DKR-KABUM-10-THA-045: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 09:08, 1 June 2024

Wylie title tshogs mchod bdud rtsi'i zil mngar DKR-KABUM-10-THA-045.pdf
Location dil mgo mkhyen brtse bka' 'bum
Volume 10, Text 45, Pages 205-206 (Folios 1a1 to 2b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Tshogs mchod bdud rtsi'i zil mngar. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 205-206. Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Colophon

།ཞེས་པའང་ཁྱབ་བདག་མཚོ་སྐྱེས་དགྱེས་པའི་ཞལ་སྐྱིན་པདྨ་ཡེ་ཤེས་རྡོ་རྗེས་མཚོ་པདྨའི་གནས་ཀྱི་གཟིགས་སྣང་དང་འབྲེལ་བའི་བླ་མའི་རྣལ་འབྱོར་མཇལ་བའི་དད་མོས་ཀྱི་རྐྱེན་ལས་ཤར་བའི་ཀུན་རྟོག་ཡི་གེའི་རིས་སུ་སྤེལ་བ་པོ་རྡོ་རྗེའི་བླ་མ་མཆོག་གི་འབངས་པདྨ་དབང་ཆེན་འོད་གསལ་ཐུགས་མཆོག་རྡོ་རྗེའམ་མངྒ་ལས་བྲིས་པ་བྱིན་རླབས་ཀྱི་དཔལ་དང་ལྡན་པར་གྱུར་ཅིག།

/zhes pa'ang khyab bdag mtsho skyes dgyes pa'i zhal skyin pad+ma ye shes rdo rjes mtsho pad+ma'i gnas kyi gzigs snang dang 'brel ba'i bla ma'i rnal 'byor mjal ba'i dad mos kyi rkyen las shar ba'i kun rtog yi ge'i ris su spel ba po rdo rje'i bla ma mchog gi 'bangs pad+ma dbang chen 'od gsal thugs mchog rdo rje'am mang+ga las bris pa byin rlabs kyi dpal dang ldan par gyur cig/

[edit]
༄༅། །ཚོགས་མཆོད་བདུད་རྩིའི་ཟིལ་མངར་བཞུགས། ན་མོ་མ་ཧཱ་གུ་རུ་བྷྱཿ ཡར་མར་གྱི་ཚེས་བཅུ་སོགས་དུས་དང༌། གནས་རྟེན་ཁྱད་པར་ཅན་གྱི་མདུན་ཚོགས་མཆོད་འབུལ་བར་སྤྲོ་ན། དམ་ཚིག་གི་རྫས་རྣམས་ཚོགས་པར་བྱས་ལ་རང་ཉིད་རྩ་གསུམ་གང་རུང་གི་གཉུག་མའི་ལྷ་ཡི་ང་རྒྱལ་ལ་གནས་པས། བསང་ཆུ་ཆང་དང་བདུད་རྩིས་བྲན་ལ། རྃ་ཡྃ་ཁྃ། བདག་ཉིད་ཐུགས་ཀའི་ཡི་གེས་མ་དག་སྦྱངས། །སྣོད་བཅུད་རྣམ་དག་རིགས་ལྔའི་དམ་ཚིག་རྫས། །འདོད་ཡོན་བདེ་ཆེན་རྒྱན་གྱི་རོལ་པ་ཆེ། །ཡིད་བཞིན་ལྷུན་གྱིས་གྲུབ་པའི་བདག་ཉིད་གྱུར། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་བརྗོད། ཧཱུྃ་ཧྲཱིཿ རབ་འབྱམས་སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀུན་གྱི་གཏེར། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་སོགས། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿས་ཚོགས་ཀྱི་ཞིང་རབ་འབྱམས་སྤྱན་དྲངས། དང་པོ་མཆོད་པ་ནི། ཧཱུྃ་ཧྲཱིཿ ཕྱི་སྣོད་འབྱུང་ལྔ་ཡུམ་ལྔའི་བྷཉྫ་རུ། །ནང་བཅུད་ཕུང་ཁམས་རིགས་ལྔའི་དམ་ཚིག་རྫས། །གཉིས་མེད་དག་མཉམ་རྡོ་རྗེའི་ཚོགས་མཆོད་འདི། །བརྒྱུད་གསུམ་རིག་འཛིན་བླ་མ་རྣམས་ལ་འབུལ། །རང་ལུས་རྡོ་རྗེའི་ཕུང་པོའི་བྷཉྫ་རུ། །ལྷུན་གྲུབ་རྩ་རླུང་ཐིག་ལེའི་དམ་ཚིག་རྫས། །བདེ་སྟོང་གཉིས་མེད་ཤ་ལྔ་བདུད་རྩིའི་མཚོ། །ཡི་དམ་དཀྱིལ་འཁོར་སྐུ་གསུམ་ལྷ་ལ་འབུལ། །རྣམ་ཐར་གསུམ་ལྡན་གཏུམ་མོའི་བྷཉྫ་རུ། །ཧཾ་ཡིག་བདེ་མཆོག་བདེ་བ་ཆེན་པོའི་རྫས། །བཅུ་དྲུག་དགའ་བའི་ཉམས་འགྱུར་འབུམ་དང་ལྡན། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ལ་འབུལ། །དྲག་ཤུལ་ཁ་ཁ་མུ་ཁའི་བྷཉྫ་རུ། །ཐབས་ཀྱི་རྡོ་རྗེའི་དྭངས་མའི་ཟིལ་པའི་རྫས། །དཀར་དམར་འདྲེས་པས་གཟུང་འཛིན་དགྲ་བགེགས་སྒྲོལ། །ལྷན་སྐྱེས་རྡོ་རྗེའི་ནམ་མཁའི་དབྱིངས་སྦྱོར་འདི། །བརྒྱུད་གསུམ་དམ་ཅན་ཆོས་སྲུང་རྒྱ་མཚོར་འབུལ། །ཀ་དག་རྣམ་ཀུན་མཆོག་ལྡན་བྷཉྫ་རུ། །ལྷུན་གྲུབ་སྣང་བ་བཞི་ཡི་ཚོགས་མཆོག་བཤམས། །ཡུལ་དབང་ཤེས་པའི་འཁྲུལ་རྟོག་ཀུན་ལས་འདས། །ཟག་པ་རང་ཟད་རྡོ་རྗེའི་ལོངས་སྤྱོད་ཆེ། །ནོར་ལྷ་གཏེར་བདག་དཀར་ཕྱོགས་མཆོད་འོས་འབུལ། །མཚན་ལྡན་རྡོ་རྗེའི་ཀ་པཱ་ལ་ཆེན་པོར། །ཟག་མེད་ཐབས་ཤེས་ཚོགས་གཏོར་རྒྱ་མཚོས་བཀང༌། །རྡོ་རྗེའི་ལོངས་སྤྱོད་ཟད་མི་ཤེས་པ་འདི། །སྣང་སྲིད་དཀྱིལ་འཁོར་ཆེན་པོར་རྫོགས་ལ་འབུལ། །མཆོད་དང་མཆོད་ཡུལ་བཟང་ངན་གཉིས་རྟོག་བྲལ། །རྟག་ཏུ་དགྱེས་པའི་དམ་ཚིག་བླ་ན་མེད། །ངོ་བོ་ཐབས་མཆོག་བདེ་བ་ཆེན་པོ་འདིས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་ཅིག །མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ། །གཉིས་པ་བཤགས་པ་ནི། ཧོཿ ཕྱི་ཡི་ཉམས་ཆག་ཉོན་མོངས་འཁྲུལ་པས་བསྐྱེད། །ནང་གི་ཉམས་ཆགས་རྩ་ཐིག་རླུང་ལས་འཁྲུལ། །གསང་བའི་ཉམས་ཆག་གཉིས་སྣང་རྟོག་སྒྲིབ་ཀུན། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱི་མདུན་སར་བཤགས། །མཉེས་མཆོད་དགྱེས་དགུའི་ཐུགས་དམ་བཞེད་དགུ་བསྐང༌། །ནོངས་པའི་དྲི་མ་ཆོས་ཉིད་ཀློང་དུ་དག །གསང་བ་མི་ཟད་རྒྱན་གྱི་དཔལ་དམ་པས། །མཆོག་ཐུན་དངོས་གྲུབ་རབ་འབྱམས་བསྩལ་དུ་གསོལ། །ས་མ་ཡ་ཤུདྡྷེ་ཨ། །ཡིག་བརྒྱ་བརྗོད། གསུམ་པ་བསྒྲལ་བསྟབ་ནི། ཧཱུྃ། ཨེ་ནྲྀ་ཏྲི་ཛཿ ཛཿཧཱུྃ་བྃ་ཧོཿ དཔལ་གྱི་དམ་ཚིག་རྡོ་རྗེ་ཧེ་རུ་ཀས། །འཁྲུལ་རྟོག་ལོག་པའི་རུ་ཏྲ་དབྱིངས་སུ་བསྒྲལ། །དུར་ཁྲོད་དྲག་པོའི་ཉེར་སྤྱད་བསམ་ཡས་བརྡལ། །ཁྲག་འཐུང་རྩ་གསུམ་རབ་འབྱམས་དགྱེས་གྱུར་ཅིག །སརྦ་ཤ་ཏྲཱུན་མཱ་ར་ཡ་ཕཊ༔ རུ་ཏྲ་སརྦ་ཧ་ལ་སིདྡྷི་ཧོ༔ ཞེས་ཕུལ། ལྷ་ཚོགས་རང་འོད་ཀྱི་རིག་མའི་བདེ་བས་མཉེས་པར་བསམས་ལ། ཨ་ཧོཿ རྡོ་རྗེ་དབྱིངས་ཀྱི་གསང་བའི་པདྨོ་ཨེ། །བདེ་ཆེན་ཡེ་ཤེས་ལྔ་ལྡན་རྡོ་རྗེའི་ཝཾ། །མི་ཕྱེད་གཟོད་ནས་མཉམ་པར་སྦྱོར་བའི་དབྱིངས། །མཱ་ཡ་དགྱེས་པའི་གསང་བ་མཆོག་ཏུ་སྤྲོ། །ཨ་ཧོ་མ་ཧཱ་སུ་ཁ་ཧོ། དེ་ནས་དམ་ཚིག་གི་རྫས་རྣམས་ཚིམས་པ་དྲུག་ལྡན་གྱིས་རོལ། སྤྲོ་ན་རྒྱུད་བཀླག་པ་དང་རྡོ་རྗེའི་གླུ་གར་ཡང་བྱ། ལྔ་པ་ལྷག་མ་ནི། ཨོཾ་ཨཱཿཧཱུྃ། ཧྲཱི་ཕཻཾ། དཔལ་ཆེན་འབར་བའི་དཀྱིལ་འཁོར་མུ་རན་སྐྱོང༌། །དམ་ཚིག་རྗེས་གཅོད་ལེགས་ཉེས་སྟངས་གཅོད་པ། །ཀུན་ལ་མཐུན་རྫས་བཞེད་དགུའི་ཕམ་ཕབ་འབུལ། །འདོད་པའི་ཕྲིན་ལས་མ་ལུས་སྒྲུབ་པར་མཛོད། ཨོཾ་ཨུཙྪིཥྚ་བྷ་ལིཾ་ཏ་ཁཱ་ཧི། ཞེས་ལྷག་གཏོར་གཙང་སར་འབུལ། རྡོ་རྗེའི་རིགས་མཆོག་གཅིག་ཏུ་ལོངས་སྤྱོད་པའི་སྨོན་ལམ་དང་ཤིས་བརྗོད་བཅས་པས་དགེ་ལེགས་སུ་བྱའོ། །ཞེས་པའང་ཁྱབ་བདག་མཚོ་སྐྱེས་དགྱེས་པའི་ཞལ་སྐྱིན་པདྨ་ཡེ་ཤེས་རྡོ་རྗེས་མཚོ་པདྨའི་གནས་ཀྱི་གཟིགས་སྣང་དང་འབྲེལ་བའི་བླ་མའི་རྣལ་འབྱོར་མཇལ་བའི་དད་མོས་ཀྱི་རྐྱེན་ལས་ཤར་བའི་ཀུན་རྟོག་ཡི་གེའི་རིས་སུ་སྤེལ་བ་པོ་རྡོ་རྗེའི་བླ་མ་མཆོག་གི་འབངས་པདྨ་དབང་ཆེན་འོད་གསལ་ཐུགས་མཆོག་རྡོ་རྗེའམ་མངྒ་ལས་བྲིས་པ་བྱིན་རླབས་ཀྱི་དཔལ་དང་ལྡན་པར་གྱུར་ཅིག། །།
[edit]

tshogs mchod bdud rtsi'i zil mngar bzhugs/_na mo ma hA gu ru b+h+yaH_yar mar gyi tshes bcu sogs dus dang*/_gnas rten khyad par can gyi mdun tshogs mchod 'bul bar spro na/_dam tshig gi rdzas rnams tshogs par byas la rang nyid rtsa gsum gang rung gi gnyug ma'i lha yi nga rgyal la gnas pas/_bsang chu chang dang bdud rtsis bran la/_ra~M ya~M kha~M/_bdag nyid thugs ka'i yi ges ma dag sbyangs/_/snod bcud rnam dag rigs lnga'i dam tshig rdzas/_/'dod yon bde chen rgyan gyi rol pa che/_/yid bzhin lhun gyis grub pa'i bdag nyid gyur/_oM AHhU~M zhes lan gsum brjod/_hU~M hrIH_rab 'byams sku gsum rgyal ba'i zhing khams nas/_/byin rlabs dngos grub phrin las kun gyi gter/_/bla ma yi