DKR-KABUM-10-THA-017: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=རྫོགས་ཆེན་གསང་བ་སྙིང་ཐིག་ལས༔ དབང་ཆོག་བྱིན་རླབས་སྒྲོན་མ༔ | |||
|fulltitle=rdzogs chen gsang ba snying thig las: dbang chog byin rlabs sgron ma | |||
|citation=[[Khyentse, Dilgo]]. ''Rdzogs chen gsang ba snying thig las dbang chog byin rlabs sgron ma''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 10: 67-70. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|sourcerevealer=Kangyur Rinpoche | |||
|sourcerevealertib=ཀློང་ཆེན་ཡེ་ཤེས་རྡོ་རྗེ་ | |||
|associatedpeople=pad+ma 'byung gnas | |||
|associatedpeopletib=པདྨ་འབྱུང་གནས་ | |||
|tibgenre=Empowerment Ritual - dbang chog - dbang skur | |||
|terma=Yes | |||
|dkroutline=Three | |||
|cycle=rdzogs pa chen po gsang ba snying thig | |||
|cycletib=རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ | |||
|language=Tibetan | |||
|volumenumber=010 | |||
|volnumtib=༡༠ | |||
|volyigtib=ཐ་ | |||
|totalvolumes=25 | |||
|textnuminvol=017 | |||
|pagenumbers=67-70 | |||
|totalpages=7 | |||
|beginfolioline=1a | |||
|endfolioline=4a3 | |||
|totalfolios=4 | |||
|multivolumework=No | |||
|rectonotes=gter gzhung | |||
|versonotes=rdzogs pa chen po gsang ba snying thig | |||
|colophontib=ཅེས་རྗེ་བཙུན་བླ་མ་རིན་པོ་ཆེ་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་དགོངས་གཏེར་སྙིང་པོ་ཚིག་བདུན་བླ་སྒྲུབ་ཀྱི་བྱིན་རླབས་བརྡ་ཡི་དབང་བཞི་ཐུགས་དབྱིངས་ལས་མཛད་པ་མ་གཏོགས་དཔེ་རྒྱུད་མ་ཕབ་པས་རྗེས་འཇུག་སློབ་མའི་དོན་དུ་དབང་ཆོག་ཞིག་དགོས་པས་ཁྱོད་ནས་སྤེལ་འོས་ཞེས་གསང་འཛིན་ཌཱ་ཀི །རིགས་སྲས་ལྕམ་དྲལ་ནས་རྟེན་བཅས་ཡང་ཡང་བསྐུལ་གནང་བཞིན། དཔལ་མགོན་བླ་མ་མཆོག་གི་དགོངས་བརྒྱུད་བྱིན་རླབས་ཐུན་མིན་དུ་ཐོབ་པའི་རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ཡུད་ཙམ་ལ་བྲིས་པ་འབྲེལ་ཚད་རང་རིག་བླ་མའི་རང་ཞལ་མངོན་སུམ་དུ་རྟོགས་པའི་རྒྱུར་གྱུར་ཅིག། | |||
