DKR-KABUM-20-WA-007: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 09:11, 1 June 2024

Wylie title snyan brgyud snying gi gsang mdzod las: rdo rje phur pa'i chos kyi lo rgyus mdo byang gsal ba DKR-KABUM-20-WA-007.pdf
Location dil mgo mkhyen brtse bka' 'bum
Volume 20, Text 7, Pages 152-156 (Folios 1a to 5b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra)
Citation Khyentse, Dilgo. Snyan brgyud snying gi gsang mdzod las: rdo rje phur pa'i chos kyi lo rgyus mdo byang gsal ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 20: 152-156. Delhi: Shechen Publications, 1994.
Genre History Texts - lo rgyus
Cycle སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod)
Deity rdo rje phur pa
Colophon

ཅེས་པའང་ལས་དང་སྐལ་པ་དགེ་བའི་རྣལ་འབྱོར་པ་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པ་ལ་འོག་མིན་ཀརྨའི་གནྡྷོ་ལའི་ཤར་ཕྱོགས་དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་དམ་ཅན་དྲེགས་པའི་སྡེ་དཔུང་དང་བཅས་པ་མངོན་སུམ་དུ་བཞུགས་པའི་ཁྲག་འཐུང་འབར་བ་ཆེན་པོའི་དུར་ཁྲོད་བསིལ་ཚལ་གཉིས་པ་ནས་ཡེ་ཤེས་མཁའ་འགྲོས་གསང་བའི་བརྡ་རུ་བསྟན་པ་བཞིན་གཏན་ལ་ཕབ་པ་ཟབ་ལམ་གྱི་ཤིང་རྟའི་བཀའ་སྲོལ་བར་ཆད་མེད་པར་སྤྱོད་ནུས་པའི་རྟེན་འབྱུང་དུ་གྱུར་ཅིག །མངྒ་ལཾ།།

ces pa'ang las dang skal pa dge ba'i rnal 'byor pa khrag 'thung dpa' bo klong chen nam mkha' 'od gsal pad+ma mdo sngags gling pa la 'og min karma'i gan+d+ho la'i shar phyogs dpal ldan ye shes kyi mgon po dam can dregs pa'i sde dpung dang bcas pa mngon sum du bzhugs pa'i khrag 'thung 'bar ba chen po'i dur khrod bsil tshal gnyis pa nas ye shes mkha' 'gros gsang ba'i brda ru bstan pa bzhin gtan la phab pa zab lam gyi shing rta'i bka' srol bar chad med par spyod nus pa'i rten 'byung du gyur cig__/mang+ga laM//

[edit]
༁ྃ༔ སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ རྡོ་རྗེ་ཕུར་པའི་ཆོས་ཀྱི་ལོ་རྒྱུས་མདོ་བྱང་གསལ་བ་བཞུགས༔
གཉགས་ལོ་ཙཱ་བའི་ལུགས་སོ།


