DKR-KABUM-13-PA-024: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-13-PA-024
No edit summary
m (Text replacement - "Khyentse Metadata" to "Text")
 
(One intermediate revision by one other user not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=
|sectionheading=No
|fulltitle=
|fulltitletib=ཚོགས་གླུ་ལས་སྨོན་རྟེན་འབྲེལ་གྱི་སྦས་དོན་རྣམ་པར་གསལ་བ་རིག་སྟོང་དགོངས་པའི་སྣང་བྱེད།
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 13: . Delhi: Shechen Publications, 1994.
|fulltitle=tshogs glu las smon rten 'brel gyi sbas don rnam par gsal ba rig stong dgongs pa'i snang byed
|citation=[[Khyentse, Dilgo]]. ''Tshogs glu las smon rten 'brel gyi sbas don rnam par gsal ba rig stong dgongs pa'i snang byed''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 13: 349-352. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
Line 11: Line 12:
|sourcerevealer='jigs med gling pa
|sourcerevealer='jigs med gling pa
|sourcerevealertib=འཇིགས་མེད་གླིང་པ་
|sourcerevealertib=འཇིགས་མེད་གླིང་པ་
|associatedpeople=
|tibgenre=Commentaries - 'grel pa, Detailed Explanation - rnam bshad, Feast Offering - tshogs mchod - tshogs kyi 'khor lo, Vajra Songs - rdo rje'i glu
|associatedpeopletib=
|tibgenre=Contemplative Guide Books and Instructional Manuals - khrid yig
|terma=No
|terma=No
|dkroutline=Five
|dkroutline=Five
|language=Tibetan
|deity=
|cycle=klong chen snying gi thig le
|cycle=klong chen snying gi thig le
|cycletib=ཀློང་ཆེན་སྙིང་གི་ཐིག་ལེ་
|cycletib=ཀློང་ཆེན་སྙིང་གི་ཐིག་ལེ་
|language=Tibetan
|volumenumber=013
|volumenumber=013
|volnumtib=༡༣
|volnumtib=༡༣
|volyigtib=པ་
|volyigtib=པ་
|totalvolumes=25
|totalvolumes=25
|textnuminvol=024
|pagenumbers=349-352
|totalpages=8
|beginfolioline=1a
|beginfolioline=1a
|textnuminvol=024
|endfolioline=4b6
|totalfolios=4
|multivolumework=No
|rectonotes='grel pa
|versonotes=tshogs glu las smon rten 'brel
|colophontib=།ཞེས་ཀུན་མཁྱེན་བླ་མའི་རྡོ་རྗེའི་གསུང་གི་དགོངས་ཟབ་སོ་སོའི་སྐྱེ་བོའི་བློ་ཡི་སྤྱོད་ཡུལ་གྱིས་མི་རྟོགས་ཀྱང་དད་པའི་ཉེ་བར་ལེན་པའི་རྐྱེན་གྱིས་ཡིད་ལ་ཇི་ལྟར་ཤར་བའི་གོ་ཚོད་བྲིས་པ་དགོངས་དོན་ཇི་བཞིན་འབྱོར་ན་དོན་མཐུན་རྡོ་རྗེའི་མཆེད་ཚོགས་དགྱེས་པའི་མཆོད་སྤྲིན་དུ་འབུལ་ཞིང༌། གཟུ་ལུམ་སྤྱི་བརྟོལ་གྱི་ནོངས་པ་སྙིང་ནས་འགྱོད་ཚངས་དང་བཅས་མདོ་ཁམས་ཀྱི་འཁྱམས་པོ་རྨོང་བརྟུལ་མངྒ་ལ་ཤྲཱི་བྷུ་ཏིས་འབྲུག་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་དུ་དཔལ་ཆེན་འདུས་པའི་ཚོགས་སྒྲུབ་ཀྱི་སྐབས་བྲིས་པ་འགྲོ་ཀུན་དངོས་གྲུབ་མཆོག་གི་དགའ་སྟོན་ལ་སྦྱོར་བའི་རྒྱུར་གྱུར་ཅིག།
|colophonwylie=/zhes kun mkhyen bla ma'i rdo rje'i gsung gi dgongs zab so so'i skye bo'i blo yi spyod yul gyis mi rtogs kyang dad pa'i nye bar len pa'i rkyen gyis yid la ji ltar shar ba'i go tshod bris pa dgongs don ji bzhin 'byor na don mthun rdo rje'i mched tshogs dgyes pa'i mchod sprin du 'bul zhing*/_gzu lum spyi brtol gyi nongs pa snying nas 'gyod tshangs dang bcas mdo khams kyi 'khyams po rmong brtul mang+ga la shrI b+hu tis 'brug spa gro skyer chu'i gtsug lag khang du dpal chen 'dus pa'i tshogs sgrub kyi skabs bris pa 'gro kun dngos grub mchog gi dga' ston la sbyor ba'i rgyur gyur cig/
|pdflink=File:DKR-KABUM-13-PA-024.pdf
|pdflink=File:DKR-KABUM-13-PA-024.pdf
}}
}}
Line 31: Line 38:
