརྟི་ཨཱཿ རྡོ་རྗེ་བདུག་པས་མ་ལུས་ཚིམ་བྱས་ནས། །རྡོ་རྗེ་མེ་ཏོག་མ་ཡིས་མཛེས་པར་བཀྲམ། །རྡོ་རྗེ་སྒྲོན་མེ་མ་ཡིས་དགྱེས་པ་བསྐྱེད། །དྲི་མཆོག་མ་ཡིས་དྲི་ཞིམ་བྱུག་བྱེད་པ། །ཕྱོགས་བཅུའི་འཇིག་རྟེན་ནམ་མཁའི་ཁམས་བཀང་ནས། །བླ་མ་དཀྱིལ་འཁོར་དམ་ཅན་སྲུང་མ་ལ། །རྣམ་དག་མོས་པའི་བློ་ཡིས་བདག་འབུལ་ན། །བཞེས་ཤིག་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཏྲཱྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གྷནྡྷེ་ཨཱཿ གསུམ་པ་ཚོགས་དང་པོ་མཆོད་པ་ནི། ཧཱུྃ༔ རྡོ་རྗེའི་དམ་ཚིག་བླ་ན་མེད༔ གཙང་དམེ་བྲལ་བའི་རྫས་ཀྱི་མཆོག༔ གཉིས་འཛིན་དག་པས་འབུལ་ལགས་ན༔ དགྱེས་དགུར་རོལ་ལ་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོཿ བཞི་པ་བསྐང་ཞིང་བཤགས་པ་ནི། བསྐང་རྫས་བྱིན་བརླབ་སྔོན་དུ་འགྲོ་བས་རྩ་གསུམ་སྤྱི་དང༌། ཁྱད་པར་རྡོ་རྗེ་ཕུར་པ་བཀའ་གཏེར་སྲུང་མ་དང་བཅས་པའི་བསྐང་བཤགས་རྒྱས་པར་སྦྱར། ཚོགས་ཀྱི་བཤགས་པ་དངོས་ནི། ཧོཿ ཐོག་མེད་དུས་ནས་ད་ལྟའི་བར༔ འགལ་འཁྲུལ་ནོངས་པ་མཆིས་སོ་ཅོག༔ མི་འཆབ་གནོང་ཞིང་འགྱོད་སེམས་ཀྱིས༔ ཡེ་ཤེས་ཆེན་པོའི་རྫས་ཀྱིས་བཤགས༔ ས་མ་ཡ་ཤུདྡྷེ་ཨཱཿ ཡིག་བརྒྱ་བཟླ། ལྔ་པ་བསྒྲལ་བསྟབ་ལ་བཞི། རྒྱས་པར་མཚན་མ་རྫས་ཀྱི་ཕུར་བུའི་སྨད་ལས་དགྲ་བགེགས་བསྒྲལ་བ་དང༌། དེ་དང་རྗེས་འབྲེལ་དམར་ཆེན་གཏོར་ཟློག་གི་སྐབས་ཀྱི་བསད་ལས་ནི་སོ་སོའི་གཞུང་དུ་ཤེས་ལ། འདིར་ལས་བྱང་དཀྱུས་ཙམ་དུ། ཚོགས་ཕུད་གསུམ་པ་ལ་དམིགས་རྟེན་དུ་བྱས་ཏེ། དང་པོ་འགུགས་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་མཐུས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་དགུག་གཞུག་བཅིངས་ཏེ། གཉིས་པ་ཐུགས་དམ་བསྐུལ་བ་ནི། ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ བསྒྲལ་བར་བྱ་བའི་དུས་ལ་བབ༔ ཁྱོད་ཀྱི་ཕྲིན་ལས་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ གསུམ་པ་བསྒྲལ་བ་ནི། ཕུར་པ་འདྲིལ་ཏེ། ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པ༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་བཀུག་ནས༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བརླགས་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ མོ་ཧ་གྷཱ་ཏ་ཡ་བྷ་ག་ཝཱན་ཧྲཱིཿཥྚྲཱི་བི་ཀྲྀ་ཏ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ྄༔ ཧཱུྃ་ཀཱ་ར་ཧཱུྃ་ཨ༔ ཞེས་ཚེ་ཁྲུས་གནས་གསུམ་གྱི་དགོངས་པ་དང་ལྡན་པས་བསྒྲལ། བཞི་པ་ཞལ་དུ་བསྟབ་པ་ནི། ཧཱུྃ༔ ཁམས་གསུམ་གདུག་ཅན་བསྒྲལ་བ་ཡི༔ དུག་གསུམ་ཤ་ཁྲག་རུས་པ་ཀུན༔ ཁྲག་འཐུང་རྡོ་རྗེའི་ལྷ་ལ་འབུལ༔ འཁོར་བ་རྡོ་རྗེར་སྒྲུབ་མཛོད་ཅིག༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁ་ཁ་ཁཱ་ཧི༔ ཞེས་ཕུལ་བ་དང་ཆབས་ཅིག །ཧཱུྃ༔ འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བ༔ ཐབས་དང་ཤེས་རབ་གཉིས་མེད་པའི༔ པདྨ་ལ་ནི་རྡོ་རྗེ་ཞུགས༔ བདག་ཉིད་མཆོད་པས་མཉེས་པར་བྱའོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བྃ་ཧོཿབོ་དྷི་ཙིཏྟ་མ་ཧཱ་སུ་ཁཾ༔ ཨ་ནུ་རཱ་ག་ཡ་མི༔ ལྷ་ཚོགས་ཐམས་ཅད་རང་རང་གི་ཕྱག་རྒྱ་དང་སྙོམ་པར་ཞུགས་པའི་སྦྱོར་བས་དགའ་བ་བཞིའི་རོས་ཚིམ་པར་གྱུར། དྲུག་པ་ཚོགས་ལ་རོལ་པ་ནི། མཆེད་ལྕམ་རྣམས་ལ་ཐབས་ཤེས་ཀྱི་རྫས་བསྣོལ་མར་སྟོབ་པ་བརྡ་ཡིས་འབུལ་ལེན་བྱས་ལ་ཕྱི་ནང་གསང་བའི་ཚོགས་ཀྱི་རྣལ་འབྱོར་དང་ལྡན་པས་ཚིམ་པར་རོལ། སྤྲོ་ན་ཕུར་པ་རྩ་དུམ་སོགས་རྒྱུད་ཀློག་པ་ཆོ་ག་བཞིན་དང༌། རྡོ་རྗེའི་གླུ་ལེན་པས་དཀྱིལ་འཁོར་གྱི་ལྷ་ཚོགས་མཉེས་པར་བྱ། བདུན་པ་ལྷག་མ་ནི། སྟེགས་བུ་ཞིང་ལྤགས་ཀྱིས་བཀབ་པའི་སྟེང་གཙང་དམེའི་ལྷག་མ་དཀྱིལ་འཁོར་གྱི་དྲུང་དུ་མཐོ་དམན་དུ་བཀོད་ལ་མཆོད་པས་བསྐོར་ཏེ། ཀྱཻ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ དཔལ་ཆེན་དཀྱིལ་འཁོར་ཚོགས་ཀྱི་བདག༔ བར་དུ་བཤགས་པ་མི་བགྱིད་རྒྱུ༔ རྣལ་འབྱོར་ལྡན་ལ་དམ་ཚིག་གཉན༔ ཐ་མ་བསྒྲལ་བསྟབ་མི་བགྱིད་རྒྱུ༔ རྟོགས་པས་བདག་རྒྱུད་སྔོན་བསྒྲལ་ཕྱིར༔ ད་ལྟ་ལྷག་མས་མི་མཆོད་རྒྱུ༔ མ་ཚོགས་དབང་ཕྱུག་གིང་ལངྐ༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་སོགས༔ ཀུན་ཀྱང་དཔལ་ཆེན་སྤྲུལ་པ་ཡིན༔ ལྷག་མ་ཁ་ཆུས་མི་བྲན་རྒྱུ༔ དམ་ཚིག་གཅིག་ཏུ་བསྲེ་བའི་ཕྱིར༔ འབངས་ཐོག་རྗེ་ཡིས་མི་མནན་རྒྱུ༔ ཅི་བཅོལ་ལས་ལ་བསྐུལ་བའི་ཕྱིར༔ རྗེ་ལ་འབངས་ཀྱིས་མི་རྒོལ་རྒྱུ༔ དྲག་ཤུལ་ལས་ཐབས་མྱུར་བའི་ཕྱིར༔ པཉྩ་ཨ་མྲྀ་ཏ་ཧ་ཧོཿཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཞེས་བདུད་རྩི་བྲན་ཏེ་བྱིན་གྱིས་བརླབས། ཨེ་ཨ་རལླི་ཧྲིཾ་ཛཿ ཕཻཾ༔ བཤུགས་གླུ་རོལ་མོས་མགྲོན་རྣམས་དམ་ཚིག་གི་གནས་སུ་སྤྱན་དྲངས་པར། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ལ། ལྷག་གཏོར་དངོས་ནི། ཧཱུྃ་བྷྱོ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ དཀྱིལ་འཁོར་ཆེན་པོའི་མུ་རན་སྐྱོང༔ ཕུར་པའི་སྲུང་མར་ཞལ་བཞེས་པའི༔ མཁའ་འགྲོ་གིང་ལང་དབང་ཕྱུག་ཆེ༔ མ་སྲིང་ཤ་ཟ་ཕྲ་མེན་མ༔ ཤུགས་འགྲོ་གནས་ཉུལ་ཆེན་མོ་རྣམས༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་ཧོཿ ཞེས་རོལ་མོའི་སྒྲ་དང་བཅས་ཏེ་ཕྱི་རོལ་གཙང་སར་འབུལ། བརྒྱད་པ་ཐམས་ཅད་རྡོ་རྗེའི་རིགས་སུ་སྨོན་ལམ་གདབ་པ་ནི། ཧོཿ ཆོས་དབྱིངས་རྣམ་པར་དག་པའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་གཉེན་དང་གཟུངས་མ་དང༔ རྡོ་རྗེའི་སྲོག་གིས་འབྲེལ་བའི་མཆེད་ལྕམ་རྣམས༔ ནམ་ཡང་མི་འབྲལ་ཏིང་འཛིན་རྩེ་གཅིག་པས༔ རྡོ་རྗེ་ཐེག་པའི་རིགས་སུ་སྐྱེ་བ་དང༔ བུམ་གསང་ཤེས་རབ་ཡེ་ཤེས་དབང་བཞི་པའི༔ སྐལ་པ་མཆོག་དང་ལྡན་པར་རབ་གྱུར་ཏེ༔ དེ་དང་དེ་ཡི་དམ་ཚིག་རྣམ་དག་ཤོག༔ བསྐྱེད་པའི་རིམ་པས་སྣང་བ་ལྷ་སྐུར་དག༔ རྫོགས་རིམ་ཟབ་མོས་རྩ་རླུང་ཐིག་ལེར་རྫོགས༔ རྫོགས་པ་ཆེན་པོའི་ཡེ་ཤེས་མངོན་སྨིན་ཏེ༔ སྤང་ཐོབ་མེད་པའི་འབྲས་བུ་ལྷུན་གྲུབ་ཤོག༔ ཛྙཱ་ན་ས་མ་ཡ་ཨ་ཨ་ཨ༔ གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཆོས་དབྱིངས་སྤྲོས་པ་ཀུན་བྲལ་ཡང༔ མ་འགག་བདེ་ཆེན་སྒྱུ་མར་རོལ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༔ ཁྲོ་བཅུ་ཕྲ་ཕྱག་སྒོ་མའི་ཚོགས༔ ལས་ལ་བཞེངས་ཤིག་ས་མ་ཡ༔ ད་དུས་སྙིགས་མ་ལྔ་བདོ་བས༔ བདུད་དང་བར་ཆད་འབྱུང་པོས་འཚེ༔ བྱང་ཆུབ་སྒྲུབ་པའི་གེགས་གྱུར་ཀུན༔ དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད༔ ཁྱེད་རྣམས་སྟོབས་བཅུ་མཐར་སོན་པས༔ འདོད་པའི་ལས་ལ་ཐོགས་པ་མེད༔ མ་གཡེལ་ཐུགས་དམ་རྩལ་སྤྲུགས་ལ༔ ཡེ་ཤེས་དགོངས་པའི་མཐུ་རྩལ་བསྐྱེད༔ འགལ་རྐྱེན་མི་མཐུན་ཀུན་ཞི་ཞིང༔ ཚེ་དཔལ་ལུང་རྟོགས་ཡེ་ཤེས་བསྐྱེད༔ སྣང་སྲིད་དབང་དུ་འདུས་བ་དང༔ ཁམས་གསུམ་སྙིང་རྗེས་སྒྲོལ་བར་མཛོད༔ གསུམ་པ་ཆད་ཐོ་བསྒྲགས་པ་ནི། ཧཱུྃ་བྷྱོ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀས༔ ཆོས་དབྱིངས་བྱ་རྩོལ་བྲལ་བའི་རྒྱུད༔ རིག་མཆོག་འབུམ་ཕྲག་བསྟན་པའི་ཚེ༔ ཞལ་བཞེས་རིག་རྩལ་ཕོ་ཉའི་ཚོགས༔ ཐ་ཚིག་མ་བསྙེལ་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་ལ༔ བྲམ་ཟེ་པྲ་བྷ་ཧསྟི་ཆེར༔ མཆོད་རྟེན་བདེ་བྱེད་བརྩེགས་པ་རུ༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེས༔ ཕྲ་མེན་གཡུ་སྒྲོམ་གཏད་པའི་ཚེ༔ བཀའ་སྲུང་ཞལ་བཞེས་སྲུང་མ་རྣམས༔ གཏོར་མ་ལོངས་ལ་ཕྲིན་ལས་མཛོད༔ དེ་རྗེས་བསྐལ་པའི་དུས་གཉན་ལ༔ པཎ་ཆེན་བི་མ་མི་ཏྲ་ཡིས༔ སྣང་སྲིད་ཕུར་བུའི་ཞིང་ཆེན་དུ༔ བསྒྱུར་ནས་གཉགས་ཆེན་ལོ་ཙཱ་བར༔ རྒྱུད་ལུང་མན་ངག་ཀུན་བསྟན་ཚེ༔ བཀའ་གཏེར་སྲུང་མར་ཞལ་བཞེས་ཀུན༔ ཐོགས་པ་མེད་པའི་ཕྲིན་ལས་མཛོད༔ གཞན་ཡང་གྲུབ་པའི་རིག་པ་འཛིན༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་སོགས༔ ཕུར་བུའི་རིག་འཛིན་ཆེ་རྣམས་ཀྱི༔ སྤྱན་སྔར་ཁས་བླངས་བཀའ་སྲུང་ཚོགས༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ མ་ལུས་ཕྲིན་ལས་མྱུར་དུ་མཛོད༔ ཐ་མ་ལས་ཅན་དག་པའི་ངོར༔ གར་གྱི་དབང་ཕྱུག་ཧེ་རུ་ཀ༔ ཀློང་ཆེན་ནམ་མཁའ་འོད་གསལ་ལ༔ སྔོན་གྱི་སྨོན་ལམ་དུས་བབ་པས༔ བཀའ་སྲུང་ཡེ་ཤེས་མགོན་པོ་ཆེས༔ ཤོག་སེར་དངོས་སུ་གཏད་ནས་ཀྱང༔ རྡོ་རྗེ་ཕུར་པའི་སྨིན་གྲོལ་གྱི༔ བཀའ་བབ་དབང་བསྐུར་ཐོབ་པའི་ཚེ༔ ཞལ་བཞེས་ཆོས་སྲུང་རྒྱ་མཚོ་ཡིས༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་མ་ལུས་མཛོད༔ བཞི་པ་བརྟན་མ་མཆོད་པ་ནི། བཤལ་ཆུའི་བདུད་རྩིས་གཏོར་མར་བྲན་པས་བྱིན་གྱིས་བརླབས་ཏེ། ཧཱུྃ༔ བརྟན་མ་སྐྱོང་མཛད་མ་དང་སྲིང༔ ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ རླངས་ཆེན་དཔལ་སེང་ལ་སོགས་པས༔ ཞིང་ཆེན་བརྡལ་བའི་ཁྲི་སྟེང་དུ༔ ཚོགས་ཀྱི་གྲལ་དུ་བཅུག་ནས་ཀྱང༔ དཔལ་གྱི་ཕོ་ཉར་མངའ་གསོལ་བའི༔ བདུད་དང་གནོད་སྦྱིན་སྨན་མོ་ཆེའི༔ བུ་མོ་བརྟན་མ་བཅུ་གཉིས་རྣམས༔ གངས་རི་ཅན་གྱི་ཡུལ་ལྷ་སྟེ༔ རྣལ་འབྱོར་སྐྱོང་བའི་མ་མོ་མཆོག༔ བཤལ་ཆུའི་བདུད་རྩི་འདི་བཞེས་ལ༔ གསང་སྔགས་བསྟན་པ་སྐྱོང་བ་དང༔ མུ་སྟེགས་ཀླ་ཀློའི་རྒྱུ་འགྲུལ་སྲུངས༔ མཐའ་བཞིའི་དམག་གི་སོ་ཁ་གྱིས༔ བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་པཱུ་ཛ་ཧོཿ ལྔ་པ་རྟ་བྲོ་ནི། གཏོར་གཞོ་རི་རབ་ཏུ་གསལ་བའི་འོག་ཏུ་སྒབ་འདྲེ་དམ་སྲི་མནན་པར་རྡོ་རྗེའི་རྒྱས་བཏབ་སྟེ། ཧཱུྃ༔ སྣང་སྲིད་རྡོ་རྗེ་ཕུར་པའི་ལྷ༔ ཞལ་ནས་ཀཱི་ལིའི་ཛཔ་བཟླ་ཞིང༔ སྐུ་ནི་ཅིར་ཡང་འགྱུར་བ་ཆེ༔ ཁམས་གསུམ་ཨེ་ཡི་ད་ལར་རྫོགས༔ བདག་ལྟའི་དམ་སྲི་སྒབ་འདྲེ་རྣམས༔ མནན་ནོ་རི་རབ་འོག་ཏུ་གཟིར༔ ཞབས་གཉིས་རྡོ་རྗེའི་བྲོ་ཆེན་པོས༔ ཕོ་ཉ་སྤྲིན་ལྟར་གཏིབས་པ་ཀུན༔ འབར་བ་ཆེན་པོའི་གླུ་དང་བྲོ༔ ཅིར་ཡང་བསྒྱུར་བས་སྟྭཾ་བྷ་ཡ༔ བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན༔ དྲུག་པ་དངོས་གྲུབ་བླང་བ་ནི། བསྙེན་སྒྲུབ་ལས་སྦྱོར་གྲུབ་པའམ་རྒྱུན་གྱི་དངོས་གྲུབ་ལེན་པའི་དོན་དུ་གཏང་རག་གི་མཆོད་བསྟོད་མདོར་བསྡུས་སྔོན་དུ་འགྲོ་བ་དང་བཅས། ཧཱུྃ༔ དཔལ་ཆེན་འབར་བ་ཀཱི་ལ་ཡ༔ སངས་རྒྱས་ཀུན་དང་གཉིས་སུ་མེད༔ བདེ་ཆེན་ཡུམ་དང་མཉམ་པར་སྦྱོར༔ སྤྲུལ་པའི་དཀྱིལ་འཁོར་བསམ་ཡས་སྟོན༔ ཀུན་ཀྱང་ཐུགས་དམ་རྗེས་སུ་དགོངས༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ སྒྲུབ་པའི་དམ་ཚིག་ད་ནང་ཐེམས༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྣང་སྟོང་ཡེ་ཤེས་རྡོ་རྗེའི་སྐུས༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ རྡོ་རྗེ་གསུང་གི་དཀྱིལ་འཁོར་ནས༔ ཟབ་རྒྱས་གསང་བའི་དངོས་གྲུབ་སྩོལ༔ མི་ཤིགས་ཐུགས་ཀྱི་དགོངས་པ་ཡིས༔ སྲིད་ཞིའི་དཔལ་གྱུར་དངོས་གྲུབ་སྩོལ༔ མདོར་ན་མཆོག་དང་ཐུན་མོང་གི༔ གྲུབ་པ་མ་ལུས་བསྩལ་དུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་སྒྲུབ་རྫས་རྣམས་གནས་གསུམ་དུ་གཏུག་ལ་དབང་བླང༌། བདུད་རྩིར་རོལ་པ་སོགས་བྱའོ། །བདུན་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་མ་ཚང་དང༌། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང༌། ཡིག་བརྒྱ་བཟླས་པས་ཉེས་ལྟུང་སོར་ཆུད་པར་བྱ། བརྒྱད་པ་བསྡུ་ལྡང་ནི། ཚོགས་མགྲོན་དང་མདུན་བསྐྱེད་རྣམས་སྒྲུབ་པའི་རྟེན་ལ་བརྟན་བཞུགས་བྱ། བདག་བསྐྱེད་ཀྱི་རིམ་པ་ནི། སྣང་སྲིད་ཕུར་པའི་དཀྱིལ་འཁོར་དུ་བསྒོམས་པ་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ། དེ་འཁོར་གྱི་ལྷ་ཚོགས་ལ་ཐིམ། དེ་གཙོ་བོ་ཡབ་ཡུམ། དེ་ཡེ་ཤེས་སེམས་དཔའ། དེ་ཐུགས་སྲོག་ཧཱུྃ། དེ་ཡང་ཞབས་ཀྱུ་ནས་ནཱ་དའི་བར་ཐིམ། དེ་ཡང་མི་དམིགས་པ་འོད་གསལ་སྟོང་པ་ཉིད་རྣམ་ཀུན་མཆོག་ལྡན་གྱི་དབྱིངས་དང་རོ་གཅིག་ཏུ་གྱུར་པར་བསམ་ལ་མཉམ་པར་བཞག །སླར་ཡང་རང་ཉིད་སྐད་ཅིག་གིས་སྤྱི་དཔལ་ཆེན་པོ་ཀརྨ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ་བའི་སྐུར་གསལ་ཞིང་སྣང་གྲགས་རིག་པ་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པའི་དཀྱིལ་འཁོར་གྱི་འཁོར་ལོར་འཆར་བར་གྱུར། ཨོཾ་ཨཱཿཧཱུྃ༔ བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾཿ ཞེས་གོ་བགོ་བར་བྱའོ། །དགུ་པ་བསྔོ་སྨོན་ནི། ཁྲག་འཐུང་རིགས་སུ་སྐྱེས་པ་དང༌། །སྙེམས་མེད་རྡོ་རྗེ་གཞོན་ནུ་ཉན། །སྙིང་རྗེ་ལྡན་ཞིང་བླ་མར་གུས། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་ན་རྡོ་རྗེ་ཕུར་བུ་འཛིན། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །རྫས་ཀྱི་ཕུར་བུས་དགྲ་བགེགས་རྩད་ནས་གཅོད། །སྲིད་པའི་ཕུར་བུས་སྣང་ཞེན་ལྷ་སྐུར་དག །བྱང་སེམས་ཕུར་བུས་ས་ལམ་དབུ་མར་རྫོགས། །རིག་པའི་ཕུར་བུས་ཡེ་ཤེས་སྐུར་སྨིན་ཤོག །བཅུ་པ་ཤིས་བརྗོད་ནི། སྣང་སྲིད་རྣམ་དག་རྡོ་རྗེ་ཕུར་པའི་ལྷ། །བདུད་བཞི་འཇོམས་མཛད་སྟོབས་རྩལ་རྨད་དུ་བྱུང༌། །དོན་གཉིས་ལྷུན་གྲུབ་རྡོ་རྗེ་བཀོད་པ་ཡི། །དགེ་ལེགས་དཔལ་གྱིས་འབྱོར་པའི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་ཅིང་སྣང་གྲགས་རིག་པ་ལྷ་སྔགས་ཆོས་སྐུའི་ལམ་ཁྱེར་དང་མ་བྲལ་བས་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་ལ་འཇུག་པར་བྱའོ། །ཕུར་པ་བཀའ་གཏེར་ཆོས་ཀྱིས་ས་སྟེང་བརྡལ། །ཚུལ་བཞིན་ཉམས་ལེན་བྱེད་པ་ཉིན་སྐར་ཙམ། །གྲུབ་འབྲས་མངོན་རྟགས་མེད་པ་འདི་མཐོང་ཚེ། །གསར་ཆོས་སྤེལ་བའི་རེ་བས་ཅི་ཞིག་བྱ། །འོན་ཀྱང་བླ་མའི་བཀའ་དང་དམ་པ་འགས། །སྨིན་གྲོལ་རྒྱུན་གསན་དོན་གཉེར་དབྱུ་གུ་ཡིས། །བསྐུལ་བས་ལས་བྱང་འཇུག་བདེ་ལྷའི་རྔ་སྒྲས། །འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྒྱལ་གྱུར་ཅིག །ཐེག་མཆོག་བསྟན་མཚོར་དེ་འཛིན་ངང་མོས་རྩེན། །ཟབ་རྒྱས་ཆོས་ཀྱི་མགྲིན་རྔ་སྙན་པར་འཁྲོལ། །བཤད་སྒྲུབ་པདྨའི་ལང་ཚོ་དར་བ་ཡིས། །གྲུབ་གཉིས་སྦྲང་རྩིའི་ཟིལ་མངར་མྱོང་གྱུར་ཅིག །ཅེས་གཉགས་ལུགས་རྡོ་རྗེ་ཕུར་པ་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པའི་ལས་བྱང་ཁྲིགས་བསྡེབས་འདི་ལྟར་གྱིས་ཞེས་རྒྱལ་ཀུན་ཕྲིན་ལས་ཀྱི་སྤྱི་གཟུགས་འཇམ་དབྱངས་མཁྱེན་པའི་གཏེར་མཛོད་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་བཀའ་ལུང་གསེར་གྱི་སྒྲོམ་བུ་ཚངས་གནས་སུ་བསྩལ་བ་དང༌། སྙིགས་དུས་བསྟན་འགྲོའི་དཔུང་གཉེན་ཞྭ་དེའུའི་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་མདོ་སྔགས་བསྟན་འཛིན་དང༌། སྙིང་པོ་དོན་གྱི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེ་སོགས་དོན་གཉེར་ཅན་དུ་མས་བསྐུལ་བའི་རྐྱེན་གྱིས་ཟབ་མོའི་ཆོས་འདིའི་བཀའ་བབ་ཀློང་ཆེན་ནམ་མཁའ་འོད་གསལ་ཨོ་རྒྱན་མདོ་སྔགས་གླིང་པས་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་དང་འདབས་འབྲེལ་བའི་ཕུན་ཚོགས་བཀྲ་ཤིས་དགའ་འཁྱིལ་དུ་བྲིས་པའི་ཡི་གེ་པ་ནི་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་དང་དེ་འཛིན་ལ་རྒྱུ་མཚན་ཤེས་པའི་དད་བློའི་སྣང་བ་ཐོབ་པ་རྙིང་བཙུན་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱིས་བགྱིས་པ་འདིས་ཀྱང་སྙིགས་དུས་ཀྱི་རྒུད་པ་ཞི་ཞིང་བསྟན་པ་རིན་པོ་ཆེ་དར་རྒྱས་ཡུན་རིང་དུ་གནས་པའི་དགེ་མཚན་གྱི་དཔལ་དུ་གྱུར་ཅིག། །།}} | ༄༅། །ན་མོ་གུ་རུ་ཤྲཱི་བཛྲ་ཀཱི་ལ་ཡ་མཎྜ་ལ་བྷྱ། ཐུགས་ཀྱི་ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །མ་གཡོས་མི་འགྱུར་འབར་བའི་ཁྲོ་རྒྱལ་ཚུལ། །དོན་ལ་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཕྲིན་ལས་རིགས་ཀྱི་སྤྱི་དཔལ་བཞེངས་མཛད་རྒྱལ། །གོ་འཕང་མཆོག་ལ་བདེ་མྱུར་གྱིས། །བགྲོད་བྱེད་རིམ་པ་དང་པོའི་ལམ། །དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པའི། །ཕྲིན་ལས་འཇུག་བདེའི་བཙས་སུ་སྤེལ། །འདི་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་རིམ་མོ། །དང་པོ་ལ་ཐོག་མར་བཤམ་བཀོད་ནི། སྒྲུབ་པའི་ཁང་པ་རྒྱན་གྱི་སྤྲས་པའི་གུང་རྟེན་གྱི་མདུན། དཀྱིལ་འཁོར་གང་འབྱོར་དང༌། ཕུར་པ་ལྷ་གྲངས་སམ་གཙོ་ཕུར་ཙམ་བཀོད། སྨན་རཀ་གཏོར་མ་ཉེར་སྤྱོད་ཀྱི་མཆོད་པ། འབུལ་གཏོར་རིགས་བཅས་འདུ་བྱའོ། །གཉིས་པ་དཀར་ཕྱོགས་ལ་གཏོར་མ་འབུལ་བ་ནི། གཏོར་མ་དང་གསེར་སྐྱེམས་བསང་ཆུས་བྲན། རྃ་ཡྃ་ཁྃ་གིས་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་ས་བདག་བརྟན་མ་སོགས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ། ཧཱུྃ༔ གང་ཞིག་དཀར་པོའི་ཕྱོགས་འཛིན་ཅིང༔ འཛམ་གླིང་ས་ལ་དབང་བྱེད་ཀུན༔ བདག་གིས་གནས་འདིར་དཀྱིལ་འཁོར་བཞེངས༔ ཀོ་ལོང་ཕྲག་དོག་མ་མཛད་པར༔ བརྔན་དུ་གཏོར་མ་གསེར་སྐྱེམས་འབུལ༔ དགྱེས་པར་བཞེས་ལ་ས་འདི་སྩོལ༔ བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད༔ བྷཱུ་མི་པ་ཏི་གཙྪས་གཤེགས་སུ་གསོལ་བ་དང་ཆབས་ཅིག་གཏོར་མ་ཕྱི་རོལ་དུ་འབུལ། གསུམ་པ་སྐྱབས་འགྲོ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་གྱུར། ན་མོ༔ བདག་སོགས་འགྲོ་ཀུན་དེང་ནས་བཟུང༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ བཞི་པ་སེམས་བསྐྱེད་ནི། མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན༔ སྲིད་པའི་རྩ་བ་བདུད་བཞི་བཅོམ༔ བར་ཆད་གདོན་བགེགས་བསྒྲལ་བའི་ཕྱིར༔ དཔལ་ཆེན་ལྷ་ཚོགས་སྒྲུབ་པར་བགྱི༔ ལན་གསུམ། ལྔ་པ་ཚོགས་བསགས་པ་ནི། ཧོཿ བདག་དང་མཐའ་ཡས་སེམས་ཅན་རྣམས༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་བགེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ལ་ཡི་རང༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དག་པ་གསུམ་གྱིས་ལུས་འབུལ་ལོ༔ ཚེ་རབས་བགྲང་བའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །དྲུག་པ་བགེགས་བསྐྲད་པ་ནི། དངོས་སུ་བཤམས་པའི་གཏོར་མ་ཡོད་ན་བྱིན་བརླབ་དང་བསྔོ་བ་སྤྱི་ལྟར་བྱས་ལ། ཧཱུྃ༔ གསང་བ་བླ་མེད་ལམ་སྒྲུབ་པའི༔ རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་འདིར༔ འདུ་བའི་ལྷ་ནི་མ་གཏོགས་པ༔ དམ་མེད་བདུད་རིགས་ནག་པོའི་ཕྱོགས༔ ལྟ་ཞིང་ཉན་པའི་དབང་མེད་པས༔ བྱིན་པའི་གཏོར་མ་འདི་ཁྱེར་ལ༔ རང་རང་གནས་སུ་བདེ་བར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ང་ནི་འཇིགས་བྱེད་རྡོ་རྗེ་ཅན༔ བཀའ་ལས་འདའ་བའི་སྡིག་ཅན་རྣམས༔ རྡོ་རྗེ་ཡེ་ཤེས་མཚོན་ཆེན་པོས༔ ཕྱེ་མར་འཐག་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་བརྗོད་ལ་གུ་གུལ་བདུག །ཡུངས་ཐུན་གྱིས་གཟིར། རོལ་མོ་དྲག་ཏུ་འཁྲོལ་བས་ནག་ཕྱོགས་རྣམས་རྒྱང་རིང་དུ་བསྐྲད་ལ། བདུན་པ་མཚམས་གཅོད་པ་ནི། ཧཱུྃ༔ མི་ཤིགས་མཚོན་ཆའི་གུར་དང་ས་གཞི་ལ༔ དམར་ནག་དམར་སྨུག་མེ་ཡི་འདུ་འཕྲོ་འཁྱིལ༔ ཡེ་ཤེས་ཁྲོ་བོ་བཅུ་ཡང་དབྱིངས་ནས་བཞེངས༔ ཁྲག་འཐུང་རོལ་པའི་ལྷ་ཚོགས་ནང་ན་བཞུགས༔ མཚམས་ཀྱི་དཀྱིལ་འཁོར་མ་ལུས་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་བྷྲཱུཾ༔ བརྒྱད་པ་བརྡ་སྒོ་དབྱེ་བ་ནི། ཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་སོ་ཅོག༔ ཀུན་ཀྱང་དག་པ་ལྷའི་གྲོང་ཁྱེར༔ མ་བཅོས་དོན་གྱི་ལྷ་མཆོག་ལ༔ ཚད་མེད་སྒོ་བཞི་དབྱེ་བས་འཇུག༔ བྷྲཱུཾ་པྲ་བེ་ཤ་ཡ་ཕཊ༔ དགུ་པ་ཕྱག་འཚལ་བ་ནི། ཧོཿ ལྷ་དང་རང་སེམས་བཟང་ངན་བྲལ༔ གཉིས་མེད་རང་སྣང་སྤྱི་དཔལ་ཆེ༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ རྡོ་རྗེ་ལྟ་བའི་ཕྱག་གིས་འདུད༔ ཨ་ལ་ལ་ཧོཿ ཞེས་ངོ་ཕབ་པའི་ཚུལ་གྱིས། ཨ་ཏི་པཱུ་ཧོཿས་བཏུད་པ་ལ། པྲ་ཏཱིཙྪ་ཧོཿ ཞེས་ལན་དུ་དངོས་གྲུབ་བསྩལ་བར་བསམ། བཅུ་པ་བཤགས་པ་ནི། ཐལ་མོ་སྦྱར་ཏེ། ཧཱུྃ༔ སྣང་སྲིད་གདོད་ནས་དག་པའི་དཀྱིལ་འཁོར་ལྷ༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་རྣམས༔ ཐུགས་རྗེའི་བརྩེ་བས་བདག་ལ་དགོངས་སུ་གསོལ༔ ཡེ་ནས་མ་རིག་འཁྲུལ་པས་སྒྲིབ་པ་ཡི༔ རྣམ་རྟོག་ཀུན་བརྟགས་བློ་ཡིས་སྒྲོ་བཏགས་པས༔ རང་རིག་ཡེ་ཤེས་དོན་ལ་རྨོངས་པ་ཡིས༔ སྲུང་མཚམས་མེད་པའི་དམ་ལས་འགལ་བ་དང༔ བླ་མར་སྨོད་ཅིང་ཡི་དམ་སྤངས་བ་དང༔ བསྙེན་སྒྲུབ་ཛཔ་བཟླས་ཚད་དུ་མ་བསྐྱལ་བ༔ ཏིང་འཛིན་ལྟ་བ་ཀློང་དུ་མ་གྱུར་ཤིང༔ གསང་བཅུ་གཞན་ལ་བསྒྲགས་སོགས་མཐོལ་ལོ་བཤགས༔ གཞན་ཡང་མི་སྤང་དང་དུ་བླང་བྱ་དང༔ སྤྱད་པར་བྱ་དང་སྒྲུབ་པར་བྱ་བ་དང༔ ཤེས་བྱ་ལྔ་སོགས་ཉི་ཤུ་རྩ་ལྔ་ཡི༔ དམ་ལས་འགལ་བར་གྱུར་པ་མཐོལ་ལོ་བཤགས༔ ཉ་སྟོང་དུས་བཞིའི་མཆོད་པ་ཆག་པ་དང༔ སྡིག་ཅན་རྣམས་ལ་རྟག་ཏུ་བྱམས་བྱས་ཤིང༔ མཁའ་འགྲོ་རྣམས་ལ་ཤ་ཁྲག་གཏོར་མ་ཆག༔ སྦྱོར་སྒྲོལ་མཆོད་པ་དུས་ལས་གཡེལ་བ་སོགས༔ རྩ་ལྟུང་བཅུ་བཞི་དང་འགལ་མཐོལ་ཞིང་བཤགས༔ གཞན་ཡང་སྦོམ་པོ་ཡན་ལག་ཕྲ་ཞིབ་ཀྱི༔ དམ་ཚིག་དབྱེ་བ་ས་ཡ་གྲངས་མེད་པ༔ དེ་ལས་འགལ་བར་གྱུར་པའི་རྣལ་འབྱོར་གྱིས༔ འགྱོད་ཚངས་གདུང་བའི་སྨྲེ་སྔགས་འདི་བཏོན་པས༔ རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་སྤྱན་རས་ཀྱིས༔ ཡུད་ཙམ་གཟིགས་ཏེ་ཐུགས་རྗེས་བཟོད་བཞེས་གསོལ༔ ཚངས་པར་བསྩལ་ནས་མཆོག་དང་ཐུན་མོང་གི༔ དངོས་གྲུབ་དཀའ་བ་མེད་པར་འགྲུབ་པ་དང༔ རྫོགས་པ་ཆེན་པོའི་བསྟན་པ་མཐར་བགྱིད་ཅིང༔ ཀུན་ཏུ་བཟང་པོའི་རྒྱལ་ས་ཟིན་པར་ཤོག༔ སྤྲོ་ན་བདེ་གཤེགས་སྤྱི་བཤགས་དང་ཡིག་བརྒྱ་བཟླ། བཅུ་གཅིག་པ་བྱིན་འབེབས་པ་ནི། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་ཕུར་བུ་སྒྲུབ་པའི་ཕྱིར༔ སྔོན་གྱི་ཞལ་བཞེས་མ་བསྙེལ་བར༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཡེ་ཤེས་ཁྲོ་རྒྱལ་འཁོར་དང་བཅས༔ འཁོར་བ་རྡོ་རྗེར་སྒྲུབ་པའི་ཕྱིར༔ ནམ་མཁའ་ཁྱབ་པའི་གར་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཚེ་ཁས་བླང་དམ་བཅས་བཞིན༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ནམ་མཁའ་གང་བའི་ལྷ་ཚོགས་རྣམས༔ སྐུ་ཡི་གར་སྟབས་སྣ་ཚོགས་བསྒྱུར༔ རྡོ་རྗེའི་གླུ་བྲོ་གར་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ གསུང་ནི་སྔགས་སྒྲ་འབྲུག་ལྟར་སྒྲོགས༔ རྒོད་གཤེ་དྲག་ཤུལ་རོལ་པ་ཡི༔ ས་གསུམ་འཇིགས་པའི་ང་རོ་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཐུགས་ནི་ཡེ་ཤེས་རྔམ་པའི་དཔལ༔ སྙིང་རྗེ་ཞི་དང་ཁྲོ་བོ་ཡི༔ རིག་རྩལ་དགོངས་པའི་གདིང་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་མ་ལུས་པའི༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ་ཨཿ ཧྲིཾ་ཧྲིཾཿ ཕེཾ་ཕེཾཿ བཅུ་གཉིས་པ་མཆོད་པ་བྱིན་རླབས་ནི། ཧཱུྃ་ཧྲཱིཿ སྣང་སྲིད་བདེ་ཆེན་རོལ་པ་ཡི༔ ཡེ་ཤེས་སྣང་བ་ཁྱབ་བརྡལ་སྤྲིན༔ ཀུན་བཟང་མཆོད་པ་བསམ་ཡས་གཏེར༔ རང་བྱུང་རང་ཤར་ལྷུན་གྱིས་གྲུབ༔ སརྦ་ས་མ་ཡ་པཱུ་ཛ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་མ་ཧཱ་པཱུ་ཛ་སྥ་ར་ཎ་ཁཾ༔ ཞེས་ཕྱི་མཆོད་དང༌། ཨོཾ་མ་ཧཱ་ཤྨ་ཤ་ན་རུ་ཏྲ་བྷོ་གཿརཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ཨཱཿཧཱུྃ༔ ཞེས་ནང་མཆོད་དྲག་པོའི་ཉེར་སྤྱོད་དང༌། ཧཱུྃ༔ རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང༔ དབྱིངས་ཀྱི་བྷནྡྷར་ཤ་ལྔ་བདུད་རྩི་ལྔ༔ ཡེ་ཤེས་རིགས་ལྔ་དབྱེར་མེད་བྱང་ཆུབ་སེམས༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་བདུད་རྩིར་འཁྱིལ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ་གྱིས་སྨན། ཧཱུྃ༔ ལྕང་ལོར་བཅས་པའི་དུང་ཆེན་སྣོད་ཡངས་སུ༔ ཁམས་གསུམ་གདུག་པ་བསྒྲལ་བའི་ཁྲག་མཚོར་འཁྱིལ༔ གཱིརྟི་མཁའ་ནས་ཡེ་ཤེས་བདེ་བའི་རྒྱུན༔ མི་ཕྱེད་སོ་སོར་རྟོག་པའི་ལྦུ་ཕྲེང་གཡོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཀ་པཱ་ལ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ་གྱིས་རཀྟ། ཧཱུྃ༔ གཏོར་སྣོད་རིན་ཆེན་བྷཉྫས་སྟོང་གསུམ་ཁྱབ༔ གཏོར་མའི་ངོ་བོ་བླ་མེད་དམ་ཚིག་རྫས༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ༔ ལྷ་ཚོགས་དགྱེས་སྐོང་མཆོད་པའི་ཕུང་པོར་སྤུངས༔ ཨོཾ་ཨཱ་ཧཱུྃ་མ་ཧཱ་བ་ལིཾ་ཏ་སརྦ་ཀཱ་མ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ་གྱིས་གཏོར་མ་རྣམས་བྱིན་གྱིས་བརླབས། བཛྲ་སྥ་ར་ཎ་ཁཾ་གིས་མཁའ་ཁྱབ་ཏུ་སྤེལ། གཉིས་པ་དངོས་གཞི་ལ། དང་པོ་ཏིང་ངེ་འཛིན་གསུམ་ནི། ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ ཆོས་ཉིད་ངང་གིས་དག་པའི་ཀློང༔ གཟུང་འཛིན་མཚན་མ་མི་གནས་པ༔ རྣམ་པར་ཐར་པའི་སྒོ་གསུམ་མོ༔ ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་ཧོཿ སྙིང་རྗེ་ཆེན་པོའི་མཚོན་ཆ་ནི༔ སྲིད་པའི་རྩ་བ་གཅོད་བྱེད་པའི༔ ཐུགས་རྗེའི་ཤུགས་ཀྱིས་ཁྲོ་བ་ལས༔ སྡུག་བསྔལ་འཇོམས་པའི་ཏིང་འཛིན་བསྒོམ༔ ཨཱཿམ་ཧཱ་ཀ་རུ་ཎི་ཀ་ཧོཿ སྟོང་ཉིད་ནམ་མཁའི་ཁམས་གནས་པའི༔ འཁོར་འདས་ཀུན་གྱི་སྲོག་གི་གོ༔ རང་བྱུང་ཡི་གེ་འདུས་མ་བྱས༔ ཧཱུྃ་ཆེན་བསྐལ་པའི་མེ་ལྟར་འབར༔ ཧཱུྃ་བཛྲ་ཛྙཱ་ན་དྷཱ་ཏུ་ཧོཿ གཉིས་པ་རྟེན་འབྱུང་བ་རིམ་བརྩེགས་རི་རབ་གཞལ་ཡས་ཁང་བཅས་གསལ་གདབ་པ་ནི། ཧཱུྃ་ལས་ཨེ་ཡཾ་རཾ་སུཾ་ར༔ ཀེཾ་རཾ་ཆད་པ་འོག་གཞི་ནི༔ ཆོས་འབྱུང་དབྱིངས་དང་མཉམ་པའི་དབུས༔ རླུང་མེ་ཤ་ཆེན་ས་གཞི་བརྡལ༔ ཁྲག་མཚོ་ཀེང་རུས་རི་རབ་སྟེང༔ ཁོར་ཡུག་དྲག་པོའི་མེ་རླུང་ཚོགས༔ ཀུན་ཏུ་འབར་ཞིང་འཚུབས་མ་འཁྱིལ༔ མ་ཧཱ་ཛྭ་ལ་རཾ༔ མེ་ཀློང་བྷྲཱུཾ་ཡིག་ལྔ་ལྡན་ཆད༔ ཡོངས་གྱུར་པད་ཉི་རྒྱ་གྲམ་སྟེང༔ ཡེ་ཤེས་རང་སྣང་གཞལ་ཡས་ཁང༔ རང་བྱུང་དུར་ཁྲོད་བཀོད་པ་ཅན༔ ཕྱི་ནི་རྩིག་པ་ཁ་དོག་ལྔ༔ ནང་ནི་སྐམ་རློན་རྙིད་པའི་མགོ༔ གནམ་ལྕགས་གཟེར་བཏབ་རཀྟས་སྦྱར༔ རིན་ཆེན་ཕ་གུ་དྲྭ་བ་ཕྱེད༔ ཆུ་སྲིན་རྔམ་པའི་ཁ་ལས་དཔྱང༔ ཤར་བུ་མདའ་ཡབ་པུ་ཤུ་དང༔ གཟའ་དང་ལྷ་ཀླུ་ཀ་གདུང་ཕྱམ༔ རྒྱུ་སྐར་དྲལ་གཟེབ་ཞིང་གི་ཐོག༔ ལྷ་ཆེན་ཐོད་པ་དབུས་ཕྱུར་བུ༔ མ་ཧཱ་རུ་ཏྲའི་ཙིཏྟའི་ཏོག༔ ཡེ་ཤེས་ཟེར་འཕྲོ་འོད་ཕུང་འཁྱིལ༔ རོ་སྐྲའི་རྔ་ཡབ་ཞིང་གི་འཕན༔ གཅན་གཟན་ལྤགས་པའི་རྒྱལ་མཚན་གདུགས༔ ཕྱི་ནང་སྒོ་བཞི་རྟ་བབ་བརྒྱད༔ ཆོས་འཁོར་རི་དྭགས་གདུགས་ཏོག་མཛེས༔ དལ་དབུས་གནམ་ལྕགས་འཁོར་ལོ་དང༔ ལྟེ་བ་ཟླུམ་པོ་ཨེ་ཡིས་མཚན༔ ཟླ་གམ་གསུམ་ལ་ཁྲག་མཚོ་འཁྱིལ༔ བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཀྲོ་དྷ་མཎྜ་ལ་ཧཱུྃ༔ དེ་ནས་ལྷ་གནས་སོ་སོར་གདན་གསལ་གདབ་པ་ནི། དཀྱིལ་འཁོར་ཆེན་པོ་དེ་ཡི་ནང༔ དབུས་ཀྱི་གྲུ་གསུམ་སྟེང་ཉིད་དུ༔ གཞལ་ཡས་གྲུ་བཞི་རྒྱན་རྫོགས་ལྔ༔ རྩིབས་བཅུར་གཞལ་ཡས་ཁང་ཆེན་བཅུ༔ གཡས་གཡོན་གྲུ་གསུམ་ཨེ་རེ་རེ༔ ཟླ་གམ་གསུམ་དང་ཁྲག་གི་ཁྱམས༔ ཕྱི་རོལ་ཁོར་ཡུག་ཨེ་ཡི་དལ༔ གསེར་ཁྱམས་ལེའུ་ཚེར་ཟླ་གམ་བརྒྱད༔ གྲུ་ཆད་གློ་འབུར་ཀུན་ལ་ཡང༔ དབང་གི་ཕོ་བྲང་སྒོ་གཅིག་པ༔ མ་འདྲེས་གསལ་ལ་རྫོགས་པར་ཤར༔ ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུཾ༔ དབུས་ཀྱི་གཞལ་ཡས་ལྟེ་བ་རུ༔ བྲག་ཆེན་པད་ཉི་ལྷ་ཆེན་པོ༔ ཁྱོ་ཤུགས་བྱི་ཆིངས་བསྣོལ་བ་དང༔ ཕྱོགས་བཅུར་ཚངས་པ་བརྒྱ་བྱིན་དང༔ མེ་ལྷ་གཤིན་རྗེ་སྲིན་པོ་རླུང༔ ཆུ་བདག་རླུང་ལྷ་གནོད་སྦྱིན་དང༔ དབང་ལྡན་ས་བདག་ཆུང་མར་བཅས༔ བསྣོལ་བའི་པད་ཉི་བྲག་ཆེན་གསལ༔ ཨེ་རྣམས་ཁྲག་གི་མཚོ་འཁྲུགས་པར༔ པད་ཉི་བམ་རོ་གན་རྐྱལ་འགྱེལ༔ གནས་ཡུལ་མ་མོ་སྒོ་མ་དང༔ དབང་ཕྱུག་ཕུར་སྲུང་བཞུགས་པའི་གནས༔ ཀེང་རུས་གྲམ་བུའི་ཁྲི་བཅས་གསལ༔ མ་སཱུརྻ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ༔ པྃ་པདྨ་མཎྜ་ལ༔ གསུམ་པ་བརྟེན་པ་ལྷ་ཡི་འཁོར་ལོ་བསྒོམ་པའི་དང་པོ་ཆོས་སྐུའི་ངོ་བོ་བདག་རྩ་བའི་དཀྱིལ་འཁོར་གཙོ་བོ་ཡབ་ཡུམ་བསྒོམ་པ་ནི། ཧཱུྃ༔ དབུས་ཀྱི་ཆོས་འབྱུང་ལྟེ་བ་རུ༔ རང་རིག་ཧཱུྃ་བབ་ཡོངས་གྱུར་ལས༔ སྤྲོ་བསྡུས་འོད་ཀྱིས་དོན་གཉིས་བྱས༔ འོད་ཀྱི་ཕུང་པོ་རྡོ་རྗེར་གྱུར༔ བཛྲ་ཧཱུྃ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་འཆང་ཆེན་ཧེ་རུ་ཀ༔ སྤྱི་དཔལ་ཀརྨ་ཀཱི་ལ་ཡ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ རྩ་ཞལ་སྲིན་པོ་ཁྲོས་པའི་ཞལ༔ གཡས་པ་དཀར་བ་ཀུ་མུཏ་དཱ༔ གཡོན་པ་དམར་ནག་ཨམ་གཙིགས་བསྡམས༔ དེ་སྟེང་ཞལ་གསུམ་ལྗང་སེར་ནག༔ སྟེང་གི་ཞལ་གསུམ་སྨུག་མཐིང་དམར༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ སྤྱི་བོར་རྡོ་རྗེ་ཕྱེད་པའི་ཏོག༔ རྭ་གདེང་ཟར་བུ་སྦྲུལ་གྱིས་བཅིང༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཞལ་བགྲད་མཆེ་གཙིགས་ལྗགས་བརྐྱང་འདྲིལ༔ ཧཱུྃ་ཕཊ་ཕེཾ་གྱི་སྒྲ་དྲག་སྒྲོགས༔ ཁྲོ་གཉེར་ཆུ་རླབས་ལྟ་བུར་འཁྲུགས༔ སྨ་ར་སྨིན་མ་མེ་ལྟར་འབར༔ རྡོ་རྗེའི་སྐུ་མཆོག་སྤྲིན་བཞིན་གནག༔ གཡས་དགུའི་དང་པོས་རྡོ་རྗེ་གདེང༔ འཁོར་ལོ་དགྲ་སྟྭ་རལ་གྲི་མདུང༔ ཐོ་བ་ལྕགས་ཀྱུ་གསལ་ཤིང་བསྣམས༔ གཡོན་དགུས་མེ་དཔུང་ཁཊྭཱཾ་ག༔ རི་རབ་ཞགས་པ་བྷནྡྷ་དམར༔ སྡིག་མཛུབ་མདའ་དང་བདུད་བཞིའི་མགོ༔ ཐ་མའི་ཕྱག་གཉིས་ཕུར་བུ་འདྲིལ༔ དྲག་པོའི་སྟང་སྟབས་ཕྱོགས་བཅུར་གཡོ༔ འབར་བའི་ཞབས་བཞི་བརྐྱང་བསྐུམ་གྱིས༔ བར་ཆད་བདུད་བཞི་བརྫིས་ཤིང་མནན༔ གླང་ཆེན་ཞིང་ལྤགས་སྟོད་གཡོགས་ཤིང༔ སྟག་གི་ཤམ་ཐབས་གྲོལ་ཞིང་འཆིང༔ སྐུ་ལ་རུས་པའི་ཕྱག་རྒྱ་དྲུག༔ མགོ་ཕྲེང་དཔལ་གྱི་ཆས་གོས་རྫོགས༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང༔ ཁམས་གསུམ་ཟིལ་གནོན་ཆེན་པོར་གསལ༔ པང་དུ་བདེ་ཆེན་སྐྱེད་པའི་ཡུམ༔ འཁོར་ལོ་རྒྱས་འདེབས་ཁྲོ་གཏུམ་སྒེག༔ གཅེར་བུ་གཟིག་གི་ཤམ་ཐབས་གསོལ༔ ཐོད་སྐམ་རུས་པའི་རྒྱན་གྱིས་སྤྲས༔ ཕྱག་གཉིས་གཡས་པས་ཡབ་མགུལ་འཁྱུད༔ ཨུཏྤལ་མཐེབ་སྲིན་སྦྱར་བས་འཛིན༔ གཡོན་པས་དམར་གྱི་བྷནྡྷ་སྟོབ༔ ནུ་འབུར་བྷ་ག་རྒྱས་པས་སྦྱོར༔ སྐེད་སྐབས་ཕྲ་ལྡེམ་གཡས་པའི་ཞབས༔ ཡབ་ཀྱི་དཀུ་ལ་འཁྱུད་ཅིང་ལྡེམ༔ གཡོན་པ་བརྐྱངས་ཏེ་དགྲ་བགེགས་བརྫིས༔ འབར་བའི་བརྟུལ་ཞུགས་ཡོངས་སུ་རྫོགས༔ གཙོ་བོའི་གཡོན་དུ་སྒྲོལ་བྱེད་ཀྱི༔ ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ༔ ཁྲོ་གཏུམ་སྒེག་པའི་གཟི་བྱིན་གྱིས༔ ཡབ་ལ་ལྟ་ཞིང་ཆགས་པའི་ཚུལ༔ གཡས་པས་གྲི་གུག་ནམ་མཁར་འཕྱར༔ གཡོན་པས་ཙིཏྟ་ཁྲག་འཛག་ཟ༔ གཅེར་བུ་རུས་པའི་རྒྱན་འཕྱང་བའི༔ གཡེར་ཁའི་སྒྲ་ལས་ཆོས་སྒྲ་སྒྲོག༔ གཉིས་པ་ལོངས་སྐུའི་ངོ་བོ་འཁོར་གྱི་ཁྲོ་བོའི་དཀྱིལ་འཁོར་སྤྲོ་བ་ནི། ཨ་ཧོ་ཨ་ཧོ་ཨ་ཧོ་ཧཱུྃ༔ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཨ་ནུ་རཱ་ག་ཡ་མི༔ ཨ་ནུ་རཱ་ག་ཡ་ཧོཿ རྡོ་རྗེ་པདྨ་རྒྱས་མཛད་དེ༔ སྦྱོར་བས་སྐུ་ནི་སྒེག་བཞད་དཔའ༔ པདྨ་བྷཉྫ་མོ་ཀྵ་ཧོཿ ཞལ་ནས་ཨ་ཧོ་ཧཾ་ཞེས་སྒྲོགས༔ རྡོ་རྗེའི་གསུང་མཆོག་རྒོད་གཤེ་རྔམས༔ ཐུགས་ནི་བདེ་བ་ཆེར་འབར་བའི༔ སྙིང་རྗེ་རྔམས་དང་ཞི་བར་བཅས༔ སྲུབ་ཅིང་སྲུབ་པའི་སྦྱོར་བའི་སྒྲས༔ སངས་རྒྱས་སྲས་བཅས་རྗེས་ཆགས་བསྐུལ༔ ཞལ་ཞུགས་བྱང་ཆུབ་སེམས་སུ་ཞུ༔ དྭངས་མའི་སེམས་སྤྲིན་ཧཱུྃ་བཞི་སྤྲོས༔ ཤར་དུ་བཛྲ་ཀྲོ་དྷ་སྟེ༔ རྡོ་རྗེ་ཕུར་པ་དཀར་ལ་སྒེག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་མཐིང་གཡོན་དམར་འཁོར་ལོ་དང༔ དགྲ་སྟྭ་ཐོ་བ་མེ་ལྕེ་འབར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ལྷོ་རུ་རཏྣ་ཀྲོ་དྷ་སྟེ༔ རིན་ཆེན་ཕུར་པ་སེར་ལ་བརྗིད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་རིན་པོ་ཆེ༔ རལ་གྲི་ཞགས་པ་ཁཊྭཱྃ་གདེང༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ནུབ་ཏུ་པདྨ་ཀྲོ་དྷ་སྟེ༔ པདྨ་ཕུར་པ་དམར་ལ་ཆགས༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་མཐིང་པདྨ་དང༔ བེ་ཅོན་མཚོན་འཁོར་གསལ་ཤིང་འཕྱར༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ བྱང་དུ་ཀརྨ་ཀྲོ་དྷ་སྟེ༔ ཕྲིན་ལས་ཕུར་པ་ལྗང་ནག་གཏུམ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་རྒྱ་གྲམ་གདེང༔ ཏྲི་ཤུལ་ཙིཏྟ་དུང་དམར་སྟོབ༔ རིགས་བཞིའི་ཁྲོ་བོ་རང་འདྲའི་ཡུམ༔ ཕྱག་རྒྱ་རང་རྟགས་བྷཉྫ་ཐོགས༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ གཙོ་བོ་བཞིན་དུ་ཡོངས་སུ་རྫོགས༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ སླར་ཡང་གཙོ་མཆོག་སྦྱོར་མཚམས་ནས༔ བྱང་སེམས་ས་བོན་ཧཱུྃ་བཅུ་སྤྲོས༔ ཕྱོགས་བཅུའི་རྩིབས་ཀྱི་གཞལ་ཡས་དབུས༔ ཐོག་ལྟར་བབ་པའི་སྤྲོ་བསྡུ་ཡིས༔ འོད་ཟེར་རྣོན་པོས་ཕྱོགས་སྐྱོང་བའི༔ གདོན་ཚོགས་བཏུལ་ཏེ་ཚུར་འདུས་པ༔ པད་ཉི་ཕྱོགས་སྐྱོང་ཕོ་མོའི་སྟེང༔ ཧཱུྃ་བབ་ཡོངས་གྱུར་ཁྲོ་བཅུར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ྄༔ སྟེང་ཕྱོགས་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་མཛད་སྔོ་སྐྱ་མཐིང་སེར་དམར༔ ཞལ་གསུམ་ཕྱག་དྲུག་དང་པོ་གཉིས༔ རྡོ་རྗེ་དུང་དམར་བར་པ་ཡིས༔ མདའ་གཞུ་འགེངས་ཞིང་རོལ་པའི་ཡུམ༔ སྒྲ་འབྱིན་མ་དང་མཉམ་པར་སྦྱོར༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ༔ རྣམ་པར་རྒྱལ་བ་དཀར་སྔོ་ལྗང༔ དང་པོས་རྡོ་རྗེ་བྷན་དམར་དཀྲུགས༔ བར་པས་འཁོར་ལོ་རྩེ་གསུམ་གདེངས༔ རྡོ་རྗེ་སྙེམས་མ་ཡུམ་དང་སྦྱོར༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ྄༔ ཤར་ལྷོ་མེ་ལྷའི་གདན་སྟེང་དུ༔ དབྱུག་སྔོན་མཐིང་ནག་དཀར་དམར་ཞལ༔ ཕྱག་དྲུག་རྡོ་རྗེ་དུང་ཆེན་ཁྲག༔ མེ་དབལ་རྡོ་རྗེའི་དབྱུག་ཐོ་འཕྱར༔ རྡོ་རྗེ་སྡེར་མོར་མཉམ་པར་སྦྱོར༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ྄༔ ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་དུ༔ གཤིན་རྗེ་གཤེད་སྔོན་སྔོ་ལྗང་ཞལ༔ ཕྱག་དྲུག་རྡོ་རྗེ་ཐོད་པ་དང༔ དགྲ་སྟྭ་འབར་བའི་བེ་ཅོན་ཕྱར༔ དུར་ཁྲོད་བདག་མོ་ཡུམ་དང་སྦྱོར༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄༔ ལྷོ་ནུབ་སྲིན་པོའི་གདན་སྟེང་དུ༔ མི་གཡོ་མཐིང་ག་ཞལ་དཀར་དམར༔ དང་པོས་རྡོ་རྗེ་ཀ་པཱ་ལ༔ རལ་གྲི་ཞགས་པ་འཕེན་པའི་ཡུམ༔ གཏུན་ཁུང་མ་དང་གཉིས་མེད་སྦྱོར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ནུབ་ཕྱོགས་ཆུ་ལྷའི་གདན་སྟེང་དུ༔ རྟ་མགྲིན་དམར་པོ་དཀར་སྔོའི་ཞལ༔ ཕྱག་དྲུག་རྡོ་རྗེ་བྷན་དམར་འཛིན༔ ཞགས་པ་སྤུ་གྲི་གདེངས་པའི་ཡུམ༔ རྡོ་རྗེ་གཏུམ་མོ་མ་དང་སྦྱོར༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄༔ ནུབ་བྱང་རླུང་ལྷའི་གདན་སྟེང་དུ༔ འདོད་རྒྱལ་དམར་སྐྱ་ཞལ་ལྗང་སེར༔ ཕྱག་དྲུག་རྡོ་རྗེ་ཐོད་ཁྲག་དང༔ བ་དན་རྔ་ཡབ་འཛིན་པའི་ཡུམ༔ མདའ་སྙེམས་མ་དང་གཉིས་མེད་འཁྲིལ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄༔ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ༔ བདུད་རྩི་འཁྱིལ་ལྗང་སེར་དུད་ཁ༔ རྡོ་རྗེ་དུང་ཁྲག་རྒྱ་གྲམ་དང༔ དབྱུག་ཐོ་བསྣམས་པའི་ཡུམ་རླུང་འབྱིན༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ྄༔ བྱང་ཤར་དབང་ལྡན་གདན་སྟེང་དུ༔ ཁམས་གསུམ་རྣམ་རྒྱལ་སེར་ནག་ཞལ༔ དཀར་ལྗང་རྡོ་རྗེ་དུང་ཆེན་བསྣམས༔ མདའ་གཞུ་འགེངས་པའི་ཡུམ་གསོད་བྱེད༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ྄༔ འོག་ཕྱོགས་ས་བདག་གདན་སྟེང་དུ༔ སྟོབས་ཆེན་དུད་ཁ་ནག་སེར་ཞལ༔ ཕྱག་དྲུག་རྡོ་རྗེ་དུང་ཆེན་དང༔ ཐོ་བ་ཞགས་འཛིན་ཡུམ་སྐྱོད་བྱེད༔ འཁོར་དུ་རང་འདྲའི་རིགས་བཞི་ཡི༔ ཁྲོ་རྒྱལ་རྣམ་བཞི་ཡུམ་དང་སྦྱོར༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ༔ འབར་བའི་ཆས་ཀུན་རྫོགས་པར་གསལ༔ བཛྲ་མ་ཧཱ་ཀྲོ་དྷ་མཎྜ་ལ་བྷྲཱུཾ༔ ཁྲོ་རྒྱལ་ཆེན་པོ་རྣམ་པ་བཅུའི༔ དཀྱིལ་འཁོར་རྣམས་ཀྱི་གཡས་གཡོན་དུ༔ རྟོག་འཇོམས་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་ཕག་གི་གདོང༔ དཔའ་གཏུམ་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་སྟག་གི་མགོ༔ རྫིས་ཚོར་སྤང་བའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་གཡག་གི་མགོ༔ དུས་འཇུག་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་ཤ་བའི་མགོ༔ ཡེ་རྫོགས་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་གཟིག་གི་མགོ༔ ཐབས་མཁས་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་བྱི་ལའི་མགོ༔ ཟ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་སྤྱང་ཀིའི་མགོ༔ རིགས་བཙུན་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་སེང་གེའི་མགོ༔ ཟ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་དྲེད་ཀྱི་མགོ༔ མྱོས་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་ཕོ་ཉ་དོམ་གྱི་མགོ༔ མི་འགྱུར་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་རྨིགས་བུའི་མགོ༔ ཐོགས་མེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་བྱ་རྒོད་མགོ༔ གསལ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་བྱ་རོག་མགོ༔ མཐོང་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་འུག་པའི་མགོ༔ ཐལ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་ཁྭ་ཏའི་མགོ༔ བཀྲ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་པུ་ཤུད་མགོ༔ སྒྲིབ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་ཁྲ་ཡི་མགོ༔ གསོ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་ཕ་ཝཾ་མགོ༔ བཙལ་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་སྲེ་མོང་མགོ༔ འགུགས་བྱེད་ཆེན་པོའི་ཏིང་འཛིན་ལས༔ ཕྲ་མེན་མ་སྟེ་བྱི་བའི་མགོ༔ ཕྲ་ཕྱག་ཕོ་མོ་དེ་དག་ཀྱང༔ གཅེར་བུ་ཁྲོ་ཉམས་སྟངས་སྟབས་ཅན༔ སྟག་གཟིག་ཤམ་ཐབས་འཕྱང་ཞིང་རྒྱུག༔ གཡས་པས་ལྕགས་ཀྱུ་གཡོན་པ་ན༔ ཕུར་བུ་འདྲིལ་ཞིང་བགེགས་ལ་འདེབས༔ མེ་དཔུང་རྔམས་པའི་ཀློང་ན་འགྱིང༔ རང་འདྲའི་ཕོ་ཉའི་འདུ་འཕྲོ་ནི༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དང༔ སུམ་སྤྲུལ་བྱེ་བ་རྡུལ་ལྟར་འཁྲིགས༔ གོ་མཚམས་མེད་པར་གཏམས་པར་གྱུར༔ འབར་བ་ཆེན་པོའི་དཀྱིལ་འཁོར་ཤར༔ གསུམ་པ་སྤྲུལ་སྐུ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་ལས་བྱེད་ཕོ་ཉ་མོའི་འཁོར་དང་བཅས་པ་བསྒོམ་པ་ནི། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་མཎྜ་ལ་ཧཱུྃ༔ ཟླ་གམ་འཁྱིལ་པ་གསུམ་གྱི་སྟེང༔ གཙོ་བོ་ཡབ་ཡུམ་སྦྱོར་མཚམས་ནས༔ ཧཱུྃ་ཡིག་བདུན་ཚན་གསུམ་དུ་སྤྲོས༔ འོད་ཀྱིས་ཁམས་གསུམ་གདུག་ཅན་བསྒྲལ༔ སྣང་སྲིད་ཕུར་བུའི་ད་ལར་རྫོགས༔ བདེ་གཤེགས་རྒྱལ་བ་རབ་འབྱམས་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ ཧཱུྃ་ལ་ཐིམ་པས་སྐད་ཅིག་གིས༔ མདུན་དུ་ཐུགས་ཀྱི་སྲས་མཆོག་མཐིང༔ གཡས་སུ་སྐུ་ཡི་སྲས་ལྗང་ནག༔ གཡོན་དུ་གསུང་གི་སྲས་དམར་ནག༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་ཅན༔ གཡས་གཡོན་དཀར་དམར་ཞལ་ནི་བརྗིད༔ དང་པོས་རྡོ་རྗེ་མེ་ཆེན་སྤྲོ༔ བར་པས་དགྲ་སྟྭ་ཁཊྭཱཾ་གདེངས༔ ཐ་མས་ཕུར་བུ་འདྲིལ་བ་ཡི༔ སྐུ་ལ་དུར་ཁྲོད་དཔལ་ཆས་རྫོགས༔ སྐུ་སྨད་འབར་བའི་ཕུར་བུའི་དབལ༔ གནམ་ལྕགས་མེ་འཁྲུགས་ཚྭ་ཚྭ་འཕྲོ༔ ཆུ་སྲིན་ཁ་ནས་ཐོན་པ་ཡི༔ དུག་སྦྲུལ་སྡོམ་དང་སྡིག་པ་འཕྱོ༔ དགྲ་བགེགས་དཀར་ནག་སྙིང་གི་མཚམས༔ ཕུར་རྩེ་གཟིར་བས་སྲིད་གསུམ་བསྒྲལ༔ མཚན་མ་རྫས་ཀྱི་དཀྱིལ་འཁོར་རྫོགས༔ དཔལ་ཆེན་གསང་བ་གསུམ་དུ་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ༔ གྲུ་ཆད་ཤར་ནས་ཕྱོགས་བཞི་རུ༔ གཽ་རི་དཀར་མོ་ཞིང་དབྱུག་འཕྱར༔ ཙཽ་རི་སེར་མོ་མདའ་གཞུ་འགེངས༔ པྲ་མོ་དམར་མོ་ཆུ་སྲིན་འཕྱར༔ བཻ་ཏ་ལྗང་མོ་རྡོ་རྗེ་གདེངས༔ མཚམས་བཞིར་པུཀྐ་རྒྱུ་ཞགས་སེར༔ གྷསྨ་ལྗང་གུ་བྷན་ཁྲག་འཐུང༔ ཙཎྜ་སེར་མོ་རྒྱུ་ཞགས་འཇིབ༔ སྨེ་ཤ་མཐིང་ག་བམ་ཆེན་ཟ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཌཱ་ཀི་ནི་ཕེཾ་བྷྱོ༔ གསེར་ཁྱམས་ཕྱོགས་མཚམས་རེ་རེ་བཞིན༔ སིང་ཧ་སྨུག་ནག་རོ་ལ་ཟ༔ བྱཱ་གྲྀ་དམར་མོ་ལག་བསྣོལ་ཏེ༔ སྲི་ལ་ནག་མོས་བྱིས་བམ་ལྡག༔ ཤྭ་ན་སྤྱང་མཐིང་རོ་ཐོགས་པ༔ གྲྀ་དྷ་སེར་མོ་རྒྱུ་ཞགས་འདྲེན༔ ཀངྐ་དམར་མོ་ཞིང་ཕྲག་ཁུར༔ ཀཱ་ཀ་ནག་མོ་བྷན་གྲི་ཐོགས༔ ཨུ་ལུ་མཐིང་གས་རྡོ་རྗེ་གསོར༔ ཀུན་ཀྱང་ཁྲོ་མོ་འཇིགས་པའི་གཟུགས༔ གཟིག་ཤམ་རུས་པའི་རྒྱན་གྱིས་སྒེག༔ ཐོད་སྐམ་ཕྲེང་གསོལ་ཞབས་བརྐྱང་བསྐུམ༔ རལ་གསིགས་མཆེ་གཙིགས་སྡང་མིག་ཅན༔ ཟླ་གམ་གཞལ་ཡས་རྫོགས་པར་རོལ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཨ་རལླི་ཕེཾ་བྷྱོ༔ གཙོ་བོའི་སྦྱོར་མཚམས་ཛཿཧཱུྃ་བྃ༔ ཧོཿཡི་ཡི་གེ་བཞི་སྤྲོས་པས༔ ཤར་དུ་སྒོ་མ་ལྕགས་ཀྱུ་མ༔ དཀར་མོ་རྟ་ཡི་གདོང་པ་ཅན༔ ལྷོ་རུ་སྒོ་མ་ཞགས་པ་མ༔ སེར་མོ་ཕག་གི་གདོང་པ་ཅན༔ ནུབ་ཏུ་སྒོ་མ་ལྕགས་སྒྲོག་མ༔ དམར་མོ་ཀངྐའི་གདོང་པ་ཅན༔ བྱང་དུ་སྒོ་མ་དྲིལ་བུ་མ༔ ལྗང་གུ་སྤྱང་ཀིའི་གདོང་པ་ཅན༔ ཀུན་ཀྱང་གཡོན་པས་ཕུར་པ་འདྲིལ༔ གཅེར་མོ་རལ་གསིགས་གཟིག་ཤམ་ཅན༔ གཏུམ་ཆེན་རྔམ་པའི་གད་རྒྱང་སྒྲོགས༔ པད་ཉི་བམ་རོའི་སྟེང་ན་འགྱིང༔ ཛཿཧཱུྃ་བྃ་ཧོཿ ཁྲག་ཁྱམས་དཔལ་གྱི་བཀའ་སྡོད་ཆེའི༔ མཐིང་ནག་ཨེ་ཡི་དལ་རེ་རེར༔ ཤར་སྟོད་སྲིན་མོ་ཚངས་པ་དང༔ ལྷ་ཆེན་མོ་གསུམ་ཤར་སྨད་དུ༔ གཏོག་འདོད་གཞོན་ནུ་བརྒྱ་བྱིན་མ༔ ལྷོ་སྟོད་རྡོ་རྗེ་བདུད་རྩི་ཟླ༔ བེ་ཅོན་སྲིན་མོ་ཟ་བ་སྨད༔ ནུབ་སྟོད་དགའ་སྟོབས་རྡོ་རྗེ་མ༔ འདོད་པ་ནོར་སྲུང་རླུང་ལྷ་སྨད༔ བྱང་སྟོད་གསོད་བྱེད་ཕག་མོ་མེ༔ རྒན་བྱེད་སྣ་ཆེན་ཆུ་ལྷ་སྨད༔ རྡོ་རྗེ་ནག་མོ་སེར་མོ་དང༔ དམར་མོ་ལྗང་ནག་ཕྱིའི་སྒོ་བཞིར༔ རིམ་པར་གཡག་སྦྲུལ་གཟིག་སྲེ་དྲེད༔ དོམ་དང་ཕ་ཝཾ་ཆུ་སྲིན་སྡིག༔ ཁྲ་ཝ་ཁྭ་ཏ་སྟག་བྱ་རྒོད༔ རྟ་དོམ་ཁྱི་ཤྭ་སྐྱིན་ཕག་གདོང༔ བྱ་རོག་གླང་སྦྲུལ་ཁུ་བྱུག་སེང༔ སྦྲུལ་གྱི་གདོང་ཅན་མཚོན་ཆ་འཕེན༔ གྲུ་གསུམ་དལ་དུ་ཁྲག་མཚོའི་ཀློང༔ བམ་རོའི་སྟེང་འགྱིང་ཁྲོ་མོའི་གཟུགས༔ ཕྱོགས་བཞིར་ལས་བཞི་སྒྲུབ་པ་ཡི༔ ཕོ་ཉ་བྲན་དང་མངག་གཞུག་མ༔ མ་མོ་མཁའ་འགྲོའི་དཀྱིལ་འཁོར་ནི༔ ལས་བྱེད་ཆེན་པོའི་ཚུལ་དུ་གསལ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ མ་མ་ཀྲོ་དྷཱི་ཌཱ་ཀི་ནི་མཎྜ་ལ་ཧཱུྃ་བྷྱོ༔ སླར་ཡང་ཕྱོགས་མཚམས་བཅུ་གཉིས་ཀྱི༔ ཨེ་ལ་དཔལ་ཆེན་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྲག་ཁྱམས་ཤར་དུ་ཤྭ་ན་མཐིང༔ ལག་གཡས་ཐོད་པའི་ཕྲེང་བ་འདྲེན༔ གཡས་སུ་ཐབས་ཀྱི་སྐྱེས་བུ་དཀར༔ ལྷོ་རུ་ཀྲྀ་ཏ་མུ་ཁ་སེར༔ ལག་གཡས་འབར་བའི་ལྕགས་ཀྱུ་གདེངས༔ གཡས་སུ་གཤིན་རྗེའི་སྐྱེས་བུ་ནག༔ ནུབ་ཏུ་སྲི་ལ་མུ་ཁ་དམར༔ ལག་གཡས་སྙིང་གི་ཕྲེང་བ་འདྲེན༔ གཡས་སུ་བདུད་ཀྱི་སྐྱེས་བུ་དམར༔ བྱང་དུ་ཤྲི་ག་མུ་ཁ་ལྗང༔ ལག་གཡས་གནམ་ལྕགས་རྡོ་རྗེ་གདེངས༔ གཡས་སུ་གནོད་སྦྱིན་སྐྱེས་བུ་ལྗང༔ མ་མོ་རྣམས་ཀྱི་གཡོན་ཕུར་པ༔ གདོང་དང་མཚུངས་པའི་ཆིབས་ལ་ཞོན༔ ཡབ་རྣམས་ཤེལ་གྲི་ཁྲམ་ཤིང་དང༔ དར་དམར་བེ་ཅོན་གཡོན་ཕུར་པ༔ ཤར་སྟོད་རེ་མ་ཏི་མཐིང་ནག༔ ཕྱག་བཞི་སྲིད་པའི་ཕུར་པ་དང༔ མེ་ལོང་ཞགས་ཐོགས་ཤར་བདུད་སྦྱོར༔ ལྷོ་སྟོད་རེ་མ་ཏྲི་སེར་ནག༔ བདུད་རྩིའི་བུམ་ཐོགས་ལྷོ་བདུད་སྦྱོར༔ ནུབ་སྟོད་རེ་མ་ཛཿདམར་ནག༔ ནད་རྐྱལ་རྡེབས་ཤིང་ནུབ་བདུད་སྦྱོར༔ བྱང་སྟོད་རེ་མ་ཛུ་ལྗང་ནག༔ ཁྲམ་ཤིང་ཐོགས་ཤིང་བྱང་བདུད་སྦྱོར༔ ཡབ་རྣམས་གཡས་གཡོན་དུང་ཁྲག་ཐོ༔ ཆིབས་སུ་བོང་བུ་ཤ་བ་དང༔ ཆུ་གླང་རྔ་མོ་གྭ་པ་ཆིབས༔ ཤར་སྨད་ཡ་བྱིན་སེང་ཞོན་ནག༔ ལྷོ་སྨད་དེ་བྱིན་འབྲུག་ཞོན་སེར༔ ནུབ་སྨད་བསེ་བྱིན་གློག་ཞོན་ནག༔ བྱང་སྨད་ཕག་བྱིན་ཆུ་སྲིན་ཞོན༔ གིང་ཆེན་སྡེ་བཞི་རྟ་དང་ཁྱུང༔ བྱ་གླག་བསེ་གཡག་ཁམ་པ་ཞོན༔ ཡུམ་རྣམས་ཉི་ཟླ་ཐོག་སེར་རི༔ རྒྱ་མཚོ་ཐོགས་པ་གཉིས་རེའོ༔ ཕྱོགས་མཚམས་གྲུ་གསུམ་རེ་རེའི་ནང༔ བཞུགས་པའི་མ་མོ་བཅུ་གཉིས་ཀྱི༔ ལས་བྱེད་ཕོ་ཉ་འབར་བའི་སྐུ༔ བདུད་གཟའ་བཙན་དང་ཀླུའི་བུ་མོ༔ ཕྱོགས་སྐྱོང་འདུལ་བའི་ཁྱི་མོ་བརྒྱད༔ དཀར་སེར་དམར་ལྗང་ཕྱོགས་མཚམས་རྒྱུག༔ གནམ་ཁྱི་ངར་མ་ཀླད་ལ་ལྡིང༔ བསེ་ཁྱི་དམར་པོས་རི་ཀླུང་ཉུལ༔ ཁྱུང་ཁྱི་གཟན་ལ་འཇབ་ཅིང་འཁྱུགས༔ སྟག་ཁྱི་ཁྲག་རྔུབ་ཤ་རྗེས་ཉུལ༔ ལྕགས་ཀྱི་སྤྱང་བརྒྱད་དགྲ་ཤ་ཟ༔ དུང་གི་ཁྱི་བརྒྱད་ང་རོ་སྒྲོགས༔ གསེར་གྱི་འཕར་བརྒྱད་བྱ་ར་བྱེད༔ ཟངས་ཀྱི་ཁྱི་བརྒྱད་འུར་འུར་ཟུག༔ སྟག་ཆེན་བརྒྱད་ཀྱིས་མཆོང་ཞིང་རྩེ༔ སྦྲུལ་ཆེན་བརྒྱད་ཀྱིས་འཁྱུགས་ཤིང་འགྲོ༔ བྱི་ལ་བརྒྱད་ཀྱིས་བླ་ལ་འཇབ༔ ཁྱུང་གི་ཕྲ་མེན་བརྒྱད་འཕུར་འཕྱོ༔ སྤྲུལ་པའི་ཕོ་ཉ་རྡུལ་ལྟར་འཚུབས༔ མཚོན་ཆའི་ཆར་པ་སྤྲོ་ཞིང་རྒྱུག༔ སྒྲོལ་བྱེད་བཀའ་སྡོད་ཆེན་པོ་ཡི༔ དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷརྨ་པཱ་ལ་མ་ཧཱ་ཀྲོ་དྷ་མཎྜ་ལ་བྷྲཱུྃ༔ དེ་ལྟར་སྣང་སྲིད་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་གསལ་གདབ་པ་ལ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་འདེབས་པ་ནི། ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པའི༔ སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་སྤྱན་དྲངས་གནས་གསུམ་དུ་ཐིམ་པས། དེ་རྣམས་ཀྱི་གསང་བ་གསུམ་དང་གཉིས་སུ་མེད་པར་གྱུར། དབང་བསྐུར་བ་ནི། ཡང་ཐུགས་ཀ་ནས་འོད་འཕྲོས་དབང་གི་ལྷ་ཐམས་ཅད་སྤྱན་དྲངས་པས་དབང་བསྐུར་བར་གྱུར། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ དབང་དང་བྱིན་རླབས་དེང་སྩོལ་ཅིག༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ་མ་ཧཱ་ཨརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཨོཾ་མ་ཧཱ་ས་མ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ་མ་ཧཱ་པྲ་ཏྱ་བེ་ཀྵ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ་མ་ཧཱ་ཀྲྀ་ཏྱཱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ སྤྱི་བོའི་གནས་ལྔར་དབང་ལྷ་ཡབ་ཡུམ་རྗེས་ཆགས་རྒྱས་པའི་ཞུ་བདེའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར། ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཆུ་ཡི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་གཙོ་བོ་ལ་རྡོ་རྗེ་མི་བསྐྱོད་པ་དང༌། འཁོར་རྣམས་ལ་སོ་སོའི་རིགས་ཀྱི་བདག་པོས་དབུར་བརྒྱན་པར་གྱུར། བཞི་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་རང་བཞིན་གྱི་གནས་ནས་བླ་མ་རིག་འཛིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཐམས་ཅད་སངས་རྒྱས་ཀུན་གྱི་ཕྲིན་ལས་ཀྱི་རྣམ་རོལ་མི་བཟད་འབར་བ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་སྲུང་མ་དང་བཅས་པའི་རྣམ་པར་བཛྲ་ས་མཱ་ཛཿ ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་དབུས་བྲལ་བ་ནས༔ རང་བྱུང་ཡེ་ཤེས་ཧེ་རུ་ཀ༔ དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ འཇིགས་མཛད་རྡོ་རྗེ་གཞོན་ནུ་ཆེ༔ ཐབས་ཀྱི་སྤྱོད་པས་གང་འདུལ་དུ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཡེ་ཤེས་ཁྲོ་བོ་ཆེན་པོ་ནི༔ འཁོར་གྱི་དཔལ་ཆེན་ཁྲོ་རྒྱལ་བཅུ༔ སྲས་དང་སྤྲུལ་པ་བཀའ་སྡོད་བཅས༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ གནས་འདི་ཉིད་དུ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་ས་མ་ཡ་ཛཿཛཿ ལྔ་པ་དམ་ཡེ་གཉིས་མེད་དུ་བསྟིམ་པ་ནི། ཧཱུྃ་ཧྲཱིཿ བདེ་ཆེན་དབྱིངས་ཀྱི་གཞལ་ཡས་དབུས༔ རང་སྣང་རིག་པའི་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བཞུགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ དྲུག་པ་ཕྱག་འཚལ་བ་ནི། ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ བདུན་པ་མཆོད་པ་ལ། ཉེར་སྤྱོད་སྨན་རཀ་གཏོར་མ་དང༌། །སྦྱོར་དང་སྒྲོལ་བའི་མཆོད་པ་གསུམ། །ཞེས་ནང་གསེས་སུ་གསུམ་དུ་དབྱེ་བའི་དང་པོ་ཐུན་མོང་ཉེར་སྤྱོད་ཀྱི་མཆོད་པ་ལ་ཞི་དྲག་གཉིས་ལས། དང་པོ་ནི། ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་དེ་ཝི་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ གཉིས་པ་ནི། ཧཱུྃ་ཧྲཱིཿ འབར་བའི་ང་རྒྱལ་ཆེན་པོ་ཡིས༔ ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར༔ དམ་ཉམས་སྙིང་ཁྲག་མཆོད་ཡོན་དང༔ མྱོས་བྱེད་དུག་ཆུའི་ཞབས་བསིལ་འཁྲུགས༔ དབང་པོ་ལྔ་ཡི་མེ་ཏོག་དང༔ ཚིལ་ཆེན་དུད་པ་འཁྲིགས་པའི་སྤོས༔ ཞུན་གྱི་མར་མེ་མདངས་གསལ་ཞིང༔ མཁྲིས་སྣ་ཁྲག་ཞག་བྱུག་པའི་རྩི༔ ཤ་རུས་དོན་སྣོད་མཱཾ་སའི་ཟས༔ ཐོད་རྔ་མི་རྐང་གླིང་བུ་སོགས༔ རུ་ཏྲ་ཆེན་པོའི་ལོངས་སྤྱོད་ཀྱིས༔ ཁྲག་འཐུང་རྡོ་རྗེའི་ལྷ་ཚོགས་བསྐང༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་རུ་ཏྲ་པཱུ་ཛ་ས་མ་ཡ་ཧོཿ གཉིས་པ་ཁྱད་པར་གྱི་མཆོད་པ་ལ་གསུམ་ལས། སྨན་གྱི་མཆོད་པ་ནི། ཧཱུྃ༔ རང་བྱུང་པདྨ་བྷཉྫའི་སྣོད༔ བདེ་ཆེན་རྡོ་རྗེའི་སྦྱོར་བ་ལས༔ འབར་བ་དཀྱིལ་འཁོར་དགུའི་བྱང་སེམས༔ ཡེ་ཤེས་ཀློང་དགུའི་ཕྱག་རྒྱའི་སྤྲིན༔ རང་བཞིན་ལྷུན་རྫོགས་མཆོད་པ་ཆེ༔ བདུད་རྩི་ར་ས་ཡཱ་ནའི་དངོས༔ བླ་མེད་དམ་ཚིག་རྫས་ཀྱི་མཆོག༔ ཨོཾ་ཨ་མྲྀ་ཏ་ཁཱ་ཧི༔ བརྒྱུད་མཆོད་ནི། དགོངས་པ་བརྡ་དང་སྙན་ནས་བརྒྱུད་པ་ཡི། །བྱིན་རླབས་སྤྲིན་ཕུང་ཡེ་ཤེས་ཆར་ཆེན་འབེབས། །རིག་འཛིན་རྩལ་འཆང་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཁྱབ་བདག་སྟོན་པ་ཆོས་སྐུ་ཀུན་ཏུ་བཟང༌། །ལོངས་སྤྱོད་ཡོངས་རྫོགས་རྡོ་རྗེ་སེམས་དཔའ་དང༌། །སྤྲུལ་སྐུ་མཁའ་འགྲོ་ལས་ཀྱི་དབང་མོ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཕུར་པའི་རིག་འཛིན་པྲ་བྷ་ཧསྟི་དང༌། །འཕོ་ཆེན་སྐུ་བརྙེས་བི་མ་ལ་མི་ཏྲ། །དཀྱིལ་འཁོར་ཀུན་བདག་པདྨ་འབྱུང་གནས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དབྱིངས་ཕྱུག་ཌཱ་ཀི་བདེ་ཆེན་མཚོ་རྒྱལ་དང༌། བདུད་རྩི་ཕུར་གྲུབ་ཛྙཱ་ན་ཀུ་མཱ་ར། །མངའ་བདག་ཆེན་པོ་སོག་པོ་ལྷ་དཔལ་རྗེ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བཀའ་བབ་བདུན་ལྡན་རྡོ་རྗེ་གཟི་བརྗིད་དང༌། །གཏེར་འབྱིན་མདོ་སྔགས་གླིང་དང་མ་ཏིའི་མཚན། །ཆོས་བདག་རིག་འཛིན་བརྒྱུད་པར་བཅས་པ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རྡོ་རྗེ་གཞོན་ནུ་བདུད་འདུལ་ཁྲོ་བོ་བཅུ། །ཕྲ་ཐབས་སྲས་མཆོག་སྒོ་མ་ཕུར་སྲུང་སོགས། །དངོས་གྲུབ་མཆོག་སྩོལ་བསམ་ཡས་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དཔལ་གྱི་བཀའ་སྡོད་ཕྲིན་ལས་གློག་ལྟར་འཁྱུག །མ་སྲིང་མཁའ་འགྲོ་དམ་ཅན་རྒྱ་མཚོ་དང༌། །སྣང་སྲིད་གཞིར་བཞེངས་རྡོ་རྗེའི་མཎྜ་ལར། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃ༔ དམ་ཚིག་རྫས་ཀྱི་བདུད་རྩི་ལས༔ ཡེ་ཤེས་སྙིང་པོའི་དངོས་གྲུབ་དབྱིག༔ མཐེབ་སྲིན་ཉི་ཟླའི་གྭའུ་ཡིས༔ རྡོ་རྗེའི་ལྕེ་ལ་བཞག་ཅིང་མྱང༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་མྲྀ་ཏ་སིདྡྷི་ཕ་ལ་ཧོ༔ གཏོར་མའི་མཆོད་པ་ནི། ཧཱུྃ་ཧྲཱིཿ རྡོ་རྗེའི་ཕུང་ཁམས་ཐམས་ཅད་ཀྱང༔ འདོད་ཡོན་རྨད་བྱུང་གཏོར་མར་ཤར༔ རང་བཞིན་རྫས་ཀྱི་དཀྱིལ་འཁོར་ཆེ༔ ལྷུན་གྱིས་གྲུབ་པའི་བ་ལིཾ་ཏ༔ སྣང་སྲིད་མ་ལུས་ལྷུན་རྫོགས་པའི༔ མཆོད་པ་ཀུན་གྱིས་ཡང་དག་མཆོད༔ ཨོཾ་མ་ཧཱ་བ་རཀྟ་ཁཱ་ཧི༔ རཀྟའི་མཆོད་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། ཧཱུྃ་ཧྲཱིཿ གདུག་པའི་སྙིང་གི་ཁྲག་རྒྱུན་དང༔ གཱིརྟིའི་རང་བྱུང་གསང་བའི་ཁྲག༔ ཁམས་གསུམ་ཆགས་པའི་བཅུད་ཆེན་པོ༔ དམར་ནག་ལྦུ་ཕྲེང་འཁྲུགས་པའི་མཚོ༔ འབར་བ་གཏུམ་ཆེན་རྔམ་པ་ལ༔ གཉིས་མེད་རོལ་པས་དགྱེས་དགུར་བཞེས༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ གཉིས་པ་བྱེ་བྲག་རཀྟ་ཚར་གསུམ་ནི། ཕུད་དང་རཀྟ་བསྲེས་པ་དང་པོ་བཀའ་སྒོ་བའི་ཕྱིར་ཕུལ་ལ། ཧཱུྃ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ རིངས་པར་ཁུག་ལ་སྨྱོར་ཆུག་ཅིག༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ང་ཡི་དབང་དུ་གྱུར་ནས་ཀྱང༔ བསྒོ་བའི་བཀའ་ལ་ཉན་པར་བྱོས༔ མ་ཧཱ་རཀྟ་ཁཱ་ཧི༔ གཉིས་པ་དམ་ཅན་གནད་དུ་དབབ་པའི་ཕྱིར་འབུལ་བ་ནི། ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཇི་བཞིན་བཅས་པ་ཡི༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔ མ་ཧཱ་རཀྟ་ཁཱ་ཧི༔ གསུམ་པ་མཐུ་དང་རྫུ་འཕྲུལ་འཕྲོག་པའི་ཕྱིར་འབུལ་བ་ནི། ཧཱུྃ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལྷའམ་འོན་ཏེ་བདུད་ཀྱང་རུང༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་མེད་པར་གྱིས༔ མ་ཧཱ་རཀྟ་ཁཱ་ཧི༔ གསུམ་པ་སྒྲོལ་མཆོད་ནི། ཧཱུྃ་ཧྲཱིཿ ཁམས་གསུམ་མ་ཧཱ་རུ་ཏྲའི་ཚོགས༔ ཀུན་ཏུ་ཁྲོས་པས་བསྒྲལ་བ་ལས༔ ཤ་ཆེན་བརྩེགས་པའི་རི་རབ་དང༔ རུས་ཆེན་བསྒྲལ་བའི་གྲམ་བུར་སྤུངས༔ དམར་ནག་ཁྲག་གི་རྒྱ་མཚོ་འབུལ༔ དུག་གསུམ་དག་པའི་དངོས་གྲུབ་སྩོལ༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ བཞི་པ་སྦྱོར་མཆོད་ནི། ཧཱུྃ་ཧྲཱིཿ འབར་བ་ཁྲོ་མོའི་ཨེ་ཀློང་དུ༔ གཏུམ་ཆེན་ཁྲོ་བོའི་རྡོ་རྗེས་བརྡུང༔ བར་དུ་གཅོད་ན་ལྷ་ཡང་རུང༔ བསྒྲལ་བའི་ལས་ཀྱི་མཆོད་པ་འབུལ༔ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ྄་ཕཊ྄་ཕཊ྄༔ ཧ་ཧ་ཧ༔ བརྒྱད་པ་བསྟོད་པ་ནི། ཧཱུྃ་ཧྲཱིཿ བསྐལ་པ་མེ་ལྟར་འབར་བའི་ཀློང༔ རང་བྱུང་དུར་ཁྲོད་ཆེན་པོའི་དབུས༔ དཔལ་ཆེན་འབར་བ་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུར་ཕྱག་འཚལ་བསྟོད༔ འཇིགས་རུང་སྐུ་ནི་གར་དགུས་སྒེག༔ མཐིང་ནག་བཻཌཱུའི་ལྷུན་པོ་བཞིན༔ ཉི་མ་འབུམ་གྱི་གཟི་བརྗིད་ཀྱིས༔ ཁམས་གསུམ་ཟིལ་གྱིས་གནོན་ལ་བསྟོད༔ རབ་འཇིགས་རྡོ་རྗེའི་གད་མོ་ཆེས༔ གདུག་པ་ཅན་རྣམས་སྲོག་རྩ་འདར༔ རྒོད་གཤེ་དྲག་ཤུལ་རོལ་པ་ཆེའི༔ ཧཱུྃ་ཕཊ་གད་རྒྱངས་སྒྲོག་ལ་བསྟོད༔ མི་གཡོ་ཐུགས་ནི་རབ་ཏུ་ཞི༔ སྙིང་རྗེ་རྔམས་པའི་གདུང་བ་ཆེས༔ བདུད་དང་རུ་ཏྲ་གདུལ་དཀའ་འདུལ༔ རྡོ་རྗེ་སྲིན་པོའི་ཚུལ་ལ་བསྟོད༔ ཡོན་ཏན་བསམ་ཡས་ཆོ་འཕྲུལ་གྱིས༔ འཕགས་པའི་རྣམ་ཐར་མ་ལུས་རྫོགས༔ མི་སློབ་འབྲས་བུའི་དེ་ཉིད་ཀྱི༔ གསང་བ་རྒྱན་གྱི་འཁོར་ལོར་བསྟོད༔ མཁའ་ཁྱབ་འགྲོ་བ་ཀུན་འདུལ་བའི༔ ཕྲིན་ལས་དཔག་ཡས་གང་འདུལ་སྟོན༔ སྲིད་ཞིའི་རྒྱན་དུ་རྫོགས་པའི་ལྷ༔ གཉིས་མེད་མཉམ་པའི་ངང་དུ་བསྟོད༔ དངོས་གཅིག་ཐིག་ལེ་ཆེན་པོའི་གཟུགས༔ རབ་འབྱམས་གཙོ་དང་འཁོར་གྱི་ཚུལ༔ བསམ་ཡས་བཀོད་པའི་ཆོ་འཕྲུལ་ཅན༔ མ་ལུས་ཀུན་ལ་གུས་པས་བསྟོད༔ དགུ་པ་བཟླས་པ་ལ། བསྙེན་སྒྲུབ་ལས་གསུམ་ལས། དང་པོ་བསྙེན་པ་ལ་གཉིས་ལས། དབང་དང་སྒྲུབ་པའི་སྐབས་ཛབ་ཁང་དབྱེ་དགོས་ཤིང༌། དཀྱུས་ཀྱི་བཟླས་པའི་དང་པོ་གཙོ་བོ་ཡབ་ཡུམ་ལ་བརྟེན་པའི་བསྙེན་དམིགས་ཀྱི་བསྙེན་པ་བཀོད་པའི་བཟླས་པ་ནི། བདག་ཉིད་ཐུགས་ཀར་ཡེ་ཤེས་སེམས༔ རྡོར་སེམས་དཀར་གསལ་ལོངས་སྐུའི་ཆས༔ རྡོ་རྗེ་དྲིལ་བསྣམས་ཕྱེད་སྐྱིལ་བཞུགས༔ ཚོན་གང་འོད་ཀྱི་ཕུང་པོ་ནི༔ རིན་ཆེན་ཟུར་བརྒྱད་དབུས་ན་བཞུགས༔ དེ་ཡི་ཐུགས་ཀར་ཙིཏྟ་ནི༔ མཐིང་སྨུག་མཆོང་གི་གུར་ལྟར་མཛེས༔ ལྟེ་བར་ཉི་སྟེང་རྡོ་རྗེ་ནི༔ རྩེ་དགུ་ནས་ཀྱི་འབྲུ་ཙམ་བསྒྲེངས༔ རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ནག༔ མཐའ་བསྐོར་སྙིང་པོ་འབྲུ་དགུ་འབར༔ སྔགས་ཕྲེང་མཚམས་སུ་གསུང་རྡོ་རྗེ༔ རྟ་མགྲིན་དམར་པོས་བར་ཆད་སྲུང༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ དཔལ་ཆེན་སྐུ་དང་གཉིས་མེད་གྱུར༔ ཞེས་གསལ་སྣང་རྩེ་གཅིག་ཏུ་སྒྲུབ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ ཅེས་བསྙེན་སྔགས་འབྲུ་དགུ་པ་ཉིད་བཟླ། གོམས་པ་བརྟན་པ་དང༌། གཉིས་པ་ཉེ་བསྙེན་དོ་ལིའི་བཟླས་པ་ནི། སྔགས་ཕྲེང་བདག་མདུན་ཞལ་དང་མཁའི༔ སྦྱོར་མཚམས་ནས་བརྒྱུད་འོད་ཟེར་ལས༔ སྐུ་སྔགས་ཕྱག་མཚན་མཚོན་ཆ་མེ༔ སྤྲོ་བསྡུས་སྣང་སྲིད་ལྷ་དང་སྔགས༔ ཡེ་ཤེས་རོལ་པར་འབྱམས་ཀླས་ཏེ༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ བརྟན་གཡོ་རྩི་ཤིང་ནགས་ཚལ་ཀྱང༔ ཐམས་ཅད་ཕུར་པའི་དལ་དུ་རྫོགས༔ ཞལ་ནས་སྔགས་ཀྱི་སྒྲ་སྒྲོག་ཅིང༔ ཀུན་ཀྱང་ཀཱི་ལིའི་ཛཔ་སྒྲ་སྒྲོགས༔ སྣང་སྲིད་ཕྱག་རྒྱ་ཆེན་པོའི་དབྱིངས༔ དག་པའི་ཡེ་ཤེས་རོལ་པར་ཤར༔ ཞེས་སྤྲོ་བསྡུའི་ཏིང་འཛིན་དང་བཅས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄་ཛཿཧཱུྃ་ཨ༔ སྒྲུབ་སྔགས་འབྲུ་བཅུ་བདུན་པ་དང༌། གཉིས་པ་སྒྲུབ་པ་ལ་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་གཉིས་ཀྱི། དང་པོ་ལའང་གཉིས་ལས། དང་པོ་ཀཱི་ལ་རིགས་བཞིའི་བཟླས་དམིགས་ནི། དཔལ་གྱི་ཐུགས་ཀའི་འོད་ཟེར་གྱིས༔ རིགས་བཞིའི་ཁྲོ་བོའི་རྒྱལ་པོ་བསྐུལ༔ སྤྲོ་བསྡུའི་མཛད་པས་དོན་གཉིས་སྒྲུབ༔ ཁྱད་པར་རྒྱལ་ཀུན་སྐུ་གསུང་ཐུགས༔ ཡེ་ཤེས་རྡོ་རྗེའི་བྱིན་རླབས་བསྡུས༔ འགྲོ་བའི་ལུས་ངག་ཡིད་སྒྲིབ་སྦྱངས༔ མཆོག་གི་ཕྲིན་ལས་བཞི་འགྲུབ་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ གཉིས་པ་སྲས་མཆོག་ཉེར་གཅིག་གི་བཟླས་པ་ནི། དཔལ་ཆེན་སྐུ་ཡི་གནས་གསུམ་ལས༔ བྱུང་བའི་འོད་ཀྱིས་ཁམས་གསུམ་བསྒྲལ༔ སྲིད་པ་རྡོ་རྗེ་ཕུར་པའི་ཞིང༔ རྡོ་རྗེའི་དམ་ཚིག་གསུམ་དུ་དག༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ༔ གཉིས་པ་ལ་གཉིས་ལས། དང་པོ་ཁྲོ་རྒྱལ་ཡབ་བཅུའི་བཟླས་པ་ནི། གཙོ་བོའི་འོད་ཀྱིས་ཕྱོགས་མཚམས་སུ༔ བཞུགས་པའི་ཁྲོ་རྒྱལ་ཡབ་བཅུ་བསྐུལ༔ འོད་ཟེར་སྤྲོ་བསྡུས་འཇིག་རྟེན་ཁྱབ༔ གདུག་པའི་ཕྱོགས་སྐྱོང་སྡེ་བརྒྱད་བཏུལ༔ སྟོབས་བཅུའི་བྱིན་རླབས་ནུས་པ་བསྡུས༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་ཀྱིས༔ དངོས་གྲུབ་མཐའ་དག་འགྲུབ་པར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷཧཱུྃ་ཕཊ྄༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་པཊ྄༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ྄༔ ཞེས་ཁྲོ་བོ་བཅུ་སོ་སོར་བཟླ། གཉིས་པ་ཁྲོ་མོ་བཅུའི་བཟླས་དམིགས་ནི། རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ ཐུགས་སྲོག་འོད་ཀྱིས་ཁྲོ་མོ་བསྐུལ༔ དེ་དག་ལས་སྤྲོས་འོད་ཟེར་གྱིས༔ འགྲོ་ཀུན་ཕར་ཕྱིན་མཛད་པར་བསྐུལ༔ སེར་སྣ་ལ་སོགས་སྒྲིབ་སྦྱངས་ནས༔ སྣོད་བཅུད་ཡེ་ཤེས་རོལ་པར་བལྟ༔ ཨོཾ་བཛྲ་ཀྲོ་དྷཱི་དཱི་པ་ཡ་ཏི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ལཱ་སྱ་ཀི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ཏཱི་ཏཱ་རུ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ཤྨ་ཤཱ་ན་པ་ཏི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་མུ་ཧ་ལ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ཛ་ཡ་ཏི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ས་བྱ་ཏི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ས་བྱ་མ་ཏི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་མཱ་ར་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་མུཎྜེ་མཾ་ཧཱུྃ༔ ཞེས་སོ་སོར་བཟླ། གསུམ་པ་ལས་སྦྱོར་ལ་བཞི་ལས། དང་པོ་ཕྲ་མེན་ཉི་ཤུའི་བཟླས་པ་ནི། གཙོ་མོའི་འོད་ཀྱིས་ཁྲོ་བཅུ་བསྐུལ༔ དེ་དག་ཐུགས་ཀའི་འོད་ཀྱི་ཕྲེང༔ ཕྲ་མེན་ཚོགས་བསྐུལ་རང་འདྲ་སྤྲོས༔ ས་གསུམ་ཁྱབ་པའི་སྤྲོ་བསྡུ་ཡིས༔ འཇིག་རྟེན་དྲེགས་ཚོགས་གཟིར་ཞིང་དངངས༔ བཀའ་ཉན་དབང་བསྡུས་ཟིལ་གྱིས་མནན༔ གདུག་པ་ཅན་རྣམས་མ་ལུས་བསྒྲལ༔ འབར་བ་གར་དགུའི་རོལ་རྩེད་ཀྱིས༔ མངོན་སྤྱོད་ཕྲིན་ལས་རྫོགས་པར་གྱུར༔ ཨོཾ་བཛྲ་སུ་ཀ་ར་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཨི་ཥུ་པ་མུ་ཁི་ཧཱུྃ༔ ཨོཾ་བཛྲ་བྱཱ་གྲྀ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་གྲྀ་དྷ་མུ་ཁི་ཧཱུྃ༔ ཨོཾ་བཛྲ་ཙ་མ་ར་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཏ་ནཱ་མུ་ཁི་ཧཱུྃ༔ ཨོཾ་བཛྲ་ཧ་རི་ཎ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཨཱུ་ལུ་ཀ་མུ་ཁི་ཧཱུྃ༔ ཨོཾ་བཛྲ་ཏྱ་ཀི་མུ་ཁ་ཧཱུྃ༔ ཨོཾ་བཛྲ་པྲེ་ཏ་མུ་ཁི་ཧཱུྃ༔ ཨོཾ་བཛྲ་པི་ཊྭ་ལ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་པཀྵི་ཏ་མུ་ཁི་ཧཱུྃ༔ ཨོཾ་བཛྲ་སྲྀ་ག་ལ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་པཉྩ་ར་ཎ་མུ་ཁི་ཧཱུྃ༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཏི་ཏི་ལ་མུ་ཁི་ཧཱུྃ༔ ཨོཾ་བཛྲ་རཀྵི་ས་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ན་ཀུ་ལ་མུ་ཁི་ཧཱུྃ༔ ཨོཾ་བཛྲ་རཀྵ་ས་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཀ་ཤི་ཀ་མུ་ཁི་ཧཱུྃ༔ སྔགས་སོ་སོར་བགྲངས། གཉིས་པ་གནས་ཡུལ་གྱི་མ་མོ་བཅུ་དྲུག་གི་བཟླས་པ་ནི། དཔལ་ཆེན་རྣམས་ཀྱི་སྦྱོར་མཚམས་ནས༔ བདེ་ཆེན་འོད་ཟེར་དམར་ལྗང་སྤྲོས༔ གནས་ཡུལ་ཌཱ་ཀིའི་སྙིང་གར་རེག༔ རྗེས་ཆགས་ཕྱག་རྒྱའི་འོད་ཟེར་གྱིས༔ འཇིག་རྟེན་གཡོ་འགུལ་དབང་མེད་བརྡེག༔ འཁྲུལ་སྣང་བར་ཆད་གདོན་བགེགས་བསྒྲལ༔ སྣང་གྲགས་རིག་པ་ལྷ་དང་སྔགས༔ ཡེ་ཤེས་གཅིག་གི་ཆོ་འཕྲུལ་རྫོགས༔ ཨོཾ་བཛྲ་གཽ་རི་ཧ༔ ཨོཾ་བཛྲ་ཙཽ་རི་ཧ༔ ཨོཾ་བཛྲ་པྲ་མོ་ཧེ་ཧ༔ ཨོཾ་བཛྲ་བཻ་ཏ་ལི་ཧ༔ ཨོཾ་བཛྲ་པུཀྐ་སི་ཧ༔ ཨོཾ་བཛྲ་གསྨ་རི་ཧ༔ ཨོཾ་བཛྲ་ཙཎྜ་ལི་ཧ༔ ཨོཾ་བཛྲ་སྨེ་ཤ་ནི་ཧ༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧེ༔ ཨོཾ་བཛྲ་བྱཱ་གྲྀ་མུ་ཁ་ཧེ༔ ཨོཾ་བཛྲ་ཤྲི་ལ་མུ་ཁ་ཧེ༔ ཨོཾ་བཛྲ་ཤྭ་ན་མུ་ཁ་ཧེ༔ ཨོཾ་བཛྲ་གྲྀ་དྷ་མུ་ཁ་ཧེ༔ ཨོཾ་བཛྲ་ཀངྐ་མུ་ཁ་ཧེ༔ ཨོཾ་བཛྲ་ཀཱ་ཀ་མུ་ཁ་ཧེ༔ ཨོཾ་བཛྲ་ཨཱུ་ལུ་ཀ་མུ་ཁ་ཧེ༔ ཞེས་སོ་སོར་བཟླ། གསུམ་པ་དཀྱིལ་འཁོར་ནང་གི་སྒོ་མ་བཞིའི་བཟླས་པ་ནི། ལྷ་ཚོགས་ཐུགས་ཀའི་འོད་ཟེར་གྱིས༔ ཕྲིན་ལས་སྒོ་མའི་ཐུགས་རྒྱུད་བསྐུལ༔ ཚད་མེད་འོད་ཀྱིས་འགྲོ་ཀུན་སྦྱངས༔ མེ་ལོང་ལ་སོགས་ཡེ་ཤེས་བཞིས༔ ས་ལ་དབུགས་དབྱུང་ཕྲིན་ལས་མཛད༔ ཨོཾ་བཛྲ་ཀྲོདྷཱི་ཨངྐུ་ཤ་ཛཿ ཨོཾ་བཛྲ་ཀྲོ་དྷཱི་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་སྥོ་ཊ་བྃ༔ ཨོཾ་བཛྲ་ཀྲོ་དྷཱི་གཎྜེ་ཧོཿ བཞི་པ་དབང་ཕྱུག་ཉེར་བརྒྱད་ཀྱི་བཟླས་པ་ནི། ཧེ་རུ་ཀ་དཔལ་ཁྲག་འཐུང་ལྷའི༔ སྦྱོར་མཚམས་འོད་དཀར་སྤྲོ་བསྡུ་ཡིས༔ ཤར་གྱི་མ་བདུན་ལས་ལ་བསྐུལ༔ ཉོན་མོངས་ཞི་བའི་ལས་མཛད་གྱུར༔ མ་ནུ་རཀྴ་སི་བྷྱོ༔ པྲཧྨ་ནི་བྷྱོ༔ རཽ་ཏྲཱི་བྷྱོ༔ བིཥྞ་བྷྱ་བྷྱོ༔ ཀུ་མཱ་རི་བྷྱོ༔ ཨིནྡྲ་ཎཱི་བྷྱོ༔ སིང་ག་ལཾ་བྷྱོ༔ ཤིནྟཾ་ཀུ་རུ་སྭཱ་ཧཱ༔ ཧེ་རུ་ཀ་དཔལ་ཁྲག་འཐུང་ལྷའི༔ སྦྱོར་མཚམས་འོད་སེར་སྤྲོ་བསྡུ་ཡིས༔ ལྷོ་ཡི་མ་བདུན་ལས་ལ་བསྐུལ༔ ཡེ་ཤེས་རྒྱས་པའི་ལས་མཛད་གྱུར༔ ཨ་མྲྀ་ཏཾ་བྷྱོ༔ སཽ་མྱེ་བྷྱོ༔ དཎྚ་དཾ་བྷྱོ༔ རཀྴ་སི་བྷྱོ༔ བྷཀྵ་སི་བྷྱོ༔ ར་ཏི་བཛྲ་བྷྱོ༔ རུ་ཏི་ར་མ་ཏི་བྷྱོ༔ པུཥྚིཾ་ཀུ་རུ་ཨོཾ༔ ཧེ་རུ་ཀ་དཔལ་ཁྲག་འཐུང་ལྷའི༔ སྦྱོར་མཚམས་འོད་དམར་སྤྲོ་བསྡུ་ཡིས༔ ནུབ་ཀྱི་མ་བདུན་ལས་ལ་བསྐུལ༔ རླུང་སེམས་དབང་བསྡུའི་ལས་མཛད་གྱུར༔ ཨེ་ཀ་ཙ་ཏི་ཎི་བྷྱོ༔ མ་ནུ་ཧ་རཾ་བྷྱོ༔ སི་ཏི་ཀཾ་བྷྱོ༔ ཝཱ་ཡ་ཝེ་བྷྱོ༔ མ་ཧཱ་མ་ར་ཎ་བྷྱོ༔ ཨགྣི་བཛྲ་བྷྱོ༔ བྷ་ར་ཧི་བྷྱོ༔ ཝཱ་ཤཾ་ཀུ་རུ་ཧོཿ ཧེ་རུ་ཀ་དཔལ་ཁྲག་འཐུང་ལྷའི༔ སྦྱོར་མཚམས་འོད་ཟེར་ལྗང་ནག་འཕྲོས༔ བྱང་གི་མ་བདུན་ལས་ལ་བསྐུལ༔ གཟུང་འཛིན་ཚར་གཅོད་ལས་མཛད་གྱུར༔ ཙ་མུནྟི་བྷྱོ༔ སུ་ཏ་ནི་བྷྱོ༔ ཝ་རུ་ཎ་བྷྱོ༔ མ་ཧཱ་ཀཱ་ལི་བྷྱོ༔ ཙ་ཀ་ལ་བྷྱོ༔ ཀུཾ་བྷ་ཀརྞ་བྷྱོ༔ ལམྦྷོ་དྷཱ་ར་བྷྱོ༔ མཱ་ར་ཡ་ཕཊ྄༔ སྔགས་བདུན་ཚན་རྣམས་སྦྲེལ་ཏེ་བཟླ། དེ་དག་ཀྱང་ཉེ་བསྙེན་དང་བསྙེན་སྔགས་གཙོ་བོར་བཟླ། སྒྲུབ་པ་དང་སྒྲུབ་ཆེན་སྔ་མའི་ཕྱེད་ཆ། ལས་སྦྱོར་སྒྲུབ་པའི་ཕྱེད་ཆ་བཅས་སྐབས་ཕྱེད་པར་བཟླ་ཞིང༌། དབང་དང་སྒྲུབ་ཆེན་གྱི་སྐབས་བསྙེན་སྒྲུབ་ཀྱི་བཟླས་པ་གྲངས་མཉམ་པར་བཟླས་ཀྱང་རུང་ངོ༌། །ཐུན་མཐར་དབྱངས་གསལ་རྟེན་སྙིང་བཟླས་པས་ལྷག་ཆད་ཁ་སྐང་ཞིང་བྱིན་རླབས་བརྟན་པར་བྱས་ཏེ། གཏང་རག་གི་མཆོད་བསྟོད་འབུལ། ཡིག་བརྒྱ་བཟླ། བཀའ་གཏེར་སྲུང་མ་སྤྱི་དང་ཁྱད་པར་འདི་ཉིད་ཀྱི་བཀའ་སྲུང་ཡེ་ཤེས་མགོན་པོ་དང༌། གཏེར་སྲུང་དྲེགས་པ་སྡེ་ལྔའི་གཏོར་ཆོག་རྒྱས་པར་བཏང༌། གསུམ་པ་རྗེས་རིམ་ལ། ཚོགས་མཆོད་བསྐུལ་དང་ཆད་ཐོ་འབུལ། །བརྟན་མ་རྟ་བྲོ་དངོས་གྲུབ་བླང༌། །ནོངས་བཤགས་བསྡུ་ལྡང་བསྔོ་སྨོན་གདབ། །ཤིས་བརྗོད་རྒྱུན་སྤྱོད་འཇུག་པ་བཅུ། །ཞེས་པའི་དང་པོ་ལའང་བརྒྱད་ལས། ཐོག་མར་བྱིན་གྱིས་བརླབ་པ་ནི། དཀྱིལ་འཁོར་གྱི་མདུན་དུ་ཞིང་ངམ་གཅན་གཟན་གྱི་པགས་པའི་སྟེང་ཐབས་ཤེས་བཟའ་བཏུང་གི་རྫས་རྣམས་བཀྲམ། དགོས་པ་དང་འབྲེལ་ན་ཕྱག་དང་སྐོང་བཤགས་ཀྱི་ཆོ་ག་སྤྱི་ལྟར་བྱ། ཚོགས་ཀྱི་དམ་རྫས་ལ་ཆུ་ཆང་ནང་མཆོད་ཀྱིས་བྲན་ཏེ། ཞུ་བསྐུལ་སྔོན་དུ་འགྲོ་བས། རྃ་ཡྃ་ཁྃ༔ ཆོས་ཀུན་སྒྱུ་མ་ལྟ་བུ་ཡི༔ རིག་པའི་ཡེ་ཤེས་རྃ་ཡྃ་ཁྃ༔ སྟོང་གསལ་རྣམ་པར་མི་རྟོག་པའི༔ རང་བཞིན་དཔལ་གྱི་ཐུགས་ལས་སྤྲོས༔ ཚོགས་ཀྱི་རྫས་ཀུན་བསྲེགས་གཏོར་བཀྲུས༔ རླུང་མེ་ཐོད་སྒྱེད་གསུམ་གྱི་སྟེང༔ ཨཱཿལས་ཡེ་ཤེས་ཀ་པཱ་ལར༔ ངོ་བོ་ཡེ་ཤེས་ལྔའི་རང་བཞིན༔ རྣམ་པ་ཤ་ལྔ་བདུད་རྩི་ལྔ༔ བྱེད་ལས་ཟག་མེད་བདེ་སྐྱེད་པའི༔ རང་བཞིན་བླ་མེད་དམ་ཚིག་རྫས༔ འབྲུ་གསུམ་ལས་བྱུང་ཁ་དོག་དང༔ དྲི་རོ་མཆོག་ལྡན་ཟེགས་མ་ལས༔ འདོད་ཡོན་དཔག་མེད་འཆར་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་མང་དུ་བརྗོད། གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི། སྤོས་རོལ་ཅང་ཏེའུ་དྲིལ་བུ་དང་བཅས་ཏེ། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ གཉིས་མེད་རོལ་པའི་སྲས་མཆོག་དང༔ ཁྲོ་བཅུ་ཡབ་ཡུམ་ཕྱག་བརྙན་བཅས༔ ཕྲིན་ལས་སྒོ་མ་ཕུར་སྐྱོང་རྣམས༔ ཧེ་རུ་ཀ་ཡི་འདུ་བར་སྤྱོན༔ ཚོགས་ཁང་རང་སྣང་རྒྱན་གྱི་ཞིང༔ རྣལ་འབྱོར་ཕོ་མོ་རིག་པ་འཛིན༔ སྣང་སྲིད་རྣམ་དག་བརྡལ་བ་ཆེ༔ རྒྱ་ཆད་ཕྱོགས་ལྷུང་མ་དམིགས་པའི༔ གནས་འདིར་དཔལ་གྱི་ཐ་ཚིག་དགོངས༔ དཀྱིལ་འཁོར་ཆེན་པོར་བྱིན་གྱིས་རློབས༔ དམ་རྫས་བདུད་རྩིའི་ཕུད་ཆེན་པོར༔ དངོས་གྲུབ་གནས་སུ་མཛད་དུ་གསོལ༔ ཤྲཱི་ཧེ་རུ་ཀ་ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཕཻཾ་ཕཻཾ་ཛཿཛཿ ཞེས་སྤྱན་དྲངས་པ་ལ། མཆོད་པའི་ལྷ་མོའི་ཚོགས་སྤྲོས་པས་མཆོད་པ་ནི། རྡོ་རྗེ་སྒེག་མོས་དགའ་བས་མཆོད་བྱ་ཞིང༌། །རྡོ་རྗེ་ཕྲེང་མས་རབ་ཏུ་བརྒྱན་བྱས་ཏེ། །རྡོ་རྗེ་གླུ་མས་གསང་བའི་གླུ་བླངས་ནས། །རྡོ་རྗེ་གར་མས་མཛེས་པའི་གར་བསྒྱུར་མ། །ཕྱོགས་བཅུའི་འཇིག་རྟེན་ནམ་མཁའི་ཁམས་བཀང་ནས། །བླ་མ་དཀྱིལ་འཁོར་དམ་ཅན་སྲུང་མ་ལ། །རྣམ་དག་མོས་པའི་བློ་ཡིས་བདག་འབུལ་ན། །བཞེས་ཤིག་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ལཱ་སྱ་ཧཱུྃ། ཨོཾ་བཛྲ་མཱ་ལྱ་ཏྲཱྃ། ཨོཾ་བཛྲ་གཱིརྟི་ཧྲཱིཿ ཨོཾ་བཛྲ་ནཱིརྟི་ཨཱཿ རྡོ་རྗེ་བདུག་པས་མ་ལུས་ཚིམ་བྱས་ནས། །རྡོ་རྗེ་མེ་ཏོག་མ་ཡིས་མཛེས་པར་བཀྲམ། །རྡོ་རྗེ་སྒྲོན་མེ་མ་ཡིས་དགྱེས་པ་བསྐྱེད། །དྲི་མཆོག་མ་ཡིས་དྲི་ཞིམ་བྱུག་བྱེད་པ། །ཕྱོགས་བཅུའི་འཇིག་རྟེན་ནམ་མཁའི་ཁམས་བཀང་ནས། །བླ་མ་དཀྱིལ་འཁོར་དམ་ཅན་སྲུང་མ་ལ། །རྣམ་དག་མོས་པའི་བློ་ཡིས་བདག་འབུལ་ན། །བཞེས་ཤིག་ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཏྲཱྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གྷནྡྷེ་ཨཱཿ གསུམ་པ་ཚོགས་དང་པོ་མཆོད་པ་ནི། ཧཱུྃ༔ རྡོ་རྗེའི་དམ་ཚིག་བླ་ན་མེད༔ གཙང་དམེ་བྲལ་བའི་རྫས་ཀྱི་མཆོག༔ གཉིས་འཛིན་དག་པས་འབུལ་ལགས་ན༔ དགྱེས་དགུར་རོལ་ལ་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོཿ བཞི་པ་བསྐང་ཞིང་བཤགས་པ་ནི། བསྐང་རྫས་བྱིན་བརླབ་སྔོན་དུ་འགྲོ་བས་རྩ་གསུམ་སྤྱི་དང༌། ཁྱད་པར་རྡོ་རྗེ་ཕུར་པ་བཀའ་གཏེར་སྲུང་མ་དང་བཅས་པའི་བསྐང་བཤགས་རྒྱས་པར་སྦྱར། ཚོགས་ཀྱི་བཤགས་པ་དངོས་ནི། ཧོཿ ཐོག་མེད་དུས་ནས་ད་ལྟའི་བར༔ འགལ་འཁྲུལ་ནོངས་པ་མཆིས་སོ་ཅོག༔ མི་འཆབ་གནོང་ཞིང་འགྱོད་སེམས་ཀྱིས༔ ཡེ་ཤེས་ཆེན་པོའི་རྫས་ཀྱིས་བཤགས༔ ས་མ་ཡ་ཤུདྡྷེ་ཨཱཿ ཡིག་བརྒྱ་བཟླ། ལྔ་པ་བསྒྲལ་བསྟབ་ལ་བཞི། རྒྱས་པར་མཚན་མ་རྫས་ཀྱི་ཕུར་བུའི་སྨད་ལས་དགྲ་བགེགས་བསྒྲལ་བ་དང༌། དེ་དང་རྗེས་འབྲེལ་དམར་ཆེན་གཏོར་ཟློག་གི་སྐབས་ཀྱི་བསད་ལས་ནི་སོ་སོའི་གཞུང་དུ་ཤེས་ལ། འདིར་ལས་བྱང་དཀྱུས་ཙམ་དུ། ཚོགས་ཕུད་གསུམ་པ་ལ་དམིགས་རྟེན་དུ་བྱས་ཏེ། དང་པོ་འགུགས་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་མཐུས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་དགུག་གཞུག་བཅིངས་ཏེ། གཉིས་པ་ཐུགས་དམ་བསྐུལ་བ་ནི། ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ བསྒྲལ་བར་བྱ་བའི་དུས་ལ་བབ༔ ཁྱོད་ཀྱི་ཕྲིན་ལས་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ གསུམ་པ་བསྒྲལ་བ་ནི། ཕུར་པ་འདྲིལ་ཏེ། ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པ༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་བཀུག་ནས༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བརླགས་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ མོ་ཧ་གྷཱ་ཏ་ཡ་བྷ་ག་ཝཱན་ཧྲཱིཿཥྚྲཱི་བི་ཀྲྀ་ཏ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ྄༔ ཧཱུྃ་ཀཱ་ར་ཧཱུྃ་ཨ༔ ཞེས་ཚེ་ཁྲུས་གནས་གསུམ་གྱི་དགོངས་པ་དང་ལྡན་པས་བསྒྲལ། བཞི་པ་ཞལ་དུ་བསྟབ་པ་ནི། ཧཱུྃ༔ ཁམས་གསུམ་གདུག་ཅན་བསྒྲལ་བ་ཡི༔ དུག་གསུམ་ཤ་ཁྲག་རུས་པ་ཀུན༔ ཁྲག་འཐུང་རྡོ་རྗེའི་ལྷ་ལ་འབུལ༔ འཁོར་བ་རྡོ་རྗེར་སྒྲུབ་མཛོད་ཅིག༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁ་ཁ་ཁཱ་ཧི༔ ཞེས་ཕུལ་བ་དང་ཆབས་ཅིག །ཧཱུྃ༔ འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བ༔ ཐབས་དང་ཤེས་རབ་གཉིས་མེད་པའི༔ པདྨ་ལ་ནི་རྡོ་རྗེ་ཞུགས༔ བདག་ཉིད་མཆོད་པས་མཉེས་པར་བྱའོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བྃ་ཧོཿབོ་དྷི་ཙིཏྟ་མ་ཧཱ་སུ་ཁཾ༔ ཨ་ནུ་རཱ་ག་ཡ་མི༔ ལྷ་ཚོགས་ཐམས་ཅད་རང་རང་གི་ཕྱག་རྒྱ་དང་སྙོམ་པར་ཞུགས་པའི་སྦྱོར་བས་དགའ་བ་བཞིའི་རོས་ཚིམ་པར་གྱུར། དྲུག་པ་ཚོགས་ལ་རོལ་པ་ནི། མཆེད་ལྕམ་རྣམས་ལ་ཐབས་ཤེས་ཀྱི་རྫས་བསྣོལ་མར་སྟོབ་པ་བརྡ་ཡིས་འབུལ་ལེན་བྱས་ལ་ཕྱི་ནང་གསང་བའི་ཚོགས་ཀྱི་རྣལ་འབྱོར་དང་ལྡན་པས་ཚིམ་པར་རོལ། སྤྲོ་ན་ཕུར་པ་རྩ་དུམ་སོགས་རྒྱུད་ཀློག་པ་ཆོ་ག་བཞིན་དང༌། རྡོ་རྗེའི་གླུ་ལེན་པས་དཀྱིལ་འཁོར་གྱི་ལྷ་ཚོགས་མཉེས་པར་བྱ། བདུན་པ་ལྷག་མ་ནི། སྟེགས་བུ་ཞིང་ལྤགས་ཀྱིས་བཀབ་པའི་སྟེང་གཙང་དམེའི་ལྷག་མ་དཀྱིལ་འཁོར་གྱི་དྲུང་དུ་མཐོ་དམན་དུ་བཀོད་ལ་མཆོད་པས་བསྐོར་ཏེ། ཀྱཻ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ དཔལ་ཆེན་དཀྱིལ་འཁོར་ཚོགས་ཀྱི་བདག༔ བར་དུ་བཤགས་པ་མི་བགྱིད་རྒྱུ༔ རྣལ་འབྱོར་ལྡན་ལ་དམ་ཚིག་གཉན༔ ཐ་མ་བསྒྲལ་བསྟབ་མི་བགྱིད་རྒྱུ༔ རྟོགས་པས་བདག་རྒྱུད་སྔོན་བསྒྲལ་ཕྱིར༔ ད་ལྟ་ལྷག་མས་མི་མཆོད་རྒྱུ༔ མ་ཚོགས་དབང་ཕྱུག་གིང་ལངྐ༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་སོགས༔ ཀུན་ཀྱང་དཔལ་ཆེན་སྤྲུལ་པ་ཡིན༔ ལྷག་མ་ཁ་ཆུས་མི་བྲན་རྒྱུ༔ དམ་ཚིག་གཅིག་ཏུ་བསྲེ་བའི་ཕྱིར༔ འབངས་ཐོག་རྗེ་ཡིས་མི་མནན་རྒྱུ༔ ཅི་བཅོལ་ལས་ལ་བསྐུལ་བའི་ཕྱིར༔ རྗེ་ལ་འབངས་ཀྱིས་མི་རྒོལ་རྒྱུ༔ དྲག་ཤུལ་ལས་ཐབས་མྱུར་བའི་ཕྱིར༔ པཉྩ་ཨ་མྲྀ་ཏ་ཧ་ཧོཿཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཞེས་བདུད་རྩི་བྲན་ཏེ་བྱིན་གྱིས་བརླབས། ཨེ་ཨ་རལླི་ཧྲིཾ་ཛཿ ཕཻཾ༔ བཤུགས་གླུ་རོལ་མོས་མགྲོན་རྣམས་དམ་ཚིག་གི་གནས་སུ་སྤྱན་དྲངས་པར། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ལ། ལྷག་གཏོར་དངོས་ནི། ཧཱུྃ་བྷྱོ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ དཀྱིལ་འཁོར་ཆེན་པོའི་མུ་རན་སྐྱོང༔ ཕུར་པའི་སྲུང་མར་ཞལ་བཞེས་པའི༔ མཁའ་འགྲོ་གིང་ལང་དབང་ཕྱུག་ཆེ༔ མ་སྲིང་ཤ་ཟ་ཕྲ་མེན་མ༔ ཤུགས་འགྲོ་གནས་ཉུལ་ཆེན་མོ་རྣམས༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་ཧོཿ ཞེས་རོལ་མོའི་སྒྲ་དང་བཅས་ཏེ་ཕྱི་རོལ་གཙང་སར་འབུལ། བརྒྱད་པ་ཐམས་ཅད་རྡོ་རྗེའི་རིགས་སུ་སྨོན་ལམ་གདབ་པ་ནི། ཧོཿ ཆོས་དབྱིངས་རྣམ་པར་དག་པའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་གཉེན་དང་གཟུངས་མ་དང༔ རྡོ་རྗེའི་སྲོག་གིས་འབྲེལ་བའི་མཆེད་ལྕམ་རྣམས༔ ནམ་ཡང་མི་འབྲལ་ཏིང་འཛིན་རྩེ་གཅིག་པས༔ རྡོ་རྗེ་ཐེག་པའི་རིགས་སུ་སྐྱེ་བ་དང༔ བུམ་གསང་ཤེས་རབ་ཡེ་ཤེས་དབང་བཞི་པའི༔ སྐལ་པ་མཆོག་དང་ལྡན་པར་རབ་གྱུར་ཏེ༔ དེ་དང་དེ་ཡི་དམ་ཚིག་རྣམ་དག་ཤོག༔ བསྐྱེད་པའི་རིམ་པས་སྣང་བ་ལྷ་སྐུར་དག༔ རྫོགས་རིམ་ཟབ་མོས་རྩ་རླུང་ཐིག་ལེར་རྫོགས༔ རྫོགས་པ་ཆེན་པོའི་ཡེ་ཤེས་མངོན་སྨིན་ཏེ༔ སྤང་ཐོབ་མེད་པའི་འབྲས་བུ་ལྷུན་གྲུབ་ཤོག༔ ཛྙཱ་ན་ས་མ་ཡ་ཨ་ཨ་ཨ༔ གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཆོས་དབྱིངས་སྤྲོས་པ་ཀུན་བྲལ་ཡང༔ མ་འགག་བདེ་ཆེན་སྒྱུ་མར་རོལ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༔ ཁྲོ་བཅུ་ཕྲ་ཕྱག་སྒོ་མའི་ཚོགས༔ ལས་ལ་བཞེངས་ཤིག་ས་མ་ཡ༔ ད་དུས་སྙིགས་མ་ལྔ་བདོ་བས༔ བདུད་དང་བར་ཆད་འབྱུང་པོས་འཚེ༔ བྱང་ཆུབ་སྒྲུབ་པའི་གེགས་གྱུར་ཀུན༔ དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད༔ ཁྱེད་རྣམས་སྟོབས་བཅུ་མཐར་སོན་པས༔ འདོད་པའི་ལས་ལ་ཐོགས་པ་མེད༔ མ་གཡེལ་ཐུགས་དམ་རྩལ་སྤྲུགས་ལ༔ ཡེ་ཤེས་དགོངས་པའི་མཐུ་རྩལ་བསྐྱེད༔ འགལ་རྐྱེན་མི་མཐུན་ཀུན་ཞི་ཞིང༔ ཚེ་དཔལ་ལུང་རྟོགས་ཡེ་ཤེས་བསྐྱེད༔ སྣང་སྲིད་དབང་དུ་འདུས་བ་དང༔ ཁམས་གསུམ་སྙིང་རྗེས་སྒྲོལ་བར་མཛོད༔ གསུམ་པ་ཆད་ཐོ་བསྒྲགས་པ་ནི། ཧཱུྃ་བྷྱོ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀས༔ ཆོས་དབྱིངས་བྱ་རྩོལ་བྲལ་བའི་རྒྱུད༔ རིག་མཆོག་འབུམ་ཕྲག་བསྟན་པའི་ཚེ༔ ཞལ་བཞེས་རིག་རྩལ་ཕོ་ཉའི་ཚོགས༔ ཐ་ཚིག་མ་བསྙེལ་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་ལ༔ བྲམ་ཟེ་པྲ་བྷ་ཧསྟི་ཆེར༔ མཆོད་རྟེན་བདེ་བྱེད་བརྩེགས་པ་རུ༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེས༔ ཕྲ་མེན་གཡུ་སྒྲོམ་གཏད་པའི་ཚེ༔ བཀའ་སྲུང་ཞལ་བཞེས་སྲུང་མ་རྣམས༔ གཏོར་མ་ལོངས་ལ་ཕྲིན་ལས་མཛོད༔ དེ་རྗེས་བསྐལ་པའི་དུས་གཉན་ལ༔ པཎ་ཆེན་བི་མ་མི་ཏྲ་ཡིས༔ སྣང་སྲིད་ཕུར་བུའི་ཞིང་ཆེན་དུ༔ བསྒྱུར་ནས་གཉགས་ཆེན་ལོ་ཙཱ་བར༔ རྒྱུད་ལུང་མན་ངག་ཀུན་བསྟན་ཚེ༔ བཀའ་གཏེར་སྲུང་མར་ཞལ་བཞེས་ཀུན༔ ཐོགས་པ་མེད་པའི་ཕྲིན་ལས་མཛོད༔ གཞན་ཡང་གྲུབ་པའི་རིག་པ་འཛིན༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་སོགས༔ ཕུར་བུའི་རིག་འཛིན་ཆེ་རྣམས་ཀྱི༔ སྤྱན་སྔར་ཁས་བླངས་བཀའ་སྲུང་ཚོགས༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ མ་ལུས་ཕྲིན་ལས་མྱུར་དུ་མཛོད༔ ཐ་མ་ལས་ཅན་དག་པའི་ངོར༔ གར་གྱི་དབང་ཕྱུག་ཧེ་རུ་ཀ༔ ཀློང་ཆེན་ནམ་མཁའ་འོད་གསལ་ལ༔ སྔོན་གྱི་སྨོན་ལམ་དུས་བབ་པས༔ བཀའ་སྲུང་ཡེ་ཤེས་མགོན་པོ་ཆེས༔ ཤོག་སེར་དངོས་སུ་གཏད་ནས་ཀྱང༔ རྡོ་རྗེ་ཕུར་པའི་སྨིན་གྲོལ་གྱི༔ བཀའ་བབ་དབང་བསྐུར་ཐོབ་པའི་ཚེ༔ ཞལ་བཞེས་ཆོས་སྲུང་རྒྱ་མཚོ་ཡིས༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་མ་ལུས་མཛོད༔ བཞི་པ་བརྟན་མ་མཆོད་པ་ནི། བཤལ་ཆུའི་བདུད་རྩིས་གཏོར་མར་བྲན་པས་བྱིན་གྱིས་བརླབས་ཏེ། ཧཱུྃ༔ བརྟན་མ་སྐྱོང་མཛད་མ་དང་སྲིང༔ ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ རླངས་ཆེན་དཔལ་སེང་ལ་སོགས་པས༔ ཞིང་ཆེན་བརྡལ་བའི་ཁྲི་སྟེང་དུ༔ ཚོགས་ཀྱི་གྲལ་དུ་བཅུག་ནས་ཀྱང༔ དཔལ་གྱི་ཕོ་ཉར་མངའ་གསོལ་བའི༔ བདུད་དང་གནོད་སྦྱིན་སྨན་མོ་ཆེའི༔ བུ་མོ་བརྟན་མ་བཅུ་གཉིས་རྣམས༔ གངས་རི་ཅན་གྱི་ཡུལ་ལྷ་སྟེ༔ རྣལ་འབྱོར་སྐྱོང་བའི་མ་མོ་མཆོག༔ བཤལ་ཆུའི་བདུད་རྩི་འདི་བཞེས་ལ༔ གསང་སྔགས་བསྟན་པ་སྐྱོང་བ་དང༔ མུ་སྟེགས་ཀླ་ཀློའི་རྒྱུ་འགྲུལ་སྲུངས༔ མཐའ་བཞིའི་དམག་གི་སོ་ཁ་གྱིས༔ བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་པཱུ་ཛ་ཧོཿ ལྔ་པ་རྟ་བྲོ་ནི། གཏོར་གཞོ་རི་རབ་ཏུ་གསལ་བའི་འོག་ཏུ་སྒབ་འདྲེ་དམ་སྲི་མནན་པར་རྡོ་རྗེའི་རྒྱས་བཏབ་སྟེ། ཧཱུྃ༔ སྣང་སྲིད་རྡོ་རྗེ་ཕུར་པའི་ལྷ༔ ཞལ་ནས་ཀཱི་ལིའི་ཛཔ་བཟླ་ཞིང༔ སྐུ་ནི་ཅིར་ཡང་འགྱུར་བ་ཆེ༔ ཁམས་གསུམ་ཨེ་ཡི་ད་ལར་རྫོགས༔ བདག་ལྟའི་དམ་སྲི་སྒབ་འདྲེ་རྣམས༔ མནན་ནོ་རི་རབ་འོག་ཏུ་གཟིར༔ ཞབས་གཉིས་རྡོ་རྗེའི་བྲོ་ཆེན་པོས༔ ཕོ་ཉ་སྤྲིན་ལྟར་གཏིབས་པ་ཀུན༔ འབར་བ་ཆེན་པོའི་གླུ་དང་བྲོ༔ ཅིར་ཡང་བསྒྱུར་བས་སྟྭཾ་བྷ་ཡ༔ བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན༔ དྲུག་པ་དངོས་གྲུབ་བླང་བ་ནི། བསྙེན་སྒྲུབ་ལས་སྦྱོར་གྲུབ་པའམ་རྒྱུན་གྱི་དངོས་གྲུབ་ལེན་པའི་དོན་དུ་གཏང་རག་གི་མཆོད་བསྟོད་མདོར་བསྡུས་སྔོན་དུ་འགྲོ་བ་དང་བཅས། ཧཱུྃ༔ དཔལ་ཆེན་འབར་བ་ཀཱི་ལ་ཡ༔ སངས་རྒྱས་ཀུན་དང་གཉིས་སུ་མེད༔ བདེ་ཆེན་ཡུམ་དང་མཉམ་པར་སྦྱོར༔ སྤྲུལ་པའི་དཀྱིལ་འཁོར་བསམ་ཡས་སྟོན༔ ཀུན་ཀྱང་ཐུགས་དམ་རྗེས་སུ་དགོངས༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ སྒྲུབ་པའི་དམ་ཚིག་ད་ནང་ཐེམས༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྣང་སྟོང་ཡེ་ཤེས་རྡོ་རྗེའི་སྐུས༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ རྡོ་རྗེ་གསུང་གི་དཀྱིལ་འཁོར་ནས༔ ཟབ་རྒྱས་གསང་བའི་དངོས་གྲུབ་སྩོལ༔ མི་ཤིགས་ཐུགས་ཀྱི་དགོངས་པ་ཡིས༔ སྲིད་ཞིའི་དཔལ་གྱུར་དངོས་གྲུབ་སྩོལ༔ མདོར་ན་མཆོག་དང་ཐུན་མོང་གི༔ གྲུབ་པ་མ་ལུས་བསྩལ་དུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་སྒྲུབ་རྫས་རྣམས་གནས་གསུམ་དུ་གཏུག་ལ་དབང་བླང༌། བདུད་རྩིར་རོལ་པ་སོགས་བྱའོ། །བདུན་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་མ་ཚང་དང༌། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང༌། ཡིག་བརྒྱ་བཟླས་པས་ཉེས་ལྟུང་སོར་ཆུད་པར་བྱ། བརྒྱད་པ་བསྡུ་ལྡང་ནི། ཚོགས་མགྲོན་དང་མདུན་བསྐྱེད་རྣམས་སྒྲུབ་པའི་རྟེན་ལ་བརྟན་བཞུགས་བྱ། བདག་བསྐྱེད་ཀྱི་རིམ་པ་ནི། སྣང་སྲིད་ཕུར་པའི་དཀྱིལ་འཁོར་དུ་བསྒོམས་པ་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ། དེ་འཁོར་གྱི་ལྷ་ཚོགས་ལ་ཐིམ། དེ་གཙོ་བོ་ཡབ་ཡུམ། དེ་ཡེ་ཤེས་སེམས་དཔའ། དེ་ཐུགས་སྲོག་ཧཱུྃ། དེ་ཡང་ཞབས་ཀྱུ་ནས་ནཱ་དའི་བར་ཐིམ། དེ་ཡང་མི་དམིགས་པ་འོད་གསལ་སྟོང་པ་ཉིད་རྣམ་ཀུན་མཆོག་ལྡན་གྱི་དབྱིངས་དང་རོ་གཅིག་ཏུ་གྱུར་པར་བསམ་ལ་མཉམ་པར་བཞག །སླར་ཡང་རང་ཉིད་སྐད་ཅིག་གིས་སྤྱི་དཔལ་ཆེན་པོ་ཀརྨ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ་བའི་སྐུར་གསལ་ཞིང་སྣང་གྲགས་རིག་པ་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པའི་དཀྱིལ་འཁོར་གྱི་འཁོར་ལོར་འཆར་བར་གྱུར། ཨོཾ་ཨཱཿཧཱུྃ༔ བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾཿ ཞེས་གོ་བགོ་བར་བྱའོ། །དགུ་པ་བསྔོ་སྨོན་ནི། ཁྲག་འཐུང་རིགས་སུ་སྐྱེས་པ་དང༌། །སྙེམས་མེད་རྡོ་རྗེ་གཞོན་ནུ་ཉན། །སྙིང་རྗེ་ལྡན་ཞིང་བླ་མར་གུས། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་ན་རྡོ་རྗེ་ཕུར་བུ་འཛིན། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །རྫས་ཀྱི་ཕུར་བུས་དགྲ་བགེགས་རྩད་ནས་གཅོད། །སྲིད་པའི་ཕུར་བུས་སྣང་ཞེན་ལྷ་སྐུར་དག །བྱང་སེམས་ཕུར་བུས་ས་ལམ་དབུ་མར་རྫོགས། །རིག་པའི་ཕུར་བུས་ཡེ་ཤེས་སྐུར་སྨིན་ཤོག །བཅུ་པ་ཤིས་བརྗོད་ནི། སྣང་སྲིད་རྣམ་དག་རྡོ་རྗེ་ཕུར་པའི་ལྷ། །བདུད་བཞི་འཇོམས་མཛད་སྟོབས་རྩལ་རྨད་དུ་བྱུང༌། །དོན་གཉིས་ལྷུན་གྲུབ་རྡོ་རྗེ་བཀོད་པ་ཡི། །དགེ་ལེགས་དཔལ་གྱིས་འབྱོར་པའི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་ཅིང་སྣང་གྲགས་རིག་པ་ལྷ་སྔགས་ཆོས་སྐུའི་ལམ་ཁྱེར་དང་མ་བྲལ་བས་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་ལ་འཇུག་པར་བྱའོ། །ཕུར་པ་བཀའ་གཏེར་ཆོས་ཀྱིས་ས་སྟེང་བརྡལ། །ཚུལ་བཞིན་ཉམས་ལེན་བྱེད་པ་ཉིན་སྐར་ཙམ། །གྲུབ་འབྲས་མངོན་རྟགས་མེད་པ་འདི་མཐོང་ཚེ། །གསར་ཆོས་སྤེལ་བའི་རེ་བས་ཅི་ཞིག་བྱ། །འོན་ཀྱང་བླ་མའི་བཀའ་དང་དམ་པ་འགས། །སྨིན་གྲོལ་རྒྱུན་གསན་དོན་གཉེར་དབྱུ་གུ་ཡིས། །བསྐུལ་བས་ལས་བྱང་འཇུག་བདེ་ལྷའི་རྔ་སྒྲས། །འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྒྱལ་གྱུར་ཅིག །ཐེག་མཆོག་བསྟན་མཚོར་དེ་འཛིན་ངང་མོས་རྩེན། །ཟབ་རྒྱས་ཆོས་ཀྱི་མགྲིན་རྔ་སྙན་པར་འཁྲོལ། །བཤད་སྒྲུབ་པདྨའི་ལང་ཚོ་དར་བ་ཡིས། །གྲུབ་གཉིས་སྦྲང་རྩིའི་ཟིལ་མངར་མྱོང་གྱུར་ཅིག །ཅེས་གཉགས་ལུགས་རྡོ་རྗེ་ཕུར་པ་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པའི་ལས་བྱང་ཁྲིགས་བསྡེབས་འདི་ལྟར་གྱིས་ཞེས་རྒྱལ་ཀུན་ཕྲིན་ལས་ཀྱི་སྤྱི་གཟུགས་འཇམ་དབྱངས་མཁྱེན་པའི་གཏེར་མཛོད་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་བཀའ་ལུང་གསེར་གྱི་སྒྲོམ་བུ་ཚངས་གནས་སུ་བསྩལ་བ་དང༌། སྙིགས་དུས་བསྟན་འགྲོའི་དཔུང་གཉེན་ཞྭ་དེའུའི་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་མདོ་སྔགས་བསྟན་འཛིན་དང༌། སྙིང་པོ་དོན་གྱི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེ་སོགས་དོན་གཉེར་ཅན་དུ་མས་བསྐུལ་བའི་རྐྱེན་གྱིས་ཟབ་མོའི་ཆོས་འདིའི་བཀའ་བབ་ཀློང་ཆེན་ནམ་མཁའ་འོད་གསལ་ཨོ་རྒྱན་མདོ་སྔགས་གླིང་པས་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་དང་འདབས་འབྲེལ་བའི་ཕུན་ཚོགས་བཀྲ་ཤིས་དགའ་འཁྱིལ་དུ་བྲིས་པའི་ཡི་གེ་པ་ནི་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་དང་དེ་འཛིན་ལ་རྒྱུ་མཚན་ཤེས་པའི་དད་བློའི་སྣང་བ་ཐོབ་པ་རྙིང་བཙུན་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱིས་བགྱིས་པ་འདིས་ཀྱང་སྙིགས་དུས་ཀྱི་རྒུད་པ་ཞི་ཞིང་བསྟན་པ་རིན་པོ་ཆེ་དར་རྒྱས་ཡུན་རིང་དུ་གནས་པའི་དགེ་མཚན་གྱི་དཔལ་དུ་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> |
Latest revision as of 09:12, 1 June 2024
Wylie title | rdo rje phur pa gnyags lugs kyi yi dam khro bo rdo rje gzhon nu'i dkyil 'khor brgya dang bcu gnyis pa'i las byang khrigs bsdebs khrag 'thung rol pa'i dga' ston | |
---|---|---|
Location | dil mgo mkhyen brtse bka' 'bum Volume 21, Text 4, Pages 38-66 (Folios 1a to 29a3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra) | |
Citation | Khyentse, Dilgo. Rdo rje phur pa gnyags lugs kyi yi dam khro bo rdo rje gzhon nu'i dkyil 'khor brgya dang bcu gnyis pa'i las byang khrigs bsdebs khrag 'thung rol pa'i dga' ston. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 21: 38-66. Delhi: Shechen Publications, 1994. | |
Genre | Activity Manual - las byang | |
Cycle | སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod) | |
Deity | rdo rje phur pa | |
Colophon |
ཅེས་གཉགས་ལུགས་རྡོ་རྗེ་ཕུར་པ་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པའི་ལས་བྱང་ཁྲིགས་བསྡེབས་འདི་ལྟར་གྱིས་ཞེས་རྒྱལ་ཀུན་ཕྲིན་ལས་ཀྱི་སྤྱི་གཟུགས་འཇམ་དབྱངས་མཁྱེན་པའི་གཏེར་མཛོད་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་བཀའ་ལུང་གསེར་གྱི་སྒྲོམ་བུ་ཚངས་གནས་སུ་བསྩལ་བ་དང༌། སྙིགས་དུས་བསྟན་འགྲོའི་དཔུང་གཉེན་ཞྭ་དེའུའི་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་མདོ་སྔགས་བསྟན་འཛིན་དང༌། སྙིང་པོ་དོན་གྱི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེ་སོགས་དོན་གཉེར་ཅན་དུ་མས་བསྐུལ་བའི་རྐྱེན་གྱིས་ཟབ་མོའི་ཆོས་འདིའི་བཀའ་བབ་ཀློང་ཆེན་ནམ་མཁའ་འོད་གསལ་ཨོ་རྒྱན་མདོ་སྔགས་གླིང་པས་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་དང་འདབས་འབྲེལ་བའི་ཕུན་ཚོགས་བཀྲ་ཤིས་དགའ་འཁྱིལ་དུ་བྲིས་པའི་ཡི་གེ་པ་ནི་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་དང་དེ་འཛིན་ལ་རྒྱུ་མཚན་ཤེས་པའི་དད་བློའི་སྣང་བ་ཐོབ་པ་རྙིང་བཙུན་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱིས་བགྱིས་པ་འདིས་ཀྱང་སྙིགས་དུས་ཀྱི་རྒུད་པ་ཞི་ཞིང་བསྟན་པ་རིན་པོ་ཆེ་དར་རྒྱས་ཡུན་རིང་དུ་གནས་པའི་དགེ་མཚན་གྱི་དཔལ་དུ་གྱུར་ཅིག། | |
ces gnyags lugs rdo rje phur pa dkyil 'khor brgya dang bcu gnyis pa'i las byang khrigs bsdebs 'di ltar gyis zhes rgyal kun phrin las kyi spyi gzugs 'jam dbyangs mkhyen pa'i gter mdzod chos kyi blo gros rin po ches bka' lung gser gyi sgrom bu tshangs gnas su bstsal ba dang*/_snyigs dus bstan 'gro'i dpung gnyen zhwa de'u'i 'khrul zhig mchog sprul rin po che 'gyur med mdo sngags bstan 'dzin dang*/_snying po don gyi rnal 'byor pa klong chen ye shes rdo rje sogs don gnyer can du mas bskul ba'i rkyen gyis zab mo'i chos 'di'i bka' bab klong chen nam mkha' 'od gsal o rgyan mdo sngags gling pas spa gro skyer chu'i gtsug lag khang dang 'dabs 'brel ba'i phun tshogs bkra shis dga' 'khyil du bris pa'i yi ge pa ni 'od gsal rdo rje snying po'i bstan pa dang de 'dzin la rgyu mtshan shes pa'i dad blo'i snang ba thob pa rnying btsun 'gyur med theg mchog bstan 'dzin gyis bgyis pa 'dis kyang snyigs dus kyi rgud pa zhi zhing bstan pa rin po che dar rgyas yun ring du gnas pa'i dge mtshan gyi dpal du gyur cig/ |