dam mkha' 'gro chos srung sogs/_/'dod yon tshogs la spyan 'dren gshegs su gsol/_oM AHhU~M badz+ra gu ru pad+ma d+he wa d+hA ki ni shrI d+harma pA la sa pa ri wA ra badz+ra sa ma ya dzaH_dzaHhU~M ba~M hoHsa tshogs kyi zhing rab 'byams spyan drangs/_dang po mchod pa ni/_hU~M hrIH_phyi snod 'byung lnga yum lnga'i b+hany+dza ru/_/nang bcud phung khams rigs lnga'i dam tshig rdzas/_/gnyis med dag mnyam rdo rje'i tshogs mchod 'di/_/brgyud gsum rig 'dzin bla ma rnams la 'bul/_/rang lus rdo rje'i phung po'i b+hany+dza ru/_/lhun grub rtsa rlung thig le'i dam tshig rdzas/_/bde stong gnyis med sha lnga bdud rtsi'i mtsho/_/yi dam dkyil 'khor sku gsum lha la 'bul/_/rnam thar gsum ldan gtum mo'i b+hany+dza ru/_/haM yig bde mchog bde ba chen po'i rdzas/_/bcu drug dga' ba'i nyams 'gyur 'bum dang ldan/_/gnas gsum dpa' bo mkha' 'gro'i tshogs la 'bul/_/drag shul kha kha mu kha'i b+hany+dza ru/_/thabs kyi rdo rje'i dwangs ma'i zil pa'i rdzas/_/dkar dmar 'dres pas gzung 'dzin dgra bgegs sgrol/_/lhan skyes rdo rje'i nam mkha'i dbyings sbyor 'di/_/brgyud gsum dam can chos srung rgya mtshor 'bul/_/ka dag rnam kun mchog ldan b+hany+dza ru/_/lhun grub snang ba bzhi yi tshogs mchog bshams/_/yul dbang shes pa'i 'khrul rtog kun las 'das/_/zag pa rang zad rdo rje'i longs spyod che/_/nor lha gter bdag dkar phyogs mchod 'os 'bul/_/mtshan ldan rdo rje'i ka pA la chen por/_/zag med thabs shes tshogs gtor rgya mtshos bkang*/_/rdo rje'i longs spyod zad mi shes pa 'di/_/snang srid dkyil 'khor chen por rdzogs la 'bul/_/mchod dang mchod yul bzang ngan gnyis rtog bral/_/rtag tu dgyes pa'i dam tshig bla na med/_/ngo bo thabs mchog bde ba chen po 'dis/_/mchog dang thun mong dngos grub kun stsol cig_/ma hA ga Na tsakra pU dza ho/_/gnyis pa bshags pa ni/_hoH_phyi yi nyams chag nyon mongs 'khrul pas bskyed/_/nang gi nyams chags rtsa thig rlung las 