<h1 style="font-size: 24px !important;">Tibetan Text</h1>
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
{{TibP|༄༅། །ཚོགས་གླུ་ལས་སྨོན་རྟེན་འབྲེལ་གྱི་སྦས་དོན་རྣམ་པར་གསལ་བ་རིག་སྟོང་དགོངས་པའི་སྣང་བྱེད་ཅེས་བྱ་བ་བཞུགས་སོ།
{{TibP|༄༅། །ཚོགས་གླུ་ལས་སྨོན་རྟེན་འབྲེལ་གྱི་སྦས་དོན་རྣམ་པར་གསལ་བ་རིག་སྟོང་དགོངས་པའི་སྣང་བྱེད་ཅེས་བྱ་བ་བཞུགས་སོ།<br><br>
༄༅། །ན་མོ་གུ་རུ་སརྦ་ཛྙཱ་ཨ་བྷ་ཡ་དྭཱིཔ་ཡ། ཀུན་མཁྱེན་བླ་མའི་རྡོ་རྗེའི་ཐོལ་གླུ་ཟབ་དོན་བསམ་མི་ཁྱབ་པའི་དགོངས་དོན་ཇི་ཙམ་བློས་དཔོག་ཚོད་ལྟར་འཆད་ན་རྡོ་རྗེ་ཐེག་པ་མཆོག་གི་ལམ་ནས་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་གསང་བ་མངོན་སུམ་དུ་གྱུར་བའི་ཆེ་བའི་རྟོགས་པ་བརྗོད་པ་ལ། དང་པོ་ཡེ་ཤེས་རྡོ་རྗེའི་སྐུའི་རྟོགས་པ་བརྗོད་པ་ནི། དེ་ཡང་ཀུན་རྫོབ་མཚན་བཅས་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་གྱི་བདེན་པ་མི་བསླུ་བར་སྣང་ཞིང༌། དོན་དམ་མཚན་མེད་ཀྱི་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བ་གཉིས་ཟུང་འཇུག་སྐུ་དང་ཡེ་ཤེས་ཀྱི་འཁོར་ལོར་དག་མཉམ་བདེན་པ་དབྱེར་མེད་དུ་རྟོགས་པ་གསང་སྔགས་སྔ་འགྱུར་བའི་ཁྱད་ཆོས་ཏེ། དེས་ན་ཀུན་རྫོབ་རྣམ་དཀར་གྱི་བག་ཆགས་མཐུ་བརྟས་པའི་ལསྃ་དགེ་བ་དང་བསམ་སྦྱོར་རྣམ་དག་གི་སྨོནྃ་ལམ་གཉིས་ཀྱི་རང་འབྲས་ལྷ་བས་ལྷག་པའི་ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་ཀྱི་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེའི་རྟེནྃ་འབྲེལྃ་ལེགས་ཕྱོགས་སུ་སྨིན་པས་རྡོ་རྗེ་ནང་གི་ས་ལམ་གྱི་ཡོན་ཏན་འདོད་རྒུ་འབྱུང་བའི་དབུ་མ་ལ་དཔྃག་བསྃམ་ལྗོནྃ་ཤིངྃ་གིྃ་སྒྲས་རྒྱུད་སྡེ་དུ་མ་ནས་གསུངས་ལ། དེའི་དབྱིངས་སུ་རླུང་སེམས་ཐིག་ལེ་དང་བཅས་པ་དག་དགོས་པས་སྟེངྃ་ནྃ་ཞེས་གསུངས་ཤིང༌། རྒྱྃ་གརྃ་འདི་འཛམ་གླིང་གི་ཡུལ་དབུས་དྲོད་ཚད་རང་བཞིན་གྱིས་འཕེལ་བའི་གནས་སུ་གྱུར་པས་གཏུམ་མོའི་མེ་མཚོན་ཞིང༌། དེ་ཉིད་འབར་བས་དྭངས་མའི་ཐིག་ལེའི་ཟླ་བ་གཡོས་ཏེ་དེ་ཉིད་ཀྱི་བྱེད་པས་ནང་གི་ཡེ་ཤེས་ཀྱི་ཉིན་བྱེད་འདྲེན་ནུས་པའམ། ཀུན་རྫོབ་ཏུའང་ཟླ་ཉི་ཐོག་མར་མངོན་ཕྱོགས་ལ་ཤྃར་གྱིྃ་སྒྲས་མཚོན་ལ། དེའི་ཚེ་ཞུ་བདེ་མི་རྟོག་པའི་ཉམས་འགྱུར་བརྒྱ་ཕྲག་གིས་དྲངས་པས་དཀར་དམར་འདྲེས་པའི་རྣམ་འགྱུར་གྱི་འགྲོ་འོང་ནི་རྨྃ་བྱྃ་གཞོྃན་ནུྃ་བདེ་སྟོང་ཉམས་ཀྱི་སྤུ་སྡུག་གིས་སྒེག་པ་ལྟ་བུ་དང་མཚུངས་པར་ཡངྃ་ཡས་བབ་དང་མས་བརྟན་གྱི་དགའ་བཞི་ལུགས་འབྱུང་ལྡོག་གི་འགྲོ་འོང་གིས་ཕེབྃས་བྱུངྃ་ཞེས་གསུངས་ཤིང༌། དེའི་བྱེད་ལས་ཀྱིས་འཁོར་བའི་འཁྲུལ་སྣང་བསྐྱེད་པའི་རྩ་རླུང་ཐིག་ལེའི་ཆ་དག་པས། སྐུ་དང་ཡེ་ཤེས་ཀྱི་སྣང་བ་འཆར་བའི་དྷཱུ་ཏིའི་གནས་སུ་རླུང་སེམས་ཐིག་ལེ་དང་བཅས་པ་འདྲེན་པ་ནི་རྨྃ་བྱྃའི་གདུགྃས་སྐོརྃ་དམྃ་པའིྃ་ལམ་དང་མཐུན་པའི་ཆོསྃ་ཕྱོགྃས་སུྃ་བསྒྱུརྃ་དངྃ༌། འཕགས་ལམ་ཡོན་ཏན་གྱི་ན་ཚོད་གཞོནྃ་པྃ་ངྃ་ཚོསྃ་དཀའ་ཐུབ་ཀྱིས་ངལ་དུབ་ལ་མ་ལྟོས་པར་ཡུད་ཙམ་གྱིས་ས་བཅུ་དབུ་མའི་དབྱིངས་སུ་རྫོགས་ནས་མི་སློབ་མངོན་གྱུར་ཐརྃ་པྃ་ཆེན་པོའིྃ་ལམྃ་སྣྃ་ཞིྃག་མྱུར་དུ་ཟིནྃ་ནས་མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ་འགྲུབ་པའི་གོ་འཕང་མངོན་དུ་གྱུར་ཡོངྃ་ཞེས་སོ།  །གཉིས་པ་གསུང་རྡོ་རྗེའི་དབྱངས་ཀྱི་རྟོགས་པ་བརྗོད་པ་ནི། འབར་འཛག་གི་སྦྱིན་པ། འཕོ་མེད་ཀྱི་ཚུལ་ཁྲིམས་སོགས་ངེས་དོན་གྱི་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པ་ནི་བསོྃད་ནམྃས་ཀྱི་ཚོགས་ཆེན་མཐར་ཕྱིན་པ་ཡིན་ལ། དེ་ཚེ་ཐིག་ལེ་དྭངས་མ་སྨིན་པའི་དཔྱིདྃ་ཀྱིྃ་རྒྱལྃ་མོྃའི་ཡེ་ཤེས་ཀྱི་རླུང་གི་ཤིྃང་རྟྃ་ལྃ་དྲངས་ཏེ་ཕེབྃས་དྃང་ཞེས་བསྐུལ་བའི་མཐུས་མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་མདུད་གྲོལ་ཏེ་ལྷོྃ་ཕྱོགས་མ་ལ་ཡའི་ཙན་དན་གྱིས་རེག་པའི་དྲི་ཡི་བཞོན་པས་ཚ་གདུང་འཇིལ་བ་ལྟར་ལས་ཉོན་གྱི་གདུང་བ་སེལ་ཞིང་ཐར་པའི་སྲོག་རྩ་བརྟན་པའི་ཟབ་རྒྱས་ཆོས་ཀྱི་སྒོ་ཐོགས་མེད་དུ་འབྱེད་ནུས་པ་དང༌། མོྃན་སོགས་ལྷོ་རོང་ན་རྒྱས་པའི་ལྗོན་ཤིྃང་གི་རང་རྩལ་ལོྃ་འབྲས་མེ་ཏོག་བཞིན་གཟུངས་དྲན་མངོན་ཤེས་ཏིང་ངེ་འཛིན་སོགས་ལམ་གྱི་ཡོན་ཏན་རྨད་དུ་བྱུང་བའི་སྒོ་འཕར་བརྒྱ་ཕྲག་ལྡན་པའིྃ་ཀུན་དགའི་སྐྱེད་ཚལྃ་ཀྱང་ཞར་བྱུང་གིས་ཐོབ་པའི་ཚེ་དཔྱིད་སོས་དུས་ཀྱིྃས་སྦྲན་པའི་ཁུྃ་བྱུགྃ་གིྃ་གསུངྃ་སྙནྃ་ལས་ལྷག་པའི་སྨིན་གྲོལ་མཆོག་ལ་སྦྱོར་བའི་བྱེད་ལས་ཡྃ་གིྃ་སུམ་ཅུ་རྩ་གསུམ་གྱི་ཚལ་ན་གནས་པའི་དྲིྃ་ཟྃའི་རྒྱལ་པོའི་དགྱེས་སྡེ་ལྷ་ཡི་བུྃ་མོའིྃ་གླིངྃ་བུྃ་ལསྃ་སྙནྃ་པྃར་སྒྲོག་པས་དབྱརྃ་གྱི་དགའ་སྟོན་དང་མཚུངས་པའི་རིགས་ཅན་གསུམྃ་གྱི་གདུལ་བྱའི་ཐར་པའི་ས་བོན་བསྐྱེད་བསྲིངས་ནས་ནམྃ་ཟླའིྃ་དུས་ཀྱི་རྒུད་པ་བསྲོྃ་བྃ་ལྟར་བྱང་ཆུབ་ལམ་གྱི་ཡོན་ཏན་འཕེལ་ཞིང་རྒྱས་པའིྃ་རྟེནྃ་འབྲེལྃ་གྱིས་དགའ་སྟོན་ལེགས་སྨོན་ཕུལ་དུ་བྱུང་བ་ལྃ་ཕལ་ཚིག་དང་མཐུན་པར་ཡགྃ་བྱུངྃ་ཞེས་གསུངས་པའོ།  །གསུམ་པ་ཡེ་ཤེས་རྡོ་རྗེའི་རྟོགས་པ་བརྗོད་པ་ནི། དེང་འདིྃར་ཚོགྃས་ཀྱི་འཁོར་ལོའི་འདུ་བ་ལ་སྤྱོད་པའི་སྔོན་དགེའི་ལསྃ་འབྲེལ་སྨོནྃ་ལམ་དག་པས་མཐུནྃ་ཅིང་ཆོས་དང་བླ་མ་གཅིག་པ་ནང་འདྲེས་པའིྃ་རྡོྃ་རྗེྃ་ཡིྃ་སྤུནྃ་གྲོགྃས་མཆེད་ལྕམ་ཐམས་ཅད་ངྃ་ཚོའིྃ་བླྃ་མྃ་ཐེག་པ་མཆོག་གི་ལྟ་སྤྱོད་ཀློང་དུ་གྱུར་ཅིང་ཟབ་ལམ་ཐང་མར་བརྡལ་བའི་ཆོས་སྟོན་པ་རྡོ་རྗེ་རྒྱལ་པོ་བཞུགྃས་པའིྃ་ཚོགྃས་གྲལྃ་ལྃ་འདུ་བར་འོས་པས་སྤྲོ་དགའི་ངང་ཚུལ་གྱིས་ཕེབྃས་དངྃ༌། གསང་སྔགས་ལམ་གྱི་རྩ་བ་དབང་བཞིས་རྒྱུད་སྨིནྃ་ཅིང༌། གྲོལྃ་བྱེད་རིམ་གཉིས་མྱུར་ལམ་གྱི་བྃདུད་རྩིྃ་དད་བརྩོན་མགྲིན་པ་བཟང་པོའི་ལམ་དུ་འྃཐུང་བས་རོ་བཅུད་མྱོང་བའིྃ་དགྃའ་སྟོནྃ་གྱིྃ་ངངྃ་ནསྃ་ལྟ་སྒོམ་སྤྱོད་པའི་གདེང་ཚད་དང་ལྡན་པས་སྐྱིད་ལ་ཟོས་བདེ་ཉམྃས་དགྃའ་བའི་རྡོ་རྗེའི་གླུྃ་རུྃ་ལེནྃ་པ་འདི་ཐོ་ཅོ་དང་བབ་བཅོལ་མ་ཡིན་པར་ཐེག་མཆོག་ལམ་ལ་སྤྱོད་པའིྃ་ཁྱདྃ་ཆོསྃ་ཤིྃག་ཡོདྃ་དོྃ། །ཇི་ལྟར་ཞེ་ན། གནས་སྐབས་འདོད་ཡོན་གྱིས་བསྐྱེད་པའི་དགའ་བདེྃ་ལྟ་བུ་མ་ཡིན་པར་གདོད་མའི་གཞི་དབྱིངས་ཀ་དག་གི་དགོངས་པའི་བཙན་ས་ཟིན་པས་གཞི་སྣང་འོད་གསལ་སྐུ་དང་ཡེ་ཤེས་ཀྱི་འཆར་ཆ་བདེ་བ་ཆེནྃ་པོ་ངོ་བོ་འཕོྃ་འགྱུརྃ་བྲི་གང་མེདྃ་པྃ་དབྱིངས་དང་དབྱེར་མེད་དུ་བཞུགྃས་བཞིན་རྣམ་པ་དཀྱིལ་འཁོར་འཁོར་ལོའི་ལྷ་སྔགས་ཆོས་ཉིད་ཀྱི་རྣམ་རོལ་རྩ་བ་གསུམ་གྱི་ལྷ་ཚོགས་འདུས་པའི་གྲལྃ་གྱིྃ་དྃབུས་ནྃ་དངོས་གཅིག་དུ་མའི་རོལ་པ་བསམ་མི་ཁྱབ་པའི་སྣང་གྲགས་རིག་པ་བཟང་ངན་དང་སྤང་བླང་གི་དབྱེ་བསལ་ཐ་དད་དུ་མ་མཆིས་པ་ཕུན་ཚོགས་ངེས་པ་ལྔ་ལྡན་གྱི་བཀོད་པ་རང་སྣང་ལྷུན་རྫོགས་སུ་བཞུགས་པ་ལ་བསྒྲུབ་བྱ་དཀྱིལ་འཁོར་གྱི་ལྷྃ་དངྃ་སྒྲུབ་བྱེད་རིག་འཛིན་བླྃ་མྃ་གཉིས་ཐ་དད་དུ་མ་མཆིས་པ་ཡེ་ནས་གཉིས་མེད་ཆེན་པོའིྃ་ཡིན་ལུགས་ཀྱི་ཞྃལ་རསྃ་མངོན་དུ་གྱུར་བའི་སྣང་ངོར་ཀུན་བརྟགས་ཀྱི་བློས་བསྐྱེད་རྫོགས་ཆེད་དུ་མྃ་བསྒོམྃས་ཀྱངྃ་རང་བཞིན་ཡོངས་གྲུབ་ཆེན་པོའི་དོན་དམ་གྱི་ལྷག་པའི་ལྷ་རུ་ཞལ་རས་མངོན་སུམ་དུ་མཐོྃང་བྱུངྃ་བས་རིག་འཛིན་གབ་བྱང་ལས། ལྷ་དང་སྣང་བ་ཆོས་ཉིད་གསུམ༔ གཅིག་ཏུ་འདྲེས་པར་མ་གྱུར་བར༔ ཏིང་འཛིན་གནད་ཀྱི་འཛིན་ཕུར་གདབ༔ ཅེས་གསུངས། གསང་ཆེན་རྒྱུད་སྡེའི་སྲུང་མ་མྃ་དངྃ་མཁྃའ་འགྲོྃའི་སྡེ་ཚོགས་རྒྱ་མཚོས་གཅེས་སྤྲས་སུ་བསྐྱངས་ཤིང་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ཡང་སྙིངྃ་གི་དྭངས་མའི་ཐིགྃ་ལེ་ངེས་དོན་མཐར་ཐུག་འོདྃ་གསྃལ་གྱིྃ་དོན་བསམ་མི་ཁྱབ་པའི་དེ་ཉིད་སྒྲ་ཇི་བཞིན་དུ་སངས་རྒྱས་འཕགས་པའི་དགོངས་པ་བཞིན་སྟོན་པའི་ཐེགྃ་པའིྃ་གསེང་ལམ་མཐར་ཕྱིན་ནས་ལུས་འཇྃའ་ལུསྃ། ངག་གཞོམ་མེད་ཆོས་ཀྱི་དབྱིངས། སེམས་ཆོསྃ་སྐུྃ་ཟབ་གསལ་གཉིས་མེད་དུ་སངས་རྒྱས་ཏེ་མི་སློབ་པའི་ལམ་གྱི་གོ་འཕང་མཐོང་བའི་ཆོས་ལ་འགྲུབྃ་པའིྃ་དངོྃས་གྲུབྃ་ཅིགྃ་ཞུྃའོྃ་ཞེས་གསུངས་པའོ།  །ཞེས་ཀུན་མཁྱེན་བླ་མའི་རྡོ་རྗེའི་གསུང་གི་དགོངས་ཟབ་སོ་སོའི་སྐྱེ་བོའི་བློ་ཡི་སྤྱོད་ཡུལ་གྱིས་མི་རྟོགས་ཀྱང་དད་པའི་ཉེ་བར་ལེན་པའི་རྐྱེན་གྱིས་ཡིད་ལ་ཇི་ལྟར་ཤར་བའི་གོ་ཚོད་བྲིས་པ་དགོངས་དོན་ཇི་བཞིན་འབྱོར་ན་དོན་མཐུན་རྡོ་རྗེའི་མཆེད་ཚོགས་དགྱེས་པའི་མཆོད་སྤྲིན་དུ་འབུལ་ཞིང༌། གཟུ་ལུམ་སྤྱི་བརྟོལ་གྱི་ནོངས་པ་སྙིང་ནས་འགྱོད་ཚངས་དང་བཅས་མདོ་ཁམས་ཀྱི་འཁྱམས་པོ་རྨོང་བརྟུལ་མངྒ་ལ་ཤྲཱི་བྷུ་ཏིས་འབྲུག་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་དུ་དཔལ་ཆེན་འདུས་པའི་ཚོགས་སྒྲུབ་ཀྱི་སྐབས་བྲིས་པ་འགྲོ་ཀུན་དངོས་གྲུབ་མཆོག་གི་དགའ་སྟོན་ལ་སྦྱོར་བའི་རྒྱུར་གྱུར་ཅིག། །།}}

