DKR-KABUM-19-DZA-001: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(4 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=པདྨ་ཚེ་ཡི་སྙིང་ཐིག་ལས༔ རྡོ་རྗེ་ཚེ་ཡི་ཕྲེང་བ་པདྨའི་དོ་ཤལ༔ | |||
|fulltitle=pad+ma tshe yi snying thig las: rdo rje tshe yi phreng ba pad+ma'i do shal | |||
|citation=[[Khyentse, Dilgo]]. ''Pad+ma tshe yi snying thig las rdo rje tshe yi phreng ba pad+ma'i do shal''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 19: 1-20. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|contributors=Kangyur Rinpoche | |||
|contributorstib=ཀློང་ཆེན་ཡེ་ཤེས་རྡོ་རྗེ་ | |||
|tibgenre=Longevity Rituals - tshe sgrub, Prayers for Long Life - zhabs brtan gsol 'debs - brtan bzhugs | |||
|terma=Yes | |||
|dkroutline=Six | |||
|deity=tshe dpag med | |||
|cycle='chi med pad+ma tshe yi snying thig | |||
|cycletib=འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ | |||
|language=Tibetan | |language=Tibetan | ||
| | |volumenumber=019 | ||
| | |volnumtib=༡༩ | ||
|volyigtib=ཛ་ | |||
|totalvolumes=25 | |||
|textnuminvol=001 | |textnuminvol=001 | ||
|pagenumbers=1-20 | |||
|totalpages=39 | |||
|beginfolioline=1a | |||
|endfolioline=20a5 | |||
|totalfolios=20 | |||
|multivolumework=No | |||
|rectonotes=tshe sgrub | |||
|versonotes=pad+ma tshe yi snying thig | |||
|colophontib=* '''Revealer colophon:''' ཞེས་འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་ཅན་རིག་འཛིན་བླ་མའི་བཀའ་བཞིན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབ་པའོ།། | |||
* '''Contributor colophon:''' །ཞེས་གཏེར་འབྱིན་མགོན་པོ་མཆོག་གི་ཞབས་བརྟན་ཏུ་ཀློང་ཆེན་ཡེ་ཤེས་རྡོ་རྗེས་ཡོན་སྦྱར་ཏེ་སྨོན་པ་ཇི་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག །དགེའོ། དགེའོ། དགེའོ། | |||
|colophonwylie=* '''Revealer colophon:''' zhes 'chi med ye shes rdo rje'i sku can rig 'dzin bla ma'i bka' bzhin pad+ma gar dbang 'od gsal mdo sngags gling pas gtan la phab pa'o// | |||
* '''Contributor colophon:''' /zhes gter 'byin mgon po mchog gi zhabs brtan tu klong chen ye shes rdo rjes yon sbyar te smon pa ji bzhin 'grub pa'i rgyur gyur cig_/dge'o/_dge'o/_dge'o/ | |||
|pdflink=File:DKR-KABUM-19-DZA-001.pdf | |pdflink=File:DKR-KABUM-19-DZA-001.pdf | ||
}} | }} | ||
Line 16: | Line 43: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|པདྨ་ཚེ་ཡི་སྙིང་ཐིག་ལས༔ རྡོ་རྗེ་ཚེ་ཡི་ཕྲེང་བ་པདྨའི་དོ་ཤལ་བཞུགས༔ <br><br> | ||
༔བརྡ་ཡིག༔ རྩ་གསུམ་ཚེ་ཡི་ལྷ་ལ་འདུད༔ མ་འོངས་ཆོས་བྱེད་སྐྱེས་བུ་ཡིས༔ དོན་དུ་གཉེར་བྱ་རྡོ་རྗེའི་ཚེ༔ འཆི་མེད་སྲོག་གི་བཅུད་ལེན་ཏེ༔ ཐབས་ཀྱི་རྣལ་འབྱོར་དུ་མ་དང༔ ལྡན་པས་རྩེ་གཅིག་ཉམས་བླངས་ན༔ འགལ་རྐྱེན་སེལ་ཞིང་ལེགས་ཚོགས་འཕེལ༔ མྱུར་དུ་རྡོ་རྗེའི་སར་སྦྱོར་བས༔ དོན་གཉིས་འགྲུབ་པར་གདོན་མི་ཟ༔ དེ་ཕྱིར་རྡོ་རྗེ་ཚེ་ཡི་རྒྱུད༔ རང་སྣང་སྐྱེས་བུས་སྤྱོད་པའི་ཚེ༔ ཡན་ལག་ལས་ཀྱི་ཕྲེང་བ་ཡི༔ རྣལ་འབྱོར་ངེས་པའི་གསང་བ་ནི༔ ཇི་སྐད་བཤད་པའི་གཞུང་བཞིན་དུ༔ ཉམས་སུ་བླངས་པས་དོན་ཡོད་བྱེད༔ ས་མ་ཡ༔ ན་མོ༔ རང་རིག་གཉུག་མ་ཆོས་ཀྱི་དབྱིངས༔ ངོ་བོ་རང་བཞིན་ཐུགས་རྗེའི་རྩལ༔ སྐུ་གསུམ་ཡེ་ཤེས་ཚེ་ཡི་ལྷར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཧོཿ གདོད་ནས་སྐྱེ་འཆི་ལས་འདས་ཀྱང༔ མེད་སྣང་འཁྲུལ་པ་ལུ་གུ་རྒྱུད༔ རྟག་ཏུ་སྤྱོད་པའི་ཡིད་ཅན་ཀུན༔ བསྒྲལ་ཕྱིར་ཟབ་མོའི་རྣལ་འབྱོར་བསྒོམ༔ ཧྲཱིཿ རང་སྣང་ཚེ་ཡི་ལྷ་ཚོགས་ལ༔ རང་གསལ་ཆོས་དབྱིངས་ཕྱག་འཚལ་ཞིང༔ སྣང་སྲིད་ཀུན་བཟང་མཆོད་སྤྲིན་འབུལ༔ ཚེ་རབས་བློས་བྱས་ལྡིག་ལྟུང་བཤགས༔ དྲན་པ་རང་ཟད་རྗེས་ཡི་རང༔ ཟབ་གསལ་ཆོས་ཀྱི་འཁོར་ལོ་བསྐོར༔ སྐྱེ་འགག་གནས་བྲལ་བཞུགས་གསོལ་འདེབས༔ རང་བྱུང་བྱང་ཆུབ་ཆེན་པོར་བསྔོ༔ འཁོར་འདས་ཆོས་ཉིད་ཀློང་གྲོལ་ཤོག༔ ཧཱུྃ༔ ང་ནི་དབང་ཆེན་རྟ་མཆོག་དཔལ༔ སྲིད་ཞི་ཀུན་ཀྱི་རྗེ་བཙན་ཏེ༔ བཀའ་ལས་འདའ་ནུས་སུ་ཡང་མེད༔ ཉོན་ཅིག་ཚེ་བདུད་བར་ཆད་བགེགས༔ བདེན་པའི་ཚིག་གིས་སྨྲེང་བཀྲོལ་ཞིང༔ འདོད་ཡོན་གཏོར་མས་ཚིམ་གྱིས་ལ༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་བསྒོ་བ་རྣར་གཟོན་ན༔ ཡེ་ཤེས་རོལ་པའི་མཚོན་ཆ་ནི༔ འབར་ཞིང་འཁྲུགས་པས་བརླག་ཏ་རེ༔ ཧཱུྃ་ཧཱུྃ་ཧཱུྃ་སརྦ་བིགྷྣཱན་ཨུཙྪ་ཊ་ཡ་ཕཊ྄༔ ཧྲཱིཿ དབང་ཆེན་པདྨའི་སྐུ་གསུང་ཐུགས༔ སྣང་སྲིད་བདེ་ཆེན་ཞིང་དུ་རྫོགས༔ ཡེ་ཤེས་མཚོན་ཆའི་གུར་གྱིས་འཁྲིགས༔ སུ་ཡང་འདའ་བར་མི་རུང་ངོ༔ ཛྙཱ་ན་བཛྲ་ཙཀྲ་རཏྣ་པདྨ་ཁངྒ་རཀྵ་རཀྵ་བྷྲཱུྃ༔ ཧཱུྃ༔ ཚད་མེད་ཡེ་ཤེས་སྒོ་དབྱེ་ཞིང༔ རང་རིག་ལྷ་ལ་བརྡ་ཕྱག་འཚལ༔ གཉིས་སྣང་སྒྲིབ་པའི་ནོངས་པ་བཤགས༔ རྩེ་གཅིག་སྒྲུབ་པར་དམ་བཅའོ༔ ས་མ་ཡ་བྷོ་དྷི་ཙིཏྟ་སྟྭྃ༔ ཧྲཱིཿ ཆོས་དབྱིངས་གཞོན་ནུ་བུམ་སྐུ་ནས༔ ཆོས་སྐུ་འོད་སྣང་མཐའ་ཡས་ཀྱིས༔ ཡེ་ཤེས་རང་གསལ་བྱིན་ཕོབ་ལ༔ འཁྲུལ་པ་མེད་པའི་དབང་མཆོག་བསྐུར༔ ལྔ་ལྡན་རང་སྣང་ཕོ་བྲང་ནས༔ རིགས་ལྔའི་རྒྱལ་བ་གངས་ཆེན་མཚོས༔ བདེ་སྟོང་ཁ་སྦྱོར་བྱིན་ཕོབ་ལ༔ ཟག་མེད་ཆོས་དབྱིངས་དབང་མཆོག་བསྐུར༔ འགྲོ་འདུལ་ཐུགས་རྗེའི་རོལ་པ་ནས༔ སྤྲུལ་སྐུ་རྡོ་རྗེ་ཐོད་ཕྲེང་གིས༔ འཆི་མེད་འོད་སྐུའི་བྱིན་ཕོབ་ལ༔ སྐྱེ་འཆི་མེད་པའི་དབང་མཆོག་བསྐུར༔ སྐུ་གསུམ་བླ་མའི་ལྷ་ཚོགས་རྣམས༔ ཡེ་ཤེས་དབྱིངས་ནས་ཐུགས་རྗེའི་རྩལ༔ འགག་མེད་སྒྱུ་འཕྲུལ་དྲྭ་བའི་གར༔ གནམ་ས་བར་སྣང་ཁྱབ་པར་བསྒྱུར༔ འཇའ་འོད་མེ་ཏོག་སྤོས་སྤྲིན་འཐུལ༔ དངོས་གྲུབ་བདུད་རྩིའི་སྦྲང་ཆར་འབེབས༔ མ་གཡེལ་ཐུགས་རྗེའི་རྩལ་གྱིས་བྱོན༔ སྐུ་གསུང་ཐུགས་ཀྱི་དབང་བཞི་བསྐུར༔ སྣོད་བཅུད་རྡོ་རྗེར་བྱིན་ཆེན་ཕོབ༔ རྣལ་འབྱོར་འཆི་མེད་ཡེ་ཤེས་སྐུ༔ མངོན་སུམ་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ་ཨ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨ་ཨ་ཨཿ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་བདེ་ཆེན་པདྨ་བཀོད༔ ཡེ་ཤེས་རང་སྣང་རྒྱན་བཀོད་རྫོགས༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་གཏེར་ཏུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས་ ཤབྡ་སརྦ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿ དེ་དག་སྔོན་འགྲོའི་རིམ་པ་སྟེ༔ ཕྲིན་ལས་སྤྱི་ཡི་ཆིངས་སུ་བསྟན༔ ས་མ་ཡཿ རྒྱ་རྒྱ་རྒྱ༔ ༔༔བརྡ་ཡིག༔༔ དངོས་གཞི་ཚེ་བདག་རྒྱལ་བ་ལྔའི༔ ཕྲིན་ལས་གཞུང་བསྲངས་གསལ་སྣང་འདོན༔ ལྷ་བསྐྱེད་དབང་བསྐུར་རྒྱས་གདབ་རྗེས༔ ལས་ཀྱི་ཡན་ལག་སྤྱི་རུ་བསྟན༔ ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་ཡི་དབྱིངས༔ ཡོན་ཏན་དབྱིངས༔ གསུང་གི་ ཕྲིན་ལས་ ཐུགས་ཀྱི་ ཆོས་དབྱིངས་ཡེ་ཤེས་སྒྱུ་མར་རོལ༔ མཉམ་ཉིད་ཡེ་ཤེས་ སོར་རྟོགས་ བྱ་གྲུབ་ མེ་ལོང་ བདེ་གཤེགས་ཚེ་མཐའ་ཡས་པའི་མགོན༔ རིན་ཆེན་ པདྨ་ ཕྲིན་ལས་ རྡོ་རྗེ་ རིགས་ཀྱི་ཚོམ་བུ་སྤྲུལ་འཁོར་བཅས༔ ཆོས་དབྱིངས་སྲིད་ཞི་ཀུན་ཁྱབ་ཀྱང༔ དམིགས་མེད་ཐུགས་རྗེ་གང་འདུལ་སྣང༔ གྲུབ་མཆོག་ཚེ་ཡི་མཆོག་སྩོལ་ཕྱིར༔ གནས་འདིར་གཤེགས་ལ་དབང་མཆོག་བསྐུར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀ་རུ་ཎི་ཀ་དྲི་ཤ་ཡ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭཾ༔ ཡེ་ཤེས་དབྱིངས་ནས་བྱོན་པའི་ལྷ༔ དམ་ཚིག་རྟེན་ལ་གཉིས་མེད་བཞུགས༔ ཟུང་འཇུག་བཀོད་པ་རྨད་བྱུང་བའི༔ སྒྱུ་འཕྲུལ་དྲྭ་བ་ཀུན་ལ་འདུད༔ ས་མ་ཡ་ཏིཥྛ་ལྷན༔ ན་མོ་ན་མ་མི༔ ཧྲཱིཿ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ ཀུན་ཏུ་བཟང་པོའི་རོལ་པར་ཤར༔ སྣང་སྲིད་བདེ་ཆེན་འཆར་བ་འདིས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་ནས། ཤབྡ་མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཧོཿ ཧྲཱིཿ བདེ་གཤེགས་ཀུན་གྱི་སྐུ་ཡི་དབྱིངས༔ ཡོན་ཏན་དབྱིངས༔ གསུང་གི་ ཕྲིན་ལས་ ཐུགས་ཀྱི་ མི་འགྱུར་ཆོས་དབྱིངས་ རྩོལ་མེད་མཉམ་ཉིད་ཀློང་ མ་འདྲེས་སོར་རྟོགས་ ལྷུན་གྲུབ་ནན་ཏན་ འགྱུར་མེད་མེ་ལོང་ ཀློང་ནས་ཤར༔ ཚེ་ཡི་བདག་པོ་དཀྱིལ་འཁོར་གཙོ༔ རྣམ་སྣང་ རིན་ཆེན་ པདྨ་ དོན་གྲུབ་ རྡོ་རྗེ་ ལོངས་སྤྱོད་རྫོགས་ལ་བསྟོད༔ མཚན་དཔེའི་གཟི་བརྗིད་ཀུན་ཏུ་འབར༔ ཚངས་དབྱངས་ཡན་ལག་རྒྱ་མཚོའི་བདག༔ བདེ་སྟོང་ཡེ་ཤེས་ཀུན་ཏུ་ཁྱབ༔ རྡོ་རྗེ་གསང་བའི་དཔལ་ལ་བསྟོད༔ ཟག་མེད་ཡོན་ཏན་ཡོངས་སུ་རྫོགས༔ རྟག་ཁྱབ་ཕྲིན་ལས་རྨད་དུ་བྱུང༔ མགོན་པོ་འཁོར་ལོའི་དབང་ཕྱུག་ཆེ༔ མི་ཕྱེད་རྩེ་གཅིག་དད་པས་བསྟོད༔ ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས༔ བདེ་སྟོང་འདུ་འབྲལ་མེད་པའི་ཡུམ༔ ཁམས་ལྔ་དག་པའི་བཙུན་མོ་ཆེ༔ སངས་རྒྱས་དགྱེས་མཆོག་མ་ལ་བསྟོད༔ རང་སྣང་དགའ་བཞིའི་ཆོ་འཕྲུལ་ཆེ༔ ཚེ་ཡི་བདག་མོ་ཌཱ་ཀི་ནི༔ དངོས་གྲུབ་ལས་ལ་བསྐུལ་བའི་ཚུལ༔ ཕོ་ཉ་མགྱོགས་མ་ཀུན་ལ་བསྟོད༔ ཚད་མེད་ཕྲིན་ལས་དག་པའི་ཐུགས༔ དཀྱིལ་འཁོར་ཆེན་པོའི་སྒོ་སྐྱོང་ཞིང༔ ལས་བཞིའི་དངོས་གྲུབ་ཐོགས་མེད་སྩོལ༔ རིགས་ཀྱི་ཁྲོ་རྒྱལ་རྣམས་ལ་བསྟོད༔ གཞན་ཡང་ཐུགས་རྗེ་དམ་ཚིག་གིས༔ རྩ་གསུམ་རིག་འཛིན་ཆོས་སྐྱོང་བ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་པར༔ གཉིས་མེད་ཡིད་ཀྱིས་གུས་པས་བསྟོད༔ ཧྲཱིཿ ཚེ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ བཟླས་པའི་ཕྲིན་ལས་དུས་ལ་བབ༔ བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་ཡིས༔ སྐྱེ་འཆི་མེད་པ་རྡོ་རྗེའི་ལུས༔ འགག་མེད་ཚངས་དབྱངས་རྡོ་རྗེའི་གསུང༔ བསམ་ཡས་ཏིང་འཛིན་རྡོ་རྗེའི་ཐུགས༔ སྟན་ཐོག་འདི་རུ་འགྲུབ་པར་མཛོད༔ བཟླས་པ་སོ་སོའི་གཞུང་བཞིན་བྱ༔ དེ་དག་བར་གྱི་ཆིངས་སུ་བསྟན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཿཿཿཿབརྡ་ཡིགཿཿཿ བསོད་ནམས་ལྡན་པས་ཚེ་འཕེལ་ཞིང༔ ཉམས་ཆག་དག་པས་དངོས་གྲུབ་མྱུར༔ དེ་ཕྱིར་རིག་པའི་སྐྱེས་བུ་ཡིས༔ རྟག་ཏུ་ཚོགས་ཀྱི་འཁོར་ལོ་བྱ༔ གནས་ནི་དུར་ཁྲོད་དབེན་པའི་སར༔ རྣལ་འབྱོར་དམ་གཙང་ཕོ་མོ་ཡིས༔ ཐབས་ཤེས་བཟའ་བཏུང་འདུ་བྱས་ཏེ༔ དུས་གཏན་ཡར་ངོའི་ཚེས་བཅུར་འབད༔ རྃ་ཡྃ་ཁྃ༔ ཕྱི་སྣོད་དབྱིངས་ཀྱི་ཀ་པཱ་ལར༔ ནང་བཅུད་རིགས་ལྔའི་དམ་ཚིག་རྫས༔ ཟུང་འཇུག་རྡོ་རྗེའི་འདོད་ཡོན་ཆེ༔ བདེ་ཆེན་རྣམ་པ་ཐམས་ཅད་ཤར༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿ འོག་མིན་ཞིང་ན་འོད་མཐའ་ཡས༔ རང་སྣང་ཡེ་ཤེས་རྔ་སྒྲའི་རྒྱལ༔ གསུང་གི་རྡོ་རྗེ་ཚེ་དཔག་མེད༔ རིགས་ལྔ་སྒྱུ་འཕྲུལ་དྲྭ་བའི་ཚོགས༔ གནས་འདིར་ཐུགས་རྗེའི་རྩལ་གྱིས་བྱོན༔ སྣོད་བཅུད་དག་པ་བདེ་ཆེན་ཞིང༔ རྣལ་འབྱོར་པདྨ་ཧེ་རུ་ཀ༔ རོལ་པའི་བྱང་སེམས་ཐབས་ཤེས་རྫས༔ ཀུན་ནས་ཀུན་ཏུ་མི་ཕྱེད་པའི༔ མཉམ་ཉིད་རྡོ་རྗེའི་མཆོད་པ་ལ༔ དགྱེས་པ་ཆེན་པོས་གཤེགས་སུ་གསོལ༔ ཨེ་ཨ་རལླི་ཕེཾ་ཕེཾ༔ ཧྲཱིཿ སྣོད་ནི་པདྨ་བྷཉྫའི་ཀློང༔ བཅུད་ཀུན་བདེ་ཆེན་བདུད་རྩིའི་རྫས༔ ཟག་མེད་རྒྱན་གྱི་རོལ་མོ་འདི༔ རྩ་གསུམ་ཚེ་ཡི་ལྷ་ལ་འབུལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧོཿ ཐོག་མེད་བསགས་པའི་ལས་ཉོན་དང༔ ཁྱད་པར་དམ་ཚིག་ཉམས་ཆག་རལ༔ རྡོ་རྗེའི་ཡེ་ཤེས་ཚོགས་མཆོད་ཀྱིས༔ བཤགས་སོ་ཉེས་ལྟུང་ཀུན་བྱང་མཛོད༔ ས་མ་ཡ་ཤུདྡྷེ་ཨཱཿ ཧྲཱིཿ གཟུང་འཛིན་ཚེ་བདུད་བར་ཆད་བགེགས༔ ཕྱག་རྒྱ་བཞི་ཡི་དབྱིངས་སུ་བཅིངས༔ གཉིས་སྣང་བསྒྲལ་བའི་དམ་ཚིག་རྫས༔ ཧེ་རུ་ཀ་དཔལ་ཞལ་དུ་བསྟབ༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧིཿ ལྷ་ཚོགས་དགྱེས་པས་ཕྱག་རྒྱར་རོལ༔ བདེ་སྟོང་བྱང་ཆུབ་སེམས་ཀྱི་སྤྲིན༔ ཚོགས་ཀྱི་རྫས་ལ་ཐིམ་པ་ཡིས༔ འཆི་མེད་དངོས་གྲུབ་དབྱིག་ཏུ་གྱུར༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཏ་ན་ཛ་ཡ་སརྦ་སིདྡྷི་ཧཱུྃ་ཧྲཱིཿཋ༔ ཧྲཱིཾ་ཕེཾ༔ གནས་དང་ཡུལ་དང་ཞིང་ཉེ་ཞིང༔ དུར་ཁྲོད་ཚནྡྷོ་ལ་སོགས་པ༔ སྐྱོང་བྱེད་དཔའ་བོ་དྷཱ་ཀི་ནི༔ གིང་ལང་བརྟན་མས་ལྷག་གཏོར་བཞེས༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧིཿ འཆི་མེད་རྡོ་རྗེའི་དཀྱིལ་འཁོར་དུ༔ བདེ་སྟོང་ཚོགས་ཀྱི་ལོངས་སྤྱོད་ལ༔ རོལ་པས་བདག་གཞན་འགྲོ་བ་ཀུན༔ ཡེ་ཤེས་ཕྱག་རྒྱའི་སྲོག་ཐོབ་ཤོག༔ ཨོཾཿ བཀྲ་ཤིས་རྨད་བྱུང་ཆོས་ཀྱི་དབྱིངས༔ ཁྱབ་བརྡལ་བདེ་ཆེན་རྟག་པ་ཆེས༔ སྲིད་ཞི་ཀུན་ལ་མཉམ་བརྡལ་བའི༔ དངོས་གྲུབ་མཆོག་གི་ཉེ་རྒྱུར་ཤོག༔ ཧྲཱིཿ འོད་གསལ་ཀློང་ནས་ཚེ་ཡི་ལྷ༔ འཆི་མེད་མགོན་པོ་བཅོམ་ལྡན་འདས༔ སྐུ་ལྔའི་རྒྱལ་བའི་ཐུགས་དམ་བསྐུལ༔ བདག་ཅག་རྡོ་རྗེའི་སྐུ་ཐོབ་མཛོད༔ རྩ་རླུང་ཐིག་ལེ་དབུ་མར་ཟླུམ༔ སྣང་གྲགས་རིག་པ་ལྷ་དང་སྔགས༔ ཡེ་ཤེས་ཕྱག་རྒྱའི་ཆོ་འཕྲུལ་དུ༔ གཉིས་སུ་མེད་པའི་ཕྲིན་ལས་སྩོལ༔ འཆི་བདུད་རྟོག་པ་དབྱིངས་སུ་ཞི༔ རྟག་པ་རྡོ་རྗེའི་ལང་ཚོ་རྒྱས༔ རླུང་སེམས་ཨ་ཝ་དྷཱུ་ཏིའི་དབྱིངས༔ དབང་བྱེད་གཟུང་འཛིན་བར་ཆད་སྒྲོལ༔ སྐུ་གསུང་ཐུགས་ཀྱི་གསང་བ་ནི༔ ཡེ་ཤེས་རང་སྣང་རྒྱན་གྱི་སྤྲིན༔ འདུ་འབྲལ་མེད་པར་བྱང་ཆུབ་ནས༔ དངོས་གྲུབ་མ་ལུས་འགྲུབ་པར་མཛོད༔ ཧཱུྃ༔ སྔོན་ཚེ་དབྱིངས་ཀྱི་སྟོན་པ་ཡིས༔ རིག་པའི་ཆོས་འཁོར་བསྐོར་བའི་ཚེ༔ འཁོར་འདས་རང་གྲོལ་སྲུང་མ་ཡིས༔ ཞལ་བཞེས་བཞིན་དུ་ཕྲིན་ལས་མཛོད༔ བར་དུ་སྒྲོན་མ་བཀོད་པའི་ཚེ༔ གར་གྱི་དབང་ཕྱུག་ཚེ་མཐའ་ཡས༔ རང་ཤར་ཆོས་སྲུང་དྷཱ་ཀི་ཡིས༔ ཕྲིན་ལས་གཉན་པོ་མ་གཡེལ་སྒྲུབས༔ ཐ་མ་རིག་པའི་སྐྱེས་བུ་ལ༔ སྐལ་བ་མཆོག་གི་དབུགས་དབྱུང་བའི༔ ཀློང་ཆེན་དགོངས་མཛོད་བརྡོལ་བའི་ཚེ༔ ཁས་བླང་སྲུང་མས་ལས་ཀུན་སྒྲུབས༔ བདུད་བཞིའི་བར་ཆད་དབྱིངས་སུ་སྒྲོལ༔ ཟབ་གསང་སྙིང་པོའི་བསྟན་པ་སྤེལ༔ མདོར་ན་ཇི་ལྟར་བཅོལ་པའི་ལས༔ མ་གཡེལ་སྒྲུབ་པའི་སྡོང་གྲོགས་མཛོད༔ སརྦ་དྷརྨ་པཱ་ལ་བ་ལིཾ་ཏ་ཁཱ་ཧི༔ ཧྲཱིཿ ལུགས་ལྡོག་རྟེན་འབྲེལ་དག་པའི་གཟུགས༔ བདེན་དོན་བརྟན་མ་ཆེན་མོའི་ཚོགས༔ བཤལ་ཆུའི་བདུད་རྩི་འདི་བཞེས་ལ༔ ལུགས་འབྱུང་ཀློ་ཀློའི་བར་ཆད་སྲུངས༔ མ་མ་ཧྲཱིཾ་ཧྲིཾ་བ་ལིཾ་ཏ་ཁཱ་ཧི༔ ཧྲཱིཿ རྣམ་ཐར་གསུམ་དང་ལྡན་པའི་ཨེར༔ བདག་ཏུ་ལྟ་བའི་དམ་སྲི་མནན༔ བྱང་ཆུབ་བར་དུ་མ་ལྡང་བར༔ དངོས་གྲུབ་དགའ་སྟོན་རྒྱས་པར་མཛོད༔ ས་མ་ཡ་སྟྭཾ༔ ཧྲཱིཿ འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུས༔ སྐྱེ་འཆི་བྲལ་བའི་དངོས་གྲུབ་སྩོལ༔ འགག་མེད་ཚངས་པ་རྔ་སྒྲའི་ལྷས༔ གཞོམ་མེད་ན་དའི་དངོས་གྲུབ་སྩོལ༔ བདེ་ཆེན་མི་ཤིགས་ཐིག་ལེའི་ཀློང༔ རྟག་པ་དམ་པའི་དངོས་གྲུབ་སྩོལ༔ ཟག་མེད་ཡོན་ཏན་རྒྱ་མཚོ་ནས༔ བྲལ་སྨིན་འབྲས་བུའི་དངོས་གྲུབ་སྩོལ༔ མཁའ་ཁྱབ་ཕྲིན་ལས་རོལ་པ་ནས༔ འགྲོ་འདུལ་ཐུགས་རྗེའི་དངོས་གྲུབ་སྩོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཡེ་ཤེས་རྡོ་རྗེའི་དབང་མཆོག་བསྐུར༔ སྐྱེ་འཆི་བདུད་བཞི་ལས་རྒྱལ་བའི༔ ཚེ་མཐའ་ཡས་པའི་གནས་ཐོབ་མཛོད༔ སརྦ་སིདྡྷི་ཧཱུྃ༔ ཨཿ གདོད་ནས་དག་པའི་ཡེ་ཤེས་ལ༔ བསལ་བཞག་དགག་སྒྲུབ་མཐའ་ལས་འདས༔ ཀུན་རྫོབ་འཁྲུལ་པའི་ནོངས་པ་ཀུན༔ འོད་གསལ་ཆོས་ཉིད་ཀློང་དུ་བཤགས༔ ཨ་ཨ་ཨ༔ ཨ༔ ཕྱིར་གསལ་དག་པའི་སྣོད་དང་བཅུད༔ རིག་སྟོང་ནང་གི་དབྱིངས་སུ་ཐིམ༔ འགག་མེད་སྒྱུ་མའི་རོལ་པ་ནི༔ སླར་ཡང་ཡེ་ཤེས་ཕྱག་རྒྱར་བཞེངས༔ ཨོཾ་ཨཱཿཧཱུྃ་བཛྲ་བྷྲཱུྃ༔ ཧོཿ སྣང་བཅས་དགེ་བའི་ཚོགས་ཀུན་ཀྱང༔ དམིགས་མེད་ཆོས་དབྱིངས་ཆེན་པོར་བསྔོ༔ ཟུང་འཇུག་འབྲས་བུའི་གོ་འཕང་ཆེ༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ དེང་ནས་ཚེ་རབས་ཐམས་ཅད་དུ༔ དུས་མིན་འཆི་བའི་འཇིགས་ལས་གྲོལ༔ ཚེ་དང་ཡེ་ཤེས་སྣང་བ་དང༔ རྟག་ཏུ་འདུ་འབྲལ་མེད་པར་ཤོག༔ ཨོཾཿ བྱིན་རླབས་བདུད་རྩིའི་ཆར་འབེབས་མཛད༔ དཔལ་མགོན་བླ་མའི་བཀྲ་ཤིས་ཤོག༔ དངོས་གྲུབ་འདོད་རྒུ་ཡིད་བཞིན་སྩོལ༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ ཕྲིན་ལས་གང་འདུལ་དེར་སྣང་སྟོན༔ དཔའ་བོ་ཌཱ་ཀིའི་བཀྲ་ཤིས་ཤོག༔ དམ་ལྡན་སྐྱོང་ཞིང་ཉམས་པ་སྒྲོལ༔ ཆོས་སྲུང་རྒྱ་མཚོའི་བཀྲ་ཤིས་ཤོག༔ གནས་སྐབས་བསམ་རྒུ་མ་ལུས་འགྲུབ༔ ཕན་བདེའི་དཔལ་འཕེལ་བཀྲ་ཤིས་ཤོག༔ མཐར་ཐུག་སྐུ་བཞི་ཡེ་ཤེས་བདག༔ འཆི་མེད་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་ཆར་དུ་བསྙིལ༔ ཤིས་པའི་དགའ་སྟོན་རྒྱས་པར་སྤེལ༔ དེ་དག་མཇུག་གི་སྤྱི་ཆིངས་ཏེ༔ ཕྲིན་ལས་རྗེས་ཀྱི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་འཆི་མེད་སྒྲུབ་པའི་ལམ༔ ཀུན་ལས་ཁྱད་འཕགས་རྡོ་རྗེའི་ཚིག༔ ཀློང་ལྔ་དབྱིངས་ཀྱི་དྷཱ་ཀི་མས༔ ཤེས་རབ་གསང་བའི་ཚིག་ཏུ་གདམས༔ ཟབ་འདྲིལ་བྱིན་རླབས་མཐུ་ལྡན་པ༔ བློ་གྲོས་ལྡན་ལ་གཏད་རྒྱ་རྫོགས༔ རིག་སྟོང་གཉུག་མའི་རང་རྩལ་ལས༔ ཤར་ཞིང་སྤེལ་བ་དོན་ཡོད་གྱུར༔ སྤོབས་པ་ལྡན་པའི་སྐྱེས་བུ་ཞིག༔ ཐོག་བབ་བྱུང་ན་འཕྲད་པར་གྱིས༔ མ་འོངས་པདྨའི་རྗེས་འཇུག་ཀུན༔ སྨན་ཕྱིར་དུས་མཐར་སྣང་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ྀཨཐི༔ ཞེས་པའང་ཀུན་གཟིགས་འཇམ་པའི་དབྱངས་པདྨ་ཡེ་ཤེས་རྡོ་རྗེས་བཀའ་བསྩལ་བ་བཞིན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་རང་བྱུང་རྡོ་རྗེའི་ཚིག་གི་གསང་བའི་བརྡ་རིས་ལས་དག་པར་གཏན་ལ་ཕབ་པ་འདིས་ཀྱང་ལམ་འདིར་འབྲེལ་ཚད་འཆི་མེད་ཡེ་ཤེས་རྡོ་རྗེའི་སྲོག་གི་ཕྱག་རྒྱ་མཐོང་བའི་ཆོས་ལ་འགྲུབ་པའི་རྒྱུར་གྱུར་ཅིག། །། ༈ རང་བྱུང་པདྨའི་སྙིང་ཐིག་ལས༔ རྣམ་པར་སྣང་མཛད་ཚེ་དཔག་མེད་དཀར་པོའི་ཕྲིན་ལས་བཞུགས༔ སྐྱ ༔༔བརྡ་ཡིག༔༔ བདེ་གཤེགས་སྐུ་ཡི་དབྱིངས་ལ་འདུད༔ དུས་ཀྱི་ཐ་མའི་སྐྱེས་བུ་རྣམས༔ མི་རུང་སྒོ་གསུམ་བྱེད་སྤྱོད་ཀྱིས༔ ཕྱི་ཡི་འབྱུང་བ་སྒང་གཤོངས་ཆེ༔ སྣོད་ཀྱི་བཅུད་ཡལ་ཞག་ཀྱང་སྐམ༔ དེ་ཡིས་ནང་གི་འབྱུང་བ་འཁྲུག༔ སྣ་ཚོགས་ནད་དང་སྡུག་བསྔལ་མང༔ དེ་ཚེ་ཤ་ཡི་ཚེ་ཉམས་ན༔ ལུས་ལྕི་མདོག་ནག་བད་ཀན་འཁྲུག༔ ཤེས་པ་བྱིང་འཐིབས་གཉིད་ཆེ་ཞིང༔ དབང་པོའི་སྒོ་ནས་དྲི་ང་བ༔ འབྱུང་ཚེ་ཐབས་ཀྱི་གདམས་པ་ནི༔ རྣལ་འབྱོར་ལྡན་པས་རྩེ་གཅིག་སྒོམས༔ ཨོཾ༔ ཆོས་དབྱིངས་ཀ་དག་དེ་བཞིན་ཉིད༔ ལྷུན་གྲུབ་ཐུགས་རྗེ་རིག་པའི་རྩལ༔ ཀུན་ཏུ་སྣང་བའི་ཆོ་འཕྲུལ་ལས༔ དག་པ་ཡེ་ཤེས་ཆོས་ཀྱི་དབྱིངས༔ ཨོཾ་ཡིག་ཟླ་བ་ལྟ་བུར་ཤར༔ འོད་ཀྱིས་སྣོད་བཅུད་སྣང་ཞེན་སྦྱངས༔ དག་པ་ཆེན་པོ་སྟུག་པོ་བཀོད༔ བདེ་གཤེགས་ཚེ་ཡི་ཞིང་ཁམས་ཆེ༔ ངོ་མཚར་བཀོད་པ་བློ་ལས་འདས༔ ཤིན་ཏུ་ཉམས་དགའི་དཀྱིལ་འཁོར་དབུས༔ བརྟན་གཡོའི་དྭངས་མ་རང་ལུས་ཀྱི༔ སྲ་བ་ཤ་ཡི་དབྱིངས་ཐམས་ཅད༔ འོད་ཞུ་སྐད་ཅིག་དྲན་རྫོགས་སུ༔ རྣམ་བྱང་རྫོགས་པའི་མཆོད་སྡོང་གི༔ ངོ་བོ་སངས་རྒྱས་སྤྱན་མའི་མཁའ༔ རྣམ་པ་ཛམ་བུ་ཆུ་བོའི་གསེར༔ རིན་ཆེན་ནོར་བུའི་རྒྱན་བཀོད་ཅན༔ ཚད་བཟུང་བྲལ་བའི་བུམ་པའི་ལྟོར༔ རང་རིག་ས་བོན་ཡོངས་གྱུར་པ༔ སྐུ་མཆོག་བདེ་གཤེགས་ཚེ་དཔག་མེད༔ དཀར་གསལ་སྟོན་ཀའི་ཟླ་བའི་མདངས༔ ཞི་འཛུམ་ཤིན་ཏུ་བཟང་པོའི་ཚུལ༔ མཚན་དཔེའི་གཟི་བྱིན་འོད་དུ་འབར༔ སྐུ་ཡི་དཀྱིལ་འཁོར་ལྟ་ན་སྡུག༔ དར་དང་རིན་ཆེན་རྒྱན་ཆས་ཀྱིས༔ ལོངས་སྤྱོད་རྫོགས་པའི་ཆ་བྱད་ཅན༔ མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་གིས༔ པད་ཟླ་སེང་གེའི་ཁྲི་ལ་བཞུགས༔ དཔག་མེད་འོད་ཀྱི་དྲྭ་བའི་སྐུ༔ གཟུགས་ཀྱི་རྒྱལ་པོ་འཁོར་ལོས་བསྒྱུར༔ རང་འོད་ཤེས་རབ་སྤྱན་མ་ནི༔ དཀར་གསལ་གཅེར་བུ་འཁོར་ལོ་དང༔ ཚེ་བུམ་འཛིན་པ་གཉིས་མེད་སྦྱོར༔ ཡབ་ཀྱི་ཕྱག་གཉིས་མཉམ་གཞག་སྟེང༔ ཚེ་བུམ་བདུད་རྩིས་བཀང་བའི་ཁར༔ འཁོར་ལོས་མཚན་པ་མཛེས་པར་བསྣམས༔ ཡུམ་གྱིས་ཡབ་ཀྱི་ལྕེ་འཇིབས་ཤིང༔ སྦྱོར་བའི་བརྡ་བཞིས་བསྣོལ་མར་བསྐུལ༔ ས་མ་ཡ་ཧོཿ ས་མ་ཡ་སྟྭཾཿ ཨ་ནུ་ར་ག་ཡ་ཧོཿ ཨ་ནུ་ར་ག་ཡ་མིཿ མི་བཟོད་བདེ་བ་རྒྱས་པ་ལས༔ པདྨར་རྡོ་རྗེ་བསྐྱོད་ཅིང་སྲུབ༔ ཨ་ཧཾ་སྔགས་ཀྱི་སྒྲ་སྙན་བསྒྲགས༔ སྐུ་ལས་བྱང་ཆུབ་སེམས་ཀྱི་སྤྲིན༔ འོད་ཟེར་གྲུབ་པའི་དངུལ་ཆུ་ལྟར༔ སྤྲོས་པས་འཁོར་འདས་ཁྱབ་པར་གཡོས༔ དྭངས་མའི་སྙིང་པོ་ཀུན་བསྡུས་ཏེ༔ སྐུ་ལ་ཐིམ་པའི་རྗེས་ཆགས་མེས༔ བྱང་ཆུབ་སེམས་སུ་ཞུ་བ་ལས༔ མཁའ་གསང་གཞལ་ཡས་སུ་བབས་ཏེ༔ ཡི་གེ་གསལ་བྱེད་སྤྲིན་དུ་གྱུར༔ སྦྱོར་མཚམས་ནས་སྤྲོས་གཞལ་ཡས་ཀྱི༔ ས་གཞིའི་ནང་འཁོར་པད་འདབ་ལ༔ བབས་པ་མཚན་གྱི་ཡི་གེའི་གྲངས༔ ཡོངས་གྱུར་ཌཱ་ཀི་གཞོན་ནུ་མ༔ གཅེར་བུ་ཟླ་མདོག་བདེ་བ་རྒྱས༔ ཞི་འཛུམ་དར་དང་རིན་ཆེན་བརྒྱན༔ ཕྱག་གཡས་མདའ་དར་གཡབ་པ་ཡིས༔ ཚེ་བཅུད་དྭངས་མ་དབང་དུ་སྡུད༔ གཡོན་པས་འཆི་མེད་ཚེ་ཡི་བུམ༔ ཡེ་ཤེས་བདུད་རྩིས་གང་བ་བསྣམས༔ ཞབས་གཉིས་གར་སྟབས་དང་བཅས་ཏེ༔ སྤྲུལ་པ་མགྱོགས་མ་དཔག་མེད་སྤྲོས༔ སྒོ་བཞིར་དབང་ཆེན་རིགས་བཞི་ནི༔ ཕྱག་རྒྱ་བཞི་དང་ཚེ་བུམ་འཛིན༔ ཀུན་ཀྱང་ཞི་མདོག་སྒེག་བཞད་གཟུགས༔ རང་འོད་རིགས་ཀྱི་ཡུམ་དང་སྦྱོར༔ ཡེ་ཤེས་མེ་དཔུང་དབུས་ན་འགྱིང༔ ཕྱི་ནང་བར་མཚམས་ཐམས་ཅད་དུ༔ ལྷ་དང་རིག་འཛིན་རྩ་བ་གསུམ༔ ཚེ་ལྷ་ཉི་ཟེར་རྡུལ་ལྟར་འཁྲིགས༔ སྣང་སྟོང་མི་ཕྱེད་རྡོ་རྗེའི་སྐུ༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ཡི༔ བཀོད་པ་ཆེན་པོ་མ་འདྲེས་གསལ༔ གནས་གསུམ་རྡོ་རྗེའི་ཡི་གེས་མཚན༔ བདེ་གཤེགས་སྐུ་གསུང་ཐུགས་སུ་རྫོགས༔ སྤྱི་བོའི་གནས་ལྔར་ས་བོན་ལྔས༔ རིགས་ཀྱི་དབང་བསྐུར་དབུར་བརྒྱན་བསམ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ དེ་ལྟར་ཡན་ལག་བཞི་རྫོགས་པའི༔ བསྐྱེད་རིམ་གསལ་ལ་ང་རྒྱལ་བཟུང༔ དག་པ་དྲན་པས་ལམ་ཁྱེར་བྱ༔ རིག་སྔགས་བཟླས་པས་ཐུགས་རྒྱུད་བསྐུལ༔ རྣམ་སྣང་ཚེ་དཔག་མེད་མགོན་གྱི༔ ཐུགས་དབུས་བུདྡྷ་ཐོད་ཕྲེང་རྩལ༔ དཀར་གསལ་གཅེར་བུ་རུས་པས་བརྒྱན༔ མདའ་དར་ཚེ་བུམ་བསྣམས་པའི་ཡུམ༔ བདེ་གཤེགས་ཌཱ་ཀི་གཉིས་མེད་སྦྱོར༔ དྭངས་མ་ཙིཏྟའི་གཞལ་ཡས་སུ༔ ཉི་ཟླའི་གྭ་འུར་ཨོཾ་གྱིས་མཚན༔ དཀར་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ ཁྱད་པར་སྲིད་དང་ཞི་བའི་དབྱིངས༔ བརྟན་གཡོའི་འཇིག་རྟེན་མ་ལུས་པའི༔ དྭངས་བཅུད་སྤྱི་དང་ཕྱི་ནང་གི༔ འབྱུང་བ་ས་ཡི་ཁམས་ཐམས་ཅད༔ འོད་ཟེར་དཀར་གསལ་ག་པུར་རྡུལ༔ ཆར་ལྟར་བསྡུས་ཏེ་རང་ལ་ཐིམ༔ ས་བོན་ལས་བྱུང་བདུད་རྩི་ཡིས༔ ཤ་ཡི་ཁམས་ནས་ཚེ་ཉམས་པའི༔ ནད་གདོན་བར་ཆད་མ་ལུས་བསལ༔ མི་འགྱུར་རྟག་ཏུ་བརྟན་པ་ཡི༔ བདེ་གཤེགས་རྡོ་རྗེ་སྐུ་ཡི་ཚེ༔ འགྱུར་བ་མེད་པ་ཐོབ་པར་བསམ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཨོཾ༔ རྩེ་གཅིག་བསྙེན་པ་འབུམ་བཞི་བཟླ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི༔ སྐུ་ལས་འོད་བྱུང་སྣོད་བཅུད་ཁྱབ༔ སྣང་སྟོང་ས་ཡི་ཁམས་ཐམས་ཅད༔ བདེ་གཤེགས་ཚེ་བདག་ཡབ་ཡུམ་བཞེངས༔ རྡོ་རྗེའི་སྔགས་དང་དགོངས་པ་ཡིས༔ སྐུ་ཡི་ཚེ་སྤེལ་ལྷ་ཚོགས་ཀྱི༔ བྱང་ཆུབ་དྭངས་མ་འོད་ཀྱི་སྤྲིན༔ བདག་ལ་ཐིམ་པས་ལུས་ཀྱི་ཁམས༔ གསོས་ཤིང་རྒྱས་པས་ཚེ་འཕེལ་བསམ༔ ཨོཾ་ཛཱི་ན་ཛྀཀ་ལཱཾ་དྭེ་ཥ་ར་ཏི༔ ཨོཾ་ན་མོ་བྷ་ག་བ་ཏེ་ཨ་པ་ར་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡཿ ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ༔ བི་ཤུདྡྷེ༔ མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ༔ དེ་ལྟར་སྒྲུབ་པའི་སྦྱོར་བ་བཅས༔ འབུམ་ཕྲག་བཞི་བཟླས་དངོས་གྲུབ་ཐོབ༔ ལྷ་ཚོགས་ཐུགས་རྗེའི་འོད་ཟེར་གྱིས༔ མཁའ་ཁྱབ་འཇིག་རྟེན་རབ་འབྱམས་ན༔ ལུས་ཀྱི་ཚེ་ཉམས་ལས་བསགས་པའི༔ ཡིད་ཅན་ཀུན་གྱི་སྒྲིབ་པ་སྦྱངས༔ རྡོ་རྗེའི་ལུས་ཀྱི་བཅུད་ཀུན་སྤེལ༔ དྭངས་མ་དབང་བྱས་ཚེ་བདུད་བསྒྲལ༔ འཆི་མེད་ཡེ་ཤེས་སྐུ་ཐོབ་བསམ༔ ཨོཾ་བུདྡྷ་ཨ་ཡུརྫྙཱ་ན་ཨ་པ་རི་མི་ཏ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ༔ ཨཱ་ཡུ་སརྦ་སིདྡྷི་ཀུ་རུ་ཧཱུྃ༔ འབུམ་གཅིག་བཟླས་པས་ལས་ཀུན་འགྲུབ༔ ཐུན་མཚམས་ཚོགས་ཀྱི་མཆོད་པ་དང༔ ཁྱད་པར་སཱཙྪ་བརྒྱ་ཚར་གདབ༔ གཟུངས་དང་ན་བཟའ་དཀར་པོ་གསོལ༔ རབ་ཏུ་གནས་ཤིང་མཆོད་པ་བཅས༔ ཚེ་དཔལ་སྤེལ་བའི་རི་ལ་བཞག༔ བཅུད་ལེན་བརྟེན་ན་ཤ་ཆེན་ནི༔ རུལ་བསྲུང་སྐྱོན་བྲལ་དར་མའི་ཤ༔ ནད་ཀྱིས་གདུང་བ་མ་ཡིན་པ༔ ཉིང་ཁུར་བསྡུས་ཏེ་ཅོང་ཞིར་བསྟིམ༔ དེ་ཉིད་རིལ་བུར་བྱས་པ་ཡང༔ བདེ་གཤེགས་སྣང་མཛད་གསལ་བ་ཡིས༔ རྟགས་མཐོང་བར་སྒྲུབ་ཐོ་རེངས་ཆར༔ ཆུ་བསྐོལ་གཙང་མས་འཕུལ་བ་ཡིས༔ ཤ་ཡི་སྟོབས་བསྐྱེད་ཚེ་འཕེལ་འགྱུར༔ རྟོགས་པའི་རིམ་པ་རྒྱུད་ལས་ཤེས༔ དེ་ལྟར་བརྩོན་པས་རྒས་སྲ་ཞིང༔ ཤ་རྒྱས་གཉེར་མ་མེད་པ་དང༔ འགྱུར་མེད་ཚེ་ཡི་མཆོག་ཐོབ་འགྱུར༔ དུས་ཐར་སྐྱོབ་བྱེད་གདམས་པ་མཆོག༔ རྡོ་རྗེ་ཚེ་ཡི་མྱུར་ལམ་ཀྱི༔ རྟེན་འབྲེལ་བརྡ་ཐབས་རྨད་བྱུང་བ༔ ལས་ཅན་གཅིག་གིས་སྣང་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པའང་འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་ཅན་རིག་འཛིན་དཔལ་མགོན་བླ་མའི་བཀའ་བཞིན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབ་པའོ།། །། སྐྱ འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས༔ རིན་ཆེན་འབྱུང་ལྡན་ཚེ་དཔག་མེད་སེར་པོའི་ཕྲིན་ལས་བཞུགས༔ ༔༔༔བརྡ་ཡིག༔༔ ཡོན་ཏན་རིན་ཆེན་དབྱིངས་ལ་འདུད༔ མ་འོངས་གདུལ་བྱ་ཐམས་ཅད་ཀུན༔ ཁྲག་གི་ཁམས་ནས་ཚེ་ཉམས་ན༔ ལུས་རེངས་ཡན་ལག་དབང་པོ་ཉམས༔ པགས་པའི་རེག་བྱ་རྩུབ་པ་དང༔ རྨུ་ཆུ་གྲང་བའི་ནད་ཟུག་ཆེ༔ ཤེས་པ་རྣམ་རྟོག་མང་ལ་རྒོད༔ གཉིད་ཡེར་སེམས་འཁྲུགས་དུས་ཀྱི་ཚེ༔ སྙིང་པོའི་རྣལ་འབྱོ་འདི་གནད་ཟབ༔ ཧྲཱིཿ ཆོས་སྐུ་དེ་བཞིན་ཉིད་ཀྱི་དབྱིངས༔ སྙིང་རྗེ་སྒྱུ་མ་ལོངས་སྐུའི་མདངས༔ ཕྱག་རྒྱ་གཅིག་པའི་ཡི་གེ་ཏྲཱྃཿ སྤྲུལ་སྐུ་འོད་གསལ་ཆེན་པོར་ཤར༔ སྤྲོ་བསྡུས་སྣོད་བཅུད་དངོས་འཛིན་སྦྱངས༔ དག་པ་རབ་འབྱམས་དཔལ་ལྡན་བརྩེགས༔ རིན་ཆེན་ཚེ་ཡི་ཞིང་ཁམས་ཆེ༔ ཕུན་ཚོགས་དཀྱིལ་འཁོར་རྨད་བྱུང་བའི༔ གཤེར་བ་ཁྲག་གི་དབྱིངས་ཐམས་ཅད༔ ངོ་བོ་མཱ་མ་ཀཱི་ཡི་མཁའ༔ རྣམ་པ་བདུད་རྩིའི་རྒྱ་མཚོ་ནི༔ གཏིང་ཟབ་ཡན་ལག་བརྒྱད་དང་ལྡན༔ ཡིད་འོང་བྱ་ཚོགས་དགའ་བས་བརྩེ༔ རྣམ་བཀྲ་མེ་ཏོག་རྒྱས་པས་ཁེབས༔ མཚོ་དབུས་རིན་ཆེན་རྟ་ཡི་ཁྲི༔ སྟེང་དུ་པདྨའི་སྡོང་བུ་ནི༔ ཡལ་ག་རབ་ཏུ་རྒྱས་པ་ཡི༔ ཟེའུ་འབྲུ་རྣམ་པར་བཞད་པའི་སྟེང༔ ཟླ་བ་རྒྱས་པའི་དཀྱིལ་འཁོར་ལ༔ ས་བོན་ཡོངས་གྱུར་ཚེ་དཔག་མེད༔ རིན་ཆེན་འབྱུང་ལྡན་གསེར་གྱི་མདོག༔ ཞི་འཛུམ་དར་དང་རིན་ཆེན་བརྒྱན༔ མཚན་དཔེའི་འོད་ཀྱིས་ཞིང་ཀུན་ཁྱབ༔ རྡོ་རྗེའི་སྐྱིལ་མོ་ཀྲུང་དང་བཅས༔ རིགས་ཀྱི་ཡུམ་མཆོག་མཱ་མ་ཀཱི༔ རིན་ཆེན་ཚེ་བུམ་བསྣམས་པ་དང༔ གཉིས་མེད་སྦྱོར་བའི་ཕྱག་མཉམ་བཞག༔ ཚེ་བུམ་ནོར་བུས་མཚན་པ་བསྣམས༔ ཚོར་བའི་རྒྱལ་པོ་དཀྱིལ་འཁོར་གྱི༔ ཁྱབ་བདག་སྟངས་དཔྱལ་དགྱེས་པར་སྦྱོར༔ འོད་ཟེར་གསེར་གྱི་ཁ་དོག་དང༔ རྗེས་སུ་ཆགས་པའི་སྦྱོར་བའི་སྒྲས༔ སྲིད་ཞིའི་དྭངས་མ་བསྡུས་པའི་སྤྲིན༔ སྐུ་ལ་ཐིམ་པས་བྱང་སེམས་གྱུར༔ ཞུ་བ་མཁའ་གསང་ནས་སྤྲོས་པ༔ ཡེ་ཤེས་དབྱངས་ཀྱི་ཕྲེང་བར་ཤར༔ གཙོ་བོའི་འདབས་འཁོར་པད་འདབ་སྟེང༔ དྲུག་ཅུ་རྩ་བཞིའི་མགྱོགས་མ་སེར༔ མདའ་དར་བུམ་འཛིན་གར་སྟབས་བསྒྱུར༔ དར་དང་རིན་ཆེན་རུས་པས་བརྒྱན༔ རང་འོད་སྤྲུལ་པའི་ཕོ་ཉ་སྤྲོ༔ སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ལྷ༔ རང་བྱུང་མཉམ་ཉིད་གཅིག་ཏུ་རྫོགས༔ སྟེང་འོག་བར་གྱི་ཆ་ཐམས་ཅད༔ རྩ་གསུམ་ཚེ་ལྷ་རབ་འབྱམས་ཀུན༔ དྭངས་པའི་མཁའ་ལ་ཆར་སྤྲིན་ལྟར༔ ཐིག་ལེ་གཅིག་ལས་དུ་མར་ཤར༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་གྱིས༔ མི་ཕྱེད་རྡོ་རྗེའི་སྐུ་གསུང་ཐུགས༔ བདེ་གཤེགས་རིགས་ལྔས་དབང་བསྐུར་བས༔ སྒྲིབ་དག་ཡེ་ཤེས་རྒྱུད་ལ་སྐྱེས༔ ཨོཾ་ཨཱཿཧཱུྃ༔ ཏྲཱྃ་ཧཱུྃ་ཨོཾ་ཧྲཱིཿཨཱཿ ལས་ཀྱི་ཡན་ལག་སྤྱི་ལྟར་བྱ༔ གསལ་སྣང་བརྟན་ན་བཟླས་པ་ནི༔ རིན་འབྱུང་ཚེ་དཔག་མེད་མགོན་གྱི༔ ཐུགས་དབུས་རཏྣ་ཐོད་ཕྲེང་རྩལ༔ སེར་གསལ་གཅེར་བུ་ཧེ་རུ་ཀའི༔ ཆ་བྱད་མདའ་དར་ཚེ་བུམ་བསྣམས༔ རིན་ཆེན་ཌཱ་ཀི་དང་སྦྱོར་བའི༔ ཐུགས་དབུས་ཉི་ཟླའི་གྭའུར་ཏྲཱྃ༔ གསེར་མདོག་སྔགས་ལས་བྱུང་བ་ཡི༔ འོད་ཀྱིས་རང་གཞན་དོན་གཉིས་སྒྲུབ༔ ཁྱད་པར་ཆུ་ཁམས་དྭངས་མ་ཀུན༔ གསེར་ཞུན་ལྟར་བསྡུས་སྙིང་གར་ཐིམ༔ སླར་ཡང་ས་བོན་ལས་བྱུང་བའི༔ འོད་ཀྱི་བདུད་རྩིས་ལུས་གང་སྟེ༔ ཁྲག་གི་ཁམས་ཉམས་ནད་གདོན་ཞི༔ རྒྱུན་རིང་མི་ཆད་ཚེ་ཡི་མཆོག༔ ཡོན་ཏན་རིན་ཆེན་སྙིང་པོའི་སྲོག༔ ད་ལྟ་ཉིད་དུ་ཐོབ་པར་དམིགས༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཏྲཱྃ༔ འབུམ་ཕྲག་བཞི་བཟླས་དངོས་གྲུབ་ཐོབ༔ ལྷ་ཚོགས་ཐུགས་རྗེའི་འོད་ཟེར་གྱིས༔ མཁའ་ཁྱབ་ཞིང་གི་ཆུ་ཁམས་ཀུན༔ རིན་ཆེན་ཚེ་བདག་རྣམ་པར་བཞེངས༔ རྡོ་རྗེའི་སྔགས་སྒྲ་ཏིང་འཛིན་གྱིས༔ ཡོན་ཏན་ཚེ་ཡི་དཔལ་བསྐྱེད་པའི༔ དངོས་གྲུབ་བྱང་ཆུབ་སེམས་ཀྱི་སྙིང༔ ལུས་ལ་ཐིམ་པས་ཁྲག་ཁམས་ཚེ༔ འཕེལ་རྒྱས་ནམ་ཡང་མི་འགྱུར་བསམ༔ སྭཱ་རཏྣ་དྷྲྀཀ་མཱཾ་མོ་ཧ་ར་ཏི༔ ཨོཾ་ན་མོ་བྷ་ག་བ་ཏེ་ཨ་པ་ར་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡཿ ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ༔ བི་ཤུདྡྷེ༔ མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ༔ འབུམ་བཞི་སྒྲུབ་པའི་རིམ་པ་སྟེ༔ དཀྱིལ་འཁོར་ལྷ་ཡི་འོད་ཟེར་ནི༔ མཁའ་མཉམ་ཞིང་དུ་བརྡལ་བ་ལས༔ སྒོ་གསུམ་ཆ་མཉམ་ལས་ངན་གྱིས༔ ཚེ་ཉམས་རྒྱུ་འབྲས་མ་ལུས་སྦྱངས༔ རྡོ་རྗེ་ཕུང་པོའི་སྟོབས་བསྐྱེད་པའི༔ དྭངས་མ་ཀུན་བསྡུས་ཐིམ་པ་ཡིས༔ བདུད་བགེགས་བསྒྲལ་ཞིང་ཡོན་ཏན་གྱི༔ ཚེ་ལ་རང་དབང་ཐོབ་པར་འགྱུར༔ ཨོཾ་རཏྣ་ཨཱ་ཡུརྫྙཱ་ན་ཨ་པ་རི་མི་ཏ་ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཧཱུྃ༔ ཨཱ་ཡུ་སརྦ་སིདྡྷི་ཀུ་རུ་ཧཱུྃ༔ འབུམ་ཕྲག་བཟླས་པས་ལས་སྦྱོར་ཏེ༔ ཐུན་མཚམས་མཆོད་སྦྱིན་སྤྱི་དང་ནི༔ དྲི་བཟང་རིན་ཆེན་སྦགས་པ་ཡི༔ ཁྱད་པར་མཆོད་ཡོན་བརྒྱ་རྩ་ཕུལ༔ སྒྲིབ་སྦྱོང་ཁྲུས་ཀྱི་རྣལ་འབྱོར་འབད༔ ལན་ཚྭ་ཉིང་ཁུར་བསྡུས་པ་ནི༔ མེ་ཏོག་བཅུད་དང་བསྲེས་པ་ཉིད༔ བྱིན་གྱིས་བརླབས་ཏེ་བསྟེན་པ་ཡིས༔ མདངས་གསལ་དབང་པོ་འཕེལ་བར་བྱེད༔ རྫོགས་པའི་རིམ་པ་རྒྱུད་ལྟར་བསྒོམ༔ རིམ་པ་གཉིས་ཀྱི་ཐབས་མཁས་ལས༔ ལུས་མཉེན་ཡན་ལག་ལྕུག་པ་དང༔ བཀྲག་དང་མདངས་འཕེལ་ཚེ་ཡི་མཆོག༔ རྒྱུན་རིང་དབང་པོ་རྣམ་པར་གསལ༔ འོད་གསལ་ཡེ་ཤེས་ཐོབ་པར་འགྱུར༔ མན་ངག་སྙིང་པོའི་ལམ་འདི་ཡང༔ སྐལ་བ་ཅན་ལ་དུས་སུ་སྣང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པའང་མཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་ཅན་རིག་འཛིན་བླ་མའི་བཀའ་བཞིན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབ་པའོ།། །། སྐྱ འཆི་མེད་ཚེ་ཡི་སྙིང་ཐིག་ལས༔ སྣང་བ་མཐའ་ཡས་ཚེ་དཔག་མེད་དམར་པོའི་ཕྲིན་ལས་བཞུགས་སོ༔ ༔༔བརྡ་ཡིག ༔༔ པདྨ་གསུང་གི་ཚེ་བདག་འདུད༔ དུས་ཀྱི་ཐ་མའི་སེམས་ཅན་རྣམས༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་ན༔ ལུས་ལ་དྲོད་མེད་གཟི་བྱིན་ཆུང༔ སྟོབས་ཞན་ཟས་ཀྱང་མི་འཇུ་ཞིང༔ གཅོང་ནད་དུ་མས་མནར་བའི་ཚེ༔ སེམས་ཀྱི་སྣང་བ་དཔའ་ཞུམ་འགྱུར༔ དེ་ཚེ་ཡང་དག་བསྐྱེད་པའི་རིམ༔ རྩེ་གཅིག་རྣལ་འབྱོར་འདི་ལྟར་སྒོམས༔ ཧྲཱིཿ ཆོས་ཀུན་གཟོད་ནས་སྟོང་པ་ཉིད༔ སྐྱེ་མེད་དབྱིངས་ལས་སྙིང་རྗེ་ཤར༔ ཟུང་འཇུག་ས་བོན་ཧྲཱིཿདམར་གསལ༔ དྭངས་པའི་མཁའ་ལ་ཉི་མ་བཞིན༔ འོད་ཀྱིས་བརྟན་གཡོའི་སྣང་ཞེན་སྦྱངས༔ ཅིར་སྣང་ཡེ་ཤེས་རྒྱན་རྫོགས་པའི༔ པདྨའི་ཞིང་གི་བཀོད་པ་ཤར༔ བསམ་ཡས་དཀྱིལ་འཁོར་བློ་ལས་འདས༔ ཟླ་གམ་སྒོ་གཅིག་མཚན་ཉིད་རྫོགས༔ བདེ་དྲོད་འོད་ཀྱི་སྤྲིན་ཆེན་པོ༔ འབར་བ་རང་གསལ་དྲོད་ཀྱི་དབྱིངས༔ ངོ་བོ་ཡུམ་ཆེན་ན་བཟའ་དཀར༔ རྣམ་པ་འབར་བའི་སྣང་བས་ཁྱབ༔ དལ་དབུས་རྨ་བྱའི་ཁྲི་ཡངས་པར༔ པད་ཟླ་རྒྱས་པའི་གདན་གྱི་སྟེང༔ སྣང་བ་མཐའ་ཡས་ཚེ་ཡི་བདག༔ དམར་གསལ་བདེ་ཆེན་རྒྱས་པའི་ཉམས༔ སྒེག་བཞད་དར་དང་རིན་ཆེན་བརྒྱན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དང༔ མཉམ་གཞག་ཕྱག་གིས་ཚེ་ཡི་བུམ༔ པདྨའི་ཁ་རྒྱན་མཛེས་པ་འཛིན༔ འདུ་ཤེས་རྒྱལ་པོ་སོ་སོར་རྟོགས༔ བདེ་གཤེགས་གསུང་གི་རྡོ་རྗེ་ནི༔ གར་གྱི་དབང་ཕྱུག་སྦྱོར་བའི་ཡུམ༔ གོས་དཀར་ལྷ་མོ་དམར་སེར་ནི༔ པདྨ་ཚེ་བུམ་བསྣམས་དང་འཁྲིལ༔ གཉིས་མེད་དགྱེས་པའི་བདེ་བའི་འབྲས༔ ཁམས་གསུམ་སྲིད་ཞི་དྭངས་མར་ཞུ༔ ཞལ་ཞུགས་བྱང་ཆུབ་སེམས་ཆེན་པོ༔ མཁའ་གསང་ནས་འཕྲོས་དབྱངས་ཀྱི་ཚོགས༔ དམར་གསལ་བྱེ་རུའི་ཕྲེང་ལྟར་འཕྲོས༔ ཕྱོགས་མཚམས་བཅུ་དྲུག་པད་འདབ་སྟེང༔ ཚེ་ཡི་ལྷ་མོ་ཌཱ་ཀི་དམར༔ གཅེར་བུ་རིན་ཆེན་རུས་རྒྱན་ཅན༔ མདའ་དར་བུམ་འཛིན་མགྱོགས་མ་སྤྲོ༔ ཐིག་ལེའི་སྒོ་གཅིག་ནུབ་བསྟན་དབུས༔ ཁྲོ་བོའི་རྒྱལ་པོ་རྟ་ཡི་མགྲིན༔ དམར་གསལ་པདྨའི་དབྱུག་ཏོ་དང༔ སྡིག་མཛུབ་ཁྲོ་ཆས་རྫོགས་པའི་ཚུལ༔ བརྐྱང་བསྐུམ་གར་གྱིས་བཞེངས་པ་གསལ༔ ཁོར་ཡུག་རྩ་གསུམ་ཚེ་ཡི་ལྷ༔ ཀུན་ཀྱང་པདྨའི་རིགས་ཀྱི་ཚུལ༔ སྤྲོ་བསྡུའི་ཆོ་འཕྲུལ་རྨད་བྱུང་ཤར༔ གསང་གསུམ་ཡི་གེའི་རྒྱས་བཏབ་པས༔ རྡོ་རྗེ་གསུམ་དུ་ལྷུན་གྲུབ་ཅིང༔ གནས་ལྔར་ཡེ་ཤེས་སྒྱུ་འཕྲུལ་དྲྭ༔ འཆར་བས་དབང་བསྐུར་ཅོད་པན་འཆང༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཱཿ སྣོད་བཅུད་དག་པའི་བསྐྱེད་རིམ་དང༔ དངོས་ཞེན་རང་རྒྱུད་ལས་འདས་པའི༔ དག་དྲན་གསལ་བརྟན་རྫོགས་པའི་ཚེ༔ བསྙེན་སྒྲུབ་ལས་ཀྱི་བཟླས་པ་ནི༔ སྣང་མཐའི་ཐུགས་ཀར་པད་ཟླའི་སྟེང༔ པདྨ་ཐོད་ཕྲེང་སྐུ་མདོག་དམར༔ གཅེར་བུ་བརྟུལ་ཞུགས་གྲུབ་པའི་ཚུལ༔ མདའ་དར་བུམ་འཛིན་ཡུམ་དང་སྦྱོར༔ ཐུགས་དབུས་ཆུ་སྐྱེས་ཉི་ཟླའི་ཀློང༔ ཧྲཱིཿདམར་སྔགས་ཀྱི་སྤྲོ་བསྡུ་ཡིས༔ དོན་གཉིས་བྱས་ཤིང་ཁྱད་པར་དུ༔ མཁའ་ཁྱབ་འཇིག་རྟེན་མ་ལུས་པའི༔ མེ་ཁམས་དྲོད་ཀྱི་དྭངས་མ་ཀུན༔ བསྡུས་ཏེ་ལུས་གང་བདེ་དྲོད་ཀྱིས༔ དྲོད་ཉམས་ནད་གདོན་བར་ཆད་བསལ༔ གཟི་བྱིན་རྡོ་རྗེའི་སྲོག་གྲུབ་པའི༔ ཚེ་དང་ཡེ་ཤེས་སྣང་བ་སྤེལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་པདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧྲཱིཿ འབུམ་བཞི་བཟླས་པས་མཚན་མ་མཐོང༔ དཀྱིལ་འཁོར་ལྷ་ཡི་འོད་ཟེར་གྱིས༔ དཔག་མེད་ཞིང་གི་མེ་ཡི་ཁམས༔ པདྨ་ཚེ་མཐའ་ཡས་པར་ཤར༔ ཀུན་ཀྱང་ཛཔ་ཀྱི་སྒྲ་སྒྲོག་ཅིང༔ ཏིང་འཛིན་དགོངས་པས་གསུང་གི་ཚེ༔ སྙིང་པོ་བྱང་ཆུབ་སེམས་ཀྱི་མཆོག༔ བསྡུས་ཏེ་ལུས་ཀྱི་དྲོ་བའི་དབྱིངས༔ ཐིམ་ནས་དྲོད་ཀྱི་ཚེ་རྒྱས་བསམ༔ ཨཱཾ་ཨ་རོ་ལྀཀ་པཱྃ་རཱ་ག་ར་ཏི༔ ཨོཾ་ན་མོ་བྷ་ག་བ་ཏེ་སོགས། སྭཱ་ཧཱ༔ འབུམ་ཕྲག་བཞི་ཡིས་འགྲུབ་པར་འགྱུར༔ ལྷ་ཚོགས་དགྱེས་པའི་འོད་སྣང་གིས༔ མཁའ་ཁྱབ་ཞིང་ཁྱབ་ཡིད་ཅན་གྱི༔ ངག་གི་ཚེ་ཉམས་ལས་སྒྲིབ་སྦྱངས༔ རྡོ་རྗེ་མེ་ཡི་སྟོབས་བསྐྱེད་པའི༔ དྭངས་མ་བདག་ཐིམ་ཚེ་བདུད་བགེགས༔ བར་ཆད་བསྒྲལ་ཞིང་གསུང་གི་ཚེ༔ ཡིད་བཞིན་འགྲུབ་པའི་སྐལ་ལྡན་བསམ༔ ཨོཾ་པདྨ་ཨཱ་ཡུརྫྙཱ་ན་ཨ་པ་རི་མི་ཏ་ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཧཱུྃཿ ཨཱ་ཡུ་སརྦ་སིདྡྷི་ཀུ་རུ་ཧཱུྃ༔ འབུམ་ཕྲག་གཅིག་གིས་ལས་འགྲུབ་ཅིང༔ ཐུན་མཚམས་ཆོས་སྤྱོད་བཟླས་བརྗོད་དངཿ ཁྱད་པར་མར་མེ་བརྒྱ་རྩ་ཕུལ༔ ཕྱི་ནང་གསང་བའི་བསྲེག་བླུགས་བརྩོན༔ བཅུད་ལེན་བསྟེན་ན་རྩ་བ་གསུམ༔ མཁྲིས་ཆེན་དྭངས་མར་བསྟིམས་ཏེ་བསྐོལ༔ ཉིང་ཁུ་ཆང་གི་རིལ་བུར་དྲིལ༔ ལྷ་སྔགས་བྱིན་བརླབས་བསྟེན་པ་དང༔ བཀུ་མཉེས་དྲོད་ཀྱང་མྱུར་དུ་འབར༔ གཟི་བྱིན་རྒྱས་ཤིང་སེམས་སྟོབས་འཕེལ༔ དྲོད་ཆེ་གྲང་བའི་ནད་རིགས་ཞི༔ ལྤགས་པའི་མདོག་བཟང་ཚེ་འཕེལ་ནས༔ པདྨ་ཚེ་ཡི་གནས་ཐོབ་འགྱུར༔ སྱ་མྱ་ཡྲ༔ རྒྱ་རྒྱ་རྒྱ༔ ཞེས་པའང་འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་ཅན་རིག་འཛིན་བླ་མའི་བཀའ་བཞིན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབ་པའོ།། །། སྐྱ འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས༔ དོན་ཡོད་གྲུབ་པ་ཚེ་དཔག་མེད་ལྗང་གུའི་ཕྲིན་ལས་བཞུགས༔ ༔༔༔བརྡ་ཡིག༔༔༔ ཕྲིན་ལས་ཚེ་ཡི་ལྷ་ལ་འདུད༔ ཕྱི་མའི་གདུལ་བྱ་དབུགས་ཁམས་ཀྱི༔ ཚེ་ཉམས་ལུས་ལྗི་ཤེས་པ་འཕྱོ༔ སྐད་འཛེར་རྒྱུ་བ་ཐུང་ལ་རྒོད༔ ཤེས་པ་འཕྱོ་ཞིང་རྟོག་ཚོགས་རྒོད༔ སྨྲ་བརྗོད་ལོག་པར་སྨྲ་བ་འབྱུང༔ དེ་ཚེ་དེ་ཡི་གཉེན་པོ་ནི༔ རྡོ་རྗེའི་ཏིང་འཛིན་མཆོག་འདིས་བྱེད༔ ཨཿ རྣམ་ཀུན་མཆོག་ལྡན་སྟོང་པའི་དབྱིངས༔ སྙིང་རྗེའི་ཡེ་ཤེས་མཁའ་ཁྱབ་ཤར༔ གང་དུའང་མི་གནས་སེམས་ཀྱི་ཁམས༔ སྙིང་པོའི་ས་བོན་ཨཱ་ལྗང་གུས༔ སྣོད་བཅུད་སྦྱངས་ནས་དག་པའི་ཞིང༔ ལས་རབ་རྫོགས་པའི་ཕོ་བྲང་ཆེ༔ གཞལ་ཡས་རྒྱན་བཀོད་རྫོགས་པའི་ལྟེར༔ ཤང་ཤང་ཁྲི་སྟེང་གཡོ་བའི་དབྱིངས༔ ངོ་བོ་སྒྲོལ་མ་རྣམ་པ་ནི༔ ལྗང་གསལ་འོད་ཀྱི་རྒྱ་གྲམ་གདན༔ པད་ཟླར་ས་བོན་ཡོངས་སུ་གྱུར༔ ཚེ་ཡི་བདག་པོ་དོན་ཡོད་གྲུབ༔ མཚན་དཔེའི་འོད་ཕུང་ལྗང་གསལ་འཚེར༔ ལོངས་སྤྱོད་རྫོགས་པའི་ཆ་བྱད་ཅན༔ རྡོ་རྗེའི་སྐྱིལ་ཀྲུང་ཚེ་བུམ་ནི༔ རྒྱ་གྲམ་མཚན་པ་ཕྱག་གཉིས་ཀྱི༔ མཉམ་བཞག་ཕྱག་རྒྱས་འཛིན་པའི་པང༔ ཡུམ་ཆེན་དམ་ཚིག་སྒྲོལ་མ་ལྗང༔ རྒྱ་གྲམ་པདྨ་འཛིན་པ་སྦྱོར༔ འདུ་བྱེད་རྒྱལ་པོ་སྟངས་དཔྱལ་གྱི༔ དཀྱིལ་འཁོར་འབྱུང་བའི་གནས་སུ་ཤར༔ རྗེས་ཆགས་སྦྱོར་བའི་སེམས་སྤྲིན་སྤྲོ༔ སྲིད་ཞིའི་དྭངས་མ་བསྡུས་པ་ལས༔ མཁའ་གསང་བདེ་སྟོང་རོལ་པའི་གཟུགས༔ བྱང་སེམས་དྭངས་མས་ཕྱོགས་མཚམས་བརྡལ༔ བདུན་ཅུ་རྩ་གཉིས་ཚེའི་ལྷ་མོ༔ ལྗང་གུ་མདའ་དར་བུམ་པ་འཛིན༔ གར་གྱི་སྟབས་ཅན་གསལ་བ་ཡི༔ ཕོ་ཉ་མགྱོགས་མ་སྤྲིན་ལྟར་གཏིབས༔ སྒོ་བཞིར་དབང་ཆེན་སྡེ་བཞི་པོ༔ ལས་མདོག་ཕྱག་རྒྱ་བཞི་འཛིན་གསལ༔ བར་མཚམས་རྩ་གསུམ་ཆོས་སྲུང་བཅས༔ དྭངས་པའི་འཇའ་སྤྲིན་བཞིན་དུ་ཤར༔ སྒོ་གསུམ་སྐུ་གསུང་ཐུགས་ཀྱི་དབྱིངས༔ རིགས་ལྔས་དབང་བསྐུར་འཁྲུལ་རྟོག་སྦྱངས༔ རིགས་ཀྱི་བདག་པོ་ཡེ་ཤེས་སྐུའི༔ རྒྱས་བཏབ་ཕྲིན་ལས་ཕྱག་རྒྱར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཨཱ་ཧཱུྃ་ཏྲཱྃ་ཧྲཱིཿཨོཾ༔ གདོད་ནས་དག་པའི་དཀྱིལ་འཁོར་པ༔ སྣང་གྲགས་རིག་པའི་དབྱིངས་མཉམ་པའི༔ ངང་ཚུལ་ཤེས་པའི་བསྐྱེད་རིམ་ནི༔ མཆོག་གི་དངོས་གྲུབ་རྒྱུ་རུ་གསུངས༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ ཀརྨ་ཐོད་ཕྲེང་གཅེར་བུ་ལྗང༔ ཡུམ་དང་གཉིས་མེད་སྦྱོར་བའི་ཕྱག༔ མདའ་དར་བུམ་འཛིན་ཐུགས་ཀ་རུ༔ པདྨ་ཉི་ཟླའི་གྭ་འུ་ལ༔ ས་བོན་ཨཱ་ཡིག་སྔགས་ཀྱིས་བསྐོར༔ སྤྲོ་བསྡུས་དོན་གཉིས་ཡིད་བཞིན་སྒྲུབ༔ ཁྱད་པར་མཁའ་ཁྱབ་རླུང་གི་ཁམས༔ དྭངས་མར་བསྡུས་ཐིམ་ལུས་གང་སྟེ༔ དབུགས་ཉམས་ནད་གདོན་བར་ཆད་བསལ༔ ཡེ་ཤེས་ཚེ་ཡི་མཆོག་ཐོབ་དམིགས༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་ཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷཱུྃ་ཨཱ༔ འབུམ་ཕྲག་བཞི་ཡི་གྲངས་ཐེམ་བྱ༔ དལ་གྱི་ལྷ་ལས་འོད་འཕྲོས་པས༔ ཞིང་ཁམས་ཀུན་གྱི་རླུང་གི་ཁམས༔ དོན་ཡོད་ཚེ་ཡི་རྒྱལ་པོར་བཞེངས༔ སྔགས་སྒྲ་སྒྲོག་ཅིང་དགོངས་པ་བསྐྱེད༔ དྭངས་མ་བདག་ལ་ཐིམ་པ་ལས༔ གཡོ་བ་རླུང་གི་ཚེ་རྒྱས་ཤིང༔ དངོས་གྲུབ་མཐའ་དག་ཐོབ་པར་བསམ༔ ཧཱ་པྲ་ཛྙཱ་དྷྲྀཀ་ཏཱཾ་བཛྲ་ར་ཏི༔ ཨོཾ་ན་མོ་བྷ་ག་བ་ཏེ་སོགས། སྭཱ་ཧཱ༔ བཟླས་པ་འབུམ་ཕྲག་བཞི་རུ་བྱ༔ དཀྱིལ་འཁོར་ལྷ་ཡི་ཏིང་འཛིན་གྱིས༔ སྐུ་ལས་སྐྱེས་པའི་འོད་ཟེར་སྤྲོས༔ སྒོ་གསུམ་བྱ་བ་མཐའ་དག་གིས༔ ཚེ་ཉམས་རྒྱུ་འབྲས་མ་ལུས་སྦྱངས༔ ཡེ་ཤེས་རླུང་གི་བཅུད་འཕེལ་བའི༔ དངོས་གྲུབ་གཟི་བྱིན་འུབ་ཀྱིས་བསྡུས༔ གདོན་བགེགས་བར་ཆད་ཞི་བར་བྱས༔ ཕྲིན་ལས་ཚེ་ལ་དབང་ཐོབ་གྱུར༔ ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཨ་པ་རི་མི་ཏ་ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཧཱུྃ༔ ཨཱ་ཡུ་སརྦ་སིདྡྷི་ཧཱུྃ༔ འབུམ་གཅིག་བཟླས་པས་ལས་ཀུན་འགྲུབ༔ ཐུན་མཚམས་རྣམ་དཀར་བསོད་ནམས་བསགས༔ གཟུངས་ལྡན་ཅོད་པན་སྲོག་ཁམས་ཀྱི༔ འབྱུང་བ་མ་བུ་གྲོགས་གསུམ་གྱི༔ ཁ་དོག་ལྡན་པ་བརྒྱ་རྩ་འབུལ༔ རིག་སྔགས་འཁོར་ལོ་རླུང་ལ་བསྐོར༔ བུམ་ཅན་ནང་གི་ཏིང་འཛིན་དང༔ སྦྱར་བའི་རྡོ་རྗེའི་བཟླས་པར་འབད༔ དེས་ནི་ལུས་ཡང་སྟོབས་རྩལ་ལྡན༔ ཡན་ལག་མཉེན་ལྷུག་ངག་ཚིག་བཙན༔ སྐད་ཀྱི་གདངས་གསལ་ལས་ཀུན་འགྲུབ༔ ཁམས་དྭངས་མདངས་ལེགས་སྟོབས་འཕེལ་འབྱུང༔ སྱ་མྱ་ཡྲ༔ རྒྱ་རྒྱ་རྒྱ༔ ཞེས་པའང་འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་ཅན་རིག་འཛིན་བླ་མའི་བཀའ་བཞིན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབ་པའོ།། །། སྐྱ འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས༔ མི་བསྐྱོད་རྡོ་རྗེ་ཚེ་དཔག་མེད་མཐིང་གའི་ཕྲིན་ལས་བཞུགས༔ ༔༔༔བརྡ་ཡིག༔༔༔ རྡོ་རྗེ་ཚེ་ཡི་ལྷ་ལ་འདུད༔ དུས་མཐའི་འགྲོ་བ་སེམས་སྟོབས་ཉམས༔ རྟགས་སུ་སྙིང་ལ་རླུང་གིས་སྤུར༔ བློ་སྣ་འགྱུར་ཞིང་བྱིང་རྒོད་རགས༔ དོན་མེད་གས་རིང་འདོན་སོགས་འབྱུང༔ དེ་ལས་སྐྱོབ་པའི་གདམས་པ་ནི༔ རྩེ་གཅིག་ཡིད་ཀྱིས་འདི་ལྟར་སྒོམས༔ ཧཱུྃ༔ དབྱིངས་ཀྱི་ངོ་བོ་དེ་བཞིན་ཉིད༔ རིག་པ་རང་བྱུང་ཀུན་ཏུ་སྣང༔ གཉིས་མེད་ཡེ་ཤེས་དག་པ་ཡི༔ སྙིང་པོ་ཡི་གེ་ཧཱུྃ་དུ་ཤར༔ འོད་ཀྱིས་འཇིག་རྟེན་དངོས་འཛིན་སྦྱངས༔ ཕྱི་སྣོད་རྡོ་རྗེ་ཚེ་ཡི་ཞིང༔ ཕུན་ཚོགས་བཀོད་པ་དུ་མས་སྤྲས༔ ནང་བཅུད་དཔའ་བོ་རྣལ་འབྱོར་མ༔ ཡེ་ཤེས་དག་པའི་འཁོར་ལོ་རྫོགས༔ དབུས་སུ་རིན་ཆེན་གཞལ་ཡས་ཁང༔ རྒྱན་བཀོད་ཆོ་འཕྲུལ་རྨད་བྱུང་བའི༔ ཟག་མེད་ཡོན་ཏན་རྒྱས་པའི་ཞིང༔ བཀོད་པ་ཡེ་ཤེས་རོལ་མོར་ཤར༔ ལྟེ་བར་ངོ་བོ་དབྱིངས་ཕྱུག་ཡུམ༔ རྣམ་པ་སྟོང་དབྱིངས་ནམ་མཁའི་གཟུགས༔ འོད་ཀྱི་ཆོས་འབྱུང་སྔོ་ལ་དྭངས༔ རྨད་དུ་བྱུང་བའི་ཀློང་ཆེན་པོར༔ ས་བོན་ཧཱུྃ་ཡིག་ཡོངས་གྱུར་ལས༔ རྡོ་རྗེ་མི་བསྐྱོད་ཚེ་ཡི་བདག༔ མཐིང་གསལ་རྟོག་བྲལ་ཞི་ཞིང་འཛུམ༔ ལོངས་སྐུའི་རྒྱན་རྫོགས་པདྨ་ཟླ༔ གླང་པོའི་ཁྲི་ལ་མཛེས་པར་བཞུགས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ཅན༔ སྣ་ཚོགས་འོད་ཟེར་འཕྲོ་བའི་ཀློང༔ རང་འོད་དབྱིངས་ཕྱུག་ཚེ་བུམ་དང༔ རྡོ་རྗེ་བསྣམས་པར་གཉིས་མེད་སྦྱོར༔ ཡབ་ཀྱི་ཕྱག་གཉིས་མཉམ་བཞག་གིས༔ ཚེ་བུམ་རྡོ་རྗེས་མཚན་པ་བསྣམས༔ རྗེས་ཆགས་སྦྱོར་བས་རྒྱལ་ཀུན་བསྐུལ༔ སྲིད་ཞིའི་སྙིང་པོ་སེམས་ཀྱི་སྤྲིན༔ བསྡུས་པ་ཞལ་ཞུགས་སྐུའི་དབྱིབས་བརྒྱུད༔ མཁའ་གསང་བབས་པ་རྟེན་འབྲེལ་སྙིང༔ མཐིང་ནག་འོད་ཀྱི་ཡི་གེ་སྤྲོས༔ གཙོ་བོའི་ཕྱོགས་མཚམས་པད་འདབ་བརྒྱད༔ བབས་པ་ཚེ་ཡི་ཌཱ་ཀི་མོ༔ མཐིང་ནག་རྒྱན་ཆས་རྫོགས་པའི་སྐུ༔ མདའ་དར་བུམ་འཛིན་གར་སྟབས་ཅན༔ ཕོ་ཉ་མགྱོགས་མ་སྤྲོ་བར་གསལ༔ སྒོ་བཞིར་རིགས་ཀྱི་དབང་མཆོག་བཞི༔ ཡབ་ཡུམ་ཁྲོ་ཆས་རྫོགས་པ་ཡིས༔ ཕྱག་རྒྱ་བཞི་འཛིན་བར་མཚམས་སུ༔ འཆི་མེད་རྩ་གསུམ་ཚེ་ཡི་ལྷ༔ མ་འདྲེས་ཉི་དང་ཟེར་བཞིན་གསལ༔ གནས་གསུམ་འོད་ཀྱི་ཡི་གེ་ལས༔ སྤྲོ་བསྡུས་རྡོ་རྗེ་གསུམ་རྫོགས་ཤིང༔ རིགས་ཀྱི་བདག་པོ་སྟངས་དཔྱལ་གྱིས༔ ཁ་སྦྱོར་སེམས་ཀྱི་དབང་བསྐུར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿ རྩེ་གཅིག་བསྐྱེད་པའི་གསལ་སྣང་འདོན༔ ཏིང་འཛིན་རྩལ་སྦྱོང་ལས་རིམ་བྱ༔ སྤྲོ་ན་བསྙེན་སྒྲུབ་ལས་སྦྱོར་བའི༔ བཟླས་པས་བོགས་འབྱིན་དངོས་གྲུབ་མྱུར༔ ཚེ་བདག་ཐུགས་ཀར་ཡེ་ཤེས་སེམས༔ བཛྲ་ཐོད་ཕྲེང་མཐིང་གསལ་བཞུགས༔ གཅེར་བུ་ཡུམ་སྦྱོར་མདའ་དར་དང༔ བུམ་པ་འཛིན་པའི་ཐུགས་དབུས་སུ༔ པདྨ་ཉི་ཟླར་ཐུགས་སྲོག་ཧཱུྃ༔ སྔགས་ཀྱིས་བསྐོར་བས་དོན་གཉིས་བྱས༔ ཁྱད་པར་རབ་འབྱམས་འཇིག་རྟེན་གྱི༔ ནམ་མཁའི་བཅུད་ཀུན་བསྡུས་ལ་ཐིམ༔ སེམས་ཀྱི་ཚེ་ཉམས་ནད་གདོན་བགེགས༔ བར་ཆད་བསལ་ཏེ་དྭངས་མ་ཡིས༔ ལུས་གང་རིག་རྩལ་རྒྱས་པར་བསམ༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་བཛྲ་ཨ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ འབུམ་བཞི་བཟླས་པས་ལྷ་དང་ཉེ༔ ལྷ་ཆོགས་འོད་ཀྱིས་ཞིང་ཀུན་ཁྱབ༔ ནམ་མཁའི་དབྱིངས་ཀུན་མི་བསྐྱོད་པའི༔ ལྷར་ཤར་ཀུན་ཀྱང་ཛཔ་སྒྲ་སྒྲོགས༔ དགོངས་པའི་རྩལ་གྱིས་ནམ་མཁའི་བཅུད༔ ཀུན་བསྡུས་སེམས་ཀྱི་ཁམས་ཐིམ་པས༔ ཚེ་ཡི་དངོས་གྲུབ་ཐོབ་པར་བསམ༔ ཧཱུྃ་བཛྲ་དྷྲྀཀ་མཱུཾ་དྷཱ་ཏེ་ཤྭ་རཱི༔ ཨོ་ན་མོ་བྷ་ག་བ་ཏེ་སོགས། སྭཱ་ཧཱ༔ འབུམ་ཕྲག་བཞི་བཟླས་ལྷ་དང་མཉམ༔ ལྷ་ཚོགས་དགྱེས་པའི་འོད་ཟེར་གྱིས༔ འགྲོ་ཀུན་སེམས་ཀྱི་ཚེ་ཉམས་པའི༔ ལས་ཀྱི་བྱས་བསགས་རྒྱུ་འབྲས་སྦྱངས༔ སེམས་ཀྱི་གསལ་སྟོང་ནུས་པའི་སྟོབས༔ དྭངས་མ་བསྡུས་ཐིམ་ཡོངས་གྱུར་པས༔ གདོན་བགེགས་བར་ཆད་མ་ལུས་ཞི༔ ཐུགས་མཆོག་ཚེ་དབང་རིག་རྩལ་རྒྱས༔ དངོས་གྲུབ་མཆོག་གི་སྐལ་ལྡན་གྱུར༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཨ་པ་རི་མི་ཏ་ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཧཱུྃ༔ ཨ་ཡུ་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་གཅིག་བཟླས་ལས་འགྲུབ་བྱེད༔ ཐུན་མཚམས་བསགས་སྦྱངས་སྤྱི་དང་ནི༔ ཁྱད་པར་མཁའ་དབྱིངས་ཏིང་འཛིན་གཅེས༔ དེ་ནི་ནམ་མཁའ་མཐོང་ཆེའི་སར༔ ཤར་དུ་ཁ་བལྟས་དྲང་པོར་འདུག༔ རླུང་རོ་བསལ་ལ་ལུས་གནད་གཅུན༔ ཁམས་གསུམ་ནམ་མཁའ་ཀུན་འདུས་པ༔ འོད་ཟེར་མཐིང་ལ་དྭངས་པ་ནི༔ བདེ་གཤེགས་ཀུན་གྱི་ཡེ་ཤེས་དབྱིངས༔ བསམ་ལ་ཁ་ནས་ཧུབ་ཀྱིས་རྔུབ༔ ལུས་གང་སྔོ་མེར་ཁྱབ་པ་ལས༔ དྭངས་མ་སེམས་ཀྱི་དབྱིངས་ལ་ཐིམ༔ གདོས་བཅས་ཤ་རུས་ཀུན་སྦྱངས་ཏེ༔ སྐྱེ་འཆི་འགྱུར་བས་མི་ཚུགས་པའི༔ སྟོང་གཟུགས་འོད་ཀྱི་རང་བཞིན་བསམ༔ བུམ་ཅན་བཟུང་ལ་ཡང་ཡང་འབད༔ སྒྲེགས་པ་བྱུང་ན་ངལ་བསོས་ལ༔ རླུང་རིག་དབྱིངས་གསུམ་དབྱེར་མེད་བསྲེ༔ དེ་ལྟར་བརྩོན་པས་འགྲུབ་པའི་རྟགས༔ རིག་པའི་ངར་རྒྱས་ཉམས་དགའ་དྭངས༔ ཏིང་འཛིན་འཕེལ་ཞིང་སེམས་སྟོབས་རྒྱས༔ ཤེས་རབ་རྣོ་མྱུར་ཟབ་སོགས་འབྱུང༔ དེས་ནི་སེམས་ཀྱི་ཚེ་སྒྲུབ་འགྱུར༔ སྱ་མྱ་ཡྲ༔ རྒྱ་རྒྱ་རྒྱ༔ ཞེས་པའང་འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་ཅན་རིག་འཛིན་བླ་མའི་བཀའ་བཞིན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབ་པའོ།། །། སྐྱ འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས༔ སྨིན་བྱེད་ཀུན་ལ་ཁྱབ་པ་བཞུགས༔ ༔༔༔བརྡ་ཡིག༔༔༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་འདུད༔ དེ་ཉིད་སྒྲུབ་པའི་རྣལ་འབྱོར་པ༔ རིམ་པ་དབང་གི་སྒོ་ནས་འཇུག༔ དབང་གི་མཆོག་ནི་རང་ལ་གནས༔ དེ་ཡི་ནུས་པ་གསོ་བའི་ཕྱིར༔ རྟེན་འབྲེལ་རྫས་ཀྱི་དབང་བསྐུར་ནི༔ བདག་མདུན་གཞུང་བསྲངས་བཟླས་པ་བྱ༔ ཡོ་བྱད་ཡེ་ཤེས་རོལ་པར་བརླབ༔ བུམ་པ་སྒྲུབ་ཅིང་བདག་ཉིད་འཇུག༔ དབང་ཕྱུག་དགྱེས་པས་གནང་བ་ཞུ༔ སློབ་མ་སྣོད་ལྡན་ཁྲུས་ནས་དབྱུང༔ བྱུར་གསལ་ཕྱོགས་བཅིངས་ལོ་རྒྱུས་འཆད༔ མཎྜལ་གསོལ་གདབ་རིམ་པ་ནི༔ བྱང་ཆུབ་རྡོ་རྗེ་བདེ་གཤེགས་གཙོ༔ རིན་ཆེན་ པདྨ་འི་ ལས་ཀྱི་ རྡོ་རྗེའི དཀྱིལ་འཁོར་དབང་ཕྱུག་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་རིག་པ་འཛིན༔ ཚེ་ཡི་དཀྱིལ་འཁོར་འཇུག་པར་གསོལ༔ སྔོན་འགྲོ་སྐྱབས་སེམས་བསགས་སྦྱངས་དང༔ སྡོམ་པ་བཟུང་ལ་སློབ་མ་ལྷར༔ གསལ་ཞིང་བྱིན་དབབ་བརྟན་པར་བྱ༔ ཐོག་མར་བུམ་པའི་ཆུ་དབང་སྦྱིན༔ ཨོཾ༔ བཀྲ་ཤིས་བུམ་པ་ལྷའི་གཞལ་ཡས༔ བདེ་གཤེགས་ རིན་ཆེན་ པདྨ་ ལས་རབ་ རྡོ་རྗེ་ ཚེ་ཡི་དཀྱིལ་འཁོར་བཞུགས༔ ཐུགས་རྗེ་ཡེ་ཤེས་རིག་པའི་ཆུས༔ གཏོར་ཞིང་སྐལ་པ་མཆོག་དབང་སྦྱིན༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ རྒྱས་པར་སྤྲོ་ན་རིག་དབང་ལྔ༔ སྦྱར་ཞིང་སྐུ་གསུང་ཐུགས་དབང་ནི༔ ཨོཾ༔ བདེ་གཤེགས་རྒྱལ་བའི་སྐུ་ཡི་དབྱིངས༔ ཡོན་ཏན་ གསུང་གི་ ཕྲིན་ལས་ ཐུགས་ཀྱི་ བཅོམ་ལྡན་རྣམ་པར་སྣང་མཛད་ཆེ༔ རིན་ཆེན་འབྱུང་ལྡན་ སྣང་བ་མཐའ་ཡས་ དོན་ཡོད་གྲུབ་པ་ རྡོ་རྗེ་མི་བསྐྱོད་ དཀྱིལ་འཁོར་དབང་ཕྱུག་དམ་པ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བསྙེན་སྒྲུབ་ལས་སྔགས་བཟླས་ལུང་སྦྱིན༔ མེ་ཏོག་འཐོར་བས་བརྟན་པར་བྱ༔ ཕྱག་མཚན་སོ་སོའི་དབང་བསྐུར་ནི༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ནི༔ ཆོས་དབྱིངས་ཁྱབ་པ་ མཉམ་པ་ཉིད་དབྱིངས་ སོ་སོར་རྟོག་པ་ བྱ་བ་གྲུབ་པ་ མེ་ལོང་ལྟ་བུ་ ཕྱག་རྒྱའི་གཟུགས༔ རིགས་ཀྱི་རྟགས་སུ་གཏད་པ་ཡིས༔ ཡེ་ཤེས་དགོངས་པ་མངོན་གྱུར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་ཚེ་ཡི་བུམ་པའི་དབང༔ ཧྲཱིཿ རྒྱལ་ཀུན་ཟག་མེད་ཡོན་ཏན་གྱི༔ བདུད་རྩིས་གང་བའི་ཚེའི་འབྲང་རྒྱས༔ རང་བྱུང་མཆོག་གིས་དབང་བསྐུར་བས༔ འབྲས་བུའི་གོ་འཕང་ཐོབ་པར་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་ཏྲཱྃ༔ ཕྲིན་ལས་བདུད་རྩི་རིལ་བུ་བྱིན༔ ཧྲཱིཿ རྣམ་པ་ཐམས་ཅད་ཡེ་ཤེས་ནི༔ ཅོང་ཞི་བཅུད་ལེན་རྫས་སུ་ཤར༔ དགེ་ལེགས་སྙིང་པོའི་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྲོག་ཐོབ་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ཐུན་མིན་ནུས་པའི་ཟབ་དབང་ནི༔ བྱང་ཆུབ་སེམས་ཀྱི་བདུད་རྩི་བྱིན༔ སྟངས་དཔྱལ་སྦྱོར་བའི་བདེ་བ་ཆེ༔ དྭངས་མ་བྱང་ཆུབ་སེམས་ཀྱི་ཆུ༔ རོལ་ཅིག་སྐལ་པ་མཆོག་ལྡན་བུ༔ གཙང་དམེའི་རྟོག་པ་བྲལ་བས་སྤྱོད༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ བོགས་འབྱིན་ཤེས་རབ་ཕྱག་རྒྱ་གཏད༔ སྣ་ཚོགས་གཟུགས་ཅན་མཚན་དང་ལྡན༔ སྒེག་བཞད་ལང་ཚོའི་མཆོག་གྱུར་མ༔ འདིས་ནི་སངས་རྒྱས་ཐམས་ཅད་བསྐྱེད༔ དགའ་བཞིའི་རོལ་རྩེད་རྟག་ཏུ་གྱིས༔ པདྨ་བྷཉྫ་མོཀྵ་ཧོ༔ དབྱིངས་རིག་ངོ་སྤྲད་བརྡ་ཡིས་མཚོན༔ ཨ༔ དབྱིངས་ནི་རྟག་ཏུ་སྐྱེ་བ་མེད༔ རིག་པ་རང་གསལ་ལྷུན་གྱིས་གྲུབ༔ གཉིས་མེད་ཤེལ་གྱི་བརྡས་མཚོན་ཏེ༔ རང་ལ་གནས་པ་རྟོགས་པར་གྱིས༔ དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ འདི་དག་ཟབ་གསང་ངོ་སྤྲོད་ཚིག༔ ཀུན་ལ་ཁྱབ་པར་སྦྱིན་མི་རུང༔ རྗེས་ལ་དམ་ཚིག་ཁས་བླང་དང༔ གཏང་རག་མཆོད་པས་མཉེས་པར་བྱ༔ རང་བཞིན་བརྒྱད་ལྡན་སློབ་དཔོན་གྱིས༔ རྡོ་རྗེའི་སློབ་མར་འདི་སྦྱིན་ན༔ དབང་བསྐུར་ཙམ་གྱིས་ཚེ་དཔལ་འཕེལ༔ ལམ་རྣམས་ཉམས་ལེན་སྐལ་ལྡན་བྱེད༔ སྱ་མྱ་ཡྲ༔ རྒྱ་རྒྱ་རྒྱ༔ ཞེས་འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་ཅན་རིག་འཛིན་བླ་མའི་བཀའ་བཞིན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབ་པའོ།། །། སྭ་སྟི། ཆོས་ཕྱི་རྫོགས་ལྡན་སྤྲིན་གྱི་བླ་གབ་འོག །ཆོས་སྟོན་འདོད་རྒུའི་གྲུ་ཆར་མཐར་ཁྱབ་དགེས། །ཆོས་བྱིན་ཚེ་ཡི་འབྲས་བཟང་གཡུར་ཟ་བའི། །ཆོས་ཁམས་རིགས་ལྔའི་གངས་ཆེན་མཚོ་ཐོབ་གྱུར། །ཞེས་གཏེར་འབྱིན་མགོན་པོ་མཆོག་གི་ཞབས་བརྟན་ཏུ་ཀློང་ཆེན་ཡེ་ཤེས་རྡོ་རྗེས་ཡོན་སྦྱར་ཏེ་སྨོན་པ་ཇི་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག །དགེའོ། དགེའོ། དགེའོ། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
Line 25: | Line 52: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-19-DZA]] | [[Category:DKR-KABUM-Volume-19-DZA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 09:11, 1 June 2024
🚧 This website is under continued development. We appreciate your patience!
Wylie title | pad+ma tshe yi snying thig las: rdo rje tshe yi phreng ba pad+ma'i do shal | |
---|---|---|
Location | dil mgo mkhyen brtse bka' 'bum Volume 19, Text 1, Pages 1-20 (Folios 1a to 20a5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. Pad+ma tshe yi snying thig las rdo rje tshe yi phreng ba pad+ma'i do shal. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 19: 1-20. Delhi: Shechen Publications, 1994. | |
Genre | Longevity Rituals - tshe sgrub · Prayers for Long Life - zhabs brtan gsol 'debs - brtan bzhugs | |
Cycle | འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig) | |
Deity | tshe dpag med | |
Colophon |
| |
|
Footnotes
Other Information
Categories:
- DKR-KABUM-19-DZA-001
- Tibetan Publications
- Tibetan Texts
- dil mgo mkhyen brtse bka' 'bum
- 'chi med pad+ma tshe yi snying thig
- tshe dpag med
- Longevity Rituals - tshe sgrub
- Prayers for Long Life - zhabs brtan gsol 'debs - brtan bzhugs
- Khyentse, Dilgo
- Kangyur Rinpoche
- DKR-KABUM-Volume-19-DZA
- Khyentse Lineage Project