'khrul/_/gsang ba'i nyams chag gnyis snang rtog sgrib kun/_/ye shes spyan ldan rnams kyi mdun sar bshags/_/mnyes mchod dgyes dgu'i thugs dam bzhed dgu bskang*/_/nongs pa'i dri ma chos nyid klong du dag_/gsang ba mi zad rgyan gyi dpal dam pas/_/mchog thun dngos grub rab 'byams bstsal du gsol/_/sa ma ya shud+d+he a/_/yig brgya brjod/_gsum pa bsgral bstab ni/_hU~M/_e nr-i tri dzaH_dzaHhU~M ba~M hoH_dpal gyi dam tshig rdo rje he ru kas/_/'khrul rtog log pa'i ru tra dbyings su bsgral/_/dur khrod drag po'i nyer spyad bsam yas brdal/_/khrag 'thung rtsa gsum rab 'byams dgyes gyur cig_/sarba sha trUn mA ra ya phaT:_ru tra sarba ha la sid+d+hi ho:_zhes phul/_lha tshogs rang 'od kyi rig ma'i bde bas mnyes par bsams la/_a hoH_rdo rje dbyings kyi gsang ba'i pad+mo e/_/bde chen ye shes lnga ldan rdo rje'i waM/_/mi phyed gzod nas mnyam par sbyor ba'i dbyings/_/mA ya dgyes pa'i gsang ba mchog tu spro/_/a ho ma hA su kha ho/_de nas dam tshig gi rdzas rnams tshims pa drug ldan gyis rol/_spro na rgyud bklag pa dang rdo rje'i glu gar yang bya/__lnga pa lhag ma ni/_oM AHhU~M/_hrI phaiM/_dpal chen 'bar ba'i dkyil 'khor mu ran skyong*/_/dam tshig rjes gcod legs nyes stangs gcod pa/_/kun la mthun rdzas bzhed dgu'i pham phab 'bul/_/'dod pa'i phrin las ma lus sgrub par mdzod/_oM uts+tshiSh+Ta b+ha liM ta khA hi/_zhes lhag gtor gtsang sar 'bul/_rdo rje'i rigs mchog gcig tu longs spyod pa'i smon lam dang shis brjod bcas pas dge legs su bya'o/__/zhes pa'ang khyab bdag mtsho skyes dgyes pa'i zhal skyin pad+ma ye shes rdo rjes mtsho pad+ma'i gnas kyi gzigs snang dang 'brel ba'i bla ma'i rnal 'byor mjal ba'i dad mos kyi rkyen las shar ba'i kun rtog yi ge'i ris su spel ba po rdo rje'i bla ma mchog gi 'bangs pad+ma dbang chen 'od gsal thugs mchog rdo rje'am mang+ga las bris pa byin rlabs kyi dpal dang ldan par gyur cig/_//

Footnotes

Other Information