</onlyinclude>
</onlyinclude>

Latest revision as of 08:09, 1 June 2024

Wylie title tshogs glu las smon rten 'brel gyi sbas don rnam par gsal ba rig stong dgongs pa'i snang byed DKR-KABUM-13-PA-024.pdf
Location dil mgo mkhyen brtse bka' 'bum
Volume 13, Text 24, Pages 349-352 (Folios 1a to 4b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation Khyentse, Dilgo. Tshogs glu las smon rten 'brel gyi sbas don rnam par gsal ba rig stong dgongs pa'i snang byed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 13: 349-352. Delhi: Shechen Publications, 1994.
Genre Commentaries - 'grel pa  ·  Detailed Explanation - rnam bshad  ·  Feast Offering - tshogs mchod - tshogs kyi 'khor lo  ·  Vajra Songs - rdo rje'i glu
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Colophon

།ཞེས་ཀུན་མཁྱེན་བླ་མའི་རྡོ་རྗེའི་གསུང་གི་དགོངས་ཟབ་སོ་སོའི་སྐྱེ་བོའི་བློ་ཡི་སྤྱོད་ཡུལ་གྱིས་མི་རྟོགས་ཀྱང་དད་པའི་ཉེ་བར་ལེན་པའི་རྐྱེན་གྱིས་ཡིད་ལ་ཇི་ལྟར་ཤར་བའི་གོ་ཚོད་བྲིས་པ་དགོངས་དོན་ཇི་བཞིན་འབྱོར་ན་དོན་མཐུན་རྡོ་རྗེའི་མཆེད་ཚོགས་དགྱེས་པའི་མཆོད་སྤྲིན་དུ་འབུལ་ཞིང༌། གཟུ་ལུམ་སྤྱི་བརྟོལ་གྱི་ནོངས་པ་སྙིང་ནས་འགྱོད་ཚངས་དང་བཅས་མདོ་ཁམས་ཀྱི་འཁྱམས་པོ་རྨོང་བརྟུལ་མངྒ་ལ་ཤྲཱི་བྷུ་ཏིས་འབྲུག་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་དུ་དཔལ་ཆེན་འདུས་པའི་ཚོགས་སྒྲུབ་ཀྱི་སྐབས་བྲིས་པ་འགྲོ་ཀུན་དངོས་གྲུབ་མཆོག་གི་དགའ་སྟོན་ལ་སྦྱོར་བའི་རྒྱུར་གྱུར་ཅིག།

/zhes kun mkhyen bla ma'i rdo rje'i gsung gi dgongs zab so so'i skye bo'i blo yi spyod yul gyis mi rtogs kyang dad pa'i nye bar len pa'i rkyen gyis yid la ji ltar shar ba'i go tshod bris pa dgongs don ji bzhin 'byor na don mthun rdo rje'i mched tshogs dgyes pa'i mchod sprin du 'bul zhing*/_gzu lum spyi brtol gyi nongs pa snying nas 'gyod tshangs dang bcas mdo khams kyi 'khyams po rmong brtul mang+ga la shrI b+hu tis 'brug spa gro skyer chu'i gtsug lag khang du dpal chen 'dus pa'i tshogs sgrub kyi skabs bris pa 'gro kun dngos grub mchog gi dga' ston la sbyor ba'i rgyur gyur cig/

[edit]
༄༅། །ཚོགས་གླུ་ལས་སྨོན་རྟེན་འབྲེལ་གྱི་སྦས་དོན་རྣམ་པར་གསལ་བ་རིག་སྟོང་དགོངས་པའི་སྣང་བྱེད་ཅེས་བྱ་བ་བཞུགས་སོ།

༄༅། །ན་མོ་གུ་རུ་སརྦ་ཛྙཱ་ཨ་བྷ་ཡ་དྭཱིཔ་ཡ། ཀུན་མཁྱེན་བླ་མའི་རྡོ་རྗེའི་ཐོལ་གླུ་ཟབ་དོན་བསམ་མི་ཁྱབ་པའི་དགོངས་དོན་ཇི་ཙམ་བློས་དཔོག་ཚོད་ལྟར་འཆད་ན་རྡོ་རྗེ་ཐེག་པ་མཆོག་གི་ལམ་ནས་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་གསང་བ་མངོན་སུམ་དུ་གྱུར་བའི་ཆེ་བའི་རྟོགས་པ་བརྗོད་པ་ལ། དང་པོ་ཡེ་ཤེས་རྡོ་རྗེའི་སྐུའི་རྟོགས་པ་བརྗོད་པ་ནི། དེ་ཡང་ཀུན་རྫོབ་མཚན་བཅས་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་གྱི་བདེན་པ་མི་བསླུ་བར་སྣང་ཞིང༌། དོན་དམ་མཚན་མེད་ཀྱི་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བ་གཉིས་ཟུང་འཇུག་སྐུ་དང་ཡེ་ཤེས་ཀྱི་འཁོར་ལོར་དག་མཉམ་བདེན་པ་དབྱེར་མེད་དུ་རྟོགས་པ་གསང་སྔགས་སྔ་འགྱུར་བའི་ཁྱད་ཆོས་ཏེ། དེས་ན་ཀུན་རྫོབ་རྣམ་དཀར་གྱི་བག་ཆགས་མཐུ་བརྟས་པའི་ལསྃ་དགེ་བ་དང་བསམ་སྦྱོར་རྣམ་དག་གི་སྨོནྃ་ལམ་གཉིས་ཀྱི་རང་འབྲས་ལྷ་བས་ལྷག་པའི་ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་ཀྱི་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེའི་རྟེནྃ་འབྲེལྃ་ལེགས་ཕྱོགས་སུ་སྨིན་པས་རྡོ་རྗེ་ནང་གི་ས་ལམ་གྱི་ཡོན་ཏན་འདོད་རྒུ་འབྱུང་བའི་དབུ་མ་ལ་དཔྃག་བསྃམ་ལྗོནྃ་ཤིངྃ་གིྃ་སྒྲས་རྒྱུད་སྡེ་དུ་མ་ནས་གསུངས་ལ། དེའི་དབྱིངས་སུ་རླུང་སེམས་ཐིག་ལེ་དང་བཅས་པ་དག་དགོས་པས་སྟེངྃ་ནྃ་ཞེས་གསུངས་ཤིང༌། རྒྱྃ་གརྃ་འདི་འཛམ་གླིང་གི་ཡུལ་དབུས་དྲོད་ཚད་རང་བཞིན་གྱིས་འཕེལ་བའི་གནས་སུ་གྱུར་པས་གཏུམ་མོའི་མེ་མཚོན་ཞིང༌། དེ་ཉིད་འབར་བས་དྭངས་མའི་ཐིག་ལེའི་ཟླ་བ་གཡོས་ཏེ་དེ་ཉིད་ཀྱི་བྱེད་པས་ནང་གི་ཡེ་ཤེས་ཀྱི་ཉིན་བྱེད་འདྲེན་ནུས་པའམ། ཀུན་རྫོབ་ཏུའང་ཟླ་ཉི་ཐོག་མར་མངོན་ཕྱོགས་ལ་ཤྃར་གྱིྃ་སྒྲས་མཚོན་ལ། དེའི་ཚེ་ཞུ་བདེ་མི་རྟོག་པའི་ཉམས་འགྱུར་བརྒྱ་ཕྲག་གིས་དྲངས་པས་དཀར་དམར་འདྲེས་པའི་རྣམ་འགྱུར་གྱི་འགྲོ་འོང་ནི་རྨྃ་བྱྃ་གཞོྃན་ནུྃ་བདེ་སྟོང་ཉམས་ཀྱི་སྤུ་སྡུག་གིས་སྒེག་པ་ལྟ་བུ་དང་མཚུངས་པར་ཡངྃ་ཡས་བབ་དང་མས་བརྟན་གྱི་དགའ་བཞི་ལུགས་འབྱུང་ལྡོག་གི་འགྲོ་འོང་གིས་ཕེབྃས་བྱུངྃ་ཞེས་གསུངས་ཤིང༌། དེའི་བྱེད་ལས་ཀྱིས་འཁོར་བའི་འཁྲུལ་སྣང་བསྐྱེད་པའི་རྩ་རླུང་ཐིག་ལེའི་ཆ་དག་པས། སྐུ་དང་ཡེ་ཤེས་ཀྱི་སྣང་བ་འཆར་བའི་དྷཱུ་ཏིའི་གནས་སུ་རླུང་སེམས་ཐིག་ལེ་དང་བཅས་པ་འདྲེན་པ་ནི་རྨྃ་བྱྃའི་གདུགྃས་སྐོརྃ་དམྃ་པའིྃ་ལམ་དང་མཐུན་པའི་ཆོསྃ་ཕྱོགྃས་སུྃ་བསྒྱུརྃ་དངྃ༌། འཕགས་ལམ་ཡོན་ཏན་གྱི་ན་ཚོད་གཞོནྃ་པྃ་ངྃ་ཚོསྃ་དཀའ་ཐུབ་ཀྱིས་ངལ་དུབ་ལ་མ་ལྟོས་པར་ཡུད་ཙམ་གྱིས་ས་བཅུ་དབུ་མའི་དབྱིངས་སུ་རྫོགས་ནས་མི་སློབ་མངོན་གྱུར་ཐརྃ་པྃ་ཆེན་པོའིྃ་ལམྃ་སྣྃ་ཞིྃག་མྱུར་དུ་ཟིནྃ་ནས་མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ་འགྲུབ་པའི་གོ་འཕང་མངོན་དུ་གྱུར་ཡོངྃ་ཞེས་སོ། །གཉིས་པ་གསུང་རྡོ་རྗེའི་དབྱངས་ཀྱི་རྟོགས་པ་བརྗོད་པ་ནི། འབར་འཛག་གི་སྦྱིན་པ། འཕོ་མེད་ཀྱི་ཚུལ་ཁྲིམས་སོགས་ངེས་དོན་གྱི་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པ་ནི་བསོྃད་ནམྃས་ཀྱི་ཚོགས་ཆེན་མཐར་ཕྱིན་པ་ཡིན་ལ། དེ་ཚེ་ཐིག་ལེ་དྭངས་མ་སྨིན་པའི་དཔྱིདྃ་ཀྱིྃ་རྒྱལྃ་མོྃའི་ཡེ་ཤེས་ཀྱི་རླུང་གི་ཤིྃང་རྟྃ་ལྃ་དྲངས་ཏེ་ཕེབྃས་དྃང་ཞེས་བསྐུལ་བའི་མཐུས་མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་མདུད་གྲོལ་ཏེ་ལྷོྃ་ཕྱོགས་མ་ལ་ཡའི་ཙན་དན་གྱིས་རེག་པའི་དྲི་ཡི་བཞོན་པས་ཚ་གདུང་འཇིལ་བ་ལྟར་ལས་ཉོན་གྱི་གདུང་བ་སེལ་ཞིང་ཐར་པའི་སྲོག་རྩ་བརྟན་པའི་ཟབ་རྒྱས་ཆོས་ཀྱི་སྒོ་ཐོགས་མེད་དུ་འབྱེད་ནུས་པ་དང༌། མོྃན་སོགས་ལྷོ་རོང་ན་རྒྱས་པའི་ལྗོན་ཤིྃང་གི་རང་རྩལ་ལོྃ་འབྲས་མེ་ཏོག་བཞིན་གཟུངས་དྲན་མངོན་ཤེས་ཏིང་ངེ་འཛིན་སོགས་ལམ་གྱི་ཡོན་ཏན་རྨད་དུ་བྱུང་བའི་སྒོ་འཕར་བརྒྱ་ཕྲག་ལྡན་པའིྃ་ཀུན་དགའི་སྐྱེད་ཚལྃ་ཀྱང་ཞར་བྱུང་གིས་ཐོབ་པའི་ཚེ་དཔྱིད་སོས་དུས་ཀྱིྃས་སྦྲན་པའི་ཁུྃ་བྱུགྃ་གིྃ་གསུངྃ་སྙནྃ་ལས་ལྷག་པའི་སྨིན་གྲོལ་མཆོག་ལ་སྦྱོར་བའི་བྱེད་ལས་ཡྃ་གིྃ་སུམ་ཅུ་རྩ་གསུམ་གྱི་ཚལ་ན་གནས་པའི་དྲིྃ་ཟྃའི་རྒྱལ་པོའི་དགྱེས་སྡེ་ལྷ་ཡི་བུྃ་མོའིྃ་གླིངྃ་བུྃ་ལསྃ་སྙནྃ་པྃར་སྒྲོག་པས་དབྱརྃ་གྱི་དགའ་སྟོན་དང་མཚུངས་པའི་རིགས་ཅན་གསུམྃ་གྱི་གདུལ་བྱའི་ཐར་པའི་ས་བོན་བསྐྱེད་བསྲིངས་ནས་ནམྃ་ཟླའིྃ་དུས་ཀྱི་རྒུད་པ་བསྲོྃ་བྃ་ལྟར་བྱང་ཆུབ་ལམ་གྱི་ཡོན་ཏན་འཕེལ་ཞིང་རྒྱས་པའིྃ་རྟེནྃ་འབྲེལྃ་གྱིས་དགའ་སྟོན་ལེགས་སྨོན་ཕུལ་དུ་བྱུང་བ་ལྃ་ཕལ་ཚིག་དང་མཐུན་པར་ཡགྃ་བྱུངྃ་ཞེས་གསུངས་པའོ། །གསུམ་པ་ཡེ་ཤེས་རྡོ་རྗེའི་རྟོགས་པ་བརྗོད་པ་ནི། དེང་འདིྃར་ཚོགྃས་ཀྱི་འཁོར་ལོའི་འདུ་བ་ལ་སྤྱོད་པའི་སྔོན་དགེའི་ལསྃ་འབྲེལ་སྨོནྃ་ལམ་དག་པས་མཐུནྃ་ཅིང་ཆོས་དང་བླ་མ་གཅིག་པ་ནང་འདྲེས་པའིྃ་རྡོྃ་རྗེྃ་ཡིྃ་སྤུནྃ་གྲོགྃས་མཆེད་ལྕམ་ཐམས་ཅད་ངྃ་ཚོའིྃ་བླྃ་མྃ་ཐེག་པ་མཆོག་གི་ལྟ་སྤྱོད་ཀློང་དུ་གྱུར་ཅིང་ཟབ་ལམ་ཐང་མར་བརྡལ་བའི་ཆོས་སྟོན་པ་རྡོ་རྗེ་རྒྱལ་པོ་བཞུགྃས་པའིྃ་ཚོགྃས་གྲལྃ་ལྃ་འདུ་བར་འོས་པས་སྤྲོ་དགའི་ངང་ཚུལ་གྱིས་ཕེབྃས་དངྃ༌། གསང་སྔགས་ལམ་གྱི་རྩ་བ་དབང་བཞིས་རྒྱུད་སྨིནྃ་ཅིང༌། གྲོལྃ་བྱེད་རིམ་གཉིས་མྱུར་ལམ་གྱི་བྃདུད་རྩིྃ་དད་བརྩོན་མགྲིན་པ་བཟང་པོའི་ལམ་དུ་འྃཐུང་བས་རོ་བཅུད་མྱོང་བའིྃ་དགྃའ་སྟོནྃ་གྱིྃ་ངངྃ་ནསྃ་ལྟ་སྒོམ་སྤྱོད་པའི་གདེང་ཚད་དང་ལྡན་པས་སྐྱིད་ལ་ཟོས་བདེ་ཉམྃས་དགྃའ་བའི་རྡོ་རྗེའི་གླུྃ་རུྃ་ལེནྃ་པ་འདི་ཐོ་ཅོ་དང་བབ་བཅོལ་མ་ཡིན་པར་ཐེག་མཆོག་ལམ་ལ་སྤྱོད་པའིྃ་ཁྱདྃ་ཆོསྃ་ཤིྃག་ཡོདྃ་དོྃ། །ཇི་ལྟར་ཞེ་ན། གནས་སྐབས་འདོད་ཡོན་གྱིས་བསྐྱེད་པའི་དགའ་བདེྃ་ལྟ་བུ་མ་ཡིན་པར་གདོད་མའི་གཞི་དབྱིངས་ཀ་དག་གི་དགོངས་པའི་བཙན་ས་ཟིན་པས་གཞི་སྣང་འོད་གསལ་སྐུ་དང་ཡེ་ཤེས་ཀྱི་འཆར་ཆ་བདེ་བ་ཆེནྃ་པོ་ངོ་བོ་འཕོྃ་འགྱུརྃ་བྲི་གང་མེདྃ་པྃ་དབྱིངས་དང་དབྱེར་མེད་དུ་བཞུགྃས་བཞིན་རྣམ་པ་དཀྱིལ་འཁོར་འཁོར་ལོའི་ལྷ་སྔགས་ཆོས་ཉིད་ཀྱི་རྣམ་རོལ་རྩ་བ་གསུམ་གྱི་ལྷ་ཚོགས་འདུས་པའི་གྲལྃ་གྱིྃ་དྃབུས་ནྃ་དངོས་གཅིག་དུ་མའི་རོལ་པ་བསམ་མི་ཁྱབ་པའི་སྣང་གྲགས་རིག་པ་བཟང་ངན་དང་སྤང་བླང་གི་དབྱེ་བསལ་ཐ་དད་དུ་མ་མཆིས་པ་ཕུན་ཚོགས་ངེས་པ་ལྔ་ལྡན་གྱི་བཀོད་པ་རང་སྣང་ལྷུན་རྫོགས་སུ་བཞུགས་པ་ལ་བསྒྲུབ་བྱ་དཀྱིལ་འཁོར་གྱི་ལྷྃ་དངྃ་སྒྲུབ་བྱེད་རིག་འཛིན་བླྃ་མྃ་གཉིས་ཐ་དད་དུ་མ་མཆིས་པ་ཡེ་ནས་གཉིས་མེད་ཆེན་པོའིྃ་ཡིན་ལུགས་ཀྱི་ཞྃལ་རསྃ་མངོན་དུ་གྱུར་བའི་སྣང་ངོར་ཀུན་བརྟགས་ཀྱི་བློས་བསྐྱེད་རྫོགས་ཆེད་དུ་མྃ་བསྒོམྃས་ཀྱངྃ་རང་བཞིན་ཡོངས་གྲུབ་ཆེན་པོའི་དོན་དམ་གྱི་ལྷག་པའི་ལྷ་རུ་ཞལ་རས་མངོན་སུམ་དུ་མཐོྃང་བྱུངྃ་བས་རིག་འཛིན་གབ་བྱང་ལས། ལྷ་དང་སྣང་བ་ཆོས་ཉིད་གསུམ༔ གཅིག་ཏུ་འདྲེས་པར་མ་གྱུར་བར༔ ཏིང་འཛིན་གནད་ཀྱི་འཛིན་ཕུར་གདབ༔ ཅེས་གསུངས། གསང་ཆེན་རྒྱུད་སྡེའི་སྲུང་མ་མྃ་དངྃ་མཁྃའ་འགྲོྃའི་སྡེ་ཚོགས་རྒྱ་མཚོས་གཅེས་སྤྲས་སུ་བསྐྱངས་ཤིང་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ཡང་སྙིངྃ་གི་དྭངས་མའི་ཐིགྃ་ལེ་ངེས་དོན་མཐར་ཐུག་འོདྃ་གསྃལ་གྱིྃ་དོན་བསམ་མི་ཁྱབ་པའི་དེ་ཉིད་སྒྲ་ཇི་བཞིན་དུ་སངས་རྒྱས་འཕགས་པའི་དགོངས་པ་བཞིན་སྟོན་པའི་ཐེགྃ་པའིྃ་གསེང་ལམ་མཐར་ཕྱིན་ནས་ལུས་འཇྃའ་ལུསྃ། ངག་གཞོམ་མེད་ཆོས་ཀྱི་དབྱིངས། སེམས་ཆོསྃ་སྐུྃ་ཟབ་གསལ་གཉིས་མེད་དུ་སངས་རྒྱས་ཏེ་མི་སློབ་པའི་ལམ་གྱི་གོ་འཕང་མཐོང་བའི་ཆོས་ལ་འགྲུབྃ་པའིྃ་དངོྃས་གྲུབྃ་ཅིགྃ་ཞུྃའོྃ་ཞེས་གསུངས་པའོ། །ཞེས་ཀུན་མཁྱེན་བླ་མའི་རྡོ་རྗེའི་གསུང་གི་དགོངས་ཟབ་སོ་སོའི་སྐྱེ་བོའི་བློ་ཡི་སྤྱོད་ཡུལ་གྱིས་མི་རྟོགས་ཀྱང་དད་པའི་ཉེ་བར་ལེན་པའི་རྐྱེན་གྱིས་ཡིད་ལ་ཇི་ལྟར་ཤར་བའི་གོ་ཚོད་བྲིས་པ་དགོངས་དོན་ཇི་བཞིན་འབྱོར་ན་དོན་མཐུན་རྡོ་རྗེའི་མཆེད་ཚོགས་དགྱེས་པའི་མཆོད་སྤྲིན་དུ་འབུལ་ཞིང༌། གཟུ་ལུམ་སྤྱི་བརྟོལ་གྱི་ནོངས་པ་སྙིང་ནས་འགྱོད་ཚངས་དང་བཅས་མདོ་ཁམས་ཀྱི་འཁྱམས་པོ་རྨོང་བརྟུལ་མངྒ་ལ་ཤྲཱི་བྷུ་ཏིས་འབྲུག་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་དུ་དཔལ་ཆེན་འདུས་པའི་ཚོགས་སྒྲུབ་ཀྱི་སྐབས་བྲིས་པ་འགྲོ་ཀུན་དངོས་གྲུབ་མཆོག་གི་དགའ་སྟོན་ལ་སྦྱོར་བའི་རྒྱུར་གྱུར་ཅིག། །།
[edit]

@#/_/tshogs glu las smon rten 'brel gyi sbas don rnam par gsal ba rig stong dgongs pa'i snang byed ces bya ba bzhugs so/ @#/_/na mo gu ru sarba dz+nyA a b+ha ya dwIpa ya/_kun mkhyen bla ma'i rdo rje'i thol glu zab don bsam mi khyab pa'i dgongs don ji tsam blos dpog tshod ltar 'chad na rdo rje theg pa mchog gi lam nas rdo rje'i sku gsung thugs kyi gsang ba mngon sum du gyur ba'i che ba'i rtogs pa brjod pa la/_dang po ye shes rdo rje'i sku'i rtogs pa brjod pa ni/_de yang kun rdzob mtshan bcas kyi chos thams cad rten 'brel gyi bden pa mi bslu bar snang zhing*/_don dam mtshan med kyi chos thams cad skye 'gag gnas gsum dang bral ba gnyis zung 'jug sku dang ye shes kyi 'khor lor dag mnyam bden pa dbyer med du rtogs pa gsang sngags snga 'gyur ba'i khyad chos te/_des na kun rdzob rnam dkar gyi bag chags mthu brtas pa'i lasa~M dge ba dang bsam sbyor rnam dag gi smona~M lam gnyis kyi rang 'bras lha bas lhag pa'i khams drug ldan gyi rdo rje'i lus kyi ye shes kyi rtsa rlung thig le'i rtena~M 'brela~M legs phyogs su smin pas rdo rje nang gi sa lam gyi yon tan 'dod rgu 'byung