|colophonwylie=ces rje btsun bla ma rin po che klong chen ye shes rdo rje'i dgongs gter snying po tshig bdun bla sgrub kyi byin rlabs brda yi dbang bzhi thugs dbyings las mdzad pa ma gtogs dpe rgyud ma phab pas rjes 'jug slob ma'i don du dbang chog zhig dgos pas khyod nas spel 'os zhes gsang 'dzin DA ki_/rigs sras lcam dral nas rten bcas yang yang bskul gnang bzhin/_dpal mgon bla ma mchog gi dgongs brgyud byin rlabs thun min du thob pa'i rig pa 'dzin pa'i gzugs brnyan pad+ma gar dbang 'od gsal mdo sngags gling pas yud tsam la bris pa 'brel tshad rang rig bla ma'i rang zhal mngon sum du rtogs pa'i rgyur gyur cig/ | |||
|pdflink=File:DKR-KABUM-10-THA-017.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །རྫོགས་ཆེན་གསང་བ་སྙིང་ཐིག་ལས༔ དབང་ཆོག་བྱིན་རླབས་སྒྲོན་མ་བཞུགས༔ <br><br>༄༅། །རང་རིག་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་འདུ་འབྲལ་མེད་པའི་ཀློང༔ སྲིད་ཞི་ཀུན་ཁྱབ་དོན་གྱི་དབང༔ དགོངས་བརྒྱུད་ཡེ་རྫོགས་བཞུགས་པའི་དབང༔ དད་བརྩོན་བརྟུལ་ཞུགས་ལྡན་པ་ལ༔ ཕན་ནུས་ཟབ་མོའི་དབང་གི་མཆོག༔ ཀུན་རྫོབ་བརྡ་ཡི་སྨིན་བྱེད་བསྟན༔ སིནྡྷཱུ་ར་ཡི་ཆོས་འབྱུང་སྟེང༔ བུམ་ཐོད་མེ་ལོང་ཤེལ་རྡོ་བཤམས༔ མཆོད་ཚོགས་གཏོར་མས་ལེགས་བརྒྱན་ཅིང༔ མཐོང་གྲོལ་སྐུ་ཚབ་བྱིན་ལྡན་མདུན༔ ཕྲིན་ལས་གཞུང་བསྲང་བཟླས་པ་དང༔ ཁྱད་པར་གསོལ་འདེབས་དབང་ལེན་གནད༔ སྣོད་ལྡན་སློབ་མ་དབུགས་འབྱིན་ཕྱིར༔ ཁྲུས་དབྱུང་བགེགས་བསྐྲད་སྲུང་འཁོར་བསྒོམ༔ ལོ་རྒྱུས་བཤད་པས་ཡིད་ཆེས་བསྐྱེད༔ ཧོ༔ རང་རིག་བླ་མ་དཀྱིལ་འཁོར་གཙོ༔ ཀུན་བཟང་ཆོས་སྐུའི་སྟོན་པ་ཡིས༔ རང་བྱུང་རྡོ་རྗེའི་གཞི་དབྱིངས་སུ༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ སྐྱབས་སེམས་བསག་སྦྱང་སྡོམ་བཟུང་རྗེས༔ སློབ་མའི་ཕུང་ཁམས་སྟོང་པར་སྦྱངས༔ སྐད་ཅིག་རྡོ་རྗེ་རྣལ་འབྱོར་མ༔ དམར་གསལ་གྲི་ཐོད་འཛིན་པ་ཡི༔ ཞབས་གཉིས་གར་གྱི་སྟངས་སྟབས་ཅན༔ ཐུགས་ཀར་འོད་ཀྱི་གཡུང་དྲུང་ནི༔ ལྗང་གསལ་གཡོན་བསྐོར་ཁུག་པ་བཞིར༔ ཧ་རི་ནི་ས་དབུས་སུ་བྃ༔ རིགས་ཀྱི་ཁ་དོག་འོད་འབར་ལ༔ སེམས་གཏད་རླུང་དང་རིག་པ་གཅུན༔ མོས་གུས་རྩལ་སྦར་འོད་ཟེར་གྱིས༔ སྐུ་གསུམ་དག་པའི་ཞིང་ཀུན་ནས༔ ཕྱོགས་དུས་རྒྱལ་བ་སྲས་དང་བཅས༔ དཔལ་མགོན་རིག་འཛིན་བླ་མ་ནི༔ བདེ་བ་ཆེན་པོའི་རྣམ་རོལ་བཞེངས༔ སྐུ་སྔགས་ཕྱག་མཚན་ཆར་དུ་བབ༔ གཉིས་སུ་མེད་པར་ཐིམ་པར་བསམ༔ ཨོཾ༔ ངོ་བོ་ཆོས་སྐུའི་གཞལ་ཡས་ནས༔ ཀུན་བཟང་སྟོན་པ་འོད་མི་འགྱུར༔ དགོངས་ཀློང་མཁའ་ཁྱབ་བརྡལ་བར་བཞེངས༔ གཉིས་སུ་མེད་པར་བྱིན་གྱིས་རློབས༔ རང་བཞིན་ལོངས་སྐུའི་ཞིང་ཁམས་ནས༔ རིགས་ལྔའི་རྒྱལ་བ་གངས་ཆེན་མཚོ༔ སྐུ་དང་ཞིང་ཁམས་རབ་འབྱམས་བཞེངས༔ སྣང་སྲིད་ཡེ་ཤེས་གཞིར་རྫོགས་མཛོད༔ རིག་རྩལ་ཐུགས་རྗེའི་ཕོ་བྲང་ནས༔ འགྲོ་འདུལ་བརྒྱུད་གསུམ་བླ་མ་བཞེངས༔ ཡེ་ཤེས་ཐུགས་ཀྱི་དབང་བསྐུར་ལ༔ རྟོགས་གྲོལ་དུས་མཉམ་ཕྲིན་ལས་མཛོད༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ གཉིས་མེད་ཆོས་ཉིད་ཀློང་ཆེན་དབྱིངས༔ གཞོན་ནུ་བུམ་སྐུར་གྲོལ་བར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧོཿ ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ཕཻཾ་ཕཻཾ་ཕཻཾ༔ ས་མ་ཡ་ཛ་ཛཿ མ་ཧཱ་སིདྡྷི་ཕ་ལ་ཧོཿ བརྟན་པར་བྱས་ལ་དགོངས་པས་གཟིར༔ ཐོག་མར་བུམ་པའི་དབང་སྦྱིན་ལ༔ ཨོཾ༔ སྣང་སྟོང་སྐུ་ཡི་བླ་མ་ནི༔ རང་བྱུང་བུམ་པའི་བཅུད་དུ་འཁྱིལ༔ ཡེ་ཤེས་བདུད་རྩིའི་དབང་བསྐུར་བས༔ ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཤོག༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བདེ་ཆེན་སྐུ་ཡི་དབང་སྦྱིན་ལ༔ ཨོཾ༔ བདེ་བ་ཆེན་པོ་ཆོས་ཀྱི་དབྱིངས༔ ཁྱབ་བརྡལ་ཡེ་ཤེས་སྐུ་འདི་ཡིས༔ སྐལ་ལྡན་བུ་ལ་བྱིན་བརླབས་པས༔ རྡོ་རྗེའི་སྐུ་མཆོག་ལྷུན་རྫོགས་ཤོག༔ ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བྷནྡྷའི་བྱང་སེམས་བདུད་རྩི་སྦྱིན༔ ཨཱཿ གྲགས་སྟོང་གསུང་གི་བླ་མ་ནི༔ བདེ་ཆེན་བྷནྡྷའི་བདུད་རྩི་འཁྱིལ༔ ལྷག་པའི་སེམས་སྤྲིན་དབང་བསྐུར་བས༔ ལྷན་སྐྱེས་འགག་མེད་འཆར་བར་ཤོག༔ བོདྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ ཨཱཿ ཀུན་ཁྱབ་གྲགས་སྟོང་རྡོ་རྗེའི་སྒྲ༔ གཞོམ་མེད་ནཱ་ད་གསང་བའི་རྒྱུད༔ རྡོ་རྗེའི་སྔགས་ཀྱིས་དབང་བསྐུར་བས༔ འགག་མེད་ཆོས་ཀྱི་སྒྲ་སྒྲོགས་ཤོག༔ དྷརྨ་དྷཱ་ཏུ་གུ་ཧྱ་ཧོཿ སིནྡྷཱུ་རའི་གོས་མེ་ལོང་བསྟན༔ ཧཱུྃ༔ བདེ་སྟོང་ཐུགས་ཀྱི་བླ་མ་ནི༔ གཉིས་མེད་དཔེ་ཡི་ཡེ་ཤེས་ཏེ༔ མེ་ལོང་སིནྡྷཱུའི་དཀྱིལ་འཁོར་བཀྲ༔ མི་རྟོག་ཆོས་སྐུ་མངོན་གྱུར་ཤོག༔ པྲཛྙཱ་ཛྙཱ་ན་དྷཱ་ཏུ་ཨཿ ཧཱུྃ༔ རྒྱལ་བའི་ཐུགས་ཀྱི་དགོངས་པ་ནི༔ ལྷན་སྐྱེས་ཡེ་ཤེས་དེ་ཁོ་ན༔ རྡུལ་བྲལ་ནམ་མཁའ་ལྟ་བུའི་དཀྱིལ༔ རང་རིག་ཁྱབ་བརྡལ་ཆེན་པོ་ཨ༔ དགོངས་པ་གཏད་ལ་མཉམ་པར་བཞག༔ བཞི་པ་རང་བྱུང་མན་ཤེལ་བསྟན༔ ཧོཿ ཡེ་ཤེས་རྡོ་རྗེའི་བླ་མ་ནི༔ བློ་འདས་རིག་སྟོང་འོད་གསལ་བ༔ བརྡལ་ཁྱབ་གཉུག་མའི་རྡོ་རྗེ་སེམས༔ རང་རིག་གཤིས་ལ་གནས་པའོ༔ དྷརྨ་དྷཱ་ཏུ་ཨ་ཏི་ཧོཿ དགོངས་པ་དབྱིངས་སུ་ལ་བཟླ་བས༔ ཧོཿ རིག་པ་དོན་གྱི་བླ་མ་རྗེ་ནི༔ འོད་གསལ་ཀློང་ཡངས་བརྡལ་བ་ཆེ༔ ཐིག་ལེ་ཆེན་པོ་གསང་བའི་དབྱིངས༔ ངེས་པའི་དོན་ལ་གཉིས་སུ་མེད༔ ཨ་ཨ་ཨ༔ བརྡ་དོན་རྟགས་དང་ཡེ་ཤེས་ཀྱི༔ དབང་བཞིའི་ངེས་པ་ངོ་སྤྲད་ཅིང༔ ཕན་ནུས་ཟབ་མོའི་དོན་རྟོགས་པའི༔ ངེས་པ་རྒྱུད་ལ་སྐྱེ་བར་བྱ༔ གཏང་རག་ལུས་འབུལ་དམ་ཚིག་བཟུང༔ ཉམས་ཆག་བཤགས་པའི་ཆོ་ག་བཅས༔ ཚོགས་བསྐང་ཆོས་སྲུང་གཏོར་མས་བརྔན༔ རྡོ་རྗེའི་ཉམས་སྐྱོངས་དགའ་སྟོན་བྱ༔ གདོད་གནས་རྡོ་རྗེ་བཞི་ཡི་དབྱིངས༔ རྗེས་མཚོན་དབང་གི་རིམ་པ་ཡང༔ འགག་མེད་རིག་གསང་ནས་བརྡོལ་བཞིན༔ བཀོད་འདིས་དགོངས་བརྒྱུད་དོན་རྟོགས་ཤོག༔ ཅེས་རྗེ་བཙུན་བླ་མ་རིན་པོ་ཆེ་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་དགོངས་གཏེར་སྙིང་པོ་ཚིག་བདུན་བླ་སྒྲུབ་ཀྱི་བྱིན་རླབས་བརྡ་ཡི་དབང་བཞི་ཐུགས་དབྱིངས་ལས་མཛད་པ་མ་གཏོགས་དཔེ་རྒྱུད་མ་ཕབ་པས་རྗེས་འཇུག་སློབ་མའི་དོན་དུ་དབང་ཆོག་ཞིག་དགོས་པས་ཁྱོད་ནས་སྤེལ་འོས་ཞེས་གསང་འཛིན་ཌཱ་ཀི །རིགས་སྲས་ལྕམ་དྲལ་ནས་རྟེན་བཅས་ཡང་ཡང་བསྐུལ་གནང་བཞིན། དཔལ་མགོན་བླ་མ་མཆོག་གི་དགོངས་བརྒྱུད་བྱིན་རླབས་ཐུན་མིན་དུ་ཐོབ་པའི་རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ཡུད་ཙམ་ལ་བྲིས་པ་འབྲེལ་ཚད་རང་རིག་བླ་མའི་རང་ཞལ་མངོན་སུམ་དུ་རྟོགས་པའི་རྒྱུར་གྱུར་ཅིག། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-10-THA]] | [[Category:DKR-KABUM-Volume-10-THA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Latest revision as of 09:08, 1 June 2024
Wylie title | rdzogs chen gsang ba snying thig las: dbang chog byin rlabs sgron ma | |
---|---|---|
