DKR-KABUM-10-THA-018: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ལས། བླ་སྒྲུབ་བྱིན་རླབས་ཆར་འབེབས་ཀྱི་དབང་གི་མཚམས་སྦྱོར་བྱིན་རླབས་བདུད་རྩིའི་བུམ་བཟང་། | |||
|fulltitle=rdzogs pa chen po gsang ba snying thig las/ bla sgrub byin rlabs char 'bebs kyi dbang gi mtshams sbyor byin rlabs bdud rtsi'i bum bzang | |||
|citation=[[Khyentse, Dilgo]]. ''Rdzogs pa chen po gsang ba snying thig las/ bla sgrub byin rlabs char 'bebs kyi dbang gi mtshams sbyor byin rlabs bdud rtsi'i bum bzang''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 10: 71-79. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Kangyur Rinpoche | |||
|sourcerevealertib=ཀློང་ཆེན་ཡེ་ཤེས་རྡོ་རྗེ་ | |||
|associatedpeople=pad+ma 'byung gnas | |||
|associatedpeopletib=པདྨ་འབྱུང་གནས་ | |||
|tibgenre=Empowerment Ritual - dbang chog - dbang skur | |||
|terma=Yes | |||
|dkroutline=Three | |||
|cycle=rdzogs pa chen po gsang ba snying thig | |||
|cycletib=རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ | |||
|language=Tibetan | |language=Tibetan | ||
| | |volumenumber=010 | ||
| | |volnumtib=༡༠ | ||
|volyigtib=ཐ་ | |||
|totalvolumes=25 | |||
|textnuminvol=018 | |textnuminvol=018 | ||
|pagenumbers=71-79 | |||
|totalpages=17 | |||
|beginfolioline=1a | |||
|endfolioline=9a3 | |||
|totalfolios=9 | |||
|multivolumework=No | |||
|rectonotes=mtshams sbyor | |||
|versonotes=rdzogs pa chen po gsang ba snying thig | |||
|colophontib=།ཅེས་པའང་མཁས་ཤིང་དངོས་གྲུབ་མཆོག་བརྙེས་པའི་རྡོ་རྗེ་སློབ་དཔོན་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་དགོངས་གཏེར་རྫོགས་ཆེན་གསང་བ་སྙིང་ཐིག་ཚིག་བདུན་བླ་སྒྲུབ་ཀྱི་དབང་ཆོག་བཀླག་པས་གྲུབ་པར་བཀོད་པ་འདི་ཡང༌། རྗེ་བླ་མའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་དམ་པའི་རྣམ་ཐར་རྨད་དུ་བྱུང་བའི་མཆོག་སྤྲུལ་རིན་པོ་ཆེ་པདྨ་དབང་རྒྱལ་ནས་གསུང་བསྐུལ་བཞིན། རྒྱལ་ཁམས་ཉུལ་བའི་དཱ་རི་དྲ་འཇིགས་མེད་མཁྱེན་བརྩེ་འོད་ཟེར་གྱིས་རྒྱ་མཚོའི་མཐའ་ཡི་རྒྱལ་ཁབ་བྷེལ་བྱམས་ནས་དབུ་བརྩམས་ཨ་རིའི་གྲོང་ཁྱེར་ཆེན་པོ་ནེའུ་ཡོག་དྲུང་པ་རིན་པོ་ཆེའི་དྷརྨ་དྷཱ་ཏུའི་ཆོས་སྒར་སོན་སྐབས་མཇུག་རྫོགས་པར་བྱས་པ་འདིས་ཀྱང་འགྲོ་ཀུན་བླ་མ་སྐུ་བཞིའི་རྒྱལ་ཐབས་ལ་འདོད་དགུར་དབང་བསྒྱུར་བའི་རྒྱུར་ཅིག །སརྦ་མངྒ་ལཾ།། | |||
|colophonwylie=/ces pa'ang mkhas shing dngos grub mchog brnyes pa'i rdo rje slob dpon klong chen ye shes rdo rje'i dgongs gter rdzogs chen gsang ba snying thig tshig bdun bla sgrub kyi dbang chog bklag pas grub par bkod pa 'di yang*/_rje bla ma'i sku gsung thugs kyi sras mchog dam pa'i rnam thar rmad du byung ba'i mchog sprul rin po che pad+ma dbang rgyal nas gsung bskul bzhin/_rgyal khams nyul ba'i dA ri dra 'jigs med mkhyen brtse 'od zer gyis rgya mtsho'i mtha' yi rgyal khab b+hel byams nas dbu brtsams a ri'i grong khyer chen po ne'u yog drung pa rin po che'i d+harma d+hA tu'i chos sgar son skabs mjug rdzogs par byas pa 'dis kyang 'gro kun bla ma sku bzhi'i rgyal thabs la 'dod dgur dbang bsgyur ba'i rgyur cig__/sarba mang+ga laM// | |||
|pdflink=File:DKR-KABUM-10-THA-018.pdf | |pdflink=File:DKR-KABUM-10-THA-018.pdf | ||
}} | }} | ||
Line 16: | Line 40: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ལས། བླ་སྒྲུབ་བྱིན་རླབས་ཆར་འབེབས་ཀྱི་དབང་གི་མཚམས་སྦྱོར་བྱིན་རླབས་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ལས། བླ་སྒྲུབ་བྱིན་རླབས་ཆར་འབེབས་ཀྱི་དབང་གི་མཚམས་སྦྱོར་བྱིན་རླབས་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །ན་མོ་གུ་ར་ཝེ། གུ་རུའི་གསོལ་འདེབས་ཐམས་ཅད་ཀྱི་རྒྱལ་པོ་རྡོ་རྗེའི་ཚིག་རྐང་བདུན་མ་དང་འབྲེལ་བའི་བླ་མ་བདེ་བ་ཆེན་པོའི་སྒྲུབ་ཐབས་རྫོགས་ཆེན་གསང་བ་སྙིང་ཐིག་གི་དབང་བྱ་བར་འདོད་པས། །ཡར་ངོའི་ཚེས་བཅུ་ལ་སོགས་པའི་དུས་བཟང་པོར་སྦྱོར་བའི་དང་པོ་མཆོད་སྒྲུབ་ཀྱི་རྟེན་དུ་མཎྜལ་སིནྡྷཱུ་རས་བྱུག་པ་ཆོས་འབྱུང་བསྣོལ་མའི་ལྟེ་བར་པདྨ་འདབ་བཞིས་མཚན་པའི་སྟེང༌། མཉྫིའི་ཁར་བུམ་པ་བཅུད་ལྡན་དང་བྷནྡྷ་བདུད་རྩིས་བཀང་བའི་སྟེང་མེ་ལོང་སིནྡྷཱུ་རས་བྱུག་པ་བྃ་ཧ་རི་ནི་སས་མཚན་དང༌། ཤེལ་རྡོ་བརྩེགས་པ་དང་མདུན་རྒྱབ་གང་བདེར་གུ་རུའི་སྐུ་གང་འབྱོར་དང༌། སྨན་རཀ་གཏོར་མའི་མཐར་ཉེར་སྤྱོད་མཆོད་པས་བསྐོར་ཞིང༌། གཞན་ཡང་ཚོགས་དང་གསོལ་ཀ་ཆད་བརྟན་སོགས་ཉེར་མཁོའི་རིགས་འདུ་བྱས་ལ། ཆོག་བླ་སྒྲུབ་བརྒྱུད་འདེབས་ནས་བརྩམ་ལས་གཞུང་ལྟར། དབང་དང་བླ་མཆོད་གཙོ་བོར་བྱེད་ན་མཆོད་པ་བྱིན་རླབས་ཞིག་ཡོད་ན་ལེགས་སྙམ་ཕྱིར། རྃ་ཡྃ་ཁྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། །ཚིག་བདུན་གསོལ་འདེབས་དང༌། ཐོད་ཕྲེང་རྩལ་དང་བཛྲ་གུ་རུ་གཉིས་ཆ་མཉམ་པར་བཟླས་མཐར། བུམ་པ་རང་བྱུང་གི་གཞལ་མེད་ཁང་དུ་རིག་འཛིན་བླ་མ་མཁའ་འགྲོའི་ལྷ་ཚོགས་མ་འདྲེས་གསལ་རྫོགས་སུ་བཞུགས་པའི་སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན་བབ་པས་བུམ་པ་ཡོངས་སུ་གང་བར་གྱུར། ཐོད་ཕྲེང་རྩལ་དང་བཛྲ་གུ་རུ་ཆ་མཉམ་པར་བཟླས་མཐར་མཆོད་བསྟོད་དང༌། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་རྣམས་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་འོད་ཞུ་བྱས་ལ། ཀྱེ་ཀྱེ་རྗེ་བཙུན་བླ་མ༔ སྙིགས་དུས་འགྲོ་བའི་སྐྱབས་གཅིག༔ བདག་སོགས་ཐར་པའི་ལམ་མཁན༔ དྲིན་ཆེན་བླ་མ་མཁྱེན་ནོ༔ ཞེས་ལན་གསུམ་གསོལ་བ་བཏབ་པས། གུ་རུ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ བདག་ཅག་མོས་པའི་བུ་རྣམས་ལ༔ ལུས་ལ་སྐུ་ཡིས་བྱིན་གྱིས་རློབས༔ ངག་ལ་གསུང་གིས་བྱིན་གྱིས་རློབས༔ ཡིད་ལ་ཐུགས་ཀྱིས་བྱིན་གྱིས་རློབས༔ དབང་བཞི་བསྐུར་བར་བྱིན་གྱིས་རློབས༔ སྒྲིབ་བཞི་དག་པར་བྱིན་གྱིས་རློབས༔ ལམ་བཞི་འབྱོང་བར་བྱིན་གྱིས་རློབས༔ སྐུ་བཞི་ཐོབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་ཌཱ་ཀི་ནི་ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ བླ་མའི་གནས་གསུམ་འབྲུ་གསུམ་ལས༔ འོད་ཟེར་རིམ་དང་ཅིག་ཆར་འཕྲོས༔ བདག་གི་གནས་གསུམ་ཐིམ་པ་ཡིས༔ དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག༔ ལམ་བཞི་བསྒོམ་པའི་སྣོད་དུ་གྱུར༔ ཞེས་དམིགས་པས་དབང་ལེན་དང་སློབ་མ་འཇུག་པ་གསོལ་བ་བཏབ་པས་གནང་བ་བསྩལ་བར་མོས་རྗེས་སྣོད་དུ་རུང་བའི་སློབ་མ་ཁྲུས་ནས་དབྱུང༌། བགེགས་བསལ་སྲུང་འཁོར་བསྒོམ་པའི་རྗེས། ལོ་རྒྱུས་ཀྱི་ཁྱད་པར། དེ་ཡང་དཔལ་མགོན་བླ་མ་རྡོ་རྗེ་འཆང་ཆེན་པོ་ནི་ཆོས་སྐུའི་སངས་རྒྱས་ཐམས་ཅད་དང་དགོངས་ཀློང་གཅིག་ཏུ་འཁྱིལ་ཞིང༌། ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཀྱི་འཕྲོ་གཞི། སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་དུ་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མཆོག་གསུམ་རྩ་གསུམ་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཏུ་གྱུར་པས་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་དེད་དཔོན། བྱིན་རླབས་དང་དངོས་གྲུབ་ཚད་མེད་པའི་འབྱུང་གནས། དྲན་པ་ཙམ་གྱིས་བདེ་ཆེན་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱང་སྙིང་ལ་འཆར་བར་བྱེད་ནུས་པའི་བྱིན་རླབས་དང་ཐུགས་རྗེ་མངའ་བ་ནི་བླ་མ་སྟེ། རིག་འཛིན་བླ་མ་དེ་རྣམས་ཀུན་ལས་ཀྱང་མཁྱེན་བརྩེ་ནུས་པའི་ཡེ་ཤེས། །བྱིན་རླབས་དང་ཕྲིན་ལས་མྱུར་ཆེ་བས་སྙིགས་དུས་ཀྱི་རྒུད་པ་སྐྱོབ་པ་ལ་འགྲན་ཟླ་དང་བྲལ་བ་ནི་ཁྱབ་བདག་གུ་རུ་བདེ་བ་ཆེན་པོ་སྟེ། དེ་ཉིད་ལའང་སྐུ་གསུམ། །ཐོད་ཕྲེང་རིགས་ལྔ། མཚན་བརྒྱད་སོགས་མཚན་དང་སྐུ་ཡི་བཀོད་པ་ཞི་ཁྲོའི་རོལ་པ་བསམ་ལས་འདས་པ་འདི་ཉིད་བསྒྲུབ་བྱ་སྟེ། དེ་ཉིད་སྒྲུབ་བྱེད་ཀྱི་ཚུལ་ལ་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་དང༌། །ནང་ཡི་དམ་དང་དབྱེར་མེད་དུ་སྒྲུབ་པ། གསང་བ་བླ་མ་དྲག་པོ་ལྟར་སྒྲུབ་ཚུལ་སོགས་རྣམ་གྲངས་གཞན་དུ་མ་མཆིས་པ་ལས། སྐབས་འདིར་བསྒྲུབ་བྱ་བརྟན་གཡོ་སྲིད་ཞིའི་སྤྱི་དཔལ་བླ་མ་བདེ་བ་ཆེན་པོ་སྟེ་མཚན་ཙམ་ཐོས་པས་བསམ་པ་ལྷུན་གྱིས་གྲུབ་པ་ལ། སྒྲུབ་བྱེད་གུ་རུའི་གསོལ་འདེབས་ཀུན་གྱི་རྒྱལ་པོ་རྡོ་རྗེའི་ཚིག་རྐང་བདུན་པའི་སྒྲུབ་ཐབས་ཏེ། དེ་ཡང་ཕྱི་གསོལ་འདེབས་དང་ནང་རྩ་གསུམ་དབྱེར་མེད་དུ་སྒྲུབ་པ་ཀུན་འདུས་ཟབ་འདྲིལ་བྱིན་རླབས་དང་ལྡན་པ་སྟེ། སྦྱང་བྱ་འཁྲུལ་པས་བརྟགས་པའི་གཞི་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟོག་པ་གློ་བུར་བ་ཉིད། སྦྱང་གཞི་འོད་གསལ་སྙིང་པོ་དོན་གྱི་བླ་མ་ཡེ་ཤེས་ལྔ་ལྡན་ཆོས་གཟུགས་ཀྱི་སྐུ་ཡི་བཀོད་པ་རྨད་དུ་བྱུང་བ་ཉིད། སྦྱོང་བྱེད་ལམ་བྱང་ཆུབ་ཡན་ལག་བདུན་གྱིས་རྫོགས་སྨིན་སྦྱངས་པ་མཐར་སོན་པས་མཆོག་ཐུན་གྱི་དངོས་གྲུབ་ལ་དབང་ཐོབ་ནས། སྦྱངས་འབྲས་དོན་དམ་དཀོར་བདུན་མི་སློབ་ལམ་གྱི་ངོ་བོ་ཉིད་སྐུར་མངོན་པར་བྱང་ཆུབ་པར་བྱེད་པས་ན་བཀའ་བརྒྱད་ཡོངས་འདུས་ལས། གཅིག་ཆོག་རྒྱལ་པོ་ཚིག་བདུན་གསོལ་འདེབས་ཡིན༔ སྨོན་ལམ་དབང་གིས་དངོས་སུ་ཞལ་མཐོང་འགྱུར༔ ཞག་བདུན་ཉེར་གཅིག་གསོལ་འདེབས་བསྙེན་པར་བྱ༔ དངོས་གྲུབ་བྱིན་འབེབས་བར་ཆད་ཀུན་ལས་གྲོལ༔ ཞེས་དང༌། ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས༔ ཐོད་པ་ལྟག་སྤྲོད་རོལ་མོས་བསྐུལ་བྱས་ན༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུ་ངུ་མ་ཡིས་མི་བཟོད་ལྟར༔ བྱིན་གྱིས་རློབ་བོ་ཐ་ཚིག་ན་ར་ཀན༔ ཞེས་ནམ་ཡང་གཞན་དུ་མི་འགྱུར་བའི་རྡོ་རྗེའི་གསུང་གིས་ཞལ་བཞེས་བསླུ་བ་མེད་པར་གནང་ཞིང་གཏེར་ཁ་ཐམས་ཅད་ལས་རྡོ་རྗེའི་ཚིག་བདུན་པོ་མ་བྱུང་བ་མེད་པ་ལས། གསོལ་འདེབས་སྒྲུབ་སྐོར་དང་འབྲེལ་ཞིང་བླ་མ་ཕྱི་ནང་གི་སྒྲུབ་པ་ཆུན་གཅིག་དྲིལ་འདི་ཉིད་ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང༌། མདོ་སྔགས་ཟབ་དོན་ཉམས་བཞེས་ཀྱིས་གྲུབ་པའི་ས་མཐོར་གཤེགས་པ། གནུབས་བན་ནམ་མཁའི་སྙིང་པོའི་རྣམ་འཕྲུལ་ཡོངས་སུ་གྲགས་པའི་མཚན་ངག་དབང་གྲགས་པ་བསྟན་འཛིན་ནམ། གསང་མཚན་ཀློང་ཆེན་ཡེ་ཤེས་རྡོ་རྗེ་ཉིད་སྐུ་ཆུང་ངུའི་དུས་རྩེད་མོའི་སྐབས་རྫ་ཆུའི་འགྲམ་ནས་རྡོ་ཡི་གཏེར་སྒྲོམ་ཕྱག་ཏུ་བྱུང་བ་རྩེ་གྲོགས་རྣམས་ཀྱིས་འཕྲོག་པར་བརྩམས་པས་ཆུ་ལ་བོར་སྟེ་སྣང་མེད་དུ་བཞག་ཀྱང་ཚིག་དོན་ཐུགས་ལ་གསལ་བས་བླ་མ་སྐུ་གསུམ། ཐོད་ཕྲེང་སྡེ་ལྔ། གུ་རུ་མཚན་བརྒྱད་སོགས་ཀྱི་སྒྲུབ་ཐབས་ཆོས་སྐོར་ཟབ་རྒྱས་སུ་བཞུགས་པ་ལས། འཕགས་ཡུལ་ནུབ་ཕྱོགས་མཚོ་པདྨ་ཅན་དུ་གནས་འབྲེལ་མཛད་པའི་སྐབས། སྐལ་བ་དང་ལྡན་པའི་སློབ་མས་གསོལ་བ་བཏབ་པའི་རྐྱེན་གྱིས་ཐུགས་གཏེར་དུ་བརྡོལ་བའི་རྫོགས་ཆེན་གསང་བ་སྙིང་ཐིག་ཅེས་ཟབ་ཅིང་རྒྱ་ཆེར་བཞུགས་པའི་ཡང་སྙིང༌། གུ་རུ་བདེ་བ་ཆེན་པོའི་བླ་མའི་ཐུགས་སྒྲུབ་སྙིང་པོ་ཙམ་གཏན་ལ་ཕབ་པའི་དབང་བསྐུར་བགྱིས་པ་ལ་ཐོག་མར་མཎྜལ་ཕུལ། བླ་མ་བདེ་བ་ཆེན་པོ་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དམ་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཿ རང་རིག་བླ་མ་དཀྱིལ་འཁོར་གཙོ༔ ཀུན་བཟང་ཆོས་སྐུའི་སྟོན་པ་ཡིས༔ རང་བྱུང་རྡོ་རྗེ་གཞི་དབྱིངས་སུ༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ ལན་གསུམ། བླ་མ་བདེ་བ་ཆེན་པོའི་ཐུགས་ཡེ་ཤེས་ཀྱི་རོལ་པ་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་དྲུང་དུ། བདག་སོགས་ནམ་མཁའ་མཉམ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་བར་སྒོ་གསུམ་རྩེ་གཅིག་གུས་པས་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ། བླ་མ་བདེ་གཤེགས་སོགས་ལན་གསུམ། མཁའ་ཁྱབ་ཀྱི་ཕ་མ་རིགས་དྲུག་ཐམས་ཅད་རིགས་ཀུན་ཁྱབ་བདག་བླ་མ་བདེ་བ་ཆེན་པོའི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཞུ་བ་དང༌། ལམ་ཉམས་སུ་ལེན་པའི་བརྩོན་འགྲུས་བརྩམ་པར་བྱ་སྙམ་པས་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཧོཿ སེམས་བསྐྱེད་འགྲོ་བ་ཀུནསོགས་ལན་གསུམ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་ཚོགས་ཀྱི་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་སྤྲིན་ཆེན་པོ་མཁའ་ཁྱབ་ཀྱི་འཁོར་ལོར་སད་པའི་སྤྱན་སྔར་ཕྱག་འཚལ་བ་སོགས་བསགས་སྦྱང་གི་སྙིང་པོ་ཡན་ལག་བཅུ་པ་འདིའི་རྗེས་ཟློས་མཛོད། བླ་མ་ཡི་དམ་མཁའ་འགྲོ་གཤེགས་སོགས་ལན་གསུམ། སྣང་སྤྱོད་ཡེ་ཤེས་ཀྱི་འཁོར་ལོར་སྡོམ་པ་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་འཇུག་པའི་དབང་ཞུ་པ་ལ། སོ་བྱང་སྔགས་ཀྱི་སྡོམ་པ་གསུམ་གྱི་གནང་བཀག་རྣམས་ཚུལ་བཞིན་དུ་བཟུང་ཞིང་བསྲུངས་ནས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་རླབས་པོ་ཆེ་ལ་འཇུག་པར་བགྱིའོ་སྙམ་པས་དམ་བཅའ་བ་འདིས་རྗེས་ཟློས་མཛོད། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །་མ་ལུས་ཡོངས་སུ་གཟུང་བར་བགྱི། །ལན་གསུམ། དེ་དག་གིས་དབང་གི་སྔོན་འགྲོ་འཇུག་པའི་ཆོས་རྣམས་སོང་ནས་དབང་གི་གཞི་འགོད་པ་ལ་སྒོ་གསུམ་གྱི་གནད་བཅུན་ཏེ་དམིགས་པ་འདི་བཞིན་མཛོད། སློབ་མའི་ཕུང་ཁམས་སྟོང་པར་སྦྱངས༔ སྐད་ཅིག་རྡོ་རྗེ་རྣལ་འབྱོར་མ༔ དམར་གསལ་གྲི་ཐོད་འཛིན་པ་ཡི༔ ཞབས་གཉིས་གར་གྱི་སྟངས་སྟབས་ཅན༔ ཐུགས་ཀར་འོད་ཀྱི་གཡུང་དྲུང་ནི༔ ལྗང་གསལ་གཡོན་བསྐོར་ཁུག་པ་བཞིར༔ ཧ་རི་ནི་ས་དབུས་སུ་བྃ༔ རིགས་ཀྱི་ཁ་དོག་འོད་འབར་ལ༔ སེམས་གཏད་རླུང་དང་རིག་པ་གཅུན༔ མོས་གུས་རྩལ་སྦར་འོད་ཟེར་གྱིས༔ སྐུ་གསུམ་དག་པའི་ཞིང་ཀུན་ནས༔ ཕྱོགས་དུས་རྒྱལ་བ་སྲས་དང་བཅས༔ དཔལ་མགོན་རིག་འཛིན་བླ་མ་ནི༔ བདེ་བ་ཆེན་པོའི་རྣམ་རོལ་བཞེངས༔ སྐུ་སྔགས་ཕྱག་མཚན་ཆར་དུ་བབ༔ གཉིས་སུ་མེད་པར་ཐིམ་པར་བསམ༔ སྤོས་རོལ་དབྱངས་ཌཱ་དྲིལ་དང་བཅས་ཏེ། ཨོཾ༔ ངོ་བོ་ཆོས་སྐུའི་གཞལ་ཡས་ནས༔ ཀུན་བཟང་སྟོན་པ་འོད་མི་འགྱུར༔ དགོངས་ཀློང་མཁའ་ཁྱབ་བརྡལ་བར་བཞེངས༔ གཉིས་སུ་མེད་པར་བྱིན་གྱིས་རློབས༔ རང་བཞིན་ལོངས་སྐུའི་ཞིང་ཁམས་ནས༔ རིགས་ལྔའི་རྒྱལ་བ་གངས་ཆེན་མཚོ༔ སྐུ་དང་ཞིང་ཁམས་རབ་འབྱམས་བཞེངས༔ སྣང་སྲིད་ཡེ་ཤེས་གཞིར་རྫོགས་མཛོད༔ རིག་རྩལ་ཐུགས་རྗེའི་ཕོ་བྲང་ནས༔ འགྲོ་འདུལ་བརྒྱུད་གསུམ་བླ་མ་བཞེངས༔ ཡེ་ཤེས་ཐུགས་ཀྱི་དབང་བསྐུར་ལ༔ རྟོགས་གྲོལ་དུས་མཉམ་ཕྲིན་ལས་མཛོད༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ གཉིས་མེད་ཆོས་ཉིད་ཀློང་ཆེན་དབྱིངས༔ གཞོན་ནུ་བུམ་སྐུར་གྲོལ་བར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧོཿ ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ཕཻཾ་ཕཻཾ་ཕཻཾ༔ ས་མ་ཡ་ཛ་ཛཿ མ་ཧཱ་སིདྡྷི་ཕ་ལ་ཧོཿ ཞེས་སྔགས་ཡང་ཡང་བརྗོད་པས་བྱིན་དབབ། ཡེ་ཤེས་པ་རྒྱུད་ལ་དབབ་པ་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རབ་ཏུ་གནས་པ་བྱས་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲ་ས་མ་ཡེ་སྭཱ་ཧཱ། ཞེས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག །དབང་དངོས་ལ་བཞི་ལས། དང་པོ་བུམ་པའི་དབང་གི་སླད་དུ་བླ་མ་སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་སྨིན་མཚམས་ལས་གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བར་སྤྲོས་པ་དང་ཆབས་ཅིག་བཀྲ་ཤིས་པའི་རྣམ་པ་དུ་མས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བསྩལ་བའི་མོས་པ་མཛོད། རྣམ་བུམ་ཐོགས་ལ། ཨོཾ༔ སྣང་སྟོང་སྐུ་ཡི་བླ་མ་ནི༔ རང་བྱུང་བུམ་པའི་བཅུད་དུ་འཁྱིལ༔ ཡེ་ཤེས་བདུད་རྩིའི་དབང་བསྐུར་བས༔ ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཤོག༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྟེར་ཞིང་བུམ་པ་སྤྱི་བོར་བཞག །དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང༌། སྒྲིབ་པ་མཐའ་དག་སྦྱངས། སྐུ་དང་ཡེ་ཤེས་ཀྱི་སྐལ་པ་རྒྱུད་ལ་བཞག་པར་མོས། དེའི་བྱིན་རླབས་ཀྱི་རྒྱུན་བརྟན་པའི་ཕྱིར། མདུན་བསྐྱེད་རིག་འཛིན་བླ་མ་མཆོག་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་སྤྲོས་ཏེ་དཔྲལ་བ་ནས་ཐིམ་པས་རྡོ་རྗེའི་སྐུ་ཡི་བྱིན་རླབས་འཕོས་པ་བརྟན་པར་མོས་ཤིག །བླ་མའི་སྐུ་འབག་དཔྲལ་བར་བཞག་ལ། ཨོཾ༔ བདེ་བ་ཆེན་པོ་ཆོས་ཀྱི་དབྱིངས༔ ཁྱབ་བརྡལ་ཡེ་ཤེས་སྐུ་འདི་ཡིས༔ སྐལ་ལྡན་བུ་ལ་བྱིན་བརླབས་པས༔ རྡོ་རྗེ་སྐུ་མཆོག་ལྷུན་རྫོགས་ཤོག༔ ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་མཚན་མའི་དཀྱིལ་འཁོར་ལ་བརྟེན་ནས་བརྡ་བུམ་པའི་དབང་སྐུར་བས། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་གི་སླད་དུ་བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཡབ་ཡུམ་བདེ་བ་ཆེན་པོར་སྙོམས་པར་ཞུགས་པའི་བདུད་རྩི་བྱང་ཆུབ་ཀྱི་སེམས། སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ལྕེ་ལ་བཞག་ནས་མགྲིན་པའི་ལམ་བརྒྱུད་ལུས་ཀྱི་རྩ་གནས་ཐམས་ཅད་ལ་ཁྱབ་པར་མོས་མཛོད། བྷནྡྷའི་བདུད་རྩི་སྟེར་ལ། ཨཱཿ གྲགས་སྟོང་གསུང་གི་བླ་མ་ནི༔ བདེ་ཆེན་བྷནྡྷའི་བདུད་རྩི་འཁྱིལ༔ ལྷག་པའི་སེམས་སྤྲིན་དབང་བསྐུར་བས༔ ལྷན་སྐྱེས་འགག་མེད་འཆར་བར་ཤོག༔ བོདྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ བྱང་ཆུབ་སེམས་ཀྱི་བདུད་རྩི་རོལ་པས་རྩ་ཐམས་ཅད་བདེ་བས་ཁྱབ། དུས་གསུམ་གྱི་རྟོག་པ་བྲལ་བའི་ངང་དུ་མཉམ་པར་ཞོག་མཛོད། དེ་ཉིད་བྱིན་རླབས་བརྟན་པའི་ཆེད་དུ་བླ་མའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧྲཱིཿཡིག་ལས་སྔགས་ཀྱི་ཕྲེང་བ་བར་མ་ཆད་དུ་བྱུང༌། བླ་མའི་ཞལ་ནས་ཐོན་སློབ་མའི་ཁར་ཞུགས། རང་རྣལ་འབྱོར་མར་གསལ་བའི་སྙིང་གའི་བྃ་ལ་ཐིམ་པས་རྡོ་རྗེའི་གསུང་གི་བྱིན་རླབས་འཕོས་པ་བརྟན་པའི་མོས་མཛོད། སྔགས་བྱང་མགྲིན་པར་བཞག་ལ། ཨཱཿ ཀུན་ཁྱབ་གྲགས་སྟོང་རྡོ་རྗེའི་སྒྲ༔ གཞོམ་མེད་ནཱ་ད་གསང་བའི་རྒྱུད༔ རྡོ་རྗེའི་སྔགས་ཀྱིས་དབང་བསྐུར་བས༔ འགག་མེད་ཆོས་ཀྱི་སྒྲ་སྒྲོགས་ཤོག༔ དྷརྨ་དྷཱ་ཏུ་གུ་ཧྱ་ཧོཿ དེ་ལྟར་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་རྟགས་ནུས་དབང་གི་སྔོན་འགྲོ་གསང་བའི་དབང་བསྐུར་བས། ངག་གི་དྲི་མ་དག །ལམ་རྩ་རླུང་སྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་བླ་མ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་ཐུགས་རྣམ་ཀུན་མཆོག་ལྡན་སྟོང་དབྱིངས་རྡོ་རྗེ་བཙུན་མོ་རྣམ་བཅས་ཕྱག་རྒྱའི་གཟུགས། བདེ་སྟོང་དབྱེར་མེད་མཚོན་བྱེད་སིནྡྷཱུ་རའི་རྡུལ་གྱིས་སྦག་པའི་མེ་ལོང་ལས་སྣ་ཚོགས་གཟུགས་ཅན་མ་སྤྲོས་ཏེ་ཐར་པ་བསྟེན་པར་མོས་ཤིག །སིནྡྷཱུ་རའི་མེ་ལོང་སྙིང་གར་བཀོད་དེ་ཐིག་ལེ་བྱས་ལ། ཧཱུྃ༔ བདེ་སྟོང་ཐུགས་ཀྱི་བླ་མ་ནི༔ གཉིས་མེད་དཔེ་ཡི་ཡེ་ཤེས་ཏེ༔ མེ་ལོང་སིནྡྷཱུའི་དཀྱིལ་འཁོར་བཀྲ༔ མི་རྟོག་ཆོས་སྐུ་མངོན་གྱུར་ཤོག༔ པྲཛྙཱ་ཛྙཱ་ན་དྷཱ་ཏུ་ཨཿ སིནྡྷཱུ་རའི་དཀྱིལ་འཁོར་ལས་སྤྲོས་པའི་ཤེས་རབ་མ་དང་འདུ་ཤེས་གསུམ་གྱིས་མཉམ་པར་སྦྱོར་བས་དྭངས་མའི་ཞུ་བདེ་དགའ་བཞི་ལུགས་བྱུང་ལྡོགས་ངོས་བཟུང་ཆོས་ཉིད་མཉམ་པའི་ངང་དུ་ཞོག་ཅིག །དགོངས་པ་གཏད་ལ། ཧཱུྃ༔ རྒྱལ་བའི་ཐུགས་ཀྱི་དགོངས་པ་ནི༔ ལྷན་སྐྱེས་ཡེ་ཤེས་དེ་ཁོ་ན༔ རྡུལ་བྲལ་ནམ་མཁའ་ལྟ་བུའི་དཀྱིལ༔ རང་རིག་ཁྱབ་བརྡལ་ཆེན་པོ་ཨ༔ དེ་ལྟར་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་ལ་བརྟེན་ཏེ་ནང་ནུས་པ་འཇུག་པ་དངོས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉའི་རྣལ་འབྱོར་སྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །བཞི་པ་ཚིག་དབང་རིན་པོ་ཆེའི་སླད་དུ་དཔེ་ཡི་ཡེ་ཤེས་ཀྱིས་དྲངས་པའི་་བླ་མ་ངོ་བོ་ཉིད་སྐུ་ལྷན་སྐྱེས་རིག་སྟོང་གཉུག་མའི་རྡོ་རྗེ་མན་ཤེལ་གྱིས་བརྡས་མཚོན་ཏེ་ངོ་སྤྲོད་པར་མོས་ཤིག །ཤེལ་རྡོ་བསྟན་ལ། ཧོཿ ཡེ་ཤེས་རྡོ་རྗེའི་བླ་མ་ནི༔ བློ་འདས་རིག་སྟོང་འོད་གསལ་བ༔ བརྡལ་ཁྱབ་གཉུག་མའི་རྡོ་རྗེ་སེམས༔ རང་རིག་གཤིས་ལ་གནས་པའོ༔ དྷརྨ་དྷཱ་ཏུ་ཨ་ཏི་ཧོཿ བླ་སློབ་གཉིས་ཀས་གཉུག་མའི་རང་ངོ་ལ་མཉམ་པར་བཞག་ཅིང་སློབ་དཔོན་གྱི་སྡིགས་མཛུབ་སློབ་མའི་སྙིང་གར་གཏད་དེ་དགོངས་པས་གཟིར། ཧོཿ རིག་པ་དོན་གྱི་བླ་མ་ནི༔ འོད་གསལ་ཀློང་ཡངས་བརྡལ་བ་ཆེ༔ ཐིག་ལེ་ཆེན་པོ་གསང་བའི་དབྱིངས༔ ངེས་པའི་དོན་ལ་གཉིས་སུ་མེད༔ ཨ་ཨ་ཨ༔ དེ་ལྟར་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ནུས་པ་འཇུག་པའི་དབང་གི་མཐར་ཐུག་བཞི་པ་དོན་གྱི་ཡེ་ཤེས་ཀྱི་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་དག་གིས་བླ་མའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་འཇུག་ཅིང་སྨིན་པར་བྱས་པའི་དབང་གི་ཡེ་ཤེས་ཀྱི་སྲོག་དམ་ཚིག་གིས་བཟུང་དགོས་པས། སྣང་གྲགས་རིག་པ་བླ་མ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་གདོད་ནས་རྣམ་པར་དག་སྟེ་བཞུགས་པ་ངོ་ཤེས་པའི་དག་སྣང་དང་མོས་གུས་ཟབ་མོས་ལམ་དུ་ཁྱེར་སྙམ་པས་དམ་ཚིག་བསྲུང་བ་ཁས་ལེན་པ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རང་གི་མཎྜལ། ལུས་འབུལ། དགེ་བསྔོ་བཅས་བྱས་ལ་སློབ་མ་གྲོལ། སློབ་དཔོན་གྱིས་སྲུང་མའི་གཏོར་འབུལ་དང་ཚོགས་སོགས་རྗེས་རིམ་དང་བཅས་པས་གྲུབ་པའོ། །གྲུབ་བརྙེས་རྡོ་རྗེའི་གསུང་གི་བཅུད། །དབང་མཆོག་མཛེས་རྒྱན་སྤེལ་འདིས་ཀྱང༌། །རྡོ་རྗེའི་བླ་མའི་གསང་གསུམ་དུ། །འགྲོ་ཀུན་འཇུག་པའི་སྐལ་བཟང་ཤོག །ཅེས་པའང་མཁས་ཤིང་དངོས་གྲུབ་མཆོག་བརྙེས་པའི་རྡོ་རྗེ་སློབ་དཔོན་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་དགོངས་གཏེར་རྫོགས་ཆེན་གསང་བ་སྙིང་ཐིག་ཚིག་བདུན་བླ་སྒྲུབ་ཀྱི་དབང་ཆོག་བཀླག་པས་གྲུབ་པར་བཀོད་པ་འདི་ཡང༌། རྗེ་བླ་མའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་དམ་པའི་རྣམ་ཐར་རྨད་དུ་བྱུང་བའི་མཆོག་སྤྲུལ་རིན་པོ་ཆེ་པདྨ་དབང་རྒྱལ་ནས་གསུང་བསྐུལ་བཞིན། རྒྱལ་ཁམས་ཉུལ་བའི་དཱ་རི་དྲ་འཇིགས་མེད་མཁྱེན་བརྩེ་འོད་ཟེར་གྱིས་རྒྱ་མཚོའི་མཐའ་ཡི་རྒྱལ་ཁབ་བྷེལ་བྱམས་ནས་དབུ་བརྩམས་ཨ་རིའི་གྲོང་ཁྱེར་ཆེན་པོ་ནེའུ་ཡོག་དྲུང་པ་རིན་པོ་ཆེའི་དྷརྨ་དྷཱ་ཏུའི་ཆོས་སྒར་སོན་སྐབས་མཇུག་རྫོགས་པར་བྱས་པ་འདིས་ཀྱང་འགྲོ་ཀུན་བླ་མ་སྐུ་བཞིའི་རྒྱལ་ཐབས་ལ་འདོད་དགུར་དབང་བསྒྱུར་བའི་རྒྱུར་ཅིག །སརྦ་མངྒ་ལཾ།། །།}} | ༄༅། །ན་མོ་གུ་ར་ཝེ། གུ་རུའི་གསོལ་འདེབས་ཐམས་ཅད་ཀྱི་རྒྱལ་པོ་རྡོ་རྗེའི་ཚིག་རྐང་བདུན་མ་དང་འབྲེལ་བའི་བླ་མ་བདེ་བ་ཆེན་པོའི་སྒྲུབ་ཐབས་རྫོགས་ཆེན་གསང་བ་སྙིང་ཐིག་གི་དབང་བྱ་བར་འདོད་པས། །ཡར་ངོའི་ཚེས་བཅུ་ལ་སོགས་པའི་དུས་བཟང་པོར་སྦྱོར་བའི་དང་པོ་མཆོད་སྒྲུབ་ཀྱི་རྟེན་དུ་མཎྜལ་སིནྡྷཱུ་རས་བྱུག་པ་ཆོས་འབྱུང་བསྣོལ་མའི་ལྟེ་བར་པདྨ་འདབ་བཞིས་མཚན་པའི་སྟེང༌། མཉྫིའི་ཁར་བུམ་པ་བཅུད་ལྡན་དང་བྷནྡྷ་བདུད་རྩིས་བཀང་བའི་སྟེང་མེ་ལོང་སིནྡྷཱུ་རས་བྱུག་པ་བྃ་ཧ་རི་ནི་སས་མཚན་དང༌། ཤེལ་རྡོ་བརྩེགས་པ་དང་མདུན་རྒྱབ་གང་བདེར་གུ་རུའི་སྐུ་གང་འབྱོར་དང༌། སྨན་རཀ་གཏོར་མའི་མཐར་ཉེར་སྤྱོད་མཆོད་པས་བསྐོར་ཞིང༌། གཞན་ཡང་ཚོགས་དང་གསོལ་ཀ་ཆད་བརྟན་སོགས་ཉེར་མཁོའི་རིགས་འདུ་བྱས་ལ། ཆོག་བླ་སྒྲུབ་བརྒྱུད་འདེབས་ནས་བརྩམ་ལས་གཞུང་ལྟར། དབང་དང་བླ་མཆོད་གཙོ་བོར་བྱེད་ན་མཆོད་པ་བྱིན་རླབས་ཞིག་ཡོད་ན་ལེགས་སྙམ་ཕྱིར། རྃ་ཡྃ་ཁྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། །ཚིག་བདུན་གསོལ་འདེབས་དང༌། ཐོད་ཕྲེང་རྩལ་དང་བཛྲ་གུ་རུ་གཉིས་ཆ་མཉམ་པར་བཟླས་མཐར། བུམ་པ་རང་བྱུང་གི་གཞལ་མེད་ཁང་དུ་རིག་འཛིན་བླ་མ་མཁའ་འགྲོའི་ལྷ་ཚོགས་མ་འདྲེས་གསལ་རྫོགས་སུ་བཞུགས་པའི་སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན་བབ་པས་བུམ་པ་ཡོངས་སུ་གང་བར་གྱུར། ཐོད་ཕྲེང་རྩལ་དང་བཛྲ་གུ་རུ་ཆ་མཉམ་པར་བཟླས་མཐར་མཆོད་བསྟོད་དང༌། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་རྣམས་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་འོད་ཞུ་བྱས་ལ། ཀྱེ་ཀྱེ་རྗེ་བཙུན་བླ་མ༔ སྙིགས་དུས་འགྲོ་བའི་སྐྱབས་གཅིག༔ བདག་སོགས་ཐར་པའི་ལམ་མཁན༔ དྲིན་ཆེན་བླ་མ་མཁྱེན་ནོ༔ ཞེས་ལན་གསུམ་གསོལ་བ་བཏབ་པས། གུ་རུ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ བདག་ཅག་མོས་པའི་བུ་རྣམས་ལ༔ ལུས་ལ་སྐུ་ཡིས་བྱིན་གྱིས་རློབས༔ ངག་ལ་གསུང་གིས་བྱིན་གྱིས་རློབས༔ ཡིད་ལ་ཐུགས་ཀྱིས་བྱིན་གྱིས་རློབས༔ དབང་བཞི་བསྐུར་བར་བྱིན་གྱིས་རློབས༔ སྒྲིབ་བཞི་དག་པར་བྱིན་གྱིས་རློབས༔ ལམ་བཞི་འབྱོང་བར་བྱིན་གྱིས་རློབས༔ སྐུ་བཞི་ཐོབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་ཌཱ་ཀི་ནི་ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ བླ་མའི་གནས་གསུམ་འབྲུ་གསུམ་ལས༔ འོད་ཟེར་རིམ་དང་ཅིག་ཆར་འཕྲོས༔ བདག་གི་གནས་གསུམ་ཐིམ་པ་ཡིས༔ དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག༔ ལམ་བཞི་བསྒོམ་པའི་སྣོད་དུ་གྱུར༔ ཞེས་དམིགས་པས་དབང་ལེན་དང་སློབ་མ་འཇུག་པ་གསོལ་བ་བཏབ་པས་གནང་བ་བསྩལ་བར་མོས་རྗེས་སྣོད་དུ་རུང་བའི་སློབ་མ་ཁྲུས་ནས་དབྱུང༌། བགེགས་བསལ་སྲུང་འཁོར་བསྒོམ་པའི་རྗེས། ལོ་རྒྱུས་ཀྱི་ཁྱད་པར། དེ་ཡང་དཔལ་མགོན་བླ་མ་རྡོ་རྗེ་འཆང་ཆེན་པོ་ནི་ཆོས་སྐུའི་སངས་རྒྱས་ཐམས་ཅད་དང་དགོངས་ཀློང་གཅིག་ཏུ་འཁྱིལ་ཞིང༌། ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཀྱི་འཕྲོ་གཞི། སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་དུ་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མཆོག་གསུམ་རྩ་གསུམ་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཏུ་གྱུར་པས་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་དེད་དཔོན། བྱིན་རླབས་དང་དངོས་གྲུབ་ཚད་མེད་པའི་འབྱུང་གནས། དྲན་པ་ཙམ་གྱིས་བདེ་ཆེན་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱང་སྙིང་ལ་འཆར་བར་བྱེད་ནུས་པའི་བྱིན་རླབས་དང་ཐུགས་རྗེ་མངའ་བ་ནི་བླ་མ་སྟེ། རིག་འཛིན་བླ་མ་དེ་རྣམས་ཀུན་ལས་ཀྱང་མཁྱེན་བརྩེ་ནུས་པའི་ཡེ་ཤེས། །བྱིན་རླབས་དང་ཕྲིན་ལས་མྱུར་ཆེ་བས་སྙིགས་དུས་ཀྱི་རྒུད་པ་སྐྱོབ་པ་ལ་འགྲན་ཟླ་དང་བྲལ་བ་ནི་ཁྱབ་བདག་གུ་རུ་བདེ་བ་ཆེན་པོ་སྟེ། དེ་ཉིད་ལའང་སྐུ་གསུམ། །ཐོད་ཕྲེང་རིགས་ལྔ། མཚན་བརྒྱད་སོགས་མཚན་དང་སྐུ་ཡི་བཀོད་པ་ཞི་ཁྲོའི་རོལ་པ་བསམ་ལས་འདས་པ་འདི་ཉིད་བསྒྲུབ་བྱ་སྟེ། དེ་ཉིད་སྒྲུབ་བྱེད་ཀྱི་ཚུལ་ལ་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་དང༌། །ནང་ཡི་དམ་དང་དབྱེར་མེད་དུ་སྒྲུབ་པ། གསང་བ་བླ་མ་དྲག་པོ་ལྟར་སྒྲུབ་ཚུལ་སོགས་རྣམ་གྲངས་གཞན་དུ་མ་མཆིས་པ་ལས། སྐབས་འདིར་བསྒྲུབ་བྱ་བརྟན་གཡོ་སྲིད་ཞིའི་སྤྱི་དཔལ་བླ་མ་བདེ་བ་ཆེན་པོ་སྟེ་མཚན་ཙམ་ཐོས་པས་བསམ་པ་ལྷུན་གྱིས་གྲུབ་པ་ལ། སྒྲུབ་བྱེད་གུ་རུའི་གསོལ་འདེབས་ཀུན་གྱི་རྒྱལ་པོ་རྡོ་རྗེའི་ཚིག་རྐང་བདུན་པའི་སྒྲུབ་ཐབས་ཏེ། དེ་ཡང་ཕྱི་གསོལ་འདེབས་དང་ནང་རྩ་གསུམ་དབྱེར་མེད་དུ་སྒྲུབ་པ་ཀུན་འདུས་ཟབ་འདྲིལ་བྱིན་རླབས་དང་ལྡན་པ་སྟེ། སྦྱང་བྱ་འཁྲུལ་པས་བརྟགས་པའི་གཞི་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟོག་པ་གློ་བུར་བ་ཉིད། སྦྱང་གཞི་འོད་གསལ་སྙིང་པོ་དོན་གྱི་བླ་མ་ཡེ་ཤེས་ལྔ་ལྡན་ཆོས་གཟུགས་ཀྱི་སྐུ་ཡི་བཀོད་པ་རྨད་དུ་བྱུང་བ་ཉིད། སྦྱོང་བྱེད་ལམ་བྱང་ཆུབ་ཡན་ལག་བདུན་གྱིས་རྫོགས་སྨིན་སྦྱངས་པ་མཐར་སོན་པས་མཆོག་ཐུན་གྱི་དངོས་གྲུབ་ལ་དབང་ཐོབ་ནས། སྦྱངས་འབྲས་དོན་དམ་དཀོར་བདུན་མི་སློབ་ལམ་གྱི་ངོ་བོ་ཉིད་སྐུར་མངོན་པར་བྱང་ཆུབ་པར་བྱེད་པས་ན་བཀའ་བརྒྱད་ཡོངས་འདུས་ལས། གཅིག་ཆོག་རྒྱལ་པོ་ཚིག་བདུན་གསོལ་འདེབས་ཡིན༔ སྨོན་ལམ་དབང་གིས་དངོས་སུ་ཞལ་མཐོང་འགྱུར༔ ཞག་བདུན་ཉེར་གཅིག་གསོལ་འདེབས་བསྙེན་པར་བྱ༔ དངོས་གྲུབ་བྱིན་འབེབས་བར་ཆད་ཀུན་ལས་གྲོལ༔ ཞེས་དང༌། ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས༔ ཐོད་པ་ལྟག་སྤྲོད་རོལ་མོས་བསྐུལ་བྱས་ན༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུ་ངུ་མ་ཡིས་མི་བཟོད་ལྟར༔ བྱིན་གྱིས་རློབ་བོ་ཐ་ཚིག་ན་ར་ཀན༔ ཞེས་ནམ་ཡང་གཞན་དུ་མི་འགྱུར་བའི་རྡོ་རྗེའི་གསུང་གིས་ཞལ་བཞེས་བསླུ་བ་མེད་པར་གནང་ཞིང་གཏེར་ཁ་ཐམས་ཅད་ལས་རྡོ་རྗེའི་ཚིག་བདུན་པོ་མ་བྱུང་བ་མེད་པ་ལས། གསོལ་འདེབས་སྒྲུབ་སྐོར་དང་འབྲེལ་ཞིང་བླ་མ་ཕྱི་ནང་གི་སྒྲུབ་པ་ཆུན་གཅིག་དྲིལ་འདི་ཉིད་ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང༌། མདོ་སྔགས་ཟབ་དོན་ཉམས་བཞེས་ཀྱིས་གྲུབ་པའི་ས་མཐོར་གཤེགས་པ། གནུབས་བན་ནམ་མཁའི་སྙིང་པོའི་རྣམ་འཕྲུལ་ཡོངས་སུ་གྲགས་པའི་མཚན་ངག་དབང་གྲགས་པ་བསྟན་འཛིན་ནམ། གསང་མཚན་ཀློང་ཆེན་ཡེ་ཤེས་རྡོ་རྗེ་ཉིད་སྐུ་ཆུང་ངུའི་དུས་རྩེད་མོའི་སྐབས་རྫ་ཆུའི་འགྲམ་ནས་རྡོ་ཡི་གཏེར་སྒྲོམ་ཕྱག་ཏུ་བྱུང་བ་རྩེ་གྲོགས་རྣམས་ཀྱིས་འཕྲོག་པར་བརྩམས་པས་ཆུ་ལ་བོར་སྟེ་སྣང་མེད་དུ་བཞག་ཀྱང་ཚིག་དོན་ཐུགས་ལ་གསལ་བས་བླ་མ་སྐུ་གསུམ། ཐོད་ཕྲེང་སྡེ་ལྔ། གུ་རུ་མཚན་བརྒྱད་སོགས་ཀྱི་སྒྲུབ་ཐབས་ཆོས་སྐོར་ཟབ་རྒྱས་སུ་བཞུགས་པ་ལས། འཕགས་ཡུལ་ནུབ་ཕྱོགས་མཚོ་པདྨ་ཅན་དུ་གནས་འབྲེལ་མཛད་པའི་སྐབས། སྐལ་བ་དང་ལྡན་པའི་སློབ་མས་གསོལ་བ་བཏབ་པའི་རྐྱེན་གྱིས་ཐུགས་གཏེར་དུ་བརྡོལ་བའི་རྫོགས་ཆེན་གསང་བ་སྙིང་ཐིག་ཅེས་ཟབ་ཅིང་རྒྱ་ཆེར་བཞུགས་པའི་ཡང་སྙིང༌། གུ་རུ་བདེ་བ་ཆེན་པོའི་བླ་མའི་ཐུགས་སྒྲུབ་སྙིང་པོ་ཙམ་གཏན་ལ་ཕབ་པའི་དབང་བསྐུར་བགྱིས་པ་ལ་ཐོག་མར་མཎྜལ་ཕུལ། བླ་མ་བདེ་བ་ཆེན་པོ་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དམ་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཿ རང་རིག་བླ་མ་དཀྱིལ་འཁོར་གཙོ༔ ཀུན་བཟང་ཆོས་སྐུའི་སྟོན་པ་ཡིས༔ རང་བྱུང་རྡོ་རྗེ་གཞི་དབྱིངས་སུ༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ ལན་གསུམ། བླ་མ་བདེ་བ་ཆེན་པོའི་ཐུགས་ཡེ་ཤེས་ཀྱི་རོལ་པ་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་དྲུང་དུ། བདག་སོགས་ནམ་མཁའ་མཉམ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་བར་སྒོ་གསུམ་རྩེ་གཅིག་གུས་པས་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ། བླ་མ་བདེ་གཤེགས་སོགས་ལན་གསུམ། མཁའ་ཁྱབ་ཀྱི་ཕ་མ་རིགས་དྲུག་ཐམས་ཅད་རིགས་ཀུན་ཁྱབ་བདག་བླ་མ་བདེ་བ་ཆེན་པོའི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཞུ་བ་དང༌། ལམ་ཉམས་སུ་ལེན་པའི་བརྩོན་འགྲུས་བརྩམ་པར་བྱ་སྙམ་པས་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཧོཿ སེམས་བསྐྱེད་འགྲོ་བ་ཀུནསོགས་ལན་གསུམ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་ཚོགས་ཀྱི་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་སྤྲིན་ཆེན་པོ་མཁའ་ཁྱབ་ཀྱི་འཁོར་ལོར་སད་པའི་སྤྱན་སྔར་ཕྱག་འཚལ་བ་སོགས་བསགས་སྦྱང་གི་སྙིང་པོ་ཡན་ལག་བཅུ་པ་འདིའི་རྗེས་ཟློས་མཛོད། བླ་མ་ཡི་དམ་མཁའ་འགྲོ་གཤེགས་སོགས་ལན་གསུམ། སྣང་སྤྱོད་ཡེ་ཤེས་ཀྱི་འཁོར་ལོར་སྡོམ་པ་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་འཇུག་པའི་དབང་ཞུ་པ་ལ། སོ་བྱང་སྔགས་ཀྱི་སྡོམ་པ་གསུམ་གྱི་གནང་བཀག་རྣམས་ཚུལ་བཞིན་དུ་བཟུང་ཞིང་བསྲུངས་ནས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་རླབས་པོ་ཆེ་ལ་འཇུག་པར་བགྱིའོ་སྙམ་པས་དམ་བཅའ་བ་འདིས་རྗེས་ཟློས་མཛོད། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །་མ་ལུས་ཡོངས་སུ་གཟུང་བར་བགྱི། །ལན་གསུམ། དེ་དག་གིས་དབང་གི་སྔོན་འགྲོ་འཇུག་པའི་ཆོས་རྣམས་སོང་ནས་དབང་གི་གཞི་འགོད་པ་ལ་སྒོ་གསུམ་གྱི་གནད་བཅུན་ཏེ་དམིགས་པ་འདི་བཞིན་མཛོད། སློབ་མའི་ཕུང་ཁམས་སྟོང་པར་སྦྱངས༔ སྐད་ཅིག་རྡོ་རྗེ་རྣལ་འབྱོར་མ༔ དམར་གསལ་གྲི་ཐོད་འཛིན་པ་ཡི༔ ཞབས་གཉིས་གར་གྱི་སྟངས་སྟབས་ཅན༔ ཐུགས་ཀར་འོད་ཀྱི་གཡུང་དྲུང་ནི༔ ལྗང་གསལ་གཡོན་བསྐོར་ཁུག་པ་བཞིར༔ ཧ་རི་ནི་ས་དབུས་སུ་བྃ༔ རིགས་ཀྱི་ཁ་དོག་འོད་འབར་ལ༔ སེམས་གཏད་རླུང་དང་རིག་པ་གཅུན༔ མོས་གུས་རྩལ་སྦར་འོད་ཟེར་གྱིས༔ སྐུ་གསུམ་དག་པའི་ཞིང་ཀུན་ནས༔ ཕྱོགས་དུས་རྒྱལ་བ་སྲས་དང་བཅས༔ དཔལ་མགོན་རིག་འཛིན་བླ་མ་ནི༔ བདེ་བ་ཆེན་པོའི་རྣམ་རོལ་བཞེངས༔ སྐུ་སྔགས་ཕྱག་མཚན་ཆར་དུ་བབ༔ གཉིས་སུ་མེད་པར་ཐིམ་པར་བསམ༔ སྤོས་རོལ་དབྱངས་ཌཱ་དྲིལ་དང་བཅས་ཏེ། ཨོཾ༔ ངོ་བོ་ཆོས་སྐུའི་གཞལ་ཡས་ནས༔ ཀུན་བཟང་སྟོན་པ་འོད་མི་འགྱུར༔ དགོངས་ཀློང་མཁའ་ཁྱབ་བརྡལ་བར་བཞེངས༔ གཉིས་སུ་མེད་པར་བྱིན་གྱིས་རློབས༔ རང་བཞིན་ལོངས་སྐུའི་ཞིང་ཁམས་ནས༔ རིགས་ལྔའི་རྒྱལ་བ་གངས་ཆེན་མཚོ༔ སྐུ་དང་ཞིང་ཁམས་རབ་འབྱམས་བཞེངས༔ སྣང་སྲིད་ཡེ་ཤེས་གཞིར་རྫོགས་མཛོད༔ རིག་རྩལ་ཐུགས་རྗེའི་ཕོ་བྲང་ནས༔ འགྲོ་འདུལ་བརྒྱུད་གསུམ་བླ་མ་བཞེངས༔ ཡེ་ཤེས་ཐུགས་ཀྱི་དབང་བསྐུར་ལ༔ རྟོགས་གྲོལ་དུས་མཉམ་ཕྲིན་ལས་མཛོད༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ གཉིས་མེད་ཆོས་ཉིད་ཀློང་ཆེན་དབྱིངས༔ གཞོན་ནུ་བུམ་སྐུར་གྲོལ་བར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧོཿ ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ཕཻཾ་ཕཻཾ་ཕཻཾ༔ ས་མ་ཡ་ཛ་ཛཿ མ་ཧཱ་སིདྡྷི་ཕ་ལ་ཧོཿ ཞེས་སྔགས་ཡང་ཡང་བརྗོད་པས་བྱིན་དབབ། ཡེ་ཤེས་པ་རྒྱུད་ལ་དབབ་པ་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རབ་ཏུ་གནས་པ་བྱས་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲ་ས་མ་ཡེ་སྭཱ་ཧཱ། ཞེས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག །དབང་དངོས་ལ་བཞི་ལས། དང་པོ་བུམ་པའི་དབང་གི་སླད་དུ་བླ་མ་སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་སྨིན་མཚམས་ལས་གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བར་སྤྲོས་པ་དང་ཆབས་ཅིག་བཀྲ་ཤིས་པའི་རྣམ་པ་དུ་མས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བསྩལ་བའི་མོས་པ་མཛོད། རྣམ་བུམ་ཐོགས་ལ། ཨོཾ༔ སྣང་སྟོང་སྐུ་ཡི་བླ་མ་ནི༔ རང་བྱུང་བུམ་པའི་བཅུད་དུ་འཁྱིལ༔ ཡེ་ཤེས་བདུད་རྩིའི་དབང་བསྐུར་བས༔ ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཤོག༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྟེར་ཞིང་བུམ་པ་སྤྱི་བོར་བཞག །དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང༌། སྒྲིབ་པ་མཐའ་དག་སྦྱངས། སྐུ་དང་ཡེ་ཤེས་ཀྱི་སྐལ་པ་རྒྱུད་ལ་བཞག་པར་མོས། དེའི་བྱིན་རླབས་ཀྱི་རྒྱུན་བརྟན་པའི་ཕྱིར། མདུན་བསྐྱེད་རིག་འཛིན་བླ་མ་མཆོག་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་སྤྲོས་ཏེ་དཔྲལ་བ་ནས་ཐིམ་པས་རྡོ་རྗེའི་སྐུ་ཡི་བྱིན་རླབས་འཕོས་པ་བརྟན་པར་མོས་ཤིག །བླ་མའི་སྐུ་འབག་དཔྲལ་བར་བཞག་ལ། ཨོཾ༔ བདེ་བ་ཆེན་པོ་ཆོས་ཀྱི་དབྱིངས༔ ཁྱབ་བརྡལ་ཡེ་ཤེས་སྐུ་འདི་ཡིས༔ སྐལ་ལྡན་བུ་ལ་བྱིན་བརླབས་པས༔ རྡོ་རྗེ་སྐུ་མཆོག་ལྷུན་རྫོགས་ཤོག༔ ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་མཚན་མའི་དཀྱིལ་འཁོར་ལ་བརྟེན་ནས་བརྡ་བུམ་པའི་དབང་སྐུར་བས། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་གི་སླད་དུ་བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཡབ་ཡུམ་བདེ་བ་ཆེན་པོར་སྙོམས་པར་ཞུགས་པའི་བདུད་རྩི་བྱང་ཆུབ་ཀྱི་སེམས། སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ལྕེ་ལ་བཞག་ནས་མགྲིན་པའི་ལམ་བརྒྱུད་ལུས་ཀྱི་རྩ་གནས་ཐམས་ཅད་ལ་ཁྱབ་པར་མོས་མཛོད། བྷནྡྷའི་བདུད་རྩི་སྟེར་ལ། ཨཱཿ གྲགས་སྟོང་གསུང་གི་བླ་མ་ནི༔ བདེ་ཆེན་བྷནྡྷའི་བདུད་རྩི་འཁྱིལ༔ ལྷག་པའི་སེམས་སྤྲིན་དབང་བསྐུར་བས༔ ལྷན་སྐྱེས་འགག་མེད་འཆར་བར་ཤོག༔ བོདྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ བྱང་ཆུབ་སེམས་ཀྱི་བདུད་རྩི་རོལ་པས་རྩ་ཐམས་ཅད་བདེ་བས་ཁྱབ། དུས་གསུམ་གྱི་རྟོག་པ་བྲལ་བའི་ངང་དུ་མཉམ་པར་ཞོག་མཛོད། དེ་ཉིད་བྱིན་རླབས་བརྟན་པའི་ཆེད་དུ་བླ་མའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧྲཱིཿཡིག་ལས་སྔགས་ཀྱི་ཕྲེང་བ་བར་མ་ཆད་དུ་བྱུང༌། བླ་མའི་ཞལ་ནས་ཐོན་སློབ་མའི་ཁར་ཞུགས། རང་རྣལ་འབྱོར་མར་གསལ་བའི་སྙིང་གའི་བྃ་ལ་ཐིམ་པས་རྡོ་རྗེའི་གསུང་གི་བྱིན་རླབས་འཕོས་པ་བརྟན་པའི་མོས་མཛོད། སྔགས་བྱང་མགྲིན་པར་བཞག་ལ། ཨཱཿ ཀུན་ཁྱབ་གྲགས་སྟོང་རྡོ་རྗེའི་སྒྲ༔ གཞོམ་མེད་ནཱ་ད་གསང་བའི་རྒྱུད༔ རྡོ་རྗེའི་སྔགས་ཀྱིས་དབང་བསྐུར་བས༔ འགག་མེད་ཆོས་ཀྱི་སྒྲ་སྒྲོགས་ཤོག༔ དྷརྨ་དྷཱ་ཏུ་གུ་ཧྱ་ཧོཿ དེ་ལྟར་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་རྟགས་ནུས་དབང་གི་སྔོན་འགྲོ་གསང་བའི་དབང་བསྐུར་བས། ངག་གི་དྲི་མ་དག །ལམ་རྩ་རླུང་སྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་བླ་མ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་ཐུགས་རྣམ་ཀུན་མཆོག་ལྡན་སྟོང་དབྱིངས་རྡོ་རྗེ་བཙུན་མོ་རྣམ་བཅས་ཕྱག་རྒྱའི་གཟུགས། བདེ་སྟོང་དབྱེར་མེད་མཚོན་བྱེད་སིནྡྷཱུ་རའི་རྡུལ་གྱིས་སྦག་པའི་མེ་ལོང་ལས་སྣ་ཚོགས་གཟུགས་ཅན་མ་སྤྲོས་ཏེ་ཐར་པ་བསྟེན་པར་མོས་ཤིག །སིནྡྷཱུ་རའི་མེ་ལོང་སྙིང་གར་བཀོད་དེ་ཐིག་ལེ་བྱས་ལ། ཧཱུྃ༔ བདེ་སྟོང་ཐུགས་ཀྱི་བླ་མ་ནི༔ གཉིས་མེད་དཔེ་ཡི་ཡེ་ཤེས་ཏེ༔ མེ་ལོང་སིནྡྷཱུའི་དཀྱིལ་འཁོར་བཀྲ༔ མི་རྟོག་ཆོས་སྐུ་མངོན་གྱུར་ཤོག༔ པྲཛྙཱ་ཛྙཱ་ན་དྷཱ་ཏུ་ཨཿ སིནྡྷཱུ་རའི་དཀྱིལ་འཁོར་ལས་སྤྲོས་པའི་ཤེས་རབ་མ་དང་འདུ་ཤེས་གསུམ་གྱིས་མཉམ་པར་སྦྱོར་བས་དྭངས་མའི་ཞུ་བདེ་དགའ་བཞི་ལུགས་བྱུང་ལྡོགས་ངོས་བཟུང་ཆོས་ཉིད་མཉམ་པའི་ངང་དུ་ཞོག་ཅིག །དགོངས་པ་གཏད་ལ། ཧཱུྃ༔ རྒྱལ་བའི་ཐུགས་ཀྱི་དགོངས་པ་ནི༔ ལྷན་སྐྱེས་ཡེ་ཤེས་དེ་ཁོ་ན༔ རྡུལ་བྲལ་ནམ་མཁའ་ལྟ་བུའི་དཀྱིལ༔ རང་རིག་ཁྱབ་བརྡལ་ཆེན་པོ་ཨ༔ དེ་ལྟར་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་ལ་བརྟེན་ཏེ་ནང་ནུས་པ་འཇུག་པ་དངོས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉའི་རྣལ་འབྱོར་སྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །བཞི་པ་ཚིག་དབང་རིན་པོ་ཆེའི་སླད་དུ་དཔེ་ཡི་ཡེ་ཤེས་ཀྱིས་དྲངས་པའི་་བླ་མ་ངོ་བོ་ཉིད་སྐུ་ལྷན་སྐྱེས་རིག་སྟོང་གཉུག་མའི་རྡོ་རྗེ་མན་ཤེལ་གྱིས་བརྡས་མཚོན་ཏེ་ངོ་སྤྲོད་པར་མོས་ཤིག །ཤེལ་རྡོ་བསྟན་ལ། ཧོཿ ཡེ་ཤེས་རྡོ་རྗེའི་བླ་མ་ནི༔ བློ་འདས་རིག་སྟོང་འོད་གསལ་བ༔ བརྡལ་ཁྱབ་གཉུག་མའི་རྡོ་རྗེ་སེམས༔ རང་རིག་གཤིས་ལ་གནས་པའོ༔ དྷརྨ་དྷཱ་ཏུ་ཨ་ཏི་ཧོཿ བླ་སློབ་གཉིས་ཀས་གཉུག་མའི་རང་ངོ་ལ་མཉམ་པར་བཞག་ཅིང་སློབ་དཔོན་གྱི་སྡིགས་མཛུབ་སློབ་མའི་སྙིང་གར་གཏད་དེ་དགོངས་པས་གཟིར། ཧོཿ རིག་པ་དོན་གྱི་བླ་མ་ནི༔ འོད་གསལ་ཀློང་ཡངས་བརྡལ་བ་ཆེ༔ ཐིག་ལེ་ཆེན་པོ་གསང་བའི་དབྱིངས༔ ངེས་པའི་དོན་ལ་གཉིས་སུ་མེད༔ ཨ་ཨ་ཨ༔ དེ་ལྟར་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ནུས་པ་འཇུག་པའི་དབང་གི་མཐར་ཐུག་བཞི་པ་དོན་གྱི་ཡེ་ཤེས་ཀྱི་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་དག་གིས་བླ་མའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་འཇུག་ཅིང་སྨིན་པར་བྱས་པའི་དབང་གི་ཡེ་ཤེས་ཀྱི་སྲོག་དམ་ཚིག་གིས་བཟུང་དགོས་པས། སྣང་གྲགས་རིག་པ་བླ་མ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་གདོད་ནས་རྣམ་པར་དག་སྟེ་བཞུགས་པ་ངོ་ཤེས་པའི་དག་སྣང་དང་མོས་གུས་ཟབ་མོས་ལམ་དུ་ཁྱེར་སྙམ་པས་དམ་ཚིག་བསྲུང་བ་ཁས་ལེན་པ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རང་གི་མཎྜལ། ལུས་འབུལ། དགེ་བསྔོ་བཅས་བྱས་ལ་སློབ་མ་གྲོལ། སློབ་དཔོན་གྱིས་སྲུང་མའི་གཏོར་འབུལ་དང་ཚོགས་སོགས་རྗེས་རིམ་དང་བཅས་པས་གྲུབ་པའོ། །གྲུབ་བརྙེས་རྡོ་རྗེའི་གསུང་གི་བཅུད། །དབང་མཆོག་མཛེས་རྒྱན་སྤེལ་འདིས་ཀྱང༌། །རྡོ་རྗེའི་བླ་མའི་གསང་གསུམ་དུ། །འགྲོ་ཀུན་འཇུག་པའི་སྐལ་བཟང་ཤོག །ཅེས་པའང་མཁས་ཤིང་དངོས་གྲུབ་མཆོག་བརྙེས་པའི་རྡོ་རྗེ་སློབ་དཔོན་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་དགོངས་གཏེར་རྫོགས་ཆེན་གསང་བ་སྙིང་ཐིག་ཚིག་བདུན་བླ་སྒྲུབ་ཀྱི་དབང་ཆོག་བཀླག་པས་གྲུབ་པར་བཀོད་པ་འདི་ཡང༌། རྗེ་བླ་མའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་དམ་པའི་རྣམ་ཐར་རྨད་དུ་བྱུང་བའི་མཆོག་སྤྲུལ་རིན་པོ་ཆེ་པདྨ་དབང་རྒྱལ་ནས་གསུང་བསྐུལ་བཞིན། རྒྱལ་ཁམས་ཉུལ་བའི་དཱ་རི་དྲ་འཇིགས་མེད་མཁྱེན་བརྩེ་འོད་ཟེར་གྱིས་རྒྱ་མཚོའི་མཐའ་ཡི་རྒྱལ་ཁབ་བྷེལ་བྱམས་ནས་དབུ་བརྩམས་ཨ་རིའི་གྲོང་ཁྱེར་ཆེན་པོ་ནེའུ་ཡོག་དྲུང་པ་རིན་པོ་ཆེའི་དྷརྨ་དྷཱ་ཏུའི་ཆོས་སྒར་སོན་སྐབས་མཇུག་རྫོགས་པར་བྱས་པ་འདིས་ཀྱང་འགྲོ་ཀུན་བླ་མ་སྐུ་བཞིའི་རྒྱལ་ཐབས་ལ་འདོད་དགུར་དབང་བསྒྱུར་བའི་རྒྱུར་ཅིག །སརྦ་མངྒ་ལཾ།། །།}} | ||
</onlyinclude> | </onlyinclude> |
Latest revision as of 09:08, 1 June 2024
Wylie title | rdzogs pa chen po gsang ba snying thig las/ bla sgrub byin rlabs char 'bebs kyi dbang gi mtshams sbyor byin rlabs bdud rtsi'i bum bzang | |
---|---|---|
Location | dil mgo mkhyen brtse bka' 'bum Volume 10, Text 18, Pages 71-79 (Folios 1a to 9a3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | ཀློང་ཆེན་ཡེ་ཤེས་རྡོ་རྗེ་ (Kangyur Rinpoche) | |
Associated People | པདྨ་འབྱུང་གནས་ (pad+ma 'byung gnas) | |
Citation | Khyentse, Dilgo. Rdzogs pa chen po gsang ba snying thig las/ bla sgrub byin rlabs char 'bebs kyi dbang gi mtshams sbyor byin rlabs bdud rtsi'i bum bzang. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 71-79. Delhi: Shechen Publications, 1994. | |
Genre | Empowerment Ritual - dbang chog - dbang skur | |
Cycle | རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ (rdzogs pa chen po gsang ba snying thig) | |
Colophon |
།ཅེས་པའང་མཁས་ཤིང་དངོས་གྲུབ་མཆོག་བརྙེས་པའི་རྡོ་རྗེ་སློབ་དཔོན་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་དགོངས་གཏེར་རྫོགས་ཆེན་གསང་བ་སྙིང་ཐིག་ཚིག་བདུན་བླ་སྒྲུབ་ཀྱི་དབང་ཆོག་བཀླག་པས་གྲུབ་པར་བཀོད་པ་འདི་ཡང༌། རྗེ་བླ་མའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་དམ་པའི་རྣམ་ཐར་རྨད་དུ་བྱུང་བའི་མཆོག་སྤྲུལ་རིན་པོ་ཆེ་པདྨ་དབང་རྒྱལ་ནས་གསུང་བསྐུལ་བཞིན། རྒྱལ་ཁམས་ཉུལ་བའི་དཱ་རི་དྲ་འཇིགས་མེད་མཁྱེན་བརྩེ་འོད་ཟེར་གྱིས་རྒྱ་མཚོའི་མཐའ་ཡི་རྒྱལ་ཁབ་བྷེལ་བྱམས་ནས་དབུ་བརྩམས་ཨ་རིའི་གྲོང་ཁྱེར་ཆེན་པོ་ནེའུ་ཡོག་དྲུང་པ་རིན་པོ་ཆེའི་དྷརྨ་དྷཱ་ཏུའི་ཆོས་སྒར་སོན་སྐབས་མཇུག་རྫོགས་པར་བྱས་པ་འདིས་ཀྱང་འགྲོ་ཀུན་བླ་མ་སྐུ་བཞིའི་རྒྱལ་ཐབས་ལ་འདོད་དགུར་དབང་བསྒྱུར་བའི་རྒྱུར་ཅིག །སརྦ་མངྒ་ལཾ།། | |
/ces pa'ang mkhas shing dngos grub mchog brnyes pa'i rdo rje slob dpon klong chen ye shes rdo rje'i dgongs gter rdzogs chen gsang ba snying thig tshig bdun bla sgrub kyi dbang chog bklag pas grub par bkod pa 'di yang*/_rje bla ma'i sku gsung thugs kyi sras mchog dam pa'i rnam thar rmad du byung ba'i mchog sprul rin po che pad+ma dbang rgyal nas gsung bskul bzhin/_rgyal khams nyul ba'i dA ri dra 'jigs med mkhyen brtse 'od zer gyis rgya mtsho'i mtha' yi rgyal khab b+hel byams nas dbu brtsams a ri'i grong khyer chen po ne'u yog drung pa rin po che'i d+harma d+hA tu'i chos sgar son skabs mjug rdzogs par byas pa 'dis kyang 'gro kun bla ma sku bzhi'i rgyal thabs la 'dod dgur dbang bsgyur ba'i rgyur cig__/sarba mang+ga laM// |