ba'i dbu ma la dpa~Mg bsa~Mm ljona~M shinga~M gi~M sgras rgyud sde du ma nas gsungs la/_de'i dbyings su rlung sems thig le dang bcas pa dag dgos pas stenga~M na~M zhes gsungs shing*/_rgya~M gara~M 'di 'dzam gling gi yul dbus drod tshad rang bzhin gyis 'phel ba'i gnas su gyur pas gtum mo'i me mtshon zhing*/_de nyid 'bar bas dwangs ma'i thig le'i zla ba g.yos te de nyid kyi byed pas nang gi ye shes kyi nyin byed 'dren nus pa'am/_kun rdzob tu'ang zla nyi thog mar mngon phyogs la sha~Mr gyi~M sgras mtshon la/_de'i tshe zhu bde mi rtog pa'i nyams 'gyur brgya phrag gis drangs pas dkar dmar 'dres pa'i rnam 'gyur gyi 'gro 'ong ni rma~M bya~M gzho~Mn nu~M bde stong nyams kyi spu sdug gis sgeg pa lta bu dang mtshungs par yanga~M yas bab dang mas brtan gyi dga' bzhi lugs 'byung ldog gi 'gro 'ong gis pheba~Ms byunga~M zhes gsungs shing*/_de'i byed las kyis 'khor ba'i 'khrul snang bskyed pa'i rtsa rlung thig le'i cha dag pas/_sku dang ye shes kyi snang ba 'char ba'i d+hU ti'i gnas su rlung sems thig le dang bcas pa 'dren pa ni rma~M bya~M'i gduga~Ms skora~M dma~M pa'i~M lam dang mthun pa'i chosa~M phyoga~Ms su~M bsgyura~M dnga~M*/_'phags lam yon tan gyi na tshod gzhona~M pa~M nga~M tshosa~M dka' thub kyis ngal dub la ma ltos par yud tsam gyis sa bcu dbu ma'i dbyings su rdzogs nas mi slob mngon gyur thara~M pa~M chen po'i~M lama~M sna~M zhi~Mg myur du zina~M nas mkha' khyab ye shes rdo rje'i sku 'grub pa'i go 'phang mngon du gyur yonga~M zhes so/__/gnyis pa gsung rdo rje'i dbyangs kyi rtogs pa brjod pa ni/_'bar 'dzag gi sbyin pa/_'pho med kyi tshul khrims sogs nges don gyi phar phyin drug yongs su rdzogs pa ni bso~Md nama~Ms kyi tshogs chen mthar phyin pa yin la/_de tshe thig le dwangs ma smin pa'i dpyida~M kyi~M rgyala~M mo~M'i ye shes kyi rlung gi shi~Mng rta~M la~M drangs te pheba~Ms da~Mng zhes bskul ba'i mthus mgrin pa longs spyod 'khor lo'i rtsa mdud grol te lho~M phyogs ma la ya'i tsan dan gyis reg pa'i dri yi bzhon pas tsha gdung 'jil ba ltar las nyon gyi gdung ba sel zhing thar pa'i srog rtsa brtan pa'i zab rgyas chos kyi sgo thogs med du 'byed nus pa dang*/_mo~Mn sogs lho rong na rgyas pa'i ljon shi~Mng gi rang rtsal lo~M 'bras me tog bzhin gzungs dran mngon shes ting nge 'dzin sogs lam gyi yon tan rmad du byung ba'i sgo 'phar brgya phrag ldan pa'i~M kun dga'i skyed tshala~M kyang zhar byung gis thob pa'i tshe dpyid sos dus kyi~Ms sbran pa'i khu~M byuga~M gi~M gsunga~M snyana~M las lhag pa'i smin grol mchog la sbyor ba'i byed las ya~M gi~M sum cu rtsa gsum gyi tshal na gnas pa'i dri~M za~M'i rgyal po'i dgyes sde lha yi bu~M mo'i~M glinga~M bu~M lasa~M snyana~M pa~Mr sgrog pas dbyara~M gyi dga' ston dang mtshungs pa'i rigs can gsuma~M gyi gdul bya'i thar pa'i sa bon bskyed bsrings nas nama~M zla'i~M dus kyi rgud pa bsro~M ba~M ltar byang chub lam gyi yon tan 'phel zhing rgyas pa'i~M rtena~M 'brela~M gyis dga' ston legs smon phul du byung ba la~M phal tshig dang mthun par yaga~M byunga~M zhes gsungs pa'o/__/gsum pa ye shes rdo rje'i rtogs pa brjod pa ni/_deng 'di~Mr tshoga~Ms kyi 'khor lo'i 'du ba la spyod pa'i sngon dge'i lasa~M 'brel smona~M lam dag pas mthuna~M cing