༁ྃ༔ དཔལ་ཁྲག་འཐུང་རྡོ་རྗེ་ཕུར་པ་ལ་ཕྱག་འཚལ་ལོ༔ གདོད་ནས་རང་བྱུང་གསང་བ་ཆེ༔ ཡེ་ཤེས་སྙིང་པོའི་འཁོར་ལོ་ལ༔ འཕོ་འགྱུར་ལས་འདས་དོན་གྱི་དབྱིངས༔ འདུ་འབྲལ་མེད་པར་དགྱེས་པའི་གདངས༔ སངས་རྒྱས་ཀུན་གྱི་ཟག་པ་མེད༔ གསང་བ་མི་ཟད་རྒྱན་འཁོར་ལོ༔ འབྲས་ཆོས་ཉེར་ལྔ་ཉིད་དུ་ཤར༔ དེ་ལས་ཕྲིན་ལས་མི་ཟད་པའི༔ བདག་ཉིད་ལས་ཀྱི་རིགས་ཆེན་པོ༔ རྟ་ཡི་རྒྱལ་པོ་ཞི་དང་ཁྲོ༔ ཐབས་ཤེས་གཉིས་སུ་མེད་པའི་གཟུགས༔ སྲིད་དང་ཞི་བར་ཀུན་སྣང་ལས༔ རྨད་དུ་བྱུང་བའི་ཧེ་རུ་ཀ༔ ཁྲོ་བོའི་རྒྱལ་པོ་དཔལ་ཆེན་པོ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ རྡོ་རྗེ་གཞོན་ནུ་ཉིད་དུ་ཤར༔ ཞི་བ་རྡོ་རྗེ་སེམས་དཔའ་ཆེ༔ ཁྲོ་བོ་སྟོབས་འདུས་ཀཱི་ལ་ཡ༔ རང་ཤར་སྐུ་དང་ཞིང་མཚན་སྔགས༔ བཀོད་པ་ཆེན་པོ་ཅིར་ཡང་གསལ༔ དེ་ཉིད་སྒྲུབ་པའི་ཐབས་ཀྱི་ལམ༔ རྩ་བཤད་མན་ངག་རིམ་པ་ནི༔ རྒྱུད་སྡེ་བཞི་རུ་བསྟན་པ་ལས༔ བླ་མེད་ངེས་པའི་གསང་བ་ཆེ༔ རྡོ་རྗེ་གཞོན་ནུའི་ཏནྟྲ་ནི༔ བི་ཏོ་ཏ་མ་འབུམ་ཕྲག་སྟེ༔ འོད་ཟེར་གླང་པོའི་རྒྱུད་དུ་བསྟན༔ རིགས་མཆོག་བྱེ་བའི་རྒྱུད་ལུང་རྣམས༔ དུར་ཁྲོད་ཆེན་པོ་བསིལ་ཚལ་ནས༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེས༔ བཀའ་བབས་རིག་པ་འཛིན་དགུ་ལ༔ སྒྲུབ་སྡེ་བརྒྱད་དང་གཅིག་དྲིལ་གྱི༔ གདམས་པའི་གཟེར་ཁ་སྒྲོམ་བུ་རྣམས༔ གཏད་ལས་ཕུར་པ་རོལ་པའི་རྒྱུད༔ པྲ་བྷ་ཧསྟིར་གཏད་ལ་སོགས༔ འཕགས་ཡུལ་མཐའ་དབུས་སོ་སོ་ནས༔ གྲུབ་པའི་རིག་འཛིན་ཚོགས་ཆེན་པོས༔ གསང་བར་སྤྱད་ཅིང་དངོས་གྲུབ་བརྙེས༔ བར་ཆད་མེད་པར་ལམ་ཀུན་རྫོགས༔ སློབ་དཔོན་རྣམས་ལས་ཐོས་པ་དང༔ ཌཱ་ཀིས་ལྐོག་ཆོས་གཏད་པ་དང༔ རང་གི་མྱོང་བས་རྙེད་པ་རྣམས༔ ཀུན་གྱི་ཡང་སྙིང་མན་ངག་གི༔ དུམ་བུ་སྙན་བརྒྱུད་གདམས་པ་འདི༔ བི་མ་མི་ཏྲ་བདག་གིས་ཀྱང༔ ཟབ་རྒྱས་རྒྱུད་ཀྱི་དོན་མཐའ་དག༔ གཅིག་དྲིལ་ཡང་སྙིང་གསང་བའི་ཆོས༔ བླ་ན་མེད་པའི་གདམས་པ་མཆོག༔ རང་གི་དོན་ཆེན་མང་བསྒྲུབས་ཤིང༔ རྡོ་རྗེ་གདན་གྱི་གནྡྷོ་ལར༔ གངྒཱ་ཆུ་ཡི་འཇིག་པ་བཟློག༔ དེ་སོགས་གྲུབ་པའི་མཚན་མ་འགས༔ ཀུན་ལ་ཡིད་ཆེས་ཡང་དག་བསྐྱེད༔ ཕུར་པ་གྲུབ་པའི་རིག་འཛིན་དུ༔ རྒྱ་བོད་ཀུན་ལ་རྩོད་མེད་གྲགས༔ ངེས་པ་སྐྱེས་པའི་སྙིང་པོའི་ཆོས༔ ཟབ་དྲིལ་ཀུན་ཚང་ལམ་འདི་ཡང༔ ཐིག་ལེ་ཆེན་པོར་སྦས་པ་ལས༔ བོད་ཡུལ་དབུས་སུ་ལྷགས་ནས་ཀྱང༔ གཉགས་ཀྱི་བན་དེ་ལོ་ཙཱ་བར༔ ཟབ་རྒྱས་རྟོགས་པའི་བློ་གྲོས་ལྡན༔ གསང་སྔགས་ཆོས་ཀྱི་བཀའ་བབས་པར༔ ཕྱི་ནང་བར་ཆད་སེལ་བ་དང༔ དོན་གཉིས་སྒྲུབ་པའི་ཐབས་མཆོག་ཏུ༔ ཐུན་མིན་ལྐོག་ཆོས་སྙིང་པོའི་ཚུལ༔ གདམས་ནས་ཉམས་བླངས་དྲོད་རྟགས་ཐོབ༔ སྐུ་དགྲ་མངོན་སྤྱོད་ལས་སྦྱོར་གྱིས༔ ཚར་བཅད་ཕྱོགས་ལས་རྣམ་པར་རྒྱལ༔ ཕུར་བུ་གདེངས་པས་ཆོག་པ་བྱུང༔ ཟབ་གསང་བླ་མེད་དམ་པའི་ཆོས༔ གཞུང་གདམས་མན་ངག་མ་ལུས་པ༔ མཁའ་འགྲོའི་འཕྲུལ་གྱི་བརྡ་རུ་བྲིས༔ སྙིགས་མར་གཅེས་ནས་གཏེར་དུ་སྦས༔ ཤིན་ཏུ་སྙིགས་མའི་དུས་ཀྱི་ཚེ༔ བསྐལ་པ་འཇིག་ལ་ཉེ་བ་དང༔ བི་མ་བདག་སྤྲུལ་པདྨའི་མིང༔ ཐེག་མཆོག་བསྟན་པ་འཛིན་པའི་བུར༔ རྟེན་འབྲེལ་གསང་བའི་ལས་སྤྱོད་ན༔ དེ་ཡི་སྐལ་པར་འགྱུར་ཡང་སྲིད༔ དངོས་སུ་སྤྱོད་པའི་དུས་ཡོལ་ན༔ ཐ་མ་ཤིན་ཏུ་སྙིགས་མ་ལ༔ སྨོན་ལམ་མཐུ་ཡིས་སྐལ་བཟང་ཅན༔ ལྷ་སྲས་ཆོས་ཀྱི་བློ་གྲོས་ཀྱི༔ སྐྱེས་མཐའ་མཆོག་གི་མིང་ཅན་ལ༔ ཡང་ཟབ་སྙིང་པོར་དྲིལ་བ་ཡི༔ པདྨའི་ཐུགས་དམ་ཚུལ་དུ་དང༔ སྣ་ནམ་སྤྲུལ་པ་ལས་རབ་གླིང༔ དྲག་པོ་སྔགས་ཀྱི་བཀའ་བབ་པའི༔ ལས་ཅན་དེ་ཡི་སྐལ་པ་རུ༔ ཕུར་པའི་སྒྲུབ་སྡེ་རྨད་བྱུང་བ༔ ཐུགས་དམ་གསང་བའི་མཐར་ཐུག་ཏུ༔ རྒྱས་བསྡུས་སྙིང་པོའི་ཚུལ་དུ་འགྲེལ༔ ཟབ་པ་དོན་གྱི་སྙན་བརྒྱུད་ལས༔ ཡང་སྙིང་བཅུད་དུ་དྲིལ་བ་འདི༔ ཉམས་སུ་བླང་བདེ་བྱིན་རླབས་ཆེ༔ དབང་དང་སྒྲུབ་ཐབས་ལས་ཁ་ཚར༔ མཐར་ཐུག་གསང་བའི་ལམ་དང་བཅས༔ ཁ་ཚང་དོན་དྲིལ་རྨད་བྱུང་བ༔ ངོ་མཚར་ངེས་པའི་གསང་བ་འདི༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ བོད་ཡུལ་དབུས་ནས་ནང་མི་མཐུན༔ བསྟན་འཛིན་ཕལ་ཆེར་འཐབ་ཅིང་འཁོན༔ ཆེ་བཙན་འཁྲུགས་པའི་ཡོ་ལང་འབྱུང༔ དབུས་ཀྱི་དམ་སྲི་ཤར་དུ་ལྷགས༔ ལྷོ་ནས་དམག་གི་རུ་དར་ཕྱར༔ ནུབ་ཀྱི་སྐར་མདའ་གློ་བུར་རྒྱུག༔ བྱང་ནས་ལྡོག་མེད་ཆུ་ཀླུང་འཕྱུར༔ ཀུན་ཀྱང་འཇིགས་ཤིང་ཡ་ང་ཚེ༔ གཉགས་ཀྱི་བན་དེ་དྲི་མེད་ཀྱང༔ དག་པའི་སྐྱེས་བུ་ནམ་མཁའི་མིང༔ རིག་རྩལ་ཤེས་རབ་རྩལ་རྡོལ་བའི༔ བུ་ལ་སྨོན་ལམ་གཏད་རྒྱ་བཅས༔ འདི་ནས་མདོ་ཁམས་ཤར་གྱི་ཕྱོགས༔ གསུང་གི་གནས་མཆོག་དཔལ་དང་ལྡན༔ སྦས་པའི་ལུང་པ་པདྨ་ལྟར༔ མཛེས་པའི་ཟེའུ་འབྲུའི་བྲག་དཀར་ངོག༔ རིན་ཆེན་ས་ཡི་སྙིང་པོར་སྦས༔ རྟེན་འབྲེལ་དུས་ལ་བབ་པའི་ཚེ༔ མཁའ་འགྲོ་གསང་བའི་བརྡས་བསྐུལ་ནས༔ ཐོག་བབ་ཚུལ་དུ་ལོན་ནས་ཀྱང༔ བཀའ་སྲུང་ཡེ་ཤེས་མགོན་པོ་དང༔ ལྷ་མོ་དཔལ་ལྡན་རེ་མ་ཏིས༔ གསང་བའི་ཐབས་ཀྱིས་བརྡ་འགྲོལ་ཞིང༔ བར་ཆད་སེལ་ཏེ་མངོན་སུམ་སྤྲད༔ དེས་ཀྱང་རྩེ་གཅིག་ཉམས་བླང་ཞིང༔ བསྟན་འགྲོའི་ཕན་བདེའི་བཙས་སུ་སྤེལ༔ གསང་བའི་ལུང་དང་དགོངས་ཉམས་ལྟར༔ དག་པར་གཏན་ལ་ཕབ་ནས་ཀྱང༔ འདི་སྤྱོད་སྐྱེས་བུ་སྐལ་པ་ཅན༔ མངའ་བདག་ཆེན་པོ་པདྨའི་མཚན༔ འཇམ་དཔལ་བཤེས་གཉེན་གོ་ཆའི་མིང༔ བི་མ་མི་ཏྲ་ཐབས་ཀྱི་མཆོག༔ པྲ་བྷ་ཧསྟི་རྡོ་རྗེ་རྩལ༔ བཻ་རོ་ཙ་ན་ཕྲིན་ལས་ཅན༔ འཁོན་སྟོན་ཀླུ་དབང་དྲི་མ་མེད༔ ཤྲཱི་སེང་ཧ་རང་གྲོལ་རྩལ༔ རྒྱལ་བ་མཆོག་དབྱངས་སུ་ཁའི་མིང༔ ཡེ་ཤེས་མཚོ་རྒྱལ་གུང་རིའི་བདག༔ སངས་རྒྱས་ཡེ་ཤེས་ཞིག་པོའི་ཚུལ༔ བི་མ་བདག་ཀྱང་རིགས་འདུས་མིང༔ གཉགས་བན་ཟླ་བ་རང་གྲོལ་རྩལ༔ དེ་སོགས་ལྷ་དང་དྷཱ་ཀི་མས༔ གསང་བའི་ལུང་གིས་སྐབས་དབྱེ་བར༔ སྤེལ་བས་ནང་གི་ཏིང་འཛིན་འཕེལ༔ བར་ཆད་སེལ་ཞིང་དངོས་གྲུབ་ཐོབ༔ འགལ་རྐྱེན་ཀུན་ཞི་ཚེ་དཔལ་རྒྱས༔ མཐར་ཐུག་ཡེ་ཤེས་སྙིང་པོ་རུ༔ གྲོལ་བའི་ཐབས་ཀྱི་མཆོག་འགྱུར་མོད༔ ད་ལྟ་བོད་ཀྱི་རྒྱལ་ཁབ་འདིར༔ ལོག་སྨོན་ཅན་གྱི་སྐྱེས་བུ་ནི༔ བཙུན་བློན་དུ་མའི་ཚུལ་བསྟན་ནས༔ ལོ་པཎ་རྣམས་ལ་བར་གཅོད་བརྩམས༔ རྒྱལ་པོའི་མངའ་ཐང་ཕུང་ལ་སྦྱར༔ བཀའ་འགལ་ཐུགས་དཀྲུགས་ཅན་བྱུང་བས༔ ཐ་མའི་དུས་ཀྱང་དེ་དག་གི༔ རང་གཟུགས་སྦས་མངོན་ཅི་རིགས་པ༔ གཟུགས་ཅན་གཟུགས་མེད་ཚུལ་འཛིན་པས༔ ལ་ལའི་སྙིང་ལ་ཞུགས་ནས་ཀྱང༔ ཐེ་ཚོམ་ལོག་ལྟའི་གཞི་མ་བྱེད༔ ཕྲིན་ལས་རྟེན་འབྲེལ་ཐབས་ཀྱིས་བསྣོལ༔ ཡིད་ཆེས་མི་འབྱུང་གང་ཟག་ཚོགས༔ བར་ཆོད་དབང་སོང་སྙིང་རེ་རྗེ༔ འོན་ཀྱང་ཆོས་དང་སྟོན་པ་ལ༔ ཡིད་ཆེས་མི་འགྱུར་གསོལ་བ་ཐོབ༔ ཆོས་ཉིད་ལྟ་བའི་གདིང་བསྐྱེད་ལ༔ བསྙེན་སྒྲུབ་མ་ཞུད་རྩེ་གཅིག་འབད༔ ཞི་རྒྱས་དབང་དྲག་ལས་སྦྱོར་གྱིས༔ རང་གི་འདོད་པའི་དོན་སྒྲུབ་ཅིང༔ རེ་དོགས་བྲལ་བའི་གདེང་བསྐྱེད་ན༔ སྔོན་གྱི་སྨོན་ལམ་མཐུ་བཙན་ཞིང༔ དུས་སུ་བབ་པའི་རྟེན་འབྲེལ་གྱིས༔ ཕྲིན་ལས་ཁྱབ་བརྡལ་ཉིད་དུ་འགྱུར༔ སངས་རྒྱས་བསྟན་ལ་ཆེར་ཕན་ཞིང༔ བོད་ཁམས་བདེ་བའི་བཙས་སུ་འགྱུར༔ གདུག་པའི་འཚུབ་གྱུར་ཞི་ནས་ཀྱང༔ ཕན་བདེའི་དཔལ་ལ་སྤྱོད་པར་འགྱུར༔ ལོ་རྒྱུས་ཆོས་ཀྱི་མདོ་བྱང་འདི༔ མཁའ་འགྲོས་གསང་བའི་བརྡས་བསྐུལ་ནས༔ སྨོན་ལམ་དག་པས་གཏན་ཕབ་ན༔ སངས་རྒྱས་རིང་ལུགས་རྒྱས་རྒྱུར་ཤོག༔ ཅེས་པའང་ལས་དང་སྐལ་པ་དགེ་བའི་རྣལ་འབྱོར་པ་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པ་ལ་འོག་མིན་ཀརྨའི་གནྡྷོ་ལའི་ཤར་ཕྱོགས་དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་དམ་ཅན་དྲེགས་པའི་སྡེ་དཔུང་དང་བཅས་པ་མངོན་སུམ་དུ་བཞུགས་པའི་ཁྲག་འཐུང་འབར་བ་ཆེན་པོའི་དུར་ཁྲོད་བསིལ་ཚལ་གཉིས་པ་ནས་ཡེ་ཤེས་མཁའ་འགྲོས་གསང་བའི་བརྡ་རུ་བསྟན་པ་བཞིན་གཏན་ལ་ཕབ་པ་ཟབ་ལམ་གྱི་ཤིང་རྟའི་བཀའ་སྲོལ་བར་ཆད་མེད་པར་སྤྱོད་ནུས་པའི་རྟེན་འབྱུང་དུ་གྱུར་ཅིག །མངྒ་ལཾ།། །།
