DKR-KABUM-09-TA-017: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བཀའ་སྲུང་བཀྲ་ཤིས་ཚེ་རིང་མཆེད་ལྔའི་ཐུན་མིན་སྲོག་གཏད་དང༌། རྗེས་འབྲང་བརྟན་མ། གཏེར་སྲུང་ཁྱུང་བཙུན་མའི་བཀའ་གཏད་ཀྱི་ཆོ་ག་བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་སྙན། | |||
|fulltitle=bla ma'i thugs sgrub bar chad kun sel las/ bka' srung bkra shis tshe ring mched lnga'i thun min srog gtad dang/ rjes 'brang brtan ma/ gter srung khyung btsun ma'i bka' gtad kyi cho ga bkra shis don kun grub pa'i dbyangs snyan | |||
|citation=[[Khyentse, Dilgo]]. ''Bla ma'i thugs sgrub bar chad kun sel las bka' srung bkra shis tshe ring mched lnga'i thun min srog gtad dang rjes 'brang brtan ma gter srung khyung btsun ma'i bka' gtad kyi cho ga bkra shis don kun grub pa'i dbyangs snyan''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 9: 77-97. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=mchog gyur gling pa | |||
|sourcerevealertib=མཆོག་གྱུར་གླིང་པ་ | |||
|tibgenre=Protector Entrustment Rituals- srog gtad | |||
|terma=Yes | |||
|dkroutline=Three | |||
|deity=bkra shis tshe ring mched lnga | |||
|cycle=bla ma'i thugs sgrub bar chad kun sel | |||
|cycletib=བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ | |||
|language=Tibetan | |language=Tibetan | ||
| | |volumenumber=009 | ||
| | |volnumtib=༩ | ||
|volyigtib=ཏ་ | |||
|totalvolumes=25 | |||
|textnuminvol=017 | |textnuminvol=017 | ||
|pagenumbers=77-97 | |||
|totalpages=42 | |||
|beginfolioline=1a | |||
|endfolioline=21b4 | |||
|totalfolios=21 | |||
|multivolumework=No | |||
|rectonotes=srog gtad | |||
|versonotes=thugs sgrub tshe ring ma | |||
|colophontib=།ཅེས་པའང་མཁྱེན་རྟོགས་མཚུངས་མེད་མཆོག་གླིང་གསུམ་པའི་སྐུ་གསུང་ཐུགས་ཀྱི་སྲས་དམ་པའི་ཡོན་ཏན་དུ་མས་ཐུགས་རྒྱུད་ཕྱུག་པའི་མཆོག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་བཤད་སྒྲུབ་བསྟན་པའི་ཉི་མ་དང༌། ཨེ་ཝཾ་ཆོས་ཀྱི་སྒར་ཆེན་གྱི་བྱང་འདྲེན་པ་འགྱུར་མེད་པདྨ་བཀྲ་ཤིས་དཔོན་སློབ་ནས་གསུང་བསྐུལ་ཟབ་ནན་གནང་བའི་རྐྱེན་གྱིས་ཁྱབ་བདག་འཇམ་པའི་དབྱངས་དངོས་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་དྲིན་ལས་ཆོས་ཚུལ་འདིའི་ཟབ་གསང་ཡོངས་རྫོགས་ཀྱི་སྐལ་བཟང་མངོན་དུ་གྱུར་བའི་རྙིང་སྔགས་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ལྷོ་ལྗོངས་ཆོས་ཀྱི་རྒྱལ་པོའི་མངའ་རིས་སུ་གནས་པའི་སྐབས་བྲིས་པ་ཟབ་གསང་སྙིང་པོའི་རིང་ལུགས་འཕེལ་རྒྱས་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག །མངྒ་ལཾ། དགེའོ།། | |||
|colophonwylie=/ces pa'ang mkhyen rtogs mtshungs med mchog gling gsum pa'i sku gsung thugs kyi sras dam pa'i yon tan du mas thugs rgyud phyug pa'i mchog sprul rin po che thub bstan 'jigs med bshad sgrub bstan pa'i nyi ma dang*/_e waM chos kyi sgar chen gyi byang 'dren pa 'gyur med pad+ma bkra shis dpon slob nas gsung bskul zab nan gnang ba'i rkyen gyis khyab bdag 'jam pa'i dbyangs dngos pad+ma ye shes rdo rje'i bka' drin las chos tshul 'di'i zab gsang yongs rdzogs kyi skal bzang mngon du gyur ba'i rnying sngags rgan po 'gyur med theg mchog bstan pa'i rgyal mtshan gyis lho ljongs chos kyi rgyal po'i mnga' ris su gnas pa'i skabs bris pa zab gsang snying po'i ring lugs 'phel rgyas yun du gnas pa'i rgyur gyur cig_/mang+ga laM/__dge'o// | |||
|pdflink=File:DKR-KABUM-09-TA-017.pdf | |pdflink=File:DKR-KABUM-09-TA-017.pdf | ||
}} | }} | ||