Location | dil mgo mkhyen brtse bka' 'bum Volume 10, Text 17, Pages 67-70 (Folios 1a to 4a3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | ཀློང་ཆེན་ཡེ་ཤེས་རྡོ་རྗེ་ (Kangyur Rinpoche) | |
Associated People | པདྨ་འབྱུང་གནས་ (pad+ma 'byung gnas) | |
Citation | Khyentse, Dilgo. Rdzogs chen gsang ba snying thig las dbang chog byin rlabs sgron ma. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 67-70. Delhi: Shechen Publications, 1994. | |
Genre | Empowerment Ritual - dbang chog - dbang skur | |
Cycle | རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ (rdzogs pa chen po gsang ba snying thig) | |
Colophon |
ཅེས་རྗེ་བཙུན་བླ་མ་རིན་པོ་ཆེ་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་དགོངས་གཏེར་སྙིང་པོ་ཚིག་བདུན་བླ་སྒྲུབ་ཀྱི་བྱིན་རླབས་བརྡ་ཡི་དབང་བཞི་ཐུགས་དབྱིངས་ལས་མཛད་པ་མ་གཏོགས་དཔེ་རྒྱུད་མ་ཕབ་པས་རྗེས་འཇུག་སློབ་མའི་དོན་དུ་དབང་ཆོག་ཞིག་དགོས་པས་ཁྱོད་ནས་སྤེལ་འོས་ཞེས་གསང་འཛིན་ཌཱ་ཀི །རིགས་སྲས་ལྕམ་དྲལ་ནས་རྟེན་བཅས་ཡང་ཡང་བསྐུལ་གནང་བཞིན། དཔལ་མགོན་བླ་མ་མཆོག་གི་དགོངས་བརྒྱུད་བྱིན་རླབས་ཐུན་མིན་དུ་ཐོབ་པའི་རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ཡུད་ཙམ་ལ་བྲིས་པ་འབྲེལ་ཚད་རང་རིག་བླ་མའི་རང་ཞལ་མངོན་སུམ་དུ་རྟོགས་པའི་རྒྱུར་གྱུར་ཅིག། | |
ces rje btsun bla ma rin po che klong chen ye shes rdo rje'i dgongs gter snying po tshig bdun bla sgrub kyi byin rlabs brda yi dbang bzhi thugs dbyings las mdzad pa ma gtogs dpe rgyud ma phab pas rjes 'jug slob ma'i don du dbang chog zhig dgos pas khyod nas spel 'os zhes gsang 'dzin DA ki_/rigs sras lcam dral nas rten bcas yang yang bskul gnang bzhin/_dpal mgon bla ma mchog gi dgongs brgyud byin rlabs thun min du thob pa'i rig pa 'dzin pa'i gzugs brnyan pad+ma gar dbang 'od gsal mdo sngags gling pas yud tsam la bris pa 'brel tshad rang rig bla ma'i rang zhal mngon sum du rtogs pa'i rgyur gyur cig/ |