[edit]

\u0f01\u0f83:__snyan brgyud snying gi gsang mdzod las:_rdo rje phur pa'i chos kyi lo rgyus mdo byang gsal ba bzhugs:_gnyags lo tsA ba'i lugs so/


\u0f01\u0f83:__dpal khrag 'thung rdo rje phur pa la phyag 'tshal lo:_gdod nas rang byung gsang ba che:_ye shes snying po'i 'khor lo la:_'pho 'gyur las 'das don gyi dbyings:_'du 'bral med par dgyes pa'i gdangs:_sangs rgyas kun gyi zag pa med:_gsang ba mi zad rgyan 'khor lo:_'bras chos nyer lnga nyid du shar:_de las phrin las mi zad pa'i:_bdag nyid las kyi rigs chen po:_rta yi rgyal po zhi dang khro:_thabs shes gnyis su med pa'i gzugs:_srid dang zhi bar kun snang las:_rmad du byung ba'i he ru ka:_khro bo'i rgyal po dpal chen po:_sangs rgyas kun gyi ye shes sku:_ngang nyid rdo rje chos dbyings las:_'bar ba'i khro bo mi bzad pa:_rdo rje gzhon nu nyid du shar:_zhi ba rdo rje sems dpa' che:_khro bo stobs 'dus kI la ya:_rang shar sku dang zhing mtshan sngags:_bkod pa chen po cir yang gsal:_de nyid sgrub pa'i thabs kyi lam:_rtsa bshad man ngag rim pa ni:_rgyud sde bzhi ru bstan pa las:_bla med nges pa'i gsang ba che:_rdo rje gzhon nu'i tan+t+ra ni:_bi to ta ma 'bum phrag ste:_'od zer glang po'i rgyud du bstan:_rigs mchog bye ba'i rgyud lung rnams:_dur khrod chen po bsil tshal nas:_mkha' 'gro las kyi dbang mo ches:_bka' babs rig pa 'dzin dgu la:_sgrub sde brgyad dang gcig dril gyi:_gdams pa'i gzer kha sgrom bu rnams:_gtad las phur pa rol pa'i rgyud:_pra b+ha hastir gtad la sogs:_'phags yul mtha' dbus so so nas:_grub pa'i rig 'dzin tshogs chen pos:_gsang bar spyad cing dngos grub brnyes:_bar chad med par lam kun rdzogs:_slob dpon rnams las thos pa dang:_DA kis lkog chos gtad pa dang:_rang gi myong bas rnyed pa rnams:_kun gyi yang snying man ngag gi:_dum bu snyan brgyud gdams pa 'di:_bi ma mi tra bdag gis kyang:_zab rgyas rgyud kyi don mtha' dag:_gcig dril yang snying gsang ba'i chos:_bla na med pa'i gdams pa mchog:_rang gi don chen mang bsgrubs shing:_rdo rje gdan gyi gan+d+ho lar:_gang+gA chu yi 'jig pa bzlog:_de sogs grub pa'i mtshan ma 'gas:_kun la yid ches yang dag bskyed:_phur pa grub pa'i rig 'dzin du:_rgya bod kun la rtsod med grags:_nges pa skyes pa'i snying po'i chos:_zab dril kun tshang lam 'di yang:_thig le chen por sbas pa las:_bod yul dbus su lhags nas kyang:_gnyags kyi ban de lo tsA bar:_zab rgyas rtogs pa'i blo gros ldan:_gsang sngags chos kyi bka' babs par:_phyi nang bar chad sel ba dang:_don gnyis sgrub pa'i thabs mchog tu:_thun min lkog chos snying po'i tshul:_gdams nas nyams blangs drod rtags thob:_sku dgra mngon spyod las sbyor gyis:_tshar bcad phyogs las rnam par rgyal:_phur bu gdengs pas chog pa byung:_zab gsang bla med dam pa'i chos:_gzhung gdams man ngag ma lus pa:_mkha' 'gro'i 'phrul gyi brda ru bris:_snyigs mar gces nas gter du sbas:_shin tu snyigs ma'i dus kyi tshe:_bskal pa 'jig la nye ba dang:_bi ma bdag sprul pad+ma'i ming:_theg mchog bstan pa 'dzin pa'i bur:_rten 'brel gsang ba'i las spyod na:_de yi skal par 'gyur yang srid:_dngos su spyod pa'i dus yol na:_tha ma shin tu snyigs ma la:_smon lam mthu yis skal bzang can:_lha sras chos kyi blo gros kyi:_skyes mtha' mchog gi ming can la:_yang zab snying por dril ba yi:_pad+ma'i thugs dam tshul du dang:_sna nam sprul pa las rab gling:_drag po sngags kyi bka' bab pa'i:_las can de yi skal pa ru:_phur pa'i sgrub sde rmad byung ba:_thugs dam gsang ba'i mthar thug tu:_rgyas bsdus snying po'i tshul