chos dang bla ma gcig pa nang 'dres pa'i~M rdo~M rje~M yi~M spuna~M groga~Ms mched lcam thams cad nga~M tsho'i~M bla~M ma~M theg pa mchog gi lta spyod klong du gyur cing zab lam thang mar brdal ba'i chos ston pa rdo rje rgyal po bzhuga~Ms pa'i~M tshoga~Ms grala~M la~M 'du bar 'os pas spro dga'i ngang tshul gyis pheba~Ms dnga~M*/_gsang sngags lam gyi rtsa ba dbang bzhis rgyud smina~M cing*/_grola~M byed rim gnyis myur lam gyi ba~Mdud rtsi~M dad brtson mgrin pa bzang po'i lam du 'a~Mthung bas ro bcud myong ba'i~M dga~M' stona~M gyi~M nganga~M nasa~M lta sgom spyod pa'i gdeng tshad dang ldan pas skyid la zos bde nyama~Ms dga~M' ba'i rdo rje'i glu~M ru~M lena~M pa 'di tho co dang bab bcol ma yin par theg mchog lam la spyod pa'i~M khyada~M chosa~M shi~Mg yoda~M do~M/_/ji ltar zhe na/_gnas skabs 'dod yon gyis bskyed pa'i dga' bde~M lta bu ma yin par gdod ma'i gzhi dbyings ka dag gi dgongs pa'i btsan sa zin pas gzhi snang 'od gsal sku dang ye shes kyi 'char cha bde ba chena~M po ngo bo 'pho~M 'gyura~M bri gang meda~M pa~M dbyings dang dbyer med du bzhuga~Ms bzhin rnam pa dkyil 'khor 'khor lo'i lha sngags chos nyid kyi rnam rol rtsa ba gsum gyi lha tshogs 'dus pa'i grala~M gyi~M da~Mbus na~M dngos gcig du ma'i rol pa bsam mi khyab pa'i snang grags rig pa bzang ngan dang spang blang gi dbye bsal tha dad du ma mchis pa phun tshogs nges pa lnga ldan gyi bkod pa rang snang lhun rdzogs su bzhugs pa la bsgrub bya dkyil 'khor gyi lha~M dnga~M sgrub byed rig 'dzin bla~M ma~M gnyis tha dad du ma mchis pa ye nas gnyis med chen po'i~M yin lugs kyi zha~Ml rasa~M mngon du gyur ba'i snang ngor kun brtags kyi blos bskyed rdzogs ched du ma~M bsgoma~Ms kyanga~M rang bzhin yongs grub chen po'i don dam gyi lhag pa'i lha ru zhal ras mngon sum du mtho~Mng byunga~M bas rig 'dzin gab byang las/_lha dang snang ba chos nyid gsum:_gcig tu 'dres par ma gyur bar:_ting 'dzin gnad kyi 'dzin phur gdab:_ces gsungs/_gsang chen rgyud sde'i srung ma ma~M dnga~M mkha~M' 'gro~M'i sde tshogs rgya mtshos gces spras su bskyangs shing mdo sngags chos tshul rgya mtsho'i yang snyinga~M gi dwangs ma'i thiga~M le nges don mthar thug 'oda~M gsa~Ml gyi~M don bsam mi khyab pa'i de nyid sgra ji bzhin du sangs rgyas 'phags pa'i dgongs pa bzhin ston pa'i thega~M pa'i~M gseng lam mthar phyin nas lus 'ja~M' lusa~M/_ngag gzhom med chos kyi dbyings/_sems chosa~M sku~M zab gsal gnyis med du sangs rgyas te mi slob pa'i lam gyi go 'phang mthong ba'i chos la 'gruba~M pa'i~M dngo~Ms gruba~M ciga~M zhu~M'o~M zhes gsungs pa'o/__/zhes kun mkhyen bla ma'i rdo rje'i gsung gi dgongs zab so so'i skye bo'i blo yi spyod yul gyis mi rtogs kyang dad pa'i nye bar len pa'i rkyen gyis yid la ji ltar shar ba'i go tshod bris pa dgongs don ji bzhin 'byor na don mthun rdo rje'i mched tshogs dgyes pa'i mchod sprin du 'bul zhing*/_gzu lum spyi brtol gyi nongs pa snying nas 'gyod tshangs dang bcas mdo khams kyi 'khyams po rmong brtul mang+ga la shrI b+hu tis 'brug spa gro skyer chu'i gtsug lag khang du dpal chen 'dus pa'i tshogs sgrub kyi skabs bris pa 'gro kun dngos grub mchog gi dga' ston la sbyor ba'i rgyur gyur cig/_//

Footnotes

Other Information