DKR-KABUM-13-PA-015: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...") |
m (Text replacement - "Khyentse Metadata" to "Text") |
||
(4 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=ཡེ་ཤེས་ཌཱ་ཀི་མཚོ་རྒྱལ་གྱི་གསང་བ་ལ་བསྟོད་པའི་རྡོ་རྗེའི་གླུའི་འགྲེལ་པ་གཞོམ་མེད་རྡོ་རྗེ་སྒྲ་ཡི་གླིང་བུ། | |||
|fulltitle=ye shes DA ki mtsho rgyal gyi gsang ba la bstod pa'i rdo rje'i glu'i 'grel pa gzhom med rdo rje sgra yi gling bu | |||
|citation=[[Khyentse, Dilgo]]. ''Ye shes DA ki mtsho rgyal gyi gsang ba la bstod pa'i rdo rje'i glu'i 'grel pa gzhom med rdo rje sgra yi gling bu''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 13: 187-193. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|associatedpeople=ye shes mtsho rgyal | |||
|associatedpeopletib=ཡེ་ཤེས་མཚོ་རྒྱལ་ | |||
|tibgenre=Commentaries - 'grel pa, Vajra Songs - rdo rje'i glu, Verses of Praise - bstod pa | |||
|terma=No | |||
|dkroutline=Five | |||
|language=Tibetan | |language=Tibetan | ||
| | |volumenumber=013 | ||
| | |volnumtib=༡༣ | ||
|volyigtib=པ་ | |||
|totalvolumes=25 | |||
|textnuminvol=015 | |textnuminvol=015 | ||
|pagenumbers=187-193 | |||
|totalpages=13 | |||
|beginfolioline=1a | |||
|endfolioline=7a3 | |||
|totalfolios=7 | |||
|multivolumework=No | |||
|rectonotes='grel pa | |||
|versonotes=mtsho rgyal bstod pa | |||
|colophontib=།ཅེས་པའང་མཆོག་གི་རྡོ་རྗེའི་ས་བརྙེས་པའི་རིག་འཛིན་གྱི་ཁྱུ་མཆོག་དུ་མས་རྗེས་སུ་བཟུང་ཞིང༌། རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་ཟབ་རྒྱས་ལ་སྤྱོད་པའི་སྐལ་པ་མི་དམན་པ། རྡོ་རྗེ་ཐེག་པའི་རྣལ་འབྱོར་ཙམ་པོ་བའི་གཟུགས་བརྙན། འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་ཞེས་རྡོ་རྗེའི་མིང་གི་དབང་བསྐུར་ཐོབ་པའི་མངྒ་ལས། རྡོ་རྗེའི་གནས་མཆོག་ཉེ་བའི་ཚནྡྷོ་ཧ་བྱ་རུང་ཁ་ཤོར་དུ་གསང་ཆེན་རྡོ་རྗེའི་ཆོས་ཀྱི་ཏམྦུ་ར་སྒྲོགས་པའི་ཚེ་རྟེན་འབྲེལ་ལེགས་ཚོགས་དུ་མས་བསྐུལ་ཏེ་བྲིས་པ་འབྲེལ་ཚད་རྡོ་རྗེ་བདེ་བ་ཆེན་པོའི་ས་ལ་སྦྱོར་བའི་ཕོ་ཉ་རུ་གྱུར་ཅིག། | |||
|colophonwylie=/ces pa'ang mchog gi rdo rje'i sa brnyes pa'i rig 'dzin gyi khyu mchog du mas rjes su bzung zhing*/_rdo rje theg pa'i rgyud sde rgya mtsho'i smin grol zab rgyas la spyod pa'i skal pa mi dman pa/_rdo rje theg pa'i rnal 'byor tsam po ba'i gzugs brnyan/_'od gsal rdo rje thugs mchog rtsal zhes rdo rje'i ming gi dbang bskur thob pa'i mang+ga las/_rdo rje'i gnas mchog nye ba'i tshan+d+ho ha bya rung kha shor du gsang chen rdo rje'i chos kyi tam+bu ra sgrogs pa'i tshe rten 'brel legs tshogs du mas bskul te bris pa 'brel tshad rdo rje bde ba chen po'i sa la sbyor ba'i pho nya ru gyur cig/ | |||
|pdflink=File:DKR-KABUM-13-PA-015.pdf | |pdflink=File:DKR-KABUM-13-PA-015.pdf | ||
}} | }} | ||
Line 16: | Line 36: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །ཡེ་ཤེས་ཌཱ་ཀི་མཚོ་རྒྱལ་གྱི་གསང་བ་ལ་བསྟོད་པའི་རྡོ་རྗེའི་གླུའི་འགྲེལ་པ་གཞོམ་མེད་རྡོ་རྗེ་སྒྲ་ཡི་གླིང་བུ་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །ཡེ་ཤེས་ཌཱ་ཀི་མཚོ་རྒྱལ་གྱི་གསང་བ་ལ་བསྟོད་པའི་རྡོ་རྗེའི་གླུའི་འགྲེལ་པ་གཞོམ་མེད་རྡོ་རྗེ་སྒྲ་ཡི་གླིང་བུ་ཞེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །ན་མོ། གུ་རུ་ཛྙཱ་ན་དྷཱ་ཀི་ནི་ཡེ། །ནམ་མཁའི་རྣལ་འབྱོར་ཆེན་པོ་གཉུག་མའི་དབྱིངས། །འཁོར་འདས་བདེ་ཆེན་འཆར་བའི་ཌཱ་ཀི་ནི། །དབྱེར་མེད་འཁོར་ལོའི་དབང་ཕྱུག་ལ་བཏུད་ནས། །ཟབ་དོན་ཇི་ལྟར་དཔོག་བཞིན་ཆ་ཙམ་བརྗོད། །དེ་ཡང་མཐོང་བའི་ཆོས་ལ་རྡོ་རྗེ་བདེ་བ་ཆེན་པོའི་ས་བརྙེས་པའི་སློབ་དཔོན་ཆེན་པོ་ཀུན་མཁྱེན་བླ་མ་མཉྫུའི་མཚན་གྱི་ལོངས་སྤྱོད་འཁོར་ལོས་རྡོ་རྗེ་གླུའི་དཀོར་མཛོད་ལས་བྱུང་བའི་ཡེ་ཤེས་མཁའ་འགྲོའི་གསང་བ་རྗེས་སུ་མཚོན་པ་བསྟོད་པའི་གླུའི་ཟབ་དོན་འཆད་པ་ལ་གསུམ། བཤད་བྱའི་གླུ་ཡི་མཚན་གྱིས་མདོར་བསྟན། བསྟོད་པ་རྡོ་རྗེའི་གླུ་དངོས་རྒྱས་པར་བཤད་པ། དེ་ཉིད་ཇི་ལྟར་མཛད་པའི་ཚུལ་གྱིས་མཇུག་བསྡུ་བའོ། །དང་པོ་ནི། བསྟོད་བྱ་ཡུལ། ༈ ཡེ་ཤེས་ཌཱ་ཀི་ནི་ལ། བསྟོད་བྱེད་ཚིག་རྡོ་རྗེའི། རྩ་སྔགས་དང་སྦྱར་བའི་སྒོ་ནས། བསྟོད་དོན་རྡོ་རྗེའི་ཐེག་པའི་ཁྱད་ཆོས་ནང་གི་ས་ལམ་གྱི་བགྲོད་པ་མཐར་ཕྱིན་ཚུལ་གྱིས་བསྟོད་པས་ཟབ་དོན་མངོན་སུམ་དུ་རྟོགས་པའི་རིག་རྩལ་ཡེ་ཤེས་རླུང་གིས་བསྐུལ་ཏེ། ཆེད་དུ་རྩོལ་སྒྲུབ་མ་དགོས་པ་ཐོལ་བྱུང་དུ། རང་བྱུང་ཐུགས་ལས་བརྡོལ་བའི་རྡོ་རྗེའི་གླུ་རྡོ་རྗེ་ཐེག་པ་ནང་ཐབས་གྲོལ་ཟབ་མོའི་སྒོ་ནས་ཕྱི་མཚན་ཉིད་ཐེག་པ་དང་སྒོ་བསྟུན་པའི་ཕ་རོལ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་བསྐལ་པ་གྲངས་མེད་གསུམ་ལ་སོགས་པའི་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ཏེ་མི་སློབ་པའི་ལམ་མངོན་དུ་གྱུར་པས་རང་གཞན་དོན་གཉིས་མཐར་སོན་པའི་དཔལ་མོ། རྡོ་རྗེའི་བླ་མ་མ་ཧཱ་གུ་རུའི་གསང་འཛིན་བཀའ་ཡི་གཟུང་མ་ཡེ་ཤེས་མཚོ་རྒྱལ་གྱི་མི་ཟད་རྒྱན་གྱི་འཁོར་ལོའི་གསང་གསུམ་མཆོག་བདེའི་ཡོངས་སུ་གང་བས་དགྱེས་ཏེ་བཞད་པའི་ཚུལ་དེ་གང་གིས་ཐོས་ཀྱང༌། ཡིད་ལ་བདེ་བ་ཆེན་པོའི་སིམ་པ་སྟེར་བ་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། རྡོ་རྗེའི་གླུ་འདྲེན་པའི་རྒྱུ་བདེ་སྟོང་གི་ཏིང་ངེ་འཛིན་མདོར་བསྟན། ཟབ་དོན་ཕར་ཕྱིན་དྲུག་གི་རྟོགས་པ་རྒྱས་པར་བཤད་པས་བསྟོད་པ་གཉིས་ལས། དང་པོ། ཨ་ཞེས་ཆོས་དབྱིངས་རྡོ་རྗེ་བཙུན་མོའི་ཤེས་རབ་སྟོང་ཆ་དང༌། དེ་མངོན་དུ་བྱེད་པ་ལ་ཐབས་བདེ་བ་ཆེན་པོའི་ཧེ་རུ་ཀ་དང་མཉམ་པར་སྦྱོར་བའི་སྒྱུ་རྩལ་ལས། འབྲས་བུའི་ཆོས་ཀུན་བདེ་སྟོང་གཉིས་སུ་མི་ཕྱེད་འཕོ་མེད་རྡོ་རྗེའི་དབྱིངས་སུ་དག་པའི་ཡེ་ཤེས་ཀྱི་རོལ་པར་སྡོམ་པའི་དོན་ལ་མཉམ་པར་བཞག་པས་ཐུགས་རབ་ཏུ་ངོམ་པའམ། ཚིམ་པའི་ཚུལ་གྱི་ཧོཿཞེས་རྡོ་རྗེའི་གླུའི་སྣ་འདྲེན་པ་སྟེ། འདི་ལའང་ཞིབ་ཏུ་བཤད་ན་མཐའ་དྲུག་ཚུལ་བཞིའི་བཤད་ཚུལ་ཟབ་རྒྱས་སུ་ཡོད་ལ། དོན་དུ་རྡོ་རྗེའི་ཐོལ་གླུ་འདིའི་མདོར་བསྟན་པའོ། །གཉིས་པ་ལ། ཐོག་མར་མཚོན་བྱེད་དཔེ་ཡི་ཡེ་ཤེས་ཡས་བབས་རྒྱུ་ཡི་དགའ་བཞིའི་སྦྱིན་པའི་ཕ་རོལ་དུ་ཕྱིན་མ་ཡོན་ཏན་རིན་ཆེན་མཁའ་འགྲོ་ལ་བསྟོད་པ། མས་བརྟན་འབྲས་བུའི་དགའ་བཞིའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་མ་གསུང་པདྨ་མཁའ་འགྲོ་ལ་བསྟོད་པ། ཟུང་འཇུག་བདེ་སྟོང་ཁ་སྦྱོར་གྱིས་བཟོད་པའི་ཕ་རོལ་དུ་ཕྱིན་པ་ཐུགས་རྡོ་རྗེ་མཁའ་འགྲོ་ལ་བསྟོད་པ། མཚོན་བྱ་དོན་གྱི་ཡེ་ཤེས་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཕྲིན་ལས་ལས་ཀྱི་མཁའ་འགྲོ་ལ་བསྟོད་པ། ངེས་དོན་གཉིས་སུ་མེད་པའི་དེ་ཉིད་དང་མཉམ་རྫོགས་བྲལ་བ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་སྐུ་བདེ་གཤེགས་མཁའ་འགྲོ་ལ་བསྟོད་པ། མཐར་ཐུག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དྲུག་པའི་རིགས་བརྒྱའི་ཁྱབ་བདག་ལ་བསྟོད་པ། དབྱེར་མེད་སྐུ་བཞིའི་བདག་ཉིད་འབྲས་བུའི་ཡེ་ཤེས་མཁའ་འགྲོ་ལ་བསྟོད་པ་དང་དྲུག་གོ །དང་པོ་ནི། ཨོཾ་ཞེས་བཀྲ་ཤིས་པའི་སྔགས་དང་འབྲེལ་བའི་ཡེ་ཤེས་ལྔ་མཚོན་གྱི་ངོ་བོའམ་བདག་ཉིད་དུ་སོན་པས་གྲུབ་པའི་བདག་ཉིད་ཀྱི་ཐ་སྙད་མཚན་མའི་བློ་རྟོག་ལས་འདས་པའི་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་རང་གདངས་མདོ་རྒྱུད་ཐམས་ཅད་ཀྱི་ཟབ་དོན་མངོན་དུ་བྱ་བའི་ཉམས་འགྱུར་རམ་ཉམས་མྱོང་རྒྱུད་ལ་འདྲེན་པའི་ཐབས་ཟབ་མོ་ཡིད་དཔྱོད་ཀྱི་བློ་དང་གྲུབ་མཐའི་གཞལ་བའི་ཕྲ་རབ་རྡུལ་དང་བྲལ་བས་ན་དངོས་མཚན་ལས་འདས་པའི་རྟོགས་རྒྱུད་དོན་ལ་མངོན་སུམ་དུ་འདྲེན་པའི་བྱེད་ལས་ཆོས་དབྱིངས་རྣམ་ཐར་སྒོ་གསུམ་གྱི་ངོ་བོར་རྣམ་པ་ཡུམ་རྡོ་རྗེ་ཕག་མོ་མཚོན་བྱེད་གཏུམ་མོ་ཡེ་ཤེས་ཀྱི་མེ་ལྕེས་འཁོར་ལོ་བཞིར་འབར་བའི་རེག་བྱ། ཧཾ་ཡིག་ངོ་བོ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་རྟེན་རྣམ་པ་ཡབ་ཧེ་རུ་ཀ་མཚོན་བྱེད་བདེ་ཆེན་འཁོར་ལོའི་བདུད་རྩི་དྭངས་མ་ཞུ་བའི་རྒྱུན་ཡས་བབས་དགའ་བཞིའི་ཉམས་འགྱུར་གྱིས་སྲིད་པ་སུམ་ཅུ་རྩ་གཉིས་ཀྱི་སྡུག་བསྔལ་གྱི་ཟུང་རྔུ་དྲུང་ནས་ཕྱུང་སྟེ་འཕོ་མེད་བདེ་བ་མཆོག་གི་དགའ་སྟོན་ལ་ལོངས་སྤྱོད་ཀྱི་འབུམ་ཕྲག་ཡངས་པའི་མཁའ་འགྲོ་ཚོགས་ཀྱི་རྗེ་མོ་ནི། བདེ་སྟོང་མཉམ་སྦྱོར་ཆེན་པོ་སྦས་དོན་ནང་གི་ཕག་མོ་ཙཎྜ་ལིས་བྱེད་པས་སྒོ་གསུམ་རྡོ་རྗེའི་གྲོང་ཁྱེར་ཐམས་ཅད་ཀུན་ཏུ་སིམ་པས་སྐྱེ་འཆི་ཟག་བཅས་ཀྱི་རྒྱུ་འབྲས་ལས་བྱུང་བའི་ཕོངས་རྒུད་ཐམས་ཅད་རྒྱུན་བཅད་ལ། མཉམ་ཉིད་ཡེ་ཤེས་སྦྱིན་པའི་ཕ་རོལ་དུ་ཕྱིན་མ་སྨིན་འབྲས་མཐར་ཐུག་ཟག་མེད་ཀྱི་ཡོན་ཏན་རིན་ཆེན་མཁའ་འགྲོ་སེར་མོ་དོན་འགྲུབ་ཏུ་ཤར་བ་ལ་འདུད་དོ། །གཉིས་པ་ནི། དབྱིངས་ཕྱུག་ཁ་ཁ་མུ་ཁའི་རེག་བྱ་དང་ལྡན་པའི་ཕྱག་རྒྱ་མའི་པདྨོར་རེག་པ་ཙམ་གྱིས་བདེ་ཆེན་རབ་ཏུ་རྒྱས་པའི་དཔལ་ཡོན་ཅན། རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་དང་མཉམ་པའི་ཌཱ་ཀིའི་གསང་བའི་ག་ཎ་ཙཀྲ་ལ་རོལ་པའི་མཐུས་ལྷན་སྐྱེས་ཀྱི་ཡེ་ཤེས་ནམ་མཁའི་གཟུགས་ཅན་བདེ་བླག་ཏུ་རྒྱུད་ལ་འཆར་བའི་མཆོག་ཏུ་སིམ་བྱེད་སྦྲང་རྩི་ལྟ་བུའི་དཀར་དམར་འདྲེས་པའི་དྭངས་མ་གྱེན་དུ་འདྲེན་ཏེ་ལུགས་ལྡོག་བདེ་བའི་ཉམས་འགྱུར་འབུམ་ཕྲག་གིས་མྱོས་པའི་ཐིག་རླུང་སེམས་ཀྱི་དྭངས་མའི་བུང་བ་མས་བརྟན་གྱི་དགའ་བའི་བཅུ་དྲུག་གི་ཧཾ་ཡིག་ཟླ་བ་བདུད་རྩི་སྤྱི་བོའི་ཐིག་ལེའི་དྭངས་མ་རྒྱས་ཤིང་བརྟན་པའི་བཅུད་ལེན་དུ་སིམ་སྟེ་འཐུང་བ་ལྟར་འགྱུར་བས། འཁོར་འདས་ཀྱི་རྣམ་པ་ཀུན་ལ་བདེ་ཆེན་དེས་ཁྱབ་ཀྱང༌། གང་གི་ཕྱོགས་སུ་མ་ལྷུང་བའི་ངོ་བོ་མཆོག་ཏུ་མི་འགྱུར་རྟག་བརྟན་རྡོ་རྗེ་སེམས་དཔའ་སྐུ་གསུང་ཐུགས་ཀྱི་དབྱིངས་སུ་འཁྲུལ་པ་མི་གཡོ་བའི་ངལ་འཚོ་ལ་སྦྱོར་བའི་ལས་ཉོན་གྱི་ཟག་པའི་དྲི་མ་མེད་ཅིང་སྣང་སྤྱོད་རྡོ་རྗེ་བདེ་བ་ཆེན་པོའི་དགའ་བ་ལས་ནམ་ཡང་ཉམས་པ་མེད་པ་འཕགས་པའི་ས་བརྙེས་པའི་ཟག་མེད་ཀྱི་ཚུལ་ཁྲིམས་ཕ་རོལ་ཕྱིན་མ་སྲིད་པའི་ཟུག་རྔུ་འབྱིན་པའི་གཉེན་པོ་ཟླ་མེད་གསུང་རྡོ་རྗེའི་བདག་ཉིད་སོར་རྟོག་ཡེ་ཤེས་པདྨ་མཁའ་འགྲོ་དམར་མོ་སྒྲ་སྒྲོགས་མ་ལ་འདུད་དོ། །གསུམ་པ་ནི། རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་ཆོས་སྐུའི་དགོངས་པ་ལ་དབང་འབྱོར་བ་ཡོ་གི་ནི་སྟེ་རྣལ་འབྱོར་མ་ཁྱེད་ཐབས་མཆོག་བདེ་བ་ཆེན་པོ་ཁྱབ་བདག་པདྨ་སཾ་བྷ་ཝ་སྤྱི་དཔལ་ཧེ་རུ་ཀ་དང་གཉིས་མེད་རྟག་ཏུ་མཉམ་པར་སྦྱོར་བའི་རྡོ་རྗེ་དང་པདྨའི་འདུ་འཕྲོད་ཀྱི་བདེ་བ་ཆེན་པོའི་མཆོག་ཏུ་མི་འགྱུར་བ་ཡི་རེག་བྱས། གསང་གསུམ་མི་ཕྱེད་རྡོ་རྗེའི་དབྱིངས་སུ་སིམ་སྟེ་འདྲེས་པ་ཡུལ་ཅན་ཤེས་པ་དང་ཤེས་བྱ་ཡུལ་དུ་སྣང་བའི་གཟུང་འཛིན་གཉིས་མེད་རོ་གཅིག་རྡོ་རྗེའི་བརྟུལ་ཞུགས་ཆེན་པོས་མཐར་སོན་པས་མཁའ་སྤྱོད་དྷཱུ་མ་ཐ་ལ་བདེ་སྟོང་འདུ་འབྲལ་མེད་པའི་དེ་ཉིད་ཀྱི་ཡེ་ཤེས་སྨྲ་བསམ་བརྗོད་པ་དང་བྲལ་བ། གཏན་ཚིགས་དང་རྗེས་དཔག་ལ་མ་ལྟོས་པ་མངོན་སུམ་དུ་ཉམས་སུ་མྱངས་ཏེ་བདེ་མྱུར་གྱིས་ཐུགས་རྒྱུད་ལ་ཐབས་ཟབ་མོའི་ཉེ་རྒྱུའི་སྤྱོད་པས་དྲངས་བས། སྣོད་བཅུད་འཁོར་འདས་ཀྱི་ཆོས་ནམ་མཁའི་མཐས་ཁྱབ་པ་ཐ་མལ་འཁྲུལ་ཤེས་ལས་འདས་པའི་རྡོ་རྗེ་དག་པ་ཆེན་པོ་སྐུ་དང་ཡེ་ཤེས་ཀྱི་ཆོ་རིགས་ཤིན་ཏུ་གཙང་བའི་བཙུན་པའི་བཟང་མོའི་རྟེན་དང་བརྟེན་པའི་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་གཟུགས་ཀྱི་དཀྱིལ་འཁོར་ཆེན་པོའི་སྣང་སྟོང་སྒྱུ་མ་ལྟ་བུའི་གཟུགས་བརྙན་དུ་ཤར་བའི་སྟོང་བཞིའི་དབྱིངས་སུ་ཟབ་མོ་བདེན་མེད་དུ་སྒྱུ་མ་ལྟ་བུའི་སྣང་བ་དགྲ་གཉེན་སྤང་བླང་དུ་འཛིན་པའི་ཡུལ་གཏད་མེད་ཆོས་སྐུའི་ཟབ་མོ་སྟོང་ཉིད་ཀྱི་རྒྱས་ཐེབ་པ་སྟེ། དོན་དམ་མི་སྐྱེ་བའི་ཆོས་ལ་གདེང་ཐོབ་སྟེ། མེ་ལོང་ཡེ་ཤེས་བཟོད་པའི་ཕ་རོལ་ཕྱིན་མ་རྡོ་རྗེ་མཁའ་འགྲོ་ཞི་བྱེད་དཀར་མོ་ལ་འདུད་དོ། །བཞི་པ་ནི། ངོ་བོ་ཛྙཱ་ན་ཏེ་ཡེ་ཤེས་གཅིག་པུའི་མཁའ་ཀློང་ལས་མ་འདས་པར་རྣམ་པ་འཁོར་འདས་བརྟན་གཡོ་རྒྱུ་དང་མི་རྒྱུ་སྟེ། ནུས་པ་ཐོབ་པའི་རྣལ་འབྱོར་པ་ཐམས་ཅད་དུའམ་སྣ་ཚོགས་པའི་གཟུགས་སུ་ཅིར་ཡང་འཆར་བས། མཚན་གྱི་མངོན་བརྗོད་ལའང་སྣ་ཚོགས་གཟུགས་ཅན་དུ་གྲགས་པས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་བྱུང་བའི་ཞིང་འཛམ་གླིང་གི་གནས་ཡུལ་དུར་ཁྲོད་ཀུན་ཏུ་ལྷ་སྔགས་ཏིང་འཛིན་གྱིས་རྡོ་རྗེ་ཐེག་པའི་ལྟ་སྒོམ་སྤྱོད་པའི་སྐལ་ལྡན་རྣལ་འབྱོར་རྣམས་ལ་དངོས་གྲུབ་སྟེར་བའི་རིགས་ཅན་དུ་རྟག་པར་བཞུགས་པ་དང༌། སྔགས་ཀྱི་རིམ་གཉིས་མཐར་ཕྱིན་དང་ཆོས་ཉིད་རྣམ་ཐར་སྒོ་གསུམ་གྱི་དོན་མངོན་སུམ་རྟོགས་པས་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད་པའི་ལྷན་སྐྱེས་ཏེ་དོན་དུ་རྡོ་རྗེ་ཐེག་པའི་འདུ་བར་འོས་ཞིང་ས་ལམ་གྱི་བོགས་འབྱིན་ནུས་པའི་དཔལ་མོ་འབུམ་ཕྲག་གི་དབུས་ན། རྣལ་འབྱོར་བའི་ལྟ་སྒོམ་སྤྱོད་པའི་གདེང་ཚད་དང་བསྟུན་པའི་ཞི་རྒྱས་དབང་དྲག་མཆོག་གི་དངོས་གྲུབ་ཐོབ་པའི་གཙོ་འཁོར་དག་མ་དག་མཆོག་ཕལ་གང་འདུལ་རྒྱུན་གྱིས་ཕྱོགས་དུས་ཀུན་ཏུ་མུ་མཐའ་མེད་པའི་ཆོས་ཀྱི་དབྱིངས་དང་མཉམ་པར་ཞིང་དང་སྐུའི་བཀོད་པ་སྣང་བ་རྒྱུན་གྱི་རྟག་པའི་བདག་ཉིད་ཅན་ཏེ་ཚུལ་ཇི་ལྟར་སྟོན་ཀྱང་རང་གི་ཆོས་ཉིད་བདེ་སྟོང་གི་ཡེ་ཤེས་ལས་ནམ་ཡང་ཉམས་པ་མེད་པ་བདེ་ནས་བདེ་བར་བགྲོད་པའི་དགའ་སྟོན་ལ་རོལ་པ་ནམ་མཁའ་ཇི་སྲིད་བར་དུ་རྟག་ཁྱབ་ལྷུན་གྲུབ་ཏུ་ཕན་བདེ་མཐའ་ཡས་པའི་གཞན་དོན་དུས་ལས་མི་གཡོ་བའི་བྱ་གྲུབ་ཡེ་ཤེས་ཉམས་སྣང་མཐར་ཕྱིན་གྱི་རྣམ་རོལ་བརྩོན་འགྲུས་ཕ་རོལ་ཕྱིན་མ་ལ་འདུད་དོ། །ལྔ་པ་ནི། གཙང་དམེ་གཉིས་འཛིན་བྲལ་བའི་ཕག་བཞིན་འཁོར་འདས་ཀྱི་ཆོས་ཐམས་ཅད་གཉིས་མེད་མཉམ་པ་ཉིད་དུ་རྟོགས་པའི་དོན་གྱི་ཝ་ར་ཧཱི་ཞེས་ལྟེ་བར་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་བའི་བདེ་དྲོད་གཡོ་བྱེད་ཡེ་ཤེས་ཀྱི་རླུང་འཁོར་ལོ་བཞིར་ཡས་བརྟན་དུ་གཡོ་བའམ་འབར་བས་སྤྱི་བོའི་ཧཾ་ཡིག་ཟླ་བ་ཞུན་མའི་བདུད་རྩི་སྙིང་ཁུ་ཞུ་བ་ཡས་ནས་མར་བབས་ཏེ་ཁམས་དཀར་དམར་འདྲེས་པའི་བདེ་སྟོང་གཉིས་སུ་མེད་པའི་སྐུ་རྡོ་རྗེ་དྭངས་མའི་བཅུད་ལྷན་སྐྱེས་ཀྱི་ཡེ་ཤེས་རླུང་གིས་དྲངས་པའི་ཕྱིར། མགྲིན་པ་ལོངས་སྤྱོད་འཁོར་ལོར་ཕོག་པས་ཟབ་རྒྱས་ཆོས་ཀྱི་མཛོད་བརྡོལ་ཞིང༌། རླུང་ཐིག་སེམས་གསུམ་སྙིང་དབུས་མི་ཤིགས་པའི་ཐིག་ལེར་ཞུགས་གནས་ཐིམ་གསུམ་མཐར་ཕྱིན་པའི་འཕོ་མེད་ཀྱི་བདེ་ཆེན་རབ་ཏུ་མི་གཡོ་བར་བརྟན་པའི་ངང་དུ་མཉམ་པར་བཞག་པ་ཡི་བྱེད་ལས་ཀྱིས་ཆགས་སྡང་རྨོངས་གསུམ་ལས་བྱུང་བའི་རང་བཞིན་བརྒྱད་ཅུའི་འཁྲུལ་པ་རྟོག་ཚོགས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཆེན་པོའི་རླུང་སེམས་ཐམས་ཅད་སྣང་མཆེད་ཐོབ་པ་རྫོགས་པ་དབུ་མའི་དབྱིངས་སུ་ཐིམ་པས་ཐུགས་རྡོ་རྗེ་སྟེ། རྣམ་པ་གསུམ་དུ་དབྱེ་ཡང་དོན་ལ་དུ་མ་རོ་གཅིག་གི་སྙིང་དབུས་སུ་མི་ཤིགས་པའི་དབྱིངས་ངེས་དོན་གྱི་དྷཱུ་ཏིའི་ཆོས་དབྱིངས་རྣམ་ཐར་སྒོ་གསུམ་གྱི་གནས་ལུགས་དོན་གྱི་ཌཱ་ཀིའི་བདེ་བ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་བཞི་རུ་སྲོག་ཏུ་བསྡམས་པས། ལུས་སྣང་བ་འདོད་ཁམས། ངག་ཕྱེད་སྣང་གཟུགས་ཁམས། ཡིད་མི་སྣང་གཟུགས་མེད་ཁམས་ཏེ་ཁམས་གསུམ་གཟུང་འཛིན་གྱི་འཁྲུལ་པའི་གྲོང་ཁྱེར་དབྱིངས་སུ་སྟོང་ནས་ཆོས་སྐུ་མཐའ་དབུས་བྲལ་བ་བསམ་མི་ཁྱབ་པའི་མཁའ་དབྱིངས་སུ་བཙན་ས་ཟིན་ཏེ་ཐིམ་པ་ལ་མཉམ་རྗེས་རེས་འཇོག་ལས་འདས་པའི་ཡེ་ཤེས་ཀྱི་དབྱིངས་སུ་སངས་རྒྱས་པ་བདེ་གཤེགས་སྙིང་པོའི་ཡིན་ལུགས་སྒྲ་ཇི་བཞིན་པ་མངོན་དུ་གྱུར་ཏེ་འོད་གསལ་ཆོས་དབྱིངས་ཡེ་ཤེས་བསམ་གཏན་ཕ་རོལ་ཕྱིན་མ་དོན་གྱི་ཡེ་ཤེས་རྡོ་རྗེ་ནམ་མཁའི་དཀྱིལ་དུ་བདེ་བ་གཤེགས་མཁའ་འགྲོ་རྡོ་རྗེ་ཕག་མོ་ལ་འདུད་དོ། །དྲུག་པ་ནི། ཧཱུྃ་ཡིག་བདེ་བ་ཆེན་པོའི་ཡེ་ཤེས་གཅིག་ལ་ལྡོག་ཆས་དབྱེ་བས། ཆོས་དབྱིངས། མེ་ལོང༌། མཉམ་ཉིད། སོར་རྟོག །བྱ་གྲུབ་ཀྱི་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པ་དོན་ལ་སྐྱེ་འགག་གནས་གསུམ་གྱིས་གཞོམ་གཞིག་མེད་ཀྱི་སྤྲོས་པས་མཚན་མས་ནམ་ཡང་མི་ཤིགས་པའི་ཐིག་ལེ་ནི་འཕོ་འཛག་ཉོན་ཤེས་ཀྱི་སྒྲིབ་གཉིས་ཆ་བཅས་སྤངས་པ། བྲལ་འབྲས་མཐར་ཐུག་ཆོས་ཉིད་དེ་བཞིན་ཉིད་ཀྱི་གཤིས་ལུགས་སངས་རྒྱས་འཕགས་པའི་མཉམ་བཞག་གི་གཟིགས་པའི་ཟབ་གསལ་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་དང༌། ཐ་མི་དད་པས། ངོ་བོ་དག་པ་གཉིས་དང་ལྡན་པའི་ཆོས་ཉིད་ལ་མཚན་རྟོག་གི་གཉིས་ཆོས་སུ་ནམ་ཡང་སོ་སོར་དབྱེར་མི་ཕྱེད་པ་འབྲས་བུ་སངས་རྒྱས་སྐུ་གསུམ་གྱི་ཟག་མེད་ཡོན་ཏན་རྒྱ་མཚོའི་མཐར་སོན་པའི་རང་བཞིན་ཚོགས་གཉིས་ཟུང་འཇུག་གི་འབྲས་བུའི་རྟོགས་བྱ་མཐར་ཐུག་ཁྱབ་བྱ་ཡེ་ཤེས་ལྔ་ལ་ཁྱབ་བྱེད་རང་བྱུང་གི་ཡེ་ཤེས། དྲུག་པའི་རིགས་ཀྱི་འཁོར་ལོའི་བསྒྱུར་བ་ཡུམ་ཆེན་མོ། ཤེས་རབ་ཕ་རོལ་ཕྱིན་མ་ལ་འདུད་དོ། །བདུན་པ་ནི། མདོར་ན་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་སྣང་སྟོང་ཟུང་འཇུག་མཐའ་ལས་འདས་པ་རྟོགས་པ་ལ་ངོ་མཚར་བའི་ཕྱིར། ཨ་ཧོ། ཞེས་མདོར་བསྟན་ནས་གཞི་གདོད་ནས་བསལ་བཞག་བྲལ་བའི་དབྱིངས་ངོ་བོ་ལ་ཀ་དག་འཕགས་བཞིའི་འབྱུང་གནས་རྒྱལ་བའི་ཡུམ་ཆེན་པོ་ཤེས་རབ་ཕ་རོལ་དུ་ཕྱིན་མ་འབྲས་བུ་ཌཱ་ཀི་མའི་མཁྱེན་ཆ་འགག་པ་མེད་པའི་འོད་གསལ་ཡེ་ཤེས་ཀྱི་རང་གདངས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་གཞི་ལྷུན་གྲུབ། ལམ་གྱི་བཞུགས་ཚུལ་དང་མཐུན་པ་ཁྲེགས་ཆོད་དང༌། ཐོད་རྒལ་གྱི་ལམ་རྣལ་འབྱོར་དུ་བྱས་པའི་རང་འབྲས་ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པའི་ལམ་སྣང་བ་རྣམ་བཞིའི་རྣལ་འབྱོར་མཐའ་རུ་ཕྱིན་ནས་ཟག་པ་རང་ཟད། འབྱུང་བ་རང་དེངས། དྲན་པ་རང་གྲོལ་བའི་མི་སློབ་འབྲས་བུའི་གོ་འཕང་མངོན་དུ་གྱུར་ཏེ་སྐྱེ་ཞིང་བགྲེས་རྒུད་དང་བྲལ་བའི་སྒྲིབ་བྲལ་རྡོ་རྗེའི་ལང་ཚོ་དར་ལ་བབ་པའི་འཇོ་སྒེག་དང་སྦྲགས་ནས་འབྲས་བུ་སྲིད་པ་ཇི་སྲིད་བར་ཟངས་མདོག་དཔལ་གྱི་རི་བོར་ད་ལྟའང་བཞུགས་པའི་འཕོ་ཆེན་འཇའ་ལུས་རྡོ་རྗེའི་མཁའ་ཁྱབ་འགྲོ་བའི་དོན་མཛད་པ་སྟེ། སྣང་ཚུལ་སྒྲིབ་པ་དག་མ་དག་གི་གཞི་ལམ་འབྲས་བུ་གསུམ་དུ་དབྱེ་ཡང༌། གནས་ཚུལ་ཐིག་ལེ་ཉག་གཅིག་གི་ཆོས་ཉིད་གཅིག་ལ་ནམ་ཡང་ཐ་དད་དུ་དབྱེར་མེད་པ་དོན་དམ་གྱི་ཕག་མོའི་རང་ཞལ་མངོན་དུ་གྱུར་ཏེ་སྐྱེ་འཆི་བར་དོར་འཁྲུལ་པའི་ཀུན་བརྟགས་ཀྱི་གཞན་དབང་དུ་མ་གྱུར་པ་མི་སློབ་ཟུང་འཇུག་གི་གོ་འཕང་མཆོག་གི་དངོས་གྲུབ་མངོན་དུ་གྱུར་པས་ཐུན་མོང་གི་དངོས་གྲུབ་ཤུགས་འབྱུང་དུ་རྫོགས་པ། ཚེ་འདིར་མཁའ་སྤྱོད་གསང་འཛིན་ཌཱ་ཀི་རྒྱ་མཚོའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་དང་རྣམ་དབྱེར་མེད་པའི་གོ་འཕང་མཆོག་རྟེན་ཐོག་འདིར་འགྲུབ་པའི་དབང་དང་སྟོབས་བཅུའི་རིག་པའི་རྩལ་དབང་ཐོབ་པས་སེམས་ཅན་སངས་རྒྱས་སུ་སྐད་ཅིག་གིས་དབང་བསྒྱུར་ཏེ་རྟོགས་གྲོལ་དུས་མཉམ་དུ་འབྱུང་བའི་དངོས་གྲུབ་ཞིག་ཞུའོ། །གསུམ་པ་ཇི་ལྟར་མཛད་ཚུལ་ནི། ཞེས་པའང་དུས་ནམ་མཛད་ན་ཕྱི་ནང་གི་གནས་ཡུལ་དུ་དཔའ་བོ་ཌཱ་ཀི་འདུ་བ། དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཀྱི་མཆོད་པ་ཞིག་དང༌། རྗེས་སུ་འབྲེལ་བར་མཛད་པ་པོ་ཀུན་མཁྱེན་བླ་མ་ཡབ་སྲས་དང་གཉིས་མེད་གཉིས་སུ་སྣང་བས་རྒྱལ་བ་དགྱེས་པའི་མཛད་པས་བསྟན་འགྲོ་ལ་ཕན་བདེ་སྤེལ་བའི་འབངས་མཁྱེན་བརྩེའི་ལྷས་དབུ་ནས་ཞབས་སུ་བསྡུས་པའི་དོན། གནས་སྐབས་དེར་རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོའི་རྡོ་རྗེ་ནང་གི་སྤང་རྟོགས་གཟིགས་པའི་ངོ་མཚར་གྱི་གསང་བ་ཟབ་ཅིང་རྒྱ་ཆེ་བ་ཇི་ལྟར་བརྙེས་པའི་ས་ལ་རང་ཉིད་ཀྱང་གཤེགས་པས་བསྟོད་བྱ་སྟོད་བྱེད་དབྱེར་མེད་དུ་གྱུར་བས་གང་ཤར་གྱི་རྟོག་པ་དད་ཅན་གྱི་གདུལ་བྱ་ལ་སྟོན་པའི་ཕྱིར་སྒྲ་ཚིག་ཡི་གེའི་གཟུགས་སུ་འདུ་བྱས་པ་དགོས་པ་སྟེ། ལེགས་མཛད་རྨད་དུ་བྱུང་བ་འདིས་ཀྱང་རྒྱུ་དང་མི་རྒྱུའི་དངོས་ཀུན་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་སུ་འཆར་བའི་ལྷན་ཅིག་བྱེད་པའི་རྐྱེན་དུ་གྱུར་ཅིག །ཅེས་རྡོ་རྗེའི་བདེན་ཚིག་གི་རྒྱས་བཏབ་པའོ། །ཟབ་རྒྱས་གསང་བ་ཟབ་མོའི་རྡོ་རྗེའི་གནད། །རྗེས་མཚན་བཛྲ་གཱི་རྟིའི་དགོངས་པའི་བཅུད། །སྐལ་བཟང་བུང་བས་འཐུང་བའི་སྦྲང་རྩི་འདིས། །རྡོ་རྗེ་གསང་བའི་སྤྱོད་པ་མཐར་ཕྱིན་ཤོག །ཅེས་པའང་མཆོག་གི་རྡོ་རྗེའི་ས་བརྙེས་པའི་རིག་འཛིན་གྱི་ཁྱུ་མཆོག་དུ་མས་རྗེས་སུ་བཟུང་ཞིང༌། རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་ཟབ་རྒྱས་ལ་སྤྱོད་པའི་སྐལ་པ་མི་དམན་པ། རྡོ་རྗེ་ཐེག་པའི་རྣལ་འབྱོར་ཙམ་པོ་བའི་གཟུགས་བརྙན། འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་ཞེས་རྡོ་རྗེའི་མིང་གི་དབང་བསྐུར་ཐོབ་པའི་མངྒ་ལས། རྡོ་རྗེའི་གནས་མཆོག་ཉེ་བའི་ཚནྡྷོ་ཧ་བྱ་རུང་ཁ་ཤོར་དུ་གསང་ཆེན་རྡོ་རྗེའི་ཆོས་ཀྱི་ཏམྦུ་ར་སྒྲོགས་པའི་ཚེ་རྟེན་འབྲེལ་ལེགས་ཚོགས་དུ་མས་བསྐུལ་ཏེ་བྲིས་པ་འབྲེལ་ཚད་རྡོ་རྗེ་བདེ་བ་ཆེན་པོའི་ས་ལ་སྦྱོར་བའི་ཕོ་ཉ་རུ་གྱུར་ཅིག། །། །།}} | ༄༅། །ན་མོ། གུ་རུ་ཛྙཱ་ན་དྷཱ་ཀི་ནི་ཡེ། །ནམ་མཁའི་རྣལ་འབྱོར་ཆེན་པོ་གཉུག་མའི་དབྱིངས། །འཁོར་འདས་བདེ་ཆེན་འཆར་བའི་ཌཱ་ཀི་ནི། །དབྱེར་མེད་འཁོར་ལོའི་དབང་ཕྱུག་ལ་བཏུད་ནས། །ཟབ་དོན་ཇི་ལྟར་དཔོག་བཞིན་ཆ་ཙམ་བརྗོད། །དེ་ཡང་མཐོང་བའི་ཆོས་ལ་རྡོ་རྗེ་བདེ་བ་ཆེན་པོའི་ས་བརྙེས་པའི་སློབ་དཔོན་ཆེན་པོ་ཀུན་མཁྱེན་བླ་མ་མཉྫུའི་མཚན་གྱི་ལོངས་སྤྱོད་འཁོར་ལོས་རྡོ་རྗེ་གླུའི་དཀོར་མཛོད་ལས་བྱུང་བའི་ཡེ་ཤེས་མཁའ་འགྲོའི་གསང་བ་རྗེས་སུ་མཚོན་པ་བསྟོད་པའི་གླུའི་ཟབ་དོན་འཆད་པ་ལ་གསུམ། བཤད་བྱའི་གླུ་ཡི་མཚན་གྱིས་མདོར་བསྟན། བསྟོད་པ་རྡོ་རྗེའི་གླུ་དངོས་རྒྱས་པར་བཤད་པ། དེ་ཉིད་ཇི་ལྟར་མཛད་པའི་ཚུལ་གྱིས་མཇུག་བསྡུ་བའོ། །དང་པོ་ནི། བསྟོད་བྱ་ཡུལ། ༈ ཡེ་ཤེས་ཌཱ་ཀི་ནི་ལ། བསྟོད་བྱེད་ཚིག་རྡོ་རྗེའི། རྩ་སྔགས་དང་སྦྱར་བའི་སྒོ་ནས། བསྟོད་དོན་རྡོ་རྗེའི་ཐེག་པའི་ཁྱད་ཆོས་ནང་གི་ས་ལམ་གྱི་བགྲོད་པ་མཐར་ཕྱིན་ཚུལ་གྱིས་བསྟོད་པས་ཟབ་དོན་མངོན་སུམ་དུ་རྟོགས་པའི་རིག་རྩལ་ཡེ་ཤེས་རླུང་གིས་བསྐུལ་ཏེ། ཆེད་དུ་རྩོལ་སྒྲུབ་མ་དགོས་པ་ཐོལ་བྱུང་དུ། རང་བྱུང་ཐུགས་ལས་བརྡོལ་བའི་རྡོ་རྗེའི་གླུ་རྡོ་རྗེ་ཐེག་པ་ནང་ཐབས་གྲོལ་ཟབ་མོའི་སྒོ་ནས་ཕྱི་མཚན་ཉིད་ཐེག་པ་དང་སྒོ་བསྟུན་པའི་ཕ་རོལ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་བསྐལ་པ་གྲངས་མེད་གསུམ་ལ་སོགས་པའི་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ཏེ་མི་སློབ་པའི་ལམ་མངོན་དུ་གྱུར་པས་རང་གཞན་དོན་གཉིས་མཐར་སོན་པའི་དཔལ་མོ། རྡོ་རྗེའི་བླ་མ་མ་ཧཱ་གུ་རུའི་གསང་འཛིན་བཀའ་ཡི་གཟུང་མ་ཡེ་ཤེས་མཚོ་རྒྱལ་གྱི་མི་ཟད་རྒྱན་གྱི་འཁོར་ལོའི་གསང་གསུམ་མཆོག་བདེའི་ཡོངས་སུ་གང་བས་དགྱེས་ཏེ་བཞད་པའི་ཚུལ་དེ་གང་གིས་ཐོས་ཀྱང༌། ཡིད་ལ་བདེ་བ་ཆེན་པོའི་སིམ་པ་སྟེར་བ་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། རྡོ་རྗེའི་གླུ་འདྲེན་པའི་རྒྱུ་བདེ་སྟོང་གི་ཏིང་ངེ་འཛིན་མདོར་བསྟན། ཟབ་དོན་ཕར་ཕྱིན་དྲུག་གི་རྟོགས་པ་རྒྱས་པར་བཤད་པས་བསྟོད་པ་གཉིས་ལས། དང་པོ། ཨ་ཞེས་ཆོས་དབྱིངས་རྡོ་རྗེ་བཙུན་མོའི་ཤེས་རབ་སྟོང་ཆ་དང༌། དེ་མངོན་དུ་བྱེད་པ་ལ་ཐབས་བདེ་བ་ཆེན་པོའི་ཧེ་རུ་ཀ་དང་མཉམ་པར་སྦྱོར་བའི་སྒྱུ་རྩལ་ལས། འབྲས་བུའི་ཆོས་ཀུན་བདེ་སྟོང་གཉིས་སུ་མི་ཕྱེད་འཕོ་མེད་རྡོ་རྗེའི་དབྱིངས་སུ་དག་པའི་ཡེ་ཤེས་ཀྱི་རོལ་པར་སྡོམ་པའི་དོན་ལ་མཉམ་པར་བཞག་པས་ཐུགས་རབ་ཏུ་ངོམ་པའམ། ཚིམ་པའི་ཚུལ་གྱི་ཧོཿཞེས་རྡོ་རྗེའི་གླུའི་སྣ་འདྲེན་པ་སྟེ། འདི་ལའང་ཞིབ་ཏུ་བཤད་ན་མཐའ་དྲུག་ཚུལ་བཞིའི་བཤད་ཚུལ་ཟབ་རྒྱས་སུ་ཡོད་ལ། དོན་དུ་རྡོ་རྗེའི་ཐོལ་གླུ་འདིའི་མདོར་བསྟན་པའོ། །གཉིས་པ་ལ། ཐོག་མར་མཚོན་བྱེད་དཔེ་ཡི་ཡེ་ཤེས་ཡས་བབས་རྒྱུ་ཡི་དགའ་བཞིའི་སྦྱིན་པའི་ཕ་རོལ་དུ་ཕྱིན་མ་ཡོན་ཏན་རིན་ཆེན་མཁའ་འགྲོ་ལ་བསྟོད་པ། མས་བརྟན་འབྲས་བུའི་དགའ་བཞིའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་མ་གསུང་པདྨ་མཁའ་འགྲོ་ལ་བསྟོད་པ། ཟུང་འཇུག་བདེ་སྟོང་ཁ་སྦྱོར་གྱིས་བཟོད་པའི་ཕ་རོལ་དུ་ཕྱིན་པ་ཐུགས་རྡོ་རྗེ་མཁའ་འགྲོ་ལ་བསྟོད་པ། མཚོན་བྱ་དོན་གྱི་ཡེ་ཤེས་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཕྲིན་ལས་ལས་ཀྱི་མཁའ་འགྲོ་ལ་བསྟོད་པ། ངེས་དོན་གཉིས་སུ་མེད་པའི་དེ་ཉིད་དང་མཉམ་རྫོགས་བྲལ་བ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་སྐུ་བདེ་གཤེགས་མཁའ་འགྲོ་ལ་བསྟོད་པ། མཐར་ཐུག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དྲུག་པའི་རིགས་བརྒྱའི་ཁྱབ་བདག་ལ་བསྟོད་པ། དབྱེར་མེད་སྐུ་བཞིའི་བདག་ཉིད་འབྲས་བུའི་ཡེ་ཤེས་མཁའ་འགྲོ་ལ་བསྟོད་པ་དང་དྲུག་གོ །དང་པོ་ནི། ཨོཾ་ཞེས་བཀྲ་ཤིས་པའི་སྔགས་དང་འབྲེལ་བའི་ཡེ་ཤེས་ལྔ་མཚོན་གྱི་ངོ་བོའམ་བདག་ཉིད་དུ་སོན་པས་གྲུབ་པའི་བདག་ཉིད་ཀྱི་ཐ་སྙད་མཚན་མའི་བློ་རྟོག་ལས་འདས་པའི་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་རང་གདངས་མདོ་རྒྱུད་ཐམས་ཅད་ཀྱི་ཟབ་དོན་མངོན་དུ་བྱ་བའི་ཉམས་འགྱུར་རམ་ཉམས་མྱོང་རྒྱུད་ལ་འདྲེན་པའི་ཐབས་ཟབ་མོ་ཡིད་དཔྱོད་ཀྱི་བློ་དང་གྲུབ་མཐའི་གཞལ་བའི་ཕྲ་རབ་རྡུལ་དང་བྲལ་བས་ན་དངོས་མཚན་ལས་འདས་པའི་རྟོགས་རྒྱུད་དོན་ལ་མངོན་སུམ་དུ་འདྲེན་པའི་བྱེད་ལས་ཆོས་དབྱིངས་རྣམ་ཐར་སྒོ་གསུམ་གྱི་ངོ་བོར་རྣམ་པ་ཡུམ་རྡོ་རྗེ་ཕག་མོ་མཚོན་བྱེད་གཏུམ་མོ་ཡེ་ཤེས་ཀྱི་མེ་ལྕེས་འཁོར་ལོ་བཞིར་འབར་བའི་རེག་བྱ། ཧཾ་ཡིག་ངོ་བོ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་རྟེན་རྣམ་པ་ཡབ་ཧེ་རུ་ཀ་མཚོན་བྱེད་བདེ་ཆེན་འཁོར་ལོའི་བདུད་རྩི་དྭངས་མ་ཞུ་བའི་རྒྱུན་ཡས་བབས་དགའ་བཞིའི་ཉམས་འགྱུར་གྱིས་སྲིད་པ་སུམ་ཅུ་རྩ་གཉིས་ཀྱི་སྡུག་བསྔལ་གྱི་ཟུང་རྔུ་དྲུང་ནས་ཕྱུང་སྟེ་འཕོ་མེད་བདེ་བ་མཆོག་གི་དགའ་སྟོན་ལ་ལོངས་སྤྱོད་ཀྱི་འབུམ་ཕྲག་ཡངས་པའི་མཁའ་འགྲོ་ཚོགས་ཀྱི་རྗེ་མོ་ནི། བདེ་སྟོང་མཉམ་སྦྱོར་ཆེན་པོ་སྦས་དོན་ནང་གི་ཕག་མོ་ཙཎྜ་ལིས་བྱེད་པས་སྒོ་གསུམ་རྡོ་རྗེའི་གྲོང་ཁྱེར་ཐམས་ཅད་ཀུན་ཏུ་སིམ་པས་སྐྱེ་འཆི་ཟག་བཅས་ཀྱི་རྒྱུ་འབྲས་ལས་བྱུང་བའི་ཕོངས་རྒུད་ཐམས་ཅད་རྒྱུན་བཅད་ལ། མཉམ་ཉིད་ཡེ་ཤེས་སྦྱིན་པའི་ཕ་རོལ་དུ་ཕྱིན་མ་སྨིན་འབྲས་མཐར་ཐུག་ཟག་མེད་ཀྱི་ཡོན་ཏན་རིན་ཆེན་མཁའ་འགྲོ་སེར་མོ་དོན་འགྲུབ་ཏུ་ཤར་བ་ལ་འདུད་དོ། །གཉིས་པ་ནི། དབྱིངས་ཕྱུག་ཁ་ཁ་མུ་ཁའི་རེག་བྱ་དང་ལྡན་པའི་ཕྱག་རྒྱ་མའི་པདྨོར་རེག་པ་ཙམ་གྱིས་བདེ་ཆེན་རབ་ཏུ་རྒྱས་པའི་དཔལ་ཡོན་ཅན། རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་དང་མཉམ་པའི་ཌཱ་ཀིའི་གསང་བའི་ག་ཎ་ཙཀྲ་ལ་རོལ་པའི་མཐུས་ལྷན་སྐྱེས་ཀྱི་ཡེ་ཤེས་ནམ་མཁའི་གཟུགས་ཅན་བདེ་བླག་ཏུ་རྒྱུད་ལ་འཆར་བའི་མཆོག་ཏུ་སིམ་བྱེད་སྦྲང་རྩི་ལྟ་བུའི་དཀར་དམར་འདྲེས་པའི་དྭངས་མ་གྱེན་དུ་འདྲེན་ཏེ་ལུགས་ལྡོག་བདེ་བའི་ཉམས་འགྱུར་འབུམ་ཕྲག་གིས་མྱོས་པའི་ཐིག་རླུང་སེམས་ཀྱི་དྭངས་མའི་བུང་བ་མས་བརྟན་གྱི་དགའ་བའི་བཅུ་དྲུག་གི་ཧཾ་ཡིག་ཟླ་བ་བདུད་རྩི་སྤྱི་བོའི་ཐིག་ལེའི་དྭངས་མ་རྒྱས་ཤིང་བརྟན་པའི་བཅུད་ལེན་དུ་སིམ་སྟེ་འཐུང་བ་ལྟར་འགྱུར་བས། འཁོར་འདས་ཀྱི་རྣམ་པ་ཀུན་ལ་བདེ་ཆེན་དེས་ཁྱབ་ཀྱང༌། གང་གི་ཕྱོགས་སུ་མ་ལྷུང་བའི་ངོ་བོ་མཆོག་ཏུ་མི་འགྱུར་རྟག་བརྟན་རྡོ་རྗེ་སེམས་དཔའ་སྐུ་གསུང་ཐུགས་ཀྱི་དབྱིངས་སུ་འཁྲུལ་པ་མི་གཡོ་བའི་ངལ་འཚོ་ལ་སྦྱོར་བའི་ལས་ཉོན་གྱི་ཟག་པའི་དྲི་མ་མེད་ཅིང་སྣང་སྤྱོད་རྡོ་རྗེ་བདེ་བ་ཆེན་པོའི་དགའ་བ་ལས་ནམ་ཡང་ཉམས་པ་མེད་པ་འཕགས་པའི་ས་བརྙེས་པའི་ཟག་མེད་ཀྱི་ཚུལ་ཁྲིམས་ཕ་རོལ་ཕྱིན་མ་སྲིད་པའི་ཟུག་རྔུ་འབྱིན་པའི་གཉེན་པོ་ཟླ་མེད་གསུང་རྡོ་རྗེའི་བདག་ཉིད་སོར་རྟོག་ཡེ་ཤེས་པདྨ་མཁའ་འགྲོ་དམར་མོ་སྒྲ་སྒྲོགས་མ་ལ་འདུད་དོ། །གསུམ་པ་ནི། རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་ཆོས་སྐུའི་དགོངས་པ་ལ་དབང་འབྱོར་བ་ཡོ་གི་ནི་སྟེ་རྣལ་འབྱོར་མ་ཁྱེད་ཐབས་མཆོག་བདེ་བ་ཆེན་པོ་ཁྱབ་བདག་པདྨ་སཾ་བྷ་ཝ་སྤྱི་དཔལ་ཧེ་རུ་ཀ་དང་གཉིས་མེད་རྟག་ཏུ་མཉམ་པར་སྦྱོར་བའི་རྡོ་རྗེ་དང་པདྨའི་འདུ་འཕྲོད་ཀྱི་བདེ་བ་ཆེན་པོའི་མཆོག་ཏུ་མི་འགྱུར་བ་ཡི་རེག་བྱས། གསང་གསུམ་མི་ཕྱེད་རྡོ་རྗེའི་དབྱིངས་སུ་སིམ་སྟེ་འདྲེས་པ་ཡུལ་ཅན་ཤེས་པ་དང་ཤེས་བྱ་ཡུལ་དུ་སྣང་བའི་གཟུང་འཛིན་གཉིས་མེད་རོ་གཅིག་རྡོ་རྗེའི་བརྟུལ་ཞུགས་ཆེན་པོས་མཐར་སོན་པས་མཁའ་སྤྱོད་དྷཱུ་མ་ཐ་ལ་བདེ་སྟོང་འདུ་འབྲལ་མེད་པའི་དེ་ཉིད་ཀྱི་ཡེ་ཤེས་སྨྲ་བསམ་བརྗོད་པ་དང་བྲལ་བ། གཏན་ཚིགས་དང་རྗེས་དཔག་ལ་མ་ལྟོས་པ་མངོན་སུམ་དུ་ཉམས་སུ་མྱངས་ཏེ་བདེ་མྱུར་གྱིས་ཐུགས་རྒྱུད་ལ་ཐབས་ཟབ་མོའི་ཉེ་རྒྱུའི་སྤྱོད་པས་དྲངས་བས། སྣོད་བཅུད་འཁོར་འདས་ཀྱི་ཆོས་ནམ་མཁའི་མཐས་ཁྱབ་པ་ཐ་མལ་འཁྲུལ་ཤེས་ལས་འདས་པའི་རྡོ་རྗེ་དག་པ་ཆེན་པོ་སྐུ་དང་ཡེ་ཤེས་ཀྱི་ཆོ་རིགས་ཤིན་ཏུ་གཙང་བའི་བཙུན་པའི་བཟང་མོའི་རྟེན་དང་བརྟེན་པའི་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་གཟུགས་ཀྱི་དཀྱིལ་འཁོར་ཆེན་པོའི་སྣང་སྟོང་སྒྱུ་མ་ལྟ་བུའི་གཟུགས་བརྙན་དུ་ཤར་བའི་སྟོང་བཞིའི་དབྱིངས་སུ་ཟབ་མོ་བདེན་མེད་དུ་སྒྱུ་མ་ལྟ་བུའི་སྣང་བ་དགྲ་གཉེན་སྤང་བླང་དུ་འཛིན་པའི་ཡུལ་གཏད་མེད་ཆོས་སྐུའི་ཟབ་མོ་སྟོང་ཉིད་ཀྱི་རྒྱས་ཐེབ་པ་སྟེ། དོན་དམ་མི་སྐྱེ་བའི་ཆོས་ལ་གདེང་ཐོབ་སྟེ། མེ་ལོང་ཡེ་ཤེས་བཟོད་པའི་ཕ་རོལ་ཕྱིན་མ་རྡོ་རྗེ་མཁའ་འགྲོ་ཞི་བྱེད་དཀར་མོ་ལ་འདུད་དོ། །བཞི་པ་ནི། ངོ་བོ་ཛྙཱ་ན་ཏེ་ཡེ་ཤེས་གཅིག་པུའི་མཁའ་ཀློང་ལས་མ་འདས་པར་རྣམ་པ་འཁོར་འདས་བརྟན་གཡོ་རྒྱུ་དང་མི་རྒྱུ་སྟེ། ནུས་པ་ཐོབ་པའི་རྣལ་འབྱོར་པ་ཐམས་ཅད་དུའམ་སྣ་ཚོགས་པའི་གཟུགས་སུ་ཅིར་ཡང་འཆར་བས། མཚན་གྱི་མངོན་བརྗོད་ལའང་སྣ་ཚོགས་གཟུགས་ཅན་དུ་གྲགས་པས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་བྱུང་བའི་ཞིང་འཛམ་གླིང་གི་གནས་ཡུལ་དུར་ཁྲོད་ཀུན་ཏུ་ལྷ་སྔགས་ཏིང་འཛིན་གྱིས་རྡོ་རྗེ་ཐེག་པའི་ལྟ་སྒོམ་སྤྱོད་པའི་སྐལ་ལྡན་རྣལ་འབྱོར་རྣམས་ལ་དངོས་གྲུབ་སྟེར་བའི་རིགས་ཅན་དུ་རྟག་པར་བཞུགས་པ་དང༌། སྔགས་ཀྱི་རིམ་གཉིས་མཐར་ཕྱིན་དང་ཆོས་ཉིད་རྣམ་ཐར་སྒོ་གསུམ་གྱི་དོན་མངོན་སུམ་རྟོགས་པས་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད་པའི་ལྷན་སྐྱེས་ཏེ་དོན་དུ་རྡོ་རྗེ་ཐེག་པའི་འདུ་བར་འོས་ཞིང་ས་ལམ་གྱི་བོགས་འབྱིན་ནུས་པའི་དཔལ་མོ་འབུམ་ཕྲག་གི་དབུས་ན། རྣལ་འབྱོར་བའི་ལྟ་སྒོམ་སྤྱོད་པའི་གདེང་ཚད་དང་བསྟུན་པའི་ཞི་རྒྱས་དབང་དྲག་མཆོག་གི་དངོས་གྲུབ་ཐོབ་པའི་གཙོ་འཁོར་དག་མ་དག་མཆོག་ཕལ་གང་འདུལ་རྒྱུན་གྱིས་ཕྱོགས་དུས་ཀུན་ཏུ་མུ་མཐའ་མེད་པའི་ཆོས་ཀྱི་དབྱིངས་དང་མཉམ་པར་ཞིང