du 'grel:_zab pa don gyi snyan brgyud las:_yang snying bcud du dril ba 'di:_nyams su blang bde byin rlabs che:_dbang dang sgrub thabs las kha tshar:_mthar thug gsang ba'i lam dang bcas:_kha tshang don dril rmad byung ba:_ngo mtshar nges pa'i gsang ba 'di:_nam zhig dus kyi tha ma la:_bod yul dbus nas nang mi mthun:_bstan 'dzin phal cher 'thab cing 'khon:_che btsan 'khrugs pa'i yo lang 'byung:_dbus kyi dam sri shar du lhags:_lho nas dmag gi ru dar phyar:_nub kyi skar mda' glo bur rgyug:_byang nas ldog med chu klung 'phyur:_kun kyang 'jigs shing ya nga tshe:_gnyags kyi ban de dri med kyang:_dag pa'i skyes bu nam mkha'i ming:_rig rtsal shes rab rtsal rdol ba'i:_bu la smon lam gtad rgya bcas:_'di nas mdo khams shar gyi phyogs:_gsung gi gnas mchog dpal dang ldan:_sbas pa'i lung pa pad+ma ltar:_mdzes pa'i ze'u 'bru'i brag dkar ngog:_rin chen sa yi snying por sbas:_rten 'brel dus la bab pa'i tshe:_mkha' 'gro gsang ba'i brdas bskul nas:_thog bab tshul du lon nas kyang:_bka' srung ye shes mgon po dang:_lha mo dpal ldan re ma tis:_gsang ba'i thabs kyis brda 'grol zhing:_bar chad sel te mngon sum sprad:_des kyang rtse gcig nyams blang zhing:_bstan 'gro'i phan bde'i btsas su spel:_gsang ba'i lung dang dgongs nyams ltar:_dag par gtan la phab nas kyang:_'di spyod skyes bu skal pa can:_mnga' bdag chen po pad+ma'i mtshan:_'jam dpal bshes gnyen go cha'i ming:_bi ma mi tra thabs kyi mchog:_pra b+ha hasti rdo rje rtsal:_bai ro tsa na phrin las can:_'khon ston klu dbang dri ma med:_shrI seng ha rang grol rtsal:_rgyal ba mchog dbyangs su kha'i ming:_ye shes mtsho rgyal gung ri'i bdag:_sangs rgyas ye shes zhig po'i tshul:_bi ma bdag kyang rigs 'dus ming:_gnyags ban zla ba rang grol rtsal:_de sogs lha dang d+hA ki mas:_gsang ba'i lung gis skabs dbye bar:_spel bas nang gi ting 'dzin 'phel:_bar chad sel zhing dngos grub thob:_'gal rkyen kun zhi tshe dpal rgyas:_mthar thug ye shes snying po ru:_grol ba'i thabs kyi mchog 'gyur mod:_da lta bod kyi rgyal khab 'dir:_log smon can gyi skyes bu ni:_btsun blon du ma'i tshul bstan nas:_lo paN rnams la bar gcod brtsams:_rgyal po'i mnga' thang phung la sbyar:_bka' 'gal thugs dkrugs can byung bas:_tha ma'i dus kyang de dag gi:_rang gzugs sbas mngon ci rigs pa:_gzugs can gzugs med tshul 'dzin pas:_la la'i snying la zhugs nas kyang:_the tshom log lta'i gzhi ma byed:_phrin las rten 'brel thabs kyis bsnol:_yid ches mi 'byung gang zag tshogs:_bar chod dbang song snying re rje:_'on kyang chos dang ston pa la:_yid ches mi 'gyur gsol ba thob:_chos nyid lta ba'i gding bskyed la:_bsnyen sgrub ma zhud rtse gcig 'bad:_zhi rgyas dbang drag las sbyor gyis:_rang gi 'dod pa'i don sgrub cing:_re dogs bral ba'i gdeng bskyed na:_sngon gyi smon lam mthu btsan zhing:_dus su bab pa'i rten 'brel gyis:_phrin las khyab brdal nyid du 'gyur:_sangs rgyas bstan la cher phan zhing:_bod khams bde ba'i btsas su 'gyur:_gdug pa'i 'tshub gyur zhi nas kyang:_phan bde'i dpal la spyod par 'gyur:_lo rgyus chos kyi mdo byang 'di:_mkha' 'gros gsang ba'i brdas bskul nas:_smon lam dag pas gtan phab na:_sangs rgyas ring lugs rgyas rgyur shog:_ces pa'ang las dang skal pa dge ba'i rnal 'byor pa khrag 'thung dpa' bo klong chen nam mkha' 'od gsal pad+ma mdo sngags gling pa la 'og min karma'i gan+d+ho la'i shar phyogs dpal ldan ye shes kyi mgon po dam can dregs pa'i sde dpung dang bcas pa mngon sum du bzhugs pa'i khrag 'thung 'bar ba chen po'i dur khrod bsil tshal gnyis pa nas ye shes mkha' 'gros gsang ba'i brda ru bstan pa bzhin gtan la phab pa zab lam gyi shing rta'i bka' srol bar chad med par spyod nus pa'i rten 'byung du gyur cig__/mang+ga laM//_//

Footnotes

Other Information