་དང་སྐུའི་བཀོད་པ་སྣང་བ་རྒྱུན་གྱི་རྟག་པའི་བདག་ཉིད་ཅན་ཏེ་ཚུལ་ཇི་ལྟར་སྟོན་ཀྱང་རང་གི་ཆོས་ཉིད་བདེ་སྟོང་གི་ཡེ་ཤེས་ལས་ནམ་ཡང་ཉམས་པ་མེད་པ་བདེ་ནས་བདེ་བར་བགྲོད་པའི་དགའ་སྟོན་ལ་རོལ་པ་ནམ་མཁའ་ཇི་སྲིད་བར་དུ་རྟག་ཁྱབ་ལྷུན་གྲུབ་ཏུ་ཕན་བདེ་མཐའ་ཡས་པའི་གཞན་དོན་དུས་ལས་མི་གཡོ་བའི་བྱ་གྲུབ་ཡེ་ཤེས་ཉམས་སྣང་མཐར་ཕྱིན་གྱི་རྣམ་རོལ་བརྩོན་འགྲུས་ཕ་རོལ་ཕྱིན་མ་ལ་འདུད་དོ། །ལྔ་པ་ནི། གཙང་དམེ་གཉིས་འཛིན་བྲལ་བའི་ཕག་བཞིན་འཁོར་འདས་ཀྱི་ཆོས་ཐམས་ཅད་གཉིས་མེད་མཉམ་པ་ཉིད་དུ་རྟོགས་པའི་དོན་གྱི་ཝ་ར་ཧཱི་ཞེས་ལྟེ་བར་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་བའི་བདེ་དྲོད་གཡོ་བྱེད་ཡེ་ཤེས་ཀྱི་རླུང་འཁོར་ལོ་བཞིར་ཡས་བརྟན་དུ་གཡོ་བའམ་འབར་བས་སྤྱི་བོའི་ཧཾ་ཡིག་ཟླ་བ་ཞུན་མའི་བདུད་རྩི་སྙིང་ཁུ་ཞུ་བ་ཡས་ནས་མར་བབས་ཏེ་ཁམས་དཀར་དམར་འདྲེས་པའི་བདེ་སྟོང་གཉིས་སུ་མེད་པའི་སྐུ་རྡོ་རྗེ་དྭངས་མའི་བཅུད་ལྷན་སྐྱེས་ཀྱི་ཡེ་ཤེས་རླུང་གིས་དྲངས་པའི་ཕྱིར། མགྲིན་པ་ལོངས་སྤྱོད་འཁོར་ལོར་ཕོག་པས་ཟབ་རྒྱས་ཆོས་ཀྱི་མཛོད་བརྡོལ་ཞིང༌། རླུང་ཐིག་སེམས་གསུམ་སྙིང་དབུས་མི་ཤིགས་པའི་ཐིག་ལེར་ཞུགས་གནས་ཐིམ་གསུམ་མཐར་ཕྱིན་པའི་འཕོ་མེད་ཀྱི་བདེ་ཆེན་རབ་ཏུ་མི་གཡོ་བར་བརྟན་པའི་ངང་དུ་མཉམ་པར་བཞག་པ་ཡི་བྱེད་ལས་ཀྱིས་ཆགས་སྡང་རྨོངས་གསུམ་ལས་བྱུང་བའི་རང་བཞིན་བརྒྱད་ཅུའི་འཁྲུལ་པ་རྟོག་ཚོགས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཆེན་པོའི་རླུང་སེམས་ཐམས་ཅད་སྣང་མཆེད་ཐོབ་པ་རྫོགས་པ་དབུ་མའི་དབྱིངས་སུ་ཐིམ་པས་ཐུགས་རྡོ་རྗེ་སྟེ། རྣམ་པ་གསུམ་དུ་དབྱེ་ཡང་དོན་ལ་དུ་མ་རོ་གཅིག་གི་སྙིང་དབུས་སུ་མི་ཤིགས་པའི་དབྱིངས་ངེས་དོན་གྱི་དྷཱུ་ཏིའི་ཆོས་དབྱིངས་རྣམ་ཐར་སྒོ་གསུམ་གྱི་གནས་ལུགས་དོན་གྱི་ཌཱ་ཀིའི་བདེ་བ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་བཞི་རུ་སྲོག་ཏུ་བསྡམས་པས། ལུས་སྣང་བ་འདོད་ཁམས། ངག་ཕྱེད་སྣང་གཟུགས་ཁམས། ཡིད་མི་སྣང་གཟུགས་མེད་ཁམས་ཏེ་ཁམས་གསུམ་གཟུང་འཛིན་གྱི་འཁྲུལ་པའི་གྲོང་ཁྱེར་དབྱིངས་སུ་སྟོང་ནས་ཆོས་སྐུ་མཐའ་དབུས་བྲལ་བ་བསམ་མི་ཁྱབ་པའི་མཁའ་དབྱིངས་སུ་བཙན་ས་ཟིན་ཏེ་ཐིམ་པ་ལ་མཉམ་རྗེས་རེས་འཇོག་ལས་འདས་པའི་ཡེ་ཤེས་ཀྱི་དབྱིངས་སུ་སངས་རྒྱས་པ་བདེ་གཤེགས་སྙིང་པོའི་ཡིན་ལུགས་སྒྲ་ཇི་བཞིན་པ་མངོན་དུ་གྱུར་ཏེ་འོད་གསལ་ཆོས་དབྱིངས་ཡེ་ཤེས་བསམ་གཏན་ཕ་རོལ་ཕྱིན་མ་དོན་གྱི་ཡེ་ཤེས་རྡོ་རྗེ་ནམ་མཁའི་དཀྱིལ་དུ་བདེ་བ་གཤེགས་མཁའ་འགྲོ་རྡོ་རྗེ་ཕག་མོ་ལ་འདུད་དོ། །དྲུག་པ་ནི། ཧཱུྃ་ཡིག་བདེ་བ་ཆེན་པོའི་ཡེ་ཤེས་གཅིག་ལ་ལྡོག་ཆས་དབྱེ་བས། ཆོས་དབྱིངས། མེ་ལོང༌། མཉམ་ཉིད། སོར་རྟོག །བྱ་གྲུབ་ཀྱི་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པ་དོན་ལ་སྐྱེ་འགག་གནས་གསུམ་གྱིས་གཞོམ་གཞིག་མེད་ཀྱི་སྤྲོས་པས་མཚན་མས་ནམ་ཡང་མི་ཤིགས་པའི་ཐིག་ལེ་ནི་འཕོ་འཛག་ཉོན་ཤེས་ཀྱི་སྒྲིབ་གཉིས་ཆ་བཅས་སྤངས་པ། བྲལ་འབྲས་མཐར་ཐུག་ཆོས་ཉིད་དེ་བཞིན་ཉིད་ཀྱི་གཤིས་ལུགས་སངས་རྒྱས་འཕགས་པའི་མཉམ་བཞག་གི་གཟིགས་པའི་ཟབ་གསལ་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་དང༌། ཐ་མི་དད་པས། ངོ་བོ་དག་པ་གཉིས་དང་ལྡན་པའི་ཆོས་ཉིད་ལ་མཚན་རྟོག་གི་གཉིས་ཆོས་སུ་ནམ་ཡང་སོ་སོར་དབྱེར་མི་ཕྱེད་པ་འབྲས་བུ་སངས་རྒྱས་སྐུ་གསུམ་གྱི་ཟག་མེད་ཡོན་ཏན་རྒྱ་མཚོའི་མཐར་སོན་པའི་རང་བཞིན་ཚོགས་གཉིས་ཟུང་འཇུག་གི་འབྲས་བུའི་རྟོགས་བྱ་མཐར་ཐུག་ཁྱབ་བྱ་ཡེ་ཤེས་ལྔ་ལ་ཁྱབ་བྱེད་རང་བྱུང་གི་ཡེ་ཤེས། དྲུག་པའི་རིགས་ཀྱི་འཁོར་ལོའི་བསྒྱུར་བ་ཡུམ་ཆེན་མོ། ཤེས་རབ་ཕ་རོལ་ཕྱིན་མ་ལ་འདུད་དོ། །བདུན་པ་ནི། མདོར་ན་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་སྣང་སྟོང་ཟུང་འཇུག་མཐའ་ལས་འདས་པ་རྟོགས་པ་ལ་ངོ་མཚར་བའི་ཕྱིར། ཨ་ཧོ། ཞེས་མདོར་བསྟན་ནས་གཞི་གདོད་ནས་བསལ་བཞག་བྲལ་བའི་དབྱིངས་ངོ་བོ་ལ་ཀ་དག་འཕགས་བཞིའི་འབྱུང་གནས་རྒྱལ་བའི་ཡུམ་ཆེན་པོ་ཤེས་རབ་ཕ་རོལ་དུ་ཕྱིན་མ་འབྲས་བུ་ཌཱ་ཀི་མའི་མཁྱེན་ཆ་འགག་པ་མེད་པའི་འོད་གསལ་ཡེ་ཤེས་ཀྱི་རང་གདངས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་གཞི་ལྷུན་གྲུབ། ལམ་གྱི་བཞུགས་ཚུལ་དང་མཐུན་པ་ཁྲེགས་ཆོད་དང༌། ཐོད་རྒལ་གྱི་ལམ་རྣལ་འབྱོར་དུ་བྱས་པའི་རང་འབྲས་ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པའི་ལམ་སྣང་བ་རྣམ་བཞིའི་རྣལ་འབྱོར་མཐའ་རུ་ཕྱིན་ནས་ཟག་པ་རང་ཟད། འབྱུང་བ་རང་དེངས། དྲན་པ་རང་གྲོལ་བའི་མི་སློབ་འབྲས་བུའི་གོ་འཕང་མངོན་དུ་གྱུར་ཏེ་སྐྱེ་ཞིང་བགྲེས་རྒུད་དང་བྲལ་བའི་སྒྲིབ་བྲལ་རྡོ་རྗེའི་ལང་ཚོ་དར་ལ་བབ་པའི་འཇོ་སྒེག་དང་སྦྲགས་ནས་འབྲས་བུ་སྲིད་པ་ཇི་སྲིད་བར་ཟངས་མདོག་དཔལ་གྱི་རི་བོར་ད་ལྟའང་བཞུགས་པའི་འཕོ་ཆེན་འཇའ་ལུས་རྡོ་རྗེའི་མཁའ་ཁྱབ་འགྲོ་བའི་དོན་མཛད་པ་སྟེ། སྣང་ཚུལ་སྒྲིབ་པ་དག་མ་དག་གི་གཞི་ལམ་འབྲས་བུ་གསུམ་དུ་དབྱེ་ཡང༌། གནས་ཚུལ་ཐིག་ལེ་ཉག་གཅིག་གི་ཆོས་ཉིད་གཅིག་ལ་ནམ་ཡང་ཐ་དད་དུ་དབྱེར་མེད་པ་དོན་དམ་གྱི་ཕག་མོའི་རང་ཞལ་མངོན་དུ་གྱུར་ཏེ་སྐྱེ་འཆི་བར་དོར་འཁྲུལ་པའི་ཀུན་བརྟགས་ཀྱི་གཞན་དབང་དུ་མ་གྱུར་པ་མི་སློབ་ཟུང་འཇུག་གི་གོ་འཕང་མཆོག་གི་དངོས་གྲུབ་མངོན་དུ་གྱུར་པས་ཐུན་མོང་གི་དངོས་གྲུབ་ཤུགས་འབྱུང་དུ་རྫོགས་པ། ཚེ་འདིར་མཁའ་སྤྱོད་གསང་འཛིན་ཌཱ་ཀི་རྒྱ་མཚོའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་དང་རྣམ་དབྱེར་མེད་པའི་གོ་འཕང་མཆོག་རྟེན་ཐོག་འདིར་འགྲུབ་པའི་དབང་དང་སྟོབས་བཅུའི་རིག་པའི་རྩལ་དབང་ཐོབ་པས་སེམས་ཅན་སངས་རྒྱས་སུ་སྐད་ཅིག་གིས་དབང་བསྒྱུར་ཏེ་རྟོགས་གྲོལ་དུས་མཉམ་དུ་འབྱུང་བའི་དངོས་གྲུབ་ཞིག་ཞུའོ། །གསུམ་པ་ཇི་ལྟར་མཛད་ཚུལ་ནི། ཞེས་པའང་དུས་ནམ་མཛད་ན་ཕྱི་ནང་གི་གནས་ཡུལ་དུ་དཔའ་བོ་ཌཱ་ཀི་འདུ་བ། དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཀྱི་མཆོད་པ་ཞིག་དང༌། རྗེས་སུ་འབྲེལ་བར་མཛད་པ་པོ་ཀུན་མཁྱེན་བླ་མ་ཡབ་སྲས་དང་གཉིས་མེད་གཉིས་སུ་སྣང་བས་རྒྱལ་བ་དགྱེས་པའི་མཛད་པས་བསྟན་འགྲོ་ལ་ཕན་བདེ་སྤེལ་བའི་འབངས་མཁྱེན་བརྩེའི་ལྷས་དབུ་ནས་ཞབས་སུ་བསྡུས་པའི་དོན། གནས་སྐབས་དེར་རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོའི་རྡོ་རྗེ་ནང་གི་སྤང་རྟོགས་གཟིགས་པའི་ངོ་མཚར་གྱི་གསང་བ་ཟབ་ཅིང་རྒྱ་ཆེ་བ་ཇི་ལྟར་བརྙེས་པའི་ས་ལ་རང་ཉིད་ཀྱང་གཤེགས་པས་བསྟོད་བྱ་སྟོད་བྱེད་དབྱེར་མེད་དུ་གྱུར་བས་གང་ཤར་གྱི་རྟོག་པ་དད་ཅན་གྱི་གདུལ་བྱ་ལ་སྟོན་པའི་ཕྱིར་སྒྲ་ཚིག་ཡི་གེའི་གཟུགས་སུ་འདུ་བྱས་པ་དགོས་པ་སྟེ། ལེགས་མཛད་རྨད་དུ་བྱུང་བ་འདིས་ཀྱང་རྒྱུ་དང་མི་རྒྱུའི་དངོས་ཀུན་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་སུ་འཆར་བའི་ལྷན་ཅིག་བྱེད་པའི་རྐྱེན་དུ་གྱུར་ཅིག །ཅེས་རྡོ་རྗེའི་བདེན་ཚིག་གི་རྒྱས་བཏབ་པའོ། །ཟབ་རྒྱས་གསང་བ་ཟབ་མོའི་རྡོ་རྗེའི་གནད། །རྗེས་མཚན་བཛྲ་གཱི་རྟིའི་དགོངས་པའི་བཅུད། །སྐལ་བཟང་བུང་བས་འཐུང་བའི་སྦྲང་རྩི་འདིས། །རྡོ་རྗེ་གསང་བའི་སྤྱོད་པ་མཐར་ཕྱིན་ཤོག །ཅེས་པའང་མཆོག་གི་རྡོ་རྗེའི་ས་བརྙེས་པའི་རིག་འཛིན་གྱི་ཁྱུ་མཆོག་དུ་མས་རྗེས་སུ་བཟུང་ཞིང༌། རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་ཟབ་རྒྱས་ལ་སྤྱོད་པའི་སྐལ་པ་མི་དམན་པ། རྡོ་རྗེ་ཐེག་པའི་རྣལ་འབྱོར་ཙམ་པོ་བའི་གཟུགས་བརྙན། འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་ཞེས་རྡོ་རྗེའི་མིང་གི་དབང་བསྐུར་ཐོབ་པའི་མངྒ་ལས། རྡོ་རྗེའི་གནས་མཆོག་ཉེ་བའི་ཚནྡྷོ་ཧ་བྱ་རུང་ཁ་ཤོར་དུ་གསང་ཆེན་རྡོ་རྗེའི་ཆོས་ཀྱི་ཏམྦུ་ར་སྒྲོགས་པའི་ཚེ་རྟེན་འབྲེལ་ལེགས་ཚོགས་དུ་མས་བསྐུལ་ཏེ་བྲིས་པ་འབྲེལ་ཚད་རྡོ་རྗེ་བདེ་བ་ཆེན་པོའི་ས་ལ་སྦྱོར་བའི་ཕོ་ཉ་རུ་གྱུར་ཅིག། །། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:09, 1 June 2024
Wylie title | ye shes DA ki mtsho rgyal gyi gsang ba la bstod pa'i rdo rje'i glu'i 'grel pa gzhom med rdo rje sgra yi gling bu | |
---|---|---|
Location | dil mgo mkhyen brtse bka' 'bum Volume 13, Text 15, Pages 187-193 (Folios 1a to 7a3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Associated People | ཡེ་ཤེས་མཚོ་རྒྱལ་ (ye shes mtsho rgyal) | |
Citation | Khyentse, Dilgo. Ye shes DA ki mtsho rgyal gyi gsang ba la bstod pa'i rdo rje'i glu'i 'grel pa gzhom med rdo rje sgra yi gling bu. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 13: 187-193. Delhi: Shechen Publications, 1994. | |
Genre | Commentaries - 'grel pa · Vajra Songs - rdo rje'i glu · Verses of Praise - bstod pa | |
Colophon |
།ཅེས་པའང་མཆོག་གི་རྡོ་རྗེའི་ས་བརྙེས་པའི་རིག་འཛིན་གྱི་ཁྱུ་མཆོག་དུ་མས་རྗེས་སུ་བཟུང་ཞིང༌། རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་ཟབ་རྒྱས་ལ་སྤྱོད་པའི་སྐལ་པ་མི་དམན་པ། རྡོ་རྗེ་ཐེག་པའི་རྣལ་འབྱོར་ཙམ་པོ་བའི་གཟུགས་བརྙན། འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་ཞེས་རྡོ་རྗེའི་མིང་གི་དབང་བསྐུར་ཐོབ་པའི་མངྒ་ལས། རྡོ་རྗེའི་གནས་མཆོག་ཉེ་བའི་ཚནྡྷོ་ཧ་བྱ་རུང་ཁ་ཤོར་དུ་གསང་ཆེན་རྡོ་རྗེའི་ཆོས་ཀྱི་ཏམྦུ་ར་སྒྲོགས་པའི་ཚེ་རྟེན་འབྲེལ་ལེགས་ཚོགས་དུ་མས་བསྐུལ་ཏེ་བྲིས་པ་འབྲེལ་ཚད་རྡོ་རྗེ་བདེ་བ་ཆེན་པོའི་ས་ལ་སྦྱོར་བའི་ཕོ་ཉ་རུ་གྱུར་ཅིག། | |
/ces pa'ang mchog gi rdo rje'i sa brnyes pa'i rig 'dzin gyi khyu mchog du mas rjes su bzung zhing*/_rdo rje theg pa'i rgyud sde rgya mtsho'i smin grol zab rgyas la spyod pa'i skal pa mi dman pa/_rdo rje theg pa'i rnal 'byor tsam po ba'i gzugs brnyan/_'od gsal rdo rje thugs mchog rtsal zhes rdo rje'i ming gi dbang bskur thob pa'i mang+ga las/_rdo rje'i gnas mchog nye ba'i tshan+d+ho ha bya rung kha shor du gsang chen rdo rje'i chos kyi tam+bu ra sgrogs pa'i tshe rten 'brel legs tshogs du mas bskul te bris pa 'brel tshad rdo rje bde ba chen po'i sa la sbyor ba'i pho nya ru gyur cig/ |