Line 16: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བཀའ་སྲུང་བཀྲ་ཤིས་ཚེ་རིང་མཆེད་ལྔའི་ཐུན་མིན་སྲོག་གཏད་དང༌། རྗེས་འབྲང་བརྟན་མ། གཏེར་སྲུང་ཁྱུང་བཙུན་མའི་བཀའ་གཏད་ཀྱི་ཆོ་ག་བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ།། | {{TibP|༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བཀའ་སྲུང་བཀྲ་ཤིས་ཚེ་རིང་མཆེད་ལྔའི་ཐུན་མིན་སྲོག་གཏད་དང༌། རྗེས་འབྲང་བརྟན་མ། གཏེར་སྲུང་ཁྱུང་བཙུན་མའི་བཀའ་གཏད་ཀྱི་ཆོ་ག་བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །མཆོག་བདེའི་ལང་ཚོའི་མེ་ཏོག་འཛུམ་པའི་འོད། །ལྷན་སྐྱེས་ཆོས་སྐུའི་དཔལ་ཡང་འགུགས་མཛད་ལྷ། །རྒྱལ་ཀུན་ཡུམ་གཅིག་རྡོ་རྗེ་བཙུན་མོའི་གཟུགས། །སྙིང་དབུས་དྷཱུ་ཏིའི་མཁའ་ལ་འཆར་གྱུར་ཅིག །ལྷ་གཅིག་དགྱེས་པའི་དགའ་སྟོན་གྱིས། །འདོད་དགུའི་མཆོག་སྦྱིན་ཕྲིན་ལས་གཏེར། །ཟབ་ལམ་གསང་བའི་གཉེར་འཛིན་དེའི། །སྲོག་དབང་ཆོ་ག་ལྷུག་པར་བཀྲལ། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཐུན་མོང་མ་ཡིན་པའི་བཀའ་སྲུང་ཚེ་རིང་མཆེད་ལྔའི་སྲོག་དབང་འབོགས་པ་གསུམ། སྦྱོར་བ་ཡོ་བྱད་གཤོམ་དང༌། དངོས་གཞི་སྒྲུབ་པའི་ཐབས། རྗེས་སྲོག་དབང་འབོག་པའོ། །དང་པོ་ནི། དུས་ཚེས་དགེ་བར་གཙང་མའི་གནས་ཁང་རྒྱན་བཀོད་མཛེས་པར་བྲེས་པའི་གུང་དུ་གཞུང་མཐུན་གྱི་སྐུ་རྟེན་མདུན་སྟེགས་བུ་སུམ་རིམ་གྱི་དང་པོ་ཐུགས་སྒྲུབ་རྩ་བའི་དཔལ་གཏོར། སྨན་རཀ་དང་བཅས་པ། སྟེགས་བར་པར་མཎྜལ་སྟེང་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་སྟེང༌། མཉྫིའི་ཁར་ཚེ་རིང་མའི་རྟེན་གཏོར་བང་རིམ་བཞི་སྟེང་ཚེ་བུམ་གྱི་ཁར་ཟླུམ་གཏོར། འཁོར་བཞི། རྒྱན་སྤྲོས་བཀོད་པ་གང་མཛེས་ལ་དར་གདུགས་སྐུ་ཙཀ་གིས་བརྒྱན་པ་བཤམས། ཚེ་རིང་མཆེད་ལྔའི་སྐུ་ཙཀ་སོ་སོ། སྲོག་འཁོར་གཞུང་མཐུན། ཕྱག་མཚན་ལྔ་དངོས་སམ་ཙཀ་ལི་སོ་སོ་བཅས་སྟབས་གང་བདེར་བཀོད། ཉེར་སྤྱོད་བདུན་བསྐོར་བཤམས་བྱ། སྟེགས་གསུམ་པར་ཚེ་རིང་མ། ཁྱུང་བཙུན། བརྟན་མ་སོགས་སྲུང་མ་སྤྱི་བྱེ་བྲག་གི་མཆོད་གཏོར་དང༌། ཆད་བརྟན། ཚོགས་མཆོད། ཇ་ཆང་དཀར་མངར་གྱི་ཕུད་སྐྱེམས། སྤོས་དཀར་དང༌། ཙནྡན་དཀར་དམར། ཨ་ག་རུ་སོགས་ཀྱི་སྦྱར་སྤོས། དཀར་བགེགས་སོགས་ཀྱང་འདུ་བྱ། སློབ་དཔོན་མདུན་དུ་ལས་བུམ། ཌཱ་དྲིལ། གཡབ་དར་སྣ་ལྔ། འཐོར་ནས་སོགས་བཀོད་ནས། གཉིས་པ་སྒྲུབ་ཐབས་དངོས་ལ། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྲིན་ལས་འབྲིང་བསྡུས་གང་རུང་གི་གཞུང་བསྲངས། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་དང༌། མཆོད་བསྟོད། གསོལ་འདེབས། ནོངས་བཤགས་བཅས་གྲུབ་པ་དང༌། ཆོས་སྐྱོང་སྤྱི་དང་ཁྱད་པར་ཚེ་རིང་མའི་ཕྲིན་ལས་རྒྱས་པ་བཏང་ལ། གཙོ་འཁོར་གྱི་བཟླས་པ་མང་དུ་བྱས་ལ་གཏོར་མ་ཕུལ་ཞིང་བསྟོད་ཕྲིན་དང༌། ཐུགས་སྒྲུབ་ཀྱི་ཚོགས་བསྐང་དང༌། འདི་ཉིད་ཀྱི་བསྐང་བཤགས་རྒྱས་པར་བྱ། གྲུབ་ན་འཁྲུགས་སྐོང་ཀྱང་བྱའོ། །གསུམ་པ་ནི། ཐུན་མོང་རིག་གཏད་ཀྱི་ཆོ་ག་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་གསུང་ལྟར་དང༌། ཐུན་མིན་སྲོག་དབང་དངོས། ཞར་བྱུང་རྗེས་འབྲང་བརྟན་མ་དང༌། གཏེར་སྲུང་ཁྱུང་བཙུན་མའི་རྗེས་གནང་གསུམ་ལས། དང་པོ་ནི། སྣོད་དུ་རུང་བའི་སློབ་མ་དམ་ཚིག་ཐུབ་ངེས་པ་ལ་ཁྲུས་བྱ་ཞིང༌། བགེགས་བསྐྲད། སྲུང་འཁོར་རྣམས་ཐུགས་སྒྲུབ་ཕྲིན་ལས་འབྲིང་བསྡུས་ལྟར་སོང་ནས། མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁྱབ་བདག་ཧེ་རུ་ཀའི་སྤྱི་དཔལ་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་གནས་སྐབས་དམ་པའི་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཡིད་བཞིན་དུ་འཕེལ་བ་དང༌། མཐར་ཐུག་རྡོ་རྗེ་བཙུན་མོའི་གོ་འཕང་ཐོབ་པར་བྱ་བའི་སླད་དུ་ལྷ་སྨན་བཀྲ་ཤིས་ཚེ་རིང་མཆེད་ལྔའི་ཐུན་མོང་མ་ཡིན་པའི་སྲོག་དབང་ཟབ་མོ་གསན་ལ་ཚུལ་བཞིན་མཆོད་བསྟོད་བསྙེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་པར་ཞུ། དེའང་བསྟན་པའི་བཀའ་སྲུང་ཆེན་མོ་འདི་ནི་ངེས་པའི་དོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་འཁོར་ལོའི་བསྒྱུར་བ་བཅོམ་ལྡན་འདས་རྡོ་རྗེ་བཙུན་མོ་དབྱིངས་ཕྱུག་ཡུམ་ཆེན་ལྔ་ཉིད། གཞན་དོན་དུ་སྤྲུལ་པའི་ཆོ་འཕྲུལ་རིགས་ལྔའི་རྣམ་རོལ་སྣ་ཚོགས་སུ་ཤར་ཏེ་བཀོད་པ་ཆེན་པོའི་ཆོ་འཕྲུལ་ཅིར་ཡང་སྟོན་པ་ལས། དཔལ་འཁོར་ལོ་སྡོམ་པ་རྡོ་རྗེ་མཁའ་འགྲོ་དང༌། མཁའ་འགྲོ་རྒྱ་མཚོའི་རྒྱུད་ནས་གསུངས་པའི་བོད་ཡུལ་ཞིང་སྐྱོང་གི་མཁའ་འགྲོ་མ་ལྷན་ཅིག་སྐྱེས་མ་ཉིད་བསྟན་སྲུང་དབང་མོའི་སྐུར་བཞེངས་པ་ཡིན་ཞིང༌། མདོར་ན་གནས་ཡུལ་དུར་ཁྲོད་ཀུན་གྱི་བདག་མོར་མཛད་ཅིང་གསང་ཆེན་བཀའི་འབྱུང་གནས་སུ་གྱུར་པ་ལས། ཕྱི་ལྟར་འཇིག་རྟེན་བོད་ཁམས་སྐྱོང་བའི་ལྷ་སྨན་ཆེན་མོ་ལྔ། ནང་ལྟར་ན་ཞིང་སྐྱོང་གི་ཌཱ་ཀི་མཆེད་ལྔ། གསང་བ་ལྟར་ན་རིགས་ཀྱི་ཡུམ་ཆེན་ལྔའི་ངོ་བོར་གྱུར་པ་ལས། གདུལ་བྱ་ཐུན་མོང་གི་སྣང་ཆར་འཇིག་རྟེན་མིག་བསྒྱུར་གྱི་ཤ་ཟའི་མཁའ་འགྲོ་ཆེན་མོ་ལྔའི་གཟུགས་སུ་བསྟན་ནས། གངས་མཐོན་མཐིང་རྒྱལ་མོའི་རི་ལ་བཞུགས་པའི་ཚུལ་གྱིས་གངས་ཅན་བོད་ཁམས་ཀྱི་སྣོད་བཅུད་མ་ལུས་པའི་དཔལ་འཛིན་པའི་ཞིང་སྐྱོང་དུ་མཛད་ནས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྤྱན་སྔར་བསྟན་པ་སྲུང་བར་ཁས་བླངས། དེ་ནས་དུར་ཁྲོད་ཆེན་པོ་སིང་ག་ལར་མཁའ་འགྲོ་རི་མ་དང༌། གྲུབ་ཆེན་ནག་པོ་སྤྱོད་པ་ལ་སོགས་གྲུབ་པ་བརྙེས་པའི་རིག་འཛིན་ཕོ་མོ་དུ་མའི་སྤྱན་སྔར་རྡོ་རྗེ་ཐེག་པའི་ཆོས་གསན་ཅིང༌། རང་དོན་དུ་རྡོ་རྗེ་ནང་གི་ས་ལམ་རྫོགས་ཤིང༌། གཞན་དོན་དུ་བསྟན་པ་སྲུང་བར་དམ་བཅས། ཁྱད་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བོད་ཡུལ་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྤྱན་དྲངས་པའི་ཚེ། ཁ་ལ་རོང་སྒོ་ནས་ཆོ་འཕྲུལ་ཆེན་པོ་དུ་མ་བསྟན་པས་སློབ་དཔོན་ཆེན་པོའི་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་བཅུག་ནས། རང་རྟགས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས། དབང་རྟགས་སུ་རྡོ་རྗེ་བྱིན་ཏེ་སྣང་སྲིད་མ་མོའི་རྗེ་མོར་མངའ་གསོལ། ཕྲིན་ལས་རྣམ་བཞིའི་འདུལ་ཐབས་བསམ་གྱིས་མི་ཁྱབ་པས་བོད་ཡུལ་དུ་སངས་རྒྱས་བསྟན་པ་གནས་ཀྱི་བར་དུ་མུ་སྟེགས་རྒྱུ་བའི་སྒོ་འཕྲང་དང་སོ་ཁ་སྲུང་བའི་གཉེར་གཏད། པདྨའི་བཀའ་འབངས་དང་བཅས་པ་མ་ཡིས་བུ་བཞིན་སྐྱོང་པར་ཁས་བླངས། མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་བ་ལ་ཐོགས་པ་མེད་པ་འདི་ཉིད་ཀྱི་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་གདམས་སྐོར་རྒྱས་བསྡུས། མངའ་བདག་ཉང་དང༌། ཆོས་དབང་རིན་པོ་ཆེའི་གཏེར་ཁ་གོང་འོག་གིས་མཚོན་བཀའ་གཏེར་དུ་མ་བཞུགས་ཤིང༌། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་སོགས་མཁས་གྲུབ་དུ་མའི་གསང་བའི་སྒྲུབ་སྡེ་མོའི་ཚུལ་དང༌། དོན་གཉིས་ཀྱི་ཕྲིན་ལས་སྒྲུབ་ཅིང༌། གདམས་ཟབ་ཕུལ་བ་སོགས་དགེ་མཚན་དུ་མ་དང་བཅས་པ་ལས། སྐབས་སུ་བབ་པ་འདི་ནི། དེ་ལྟར་བོད་ཡུལ་ཞིང་སྐྱོང་ཆེ༔ ལྷན་ཅིག་སྐྱེས་མ་གཙོ་འཁོར་གྱི༔ སྒྲུབ་ཐབས་སྙིང་པོའི་ཡང་བཅུད་འདི༔ བདག་ཉིད་པདྨ་ཐོད་ཕྲེང་གིས༔ ད་ལྟ་མངའ་བདག་རྗེ་འབངས་ཀྱི༔ ཕྲིན་ལས་སྒྲུབ་པའི་ཕོ་ཉར་གཏད༔ མ་འོངས་ལྷ་སྲས་སྐྱེ་མཐའ་དང༔ འདའ་ཀའི་དམ་ཚིག་གཅིག་ཏུ་བསྲེས༔ ཐུགས་སྒྲུབ་གསང་བའི་རྣལ་འབྱོར་རྣམས༔ སྲུང་ཞིང་སྐྱོབ་པའི་བཙས་སུ་བཞག༔ སྣང་སྲིད་མ་མོའི་ཚོགས་རྣམས་ཀྱི༔ འདུས་པ་ཆེན་པོའི་རྗེ་མོ་ནི༔ ཡེ་ཤེས་དྷཱ་ཀི་མཚོ་རྒྱལ་མས༔ མཁའ་འགྲོ་གསང་བའི་ཡི་གེར་བྲིས༔ ཁ་ལ་རོང་སྒོའི་བྲག་ལ་སྦོས༔ ལན་གཅིག་པདྨ་བདག་གི་སྲས༔ འགྲོ་འདུལ་ཡེ་ཤེས་རོལ་པ་རྩལ༔ རཏྣའི་མིང་ཅན་སྐྱེས་བུ་དང༔ འཕྲད་ནས་བོད་ཁམས་ཀུན་ལ་ཕན༔ བཻ་རོའི་སྐྱེ་མཐའ་གཡུང་དྲུང་མིང༔ བློ་གྲོས་མཐའ་ཡས་རྩལ་འཆང་བ༔ དེ་ཡིས་སྙིང་པོའི་བསྟན་པ་ལ༔ ཕན་པའི་བཙས་སུ་སྣང་བར་བྱེད༔ བཀྲ་ཤིས་ཚེ་རིང་དཔལ་གྱི་ཡུམ༔ གང་གིས་བསྙེན་ཅིང་མཆོད་པ་ལས༔ སྲིད་དང་ཞི་བའི་ལེགས་ཚོགས་དཔལ༔ དབྱར་གྱི་མཚོ་བཞིན་རབ་ཏུ་རྒྱས༔ ཞེས་གསུངས་པ་ལྟར་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ཟླ་ཉིན་ཁ་ལ་རོང་སྒོ་ནས་སྤྱན་དྲངས་པའི་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བཀའ་སྲུང་ཚུལ་དུ་ལྷ་སྨན་ཆེན་མོ་འདིའི་སྲོག་དབང་དང༌། གདམས་སྐོར་ཟབ་ལ་འདྲིལ་བར་བྱོན་པ་ལ་ཐུན་མོང་གི་རིག་གཏད་དང༌། ཐུན་མིན་གྱི་སྲོག་གཏད་གཉིས་ལས་སྐབས་འདིར་ཕྱི་མ་སྒྲུབ་པ་ལ་ཐོག་མར་དེ་ཉིད་གསན་པའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །སློབ་དཔོན་སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་དངོས་སུ་གསལ་བ་ལ་དད་གུས་དྲག་པོའི་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་དམ་པ་དགོངས་སུ་གསོལ༔ བདག་ནི་ཁྱེད་ཀྱི་བརྒྱུད་འཛིན་ཏེ༔ ཟབ་མོའི་བསྟན་པ་སྐྱོང་བའི་ཕྱིར༔ བཀའ་ཡི་སྲུང་མ་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་གྱི། བུ་ཁྱོད་བདག་གི་བརྒྱུད་འཛིན་ན༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་སྡོམ་པ་ཚུལ་བཞིན་སྲུངས༔ བསྟན་སྲུང་མཆོད་གསོལ་རྒྱུན་དུ་མཛོད༔ ཅེས་གདམས་ཏེ་རྗེས་སུ་གནང་བ་ལ་སྤྲོ་ཞིང་གུས་པ་ཆེན་པོས་ལན་གསོལ་བ་འདིའི་རྗེས་ཟློས། བླ་མའི་བཀའ་སྒྲུབ་སྲུང་མ་ཡི༔ དམ་ཚིག་མི་འདའ་སྲོག་བཞིན་གཟུང༔ ལན་གཅིག་ཞུ། རྒྱུད་དག་པར་བྱའི་སླད་དུ། སློབ་དཔོན་རིགས་ཀུན་ཁྱབ་བདག་པདྨ་ཐོད་ཕྲེང་རྩལ་རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ་ལ། བདག་སོགས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང༌། སྨོན་འཇུག་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ན་མོཿ བདག་དང་མཁའ་མཉམ་སོགས་ལས་བྱང་འབྲིང་པོའི་སྐྱབས་སེམས་ལན་གསུམ། ཞིང་མཆོག་ཁྱད་པར་ཅན་དེ་རྣམས་ཀྱི་སྤྱན་སྔར་ཡན་ལག་བདུན་པའི་སྒོ་ནས་བསགས་སྦྱང་ཚུལ་བཞིན་བྱ་བའི་འདུན་པས་དམིགས་པའི་རྣམ་པ་རེ་རེ་བཞིན་གསལ་ཐོབ་ལ་རྗེས་ཟློས། ཨོཾ་ཨཱཿཧཱུྃ་ཧྲཱིཿ རིག་འཛིན་པདྨ་འབྱུང་གནས་སོགས་ལན་གསུམ། དེ་ནས་ཁྱེད་རང་རྣམས་གཉེན་པོ་སྟོབས་ཀྱི་ལྷ་དམ་ཚིག་པར་གསལ་གདབ་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཡིད་རྩེ་གཅིག་པས་དམིགས་པ་འདི་ལྟར་དུ་སྒོམས་ཤིག །སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་གདན་ལ་ཁྱེད་རང་སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་དཀར་ལ་དམར་བའི་མདངས་ཅན་ཁྲོ་ཞིང་འཛུམ་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ནམ་མཁར་གདེངས་ཤིང་མཉམ་བཞག་བདུད་རྩིའི་ཐོད་ཞལ་ཚེ་བུམ་དང་བཅས་པ་འཛིན་པ། གྲུ་མོ་གཡོན་ན་ཁ་ཊྭཱྃ་ག་བསྟེན་ཅིང་དབུ་ལ་པདྨའི་མཉེན་ཞུ་དང༌། སྐུ་ལ་གསང་གོས་ཕོད་ཁ་ཆོས་གོས་ཟ་འོག་གི་བེར་སྨུག་རྣམས་བརྩེགས་མར་གསོལ་བ། ཞབས་རྒྱལ་པོ་རོལ་སྟབས་ཀྱིས་འཇའ་ཟེར་འོད་ཕུང་འཁྱིལ་བའི་ཀློང་ན་བཞུགས་པ། གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང༌། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་ནམ་མཁའ་གང་བར་འཕྲོས་པས། ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་སོགས་སྐུ་གསུམ་དག་པའི་ཞིང་ཁམས་རབ་འབྱམས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་གི་སྒོ་གསུམ་ལ་དབྱེར་མེད་དུ་ཐིམ་པར་མོས་ཤིག །ཌཱ་དྲིལ་སྤོས་རོལ་དབྱངས་དང་བཅས་ཏེ། ཧཱུྃ་ཧྲཱིཿ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་ཨོ་རྒྱན་ཐོད་ཕྲེང་རྩལ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་ནས་ཀྱང༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཿ ཞེས་ཡང་ཡང་བརྗོད་པས་བྱིན་དབབ། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ་ཞེས་རྡོ་རྗེ་མགོར་བཞག །དེ་ནས་མདུན་གྱི་གཏོར་མ་སླར་ཡང་བསྒྲུབ་པ་ཡིན་པས་ཚིག་རིས་དང་མཐུན་པར་སོ་སོའི་དམིགས་པ་རྩེ་གཅིག་ཏུ་མཛད་འཚལ། ཧྲཱིཿ འོད་གསལ་སྟོང་ཉིད་ངང་ལས་སོགས་ཀྱིས་ལྷ་མོ་འཁོར་བཅས་བསྐྱེད། སྤྱན་དྲངས། དམ་བཞག །མཆོད་པ་སྔགས་བཅས་འོག་གི །ཀྱཻ༔ ཡེ་ཤེས་བསྐྱེད་མཛད་སོགས་ཀྱིས་བསྟོད་པ་བཅས་བཏང་ལ། ཐུན་མོང་ཐུན་མིན་གྱི་སྲོག་གཏད་སྦྲེལ་ན་འདི་ནས་འཕྲུལ་ཤེས་པར་བྱ། སྐབས་འདིར་ཐུན་མིན་ཁོ་ནའི་དབང་དུ་བྱས་ཏེ། དེ་ནས་ཐུན་མོང་མ་ཡིན་པའི་སྲོག་དབང་གི་སླད་དུ་སློབ་མ་རྣམས་སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ་དུ་གསལ་བ་སྐད་ཅིག་གིས་གནས་གྱུར་ཏེ་གང་དུ་གནས་པའི་གོ་སར་ཐར་པ་ཆེན་པོའི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང་ཟླ་བའི་གདན་ལྔ་ཚོམ་གྱི་དབུས་སུ་སློབ་མ་རང་རང་གཙོ་མོ་བཀྲ་ཤིས་ཚེ་རིང་མ་སངས་རྒྱས་མཁའ་འགྲོ་སྐུ་མདོག་དཀར་མོ་སེང་གེ་ལ་ཆིབས་པ། ཕྱག་གཡས་ཚེ་ཡི་བར་ཆད་སྲུང་བའི་ཕྱིར་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་ཕྱར་ཞིང་དངོས་གྲུབ་སྡུད་པའི་མདའ་དར་དཀར་པོ་གཡོབ་པ། གཡོན་རིན་པོ་ཆེའི་བུམ་པ་ཚེའི་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ་དུང་གི་ཐོར་ཚུགས་ཅན། དེའི་མདུན་དུ་མཐིང་གི་ཞལ་བཟང་མ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ག་རྐྱང་བུ་ཁ་དཀར་ལ་ཆིབས་པ། ཕྱག་གཡོན་སྣང་སྲིད་གསལ་བར་སྟོན་པའི་འཕྲུལ་གྱི་མེ་ལོང་སྟོན་པ། ཨིནྡྲ་ནཱི་ལའི་ཐོར་ཚུགས་ཅན། གཡས་སུ་མི་གཡོ་གླང་བཟང་མ་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་མོ་སྟག་མོ་གྲུས་མ་ལ་ཆིབས་པ། གཡོན་རོ་མཆོག་བརྒྱ་པའི་ཟས་གཞོང་འཛིན་པ། གསེར་གྱི་ཐོར་ཚུགས་ཅན། རྒྱབ་ཏུ་ཅོད་པན་མགྲིན་བཟང་མ་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ་ཤ་བ་ཡུ་མོ་ལ་ཆིབས་པ། གཡོན་འདོད་དགུ་འབྱུང་བའི་གཏེར་གྱི་ནེའུ་ལེ་བསྣམས་པ། བྱི་རུའི་ཐོར་ཚུགས་ཅན། གཡོན་དུ་ཏལ་དཀར་འགྲོ་བཟང་མ་ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་གུ །གཡུ་འབྲུག་སྔོན་མོ་ལ་ཆིབས་པ། གཡོན་བཀྲ་ཤིས་དཱུརྦའི་རྩའི་ཆུན་པོ་ཐོགས་པ། གཡུའི་ཐོར་ཚུགས་ཅན། ཐམས་ཅད་ཀྱིས་ཕྱག་གཡས་པས་རང་མདོག་གི་མདའ་དར་གཡབ་པས་ཕྲིན་ལས་བཞིའི་དངོས་གྲུབ་སྡུད་ཅིང་སྩོལ་བ། དར་དང་རིན་པོ་ཆེའི་རྒྱན་དུ་མས་མཚར་སྡུག་འོད་དུ་ཆགས་པའི་བདེ་ཆེན་ཡེ་ཤེས་ཀྱི་མཁའ་འགྲོ་ལྔ་དངོས་སུ་གྱུར་པར་མོས་མཛོད། དེ་ནས་ལྷ་དང་སྲུང་མ་གཉིས་མེད་དུ་བྱིན་གྱིས་བརླབས་ཏེ་སྲོག་སྙིང་གཅིག་ཏུ་བསྲེ་བའི་ཕྱིར། སློབ་དཔོན་སྣང་སྲིད་ཟིལ་གནོན་དུ་གསལ་བས་མདུན་གྱི་གཏོར་མ་སྨན་བཙུན་མཆེད་ལྔ་སྣང་ཞིང་སྲིད་པའི་མ་མོ་མཁའ་འགྲོ་བརྟན་སྐྱོང་ཡ་མ་ལྷ་ཀླུ་གནོད་སྦྱིན་མིའམ་ཅི་དང་དྲི་ཟ་སྨན་མོ་འབུམ་ཕྲག་ཡངས་པའི་ཌཱ་ཀིའི་ཚོགས་དང༌། བཀའ་སྡོད་ལྷ་སྲིན་སྡེ་བརྒྱད་དཔའ་བོ་དྲང་སྲོང་རིག་འཛིན་ཡུལ་ལྷའི་ཚོགས་བསམ་གྱིས་མི་ཁྱབ་པ་རང་རང་གི་རྒྱན་དང་ཁ་དོག་ཆ་ལུགས་འཁོར་དང་བཞོན་པ་སྣ་ཚོགས་པ་དང་བཅས་པས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པ་ལྷ་སྨན་མཆེད་ལྔ་དང༌། སློབ་མ་སྲོག་སྙིང་གཅིག་ཏུ་བསྲེ་བས་དམ་ཚིག་མཚུངས་པར་སྤྱོད་པའི་ཕྱིར་དགོངས་པས་གཟིར་ཞིང་རྡོ་རྗེ་མནའ་ཆུ་བདག་མདུན་གཉིས་ཆར་སྟེར་བའི་མོས་པ་མཛོད། བླ་མས་ནང་མཆོད་ཀྱི་བདུད་རྩི་གཏོར་མ་ལ་བྲན་ཅིང་སློབ་མར་ཡང་སྦྱིན། རྡོ་རྗེ་གདེང་ལ། ཧཱུྃ༔ འདི་ནི་གསང་བའི་བདུད་རྩི་སྟེ༔ དམ་ཚིག་བསྲུངས་ན་མཆོག་དངོས་འགྲུབ༔ ཉམས་ན་བསྲེག་པར་འགྱུར་བ་ཡིན༔ དེ་ཕྱིར་བུ་དང་སྲུང་མ་གཉིས༔ ཕན་ཚུན་དམ་ལས་མ་འདའ་ཞིག༔ ཨོཾ་བཛྲ་ས་མ་ཡ་རཀྵནྟུ༔ ཞེས་དམ་ཚིག་བསྒྲགས། གཏོར་མ་ཐོགས་ལ། རྟེན་གཏོར་ཞིང་སྐྱོང་མཁའ་འགྲོའི་དབང་ཕྱུག་བཀྲ་ཤིས་ཚེ་རིང་མཆེད་ལྔ་འཁོར་སྲིད་པ་གསུམ་གྱི་སྨན་མོ་འབུམ་ཕྲག་ཡངས་པའི་ཚོགས་དང་བཅས་པ་དངོས་སུ་གསལ་བ། ཁྱེད་རང་ལ་གཏད་ཅིང་བཀའ་བསྒོས་པ་ཙམ་གྱིས་གཏོར་མའི་ལྷ་ཚོགས་ཐམས་ཅད་འོད་ཟེར་ཁ་དོག་སྣ་ལྔའི་རྣམ་པར་ཁྱེད་རང་རྣམས་ལ་ཐིམ་པས་དམ་ཡེ་གཉིས་སུ་མེད་པར་ལྷ་དང་སྲུང་མའི་སྲོག་སྙིང་གཅིག་ཏུ་འདྲེས་པས་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། ཧཱུྃ༔ འཇིག་རྟེན་སྨན་མོ་ཀུན་གྱི་གཙོ༔ བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ༔ འཁོར་དང་བཅས་པས་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ དེ་ནས་ཡེ་ཤེས་དབྱིངས་ཀྱི་རྒྱལ་མོ་མཆེད་ལྔའི་སྐུ་གསུང་ཐུགས་དང་སློབ་མའི་སྒོ་གསུམ་གཉིས་མེད་དུ་བྱིན་གྱིས་བརླབས་པས་གསང་བ་གསུམ་གྱི་སྲོག་གཏད་པའི་ཕྱིར། མདུན་དཀྱིལ་གྱི་སྨན་བཙུན་མཆེད་ལྔ་པོ་རེ་རེ་བཞིན་དངོས་སུ་བྱོན་ཏེ་ཁྱེད་རྣམས་ལ་རིམ་གྱིས་ཐིམ་པར་མོས་ཤིག །སྐུ་ཙཀ་སོ་སོར་གཏད་ལ། ཧཱུྃ༔ བོད་ཡུལ་ལྷན་ཅིག་སྐྱེས་མ་ཞིང་སྐྱོང་གཙོ༔ དོན་དུ་རྒྱལ་བའི་ཡུམ་མཆོག་རྣལ་འབྱོར་མ༔ བརྒྱུད་འཛིན་བུ་ལ་དེ་རིང་ཁྱོད་གཏད་ཀྱིས༔ ཚེ་དང་ཡེ་ཤེས་འཕེལ་བའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་དྷཱ་ཀི་ནཱི་ཨཱ་ཡུ་ཥེ་ཤྭ་རི་ས་མ་ཡ་ཛཿ ཨཱ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ མཐིང་གི་ཞལ་བཟང་སྣང་གསལ་པྲ་ཡི་བདག༔ རིགས་ཀྱི་ཡུམ་མཆོག་རྡོ་རྗེ་མཁའ་འགྲོ་མ༔ བརྒྱུད་འཛིན་བུ་ལ་དེ་རིང་ཁྱོད་གཏད་ཀྱིས༔ དུས་གསུམ་མ་འདྲེས་གསལ་བར་ཁྱོད་ཀྱིས་སྟོན༔ མཱྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ མི་གཡོ་གླང་བཟང་རྨ་གཡང་ཟས་ཀྱི་བདག༔ རིགས་ཀྱི་ཡུམ་མཆོག་རིན་ཆེན་མཁའ་འགྲོ་མ༔ བརྒྱུད་འཛིན་བུ་ལ་དེ་རིང་ཁྱོད་གཏད་ཀྱིས༔ ཅི་འདོད་ལོངས་སྤྱོད་ཟས་ཀྱི་དངོས་གྲུབ་སྩོལ༔ ལཱྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཅོད་པན་མགྲིན་བཟང་བང་མཛོད་ནོར་གྱི་བདག༔ རིགས་ཀྱི་ཡུམ་མཆོག་པདྨ་མཁའ་འགྲོ་མ༔ བརྒྱུད་འཛིན་བུ་ལ་དེ་རིང་ཁྱེད་གཏད་ཀྱིས༔ འཛད་མེད་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨཱྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཏལ་དཀར་འགྲོ་བཟང་རྐང་བཞི་ཕྱུགས་ཀྱི་བདག༔ རིགས་ཀྱི་ཡུམ་མཆོག་ཀརྨ་མཁའ་འགྲོ་མ༔ བརྒྱུད་འཛིན་བུ་ལ་དེ་རིང་ཁྱོད་གཏད་ཀྱིས༔ ནོར་ཕྱུགས་རྐང་འགྲོས་འཕེལ་བའི་དངོས་གྲུབ་སྩོལ༔ ཏཱྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་དག་གིས་ཕྱི་ལྟར་ཚེ་དང་ཡེ་ཤེས་རིགས་ནོར་སོགས་དངོས་གྲུབ་རྣམ་པ་ལྔ་ཐོགས་མེད་དུ་སྟེར་བའི་ལྷ་སྨན་ཆེན་མོ་ལྔ། ནང་ལྟར་མཁའ་འགྲོ་སྒྱུ་མ་བདེ་བ་ཆེན་པོ་རྡོ་རྗེ་ཕག་མོ་དང་སྙིང་པོའི་རྣལ་འབྱོར་མ་བཞི། གསང་བ་རིགས་ཀྱི་འཁོར་ལོའི་བསྒྱུར་བའི་རྡོ་རྗེ་བཙུན་མོ་ཡུམ་ཆེན་ལྔའི་སྐུའི་སྲོག་གཏད་པས་ཐུན་མོང་མཆོག་གི་དངོས་གྲུབ་ལ་དབང་བསྒྱུར་ནུས་པར་གྱུར་ཅིག །གཉིས་པ་གསུང་གི་སྲོག་གཏད་པའི་སླད་དུ་ངོ་བོ་རྡོ་རྗེའི་ཡེ་ཤེས་ལྔའི་རང་བཞིན་ཅན་ལ། རྣམ་པ་གསུང་རིག་པ་ཆེན་པོའི་འཁོར་ལོ་སྨན་བཙུན་ཌཱ་ཀིའི་རྒྱལ་མོ་མཆེད་ལྔའི་བླ་རྡོས་མཚན་པ་ལག་ཏུ་གཏད་ཅིང་བྱིན་པས་རིགས་ཀྱི་ལྷ་མོ་སོ་སོའི་ལས་དང་དངོས་གྲུབ་ལ་དབང་ཐོབ་པར་མོས་ཤིག །སྲོག་འཁོར་བླ་རྡོ་ལྔ་དང་བཅས་ལག་ཏུ་གཏད་ལ། ཨོཾ་བཛྲ་དྷཱ་ཀི་ནཱི་ཨཱ་ཡུ་ཥེ་ཤྭ་རི་ས་མ་ཡ་ཛཿཨཱ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ སྨན་བཙུན་ཆེན་མོ་བཀྲ་ཤིས་ཚེ་རིང་དབང་ཕྱུག་མས་རིགས་ཀྱི་བུ་འདི་ལ་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པའི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ༔ མངྒ་ལ་ཨཱ་ཡུ་ཥེ་ཤྭ་རི་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ མཱྃ་མཐིང་གི་ཞལ་བཟང་མས་རིགས་ཀྱི་བུ་འདི་ལ་སྣང་གསལ་པྲ་ཡི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ༔ མཱྃཿ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ལཱྃཿ མི་གཡོ་གླང་བཟང་མས་རིགས་ཀྱི་བུ་འདི་ལ་རྨ་གཡང་ཟས་ཀྱི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ༔ ལཱྃ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཨཱྃཿ ཅོད་པན་མགྲིན་བཟང་མས་རིགས་ཀྱི་བུ་འདི་ལ་བང་མཛོད་ནོར་གྱི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ༔ ཨཱྃ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཏཱྃཿ ཏལ་དཀར་འགྲོ་བཟང་མས་རིགས་ཀྱི་བུ་འདི་ལ་རྐང་བཞི་ནོར་ཕྱུགས་འཕེལ་བའི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ༔ ཏཱྃ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་རིགས་ལྔའི་གསུང་རིག་སྔགས་ཀྱི་སྲོག་གཏད་པས་མཁའ་འགྲོ་སོ་སོའི་ལས་དང་དངོས་གྲུབ་ཟད་མི་ཤེས་པ་ཕུལ་ནས་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ་དབང་འབྱོར་བར་མོས་མཛོད་ཅིག །ཐུགས་ཡེ་ཤེས་ཀྱི་སྲོག་གཏད་པའི་སླད་དུ་ཡེ་ཤེས་ཀྱི་ལྷ་མོ་ལྔའི་ཕྱག་མཚན་སོ་སོ་སྙིང་གར་ཐིམ་པས་བདེ་སྟོང་ཡེ་ཤེས་ཀྱི་དགོངས་པ་དང་སྲོག་སྙིང་གཅིག་ཏུ་འདྲེས་པས་མ་སྲིང་གི་བརྩེ་གདུང་བཞིན་འདི་ནས་བྱང་ཆུབ་བར་ནམ་ཡང་འབྲལ་མི་ཤེས་པའི་དམ་ཚིག་གཅིག་ཏུ་གྱུར་པར་མོས་མཛོད། ཕྱག་མཚན་སོ་སོ་གཏད་ལ། ཧཱུྃ༔ བཀྲ་ཤིས་མི་འགྱུར་རྡོ་རྗེ་དང༔ འཆི་མེད་ཚེ་ཡི་བུམ་པ་འདི༔ རིགས་ཀྱི་བུ་ལ་བྱིན་པ་ཡིས༔ སྲོག་ལ་བབ་ཀྱང་ལྷ་མོ་ཡིས༔ རིག་འཛིན་འདི་ཡི་གྲོགས་གྱིས་ཤིག༔ ཨོཾ་བཛྲ་དྷཱ་ཀི་ནཱི་ཨཱ་ཡུ་ཥེ་ཤྭ་རི་ས་མ་ཡ་ཛཿཨཱ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྣང་སྲིད་གསལ་བའི་མེ་ལོང་འདི༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ སྲོག་ལ་བབ་ཀྱང་ལྷ་མོ་ཡིས༔ རིག་འཛིན་འདི་ཡི་གྲོགས་གྱིས་ཤིག༔ མཱྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལོངས་སྤྱོད་སྣ་ཚོགས་ཟས་གཞོང་འདི༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ སྲོག་ལ་བབ་ཀྱང་ལྷ་མོ་ཡིས༔ རིག་འཛིན་འདི་ཡི་གྲོགས་གྱིས་ཤིག༔ ལཱྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདོད་དགུའི་ཆར་འབེབས་ནེའུ་ལེ་འདི༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ སྲོག་ལ་བབ་ཀྱང་ལྷ་མོ་ཡིས༔ རིག་འཛིན་འདི་ཡི་གྲོགས་གྱིས་ཤིག༔ ཨཱྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་དཱུརྦའི་ཆུན་པོ་འདི༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ སྲོག་ལ་བབ་ཀྱང་ལྷ་མོ་ཡིས༔ རིག་འཛིན་འདི་ཡི་གྲོགས་གྱིས་ཤིག༔ ཏཱྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དག་གི་ལྷ་སྨན་རིགས་ལྔའི་ཡེ་ཤེས་ཀྱི་ཕྱག་རྒྱས་དབང་བསྐུར་ཞིང་སྙིང་གར་བསྟིམ་པས་ལྷ་སྲུང་དབང་མོ་དང་སྲོག་གི་སྙིང་པོ་གཅིག་ཏུ་འདྲེས་ཏེ་ནམ་ཡང་གཡེལ་བ་མེད་པའི་ལས་ཀྱི་སྡོང་གྲོགས་མཛད་པར་གྱུར་ཅིག །དེ་ལྟར་དཔལ་ཞིང་ལས་སྐྱེས་པའི་དྷཱ་ཀིའི་དབང་ཕྱུག་མ༔ དབྱིངས་ཆོས་སྐུ་སྤྲོས་པ་དང་བྲལ་བ་ལས་མ་གཡོས་བཞིན་དུ༔ རིག་པ་རང་སྣང་ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་རྣམ་པ་ལྔ་ཡི་ཚུལ་དུ་བཞེངས་ཏེ༔ སྤྲུལ་སྐུ་སྨན་མོའི་ཚུལ་གྱིས་སངས་རྒྱས་ཀྱི་བསྟན་པ་སྲུང་བར་མཛད་པའི་སྐུ་གསུང་ཐུགས་ཀྱིས་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པའི་སྟོབས་ལས་ཆོས་ཉིད་དོན་གྱི་དགོངས་པ་རྟོགས་ན་ལྷན་སྐྱེས་ཡེ་ཤེས་ཀྱི་མཁའ་འགྲོ་ལྔ་རང་རྩལ་རང་གིས་མ་རིག་ན་རྩལ་སྣང་ཉོན་མོང་དུག་ལྔ་རུ་ཤར་ཡང༌། རང་སེམས་དངོས་མཚན་གང་དུའང་མ་གྲུབ་པའི་ངོ་བོ་ཀ་དག་ཆེན་པོའི་དགོངས་པ་ཀློང་དུ་གྱུར་ན་ལྷ་སྨན་དབྱིངས་ཕྱུག་མའི་དོན་གྱི་སྲོག་གཏད་པ་འདི་ལ་གསན་འཚལ། དཔོན་སློབ་གཉིས་ཀ་མཉམ་པར་བཞག་སྟེ། ཨཿ རིག་ན་ཡེ་ཤེས་མཁའ་འགྲོ་ལྔ༔ མ་རིག་ཉོན་མོང་དུག་ལྔ་སྟེ༔ དེ་ཡང་རང་སེམས་ཀ་དག་ངང༔ དབྱེར་མེད་ཤེས་ན་སྲོག་དབང་ངོ༔ ཨ་ཨ་ཨ་ཨ་ཨ༔ ཞེས་དགོངས་པའི་གདེང་བསྐྱེད་ལ་གཟིར། རྗེས་མེ་ཏོག་འཐོར་ཞིང་ཤིས་བརྗོད་རྒྱས་པར་སྤེལ་ལ་རོལ་མོ་བསྒྲགས། དེ་དག་གིས་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རྩ་བའི་ཆོས་སྡེའི་བཀའ་སྲུང་ཐུན་མོང་མ་ཡིན་པ་བཀྲ་ཤིས་ཚེ་རིང་མཆེད་ལྔའི་སྲོག་དབང་བཀའ་རྒྱ་ཅན་ལེགས་པར་གྲུབ་པ་སྟེ་གཞུང་རྩ་བ་ལས། ཁྱད་པར་སྲོག་གི་དབང་ཐོབ་ན༔ མཆོད་གསོལ་མེད་ཀྱང་འདུ་འབྲལ་མེད༔ འོན་ཀྱང་དམ་ཚིག་འགལ་གྱུར་ན༔ གཤེད་མར་གྱུར་ཏེ་སྲོག་ལ་འབེབས༔ དེ་ཕྱིར་ཤིན་ཏུ་དམ་པར་བྱ༔ གསང་ཞིང་སྤྱད་ན་དངོས་གྲུབ་མྱུར། ཞེས་གསུངས་པ་ལྟར༔ གསང་ཆེན་སྙིང་པོའི་བསྟན་དང་དེ་འཛིན་རྗེས་སུ་སྐྱོང་ཞིང༌། རིག་འཛིན་གྲུབ་པ་ཕོ་མོ་ལ་ལྷག་པར་འགོ་བ། ཆོས་བཞིན་སྤྱོད་པ་རྣམས་ཀྱི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པའི་སྲུང་མ་ཀུན་ལས་ཁྱད་པར་འཕགས་པ་འདིའི་སྲོག་དབང་ཟབ་མོ་གསན་ནས་རྡོ་རྗེ་ཐེག་པའི་ལྟ་སྤྱོད་ཉམས་ལེན་ལ་གནད་དུ་དྲིལ་བ་དང༌། བསྟན་སྲུང་དབང་མོ་འདི་ཉིད་མ་སྲིང་གི་འདུ་ཤེས་ཀྱིས་དད་གུས་དང༌། བསྟན་དང་བསྟན་འཛིན་གྱི་ཕྲིན་ལས་ཀྱི་དོན་དུ་མཆོད་གཏོར་བསྐང་བཤགས་རྒྱུན་དུ་འབུལ་བ་དང༌། གཙང་སྦྲ་དང་ཁྲེལ་ཡོད་ངོ་ཚ་རྒྱུ་འབྲས་ཕྲ་ཞིབ་ལ་བླང་དོར་མི་འཆོལ་བར་སྤྱོད་ཅིང༌། ལྷ་དང་བླ་མར་དད་གུས་མོས་པས་བཀའ་བཞིན་སྒྲུབ་པ་སོགས་ཐུན་མོང་དང་ཁྱད་པར་གྱི་དམ་ཚིག་རྣམས་སྲོག་བཞིན་སྲུང་བའི་གཡར་དམ་བཞེས་པས་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་དང༌། གཏང་རག་གི་མཎྜལ་ལུས་འབུལ་སོགས་སྤྱི་ལྟར་བྱ། སློབ་དཔོན་གྱིས་བསྐང་བཤགས་རྒྱས་པ་སྦྱར་ཞིང་གསོལ་མཆོད་བྱ། ཚོགས་ལ་རོལ་ཞིང་ལྷག་མ་བཏང༌། ཆོས་སྲུང་དང་ཆད་བརྟན་གྱི་གཏོར་འབུལ། གཏང་རག་གི་མཆོད་བསྟོད། ནོངས་བཤགས། རྟེན་བཞུགས་དང༌། བདག་བསྐྱེད་ཀྱི་རྗེས་རིམ་རྣམས་མཐའ་རྒྱས་སུ་བྱ་དགོས་སོ། །གཉིས་པ་རྗེས་འབྲང་བརྟན་མ་བཅུ་གཉིས་ཀྱི་སྲོག་གཏད་བྱ་ཚུལ་ལ། དང་པོ་སྦྱོར་བ་བཤམས་བཀོད་ནི། ཚེ་རིང་མའི་སྲོག་དབང་དང་སྦྲེལ་ན་དེའི་མདུན་སོགས་གང་བདེར་བཀོད་པས་རུང་ཞིང༌། འདི་ཉིད་སྒེར་དུ་བྱེད་ན་རས་བྲིས་སམ། རྡུལ་ཚོན་གྱི་པད་འདབ་བཅུ་གཉིས་ཅན་བཀོད། དབུས་སུ་མཉྫི་ལ་གོང་གནོན་གུ་རུ་ཞི་བའི་དཔལ་གཏོར་དར་གདུགས་ཀྱིས་བརྒྱན་པ་བཀོད། པད་འདབ་རྣམས་སུ་ཤར་སྟོད་ནས་བརྩམས། བདུད་མོ་བཞི་ལ་གཏོར་མ་གྲུ་གསུམ་རྩེ་གུག་ནག་པོ་བཞི། གནོད་སྦྱིན་བཞི་ལ་གྲུ་བཞི་སེར་པོའམ་དམར་པོ་བཞི། སྨན་བཙུན་བཞི་ལ་དཀར་ཟླུམ་བཞི་རྣམས་སོ་སོའི་སྐུ་གཟུགས་ཀྱི་ཙཀ་ལི་དར་གདུགས་ཀྱིས་བརྒྱན་པ་བཀོད། མདུན་དུ་བརྟན་མའི་མཆོད་གཏོར་སྤྱི་བསྡུས། ཆོས་སྐྱོང་སྤྱི་དང༌། ཆད་བརྟན་སོགས་ཉེར་མཁོ་རྣམས་དང༌། སྨན་རཀ །ཉེར་སྤྱོད། གསེར་གཡུའི་སྐྱེམས། འོ་ཆང་དང་རྒྱ་ཇའི་ཕུད་དཀར་མངར་གྱི་བཟའ་བཏུང༌། སྨན་ཤིང་དང༌། སྤོས་དཀར། ཨ་གར་ཙནྡན་གྱི་བདུག་པ་སོགས་འདུ་བྱའོ། །གཉིས་པ་མཆོད་ཕྲིན་ནི། གོང་གནོན་ལྷའི་བདག་བསྐྱེད་ཐུགས་སྒྲུབ་ཕྲིན་ལས་འབྲིང་བསྡུས་གང་རུང་ངམ། རྒྱུན་གྱི་བཀོལ་བྱང་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བ་དང༌། མཆོད་པ་རྣམས། བསང་སྦྱངས། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨ་ལས་བྷཉྫ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་དངོས་པོ་རྣམས་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱ་ཧཱུྃ༔ པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱ། ཤཔྟ་ཨཱ་ཧཱུྃ༔ ཞེས་ཕྱི་མཆོད་དང༌། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གནས་པའི་ཡེ་ཤེས་ཀྱི་ཀ་པཱ་ལའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་མེ་རླུང་གིས་སྦྱངས། ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་གཏོར་མའི་རྡུལ་ཕྲ་རབ་རེ་རེ་བཞིན་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། འབྲུ་གསུམ་དང༌། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བ་ལིཾ་ཏ་ཨཱ་ཧཱུྃ༔ ལན་གསུམ་གྱིས་སྦྱངས་རྟོགས་སྦར་ལ། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་ནག་མོ་བཞིན་མི་སྡུག་པའི་བུ་མོ་བདུད་མོ་ཆེན་མོ་བཞི་དང༌། དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་ཆེན་མོ་བཞི་དང༌། དཀར་ཤམ་བཞིན་བཟང་མ་ཡི་བུ་མོ་སྨན་བཙུན་ཆེན་མོ་བཞི་སྟེ། བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་བཅུ་གཉིས་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་སྤྱན་དྲངས་པར་གྱུར། སྤོས་རོལ་སྙན་པའི་དབྱངས་དང་བཅས་ཏེ། ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་སོགས་ནས། ཐོགས་མེད་མྱུར་དུ་འགྲུབ་པར་མཛོད༔ བར་བཏང་ལ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་དམ་ཅན་བརྟན་མ་བཅུ་གཉིས་འཁོར་བཅས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་པས་ཕྲིན་ལས་མཛད་པར་མོས་ཏེ། ཨོཾ་མ་མ༔ ཁ་ཁ༔ ལ་ལ༔ ལེ་ལེ༔ ཏཱ་ཏཱ༔ ཏེ་ཏེ༔ ཁ་རཀྨ་མ་མ་སྲིང་འགྲོ་མ་བྷྱོ་ཧཱུྃ༔ ཞེས་ཅི་རིགས་བཟླས་མཐར། གཏོར་མར་ཤ་མར་ཆང་དང་བདུད་རྩིས་བྲན་ནས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཧཱུྃ༔ མ་མ༔ ཁ་ཁ༔ ལ་ལ༔ ལེ་ལེ༔ ཏཱ་ཏཱ༔ ཏེ་ཏེ༔ ཁ་རཀྨ་མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ༔ བརྟན་མ་བཅུ་གཉིས་ཀྱི་ཞལ་དུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་མཆོད་ཅིང་སྨན་རཀ་ཀྱང་སྦྲེང་ངོ༌། །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱིས། །སྔོན་གྱི་དམ་ཚིག་དེ་ལྟར་དྲན་གྱིས་ལ། །སྨན་རཀ་གཏོར་མའི་མཆོད་པ་འདི་བཞེས་ནས། །སངས་རྒྱས་བསྟན་པ་མཐའ་དག་རྒྱས་པར་མཛོད། །ཅེས་གསོལ། གསུམ་པ་སྲོག་གཏད་ཀྱི་ཆོ་ག་ནི། སློབ་མའི་བྱ་བ་ཁྲུས་དང་བགེགས་བསྐྲད་སོང་ནས། མཚམས་སྦྱོར། འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་ལས་ཀྱི་གཉེར་འཛིན་ཅིང༌། དཔལ་ཧེ་རུ་ཀ་དང་གྲུབ་པའི་རིག་འཛིན་རྣམས་ཀྱིས་བཀའི་ཐ་ཚིག་ཕོག་པས་རྗེས་འཇུག་རྣམས་ཀྱི་འགལ་རྐྱེན་སེལ་ཞིང་ལེགས་ཚོགས་སྤེལ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་གྲོགས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་དགེ་འདུན་དུ་གཏོགས་པའི་ཡེ་ཤེས་དང༌། ལས་དང༌། འཇིག་རྟེན་གྱི་སྲུང་མ་རྒྱ་ཆེར་བཞུགས་པ་ལས། འདིར་ངོ་བོ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་དཔལ་ཧེ་རུ་ཀ་མཁའ་འགྲོ་སྒྱུ་མ་བདེ་མཆོག་གི་དཀྱིལ་འཁོར་ཆེན་པོའི་སྙིང་པོའི་རྣལ་འབྱོར་མ་བཞི་དང༌། སྒོ་མཚམས་ཀྱི་མཁའ་འགྲོ་ཆེན་མོ་བརྒྱད་དང་ཐ་མི་དད་པ། རྣམ་པ་དམ་ཚིག་གི་མ་མོ་བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་བཅུ་གཉིས་ཕྲིན་ལས་མྱུར་མགྱོགས་ཀྱི་ཕོ་ཉར་གྲུབ་པས་རྣལ་འབྱོར་གྲུབ་པ་ཕོ་མོ་ཡོངས་ཀྱི་བཀའ་སྡོད། ཁྱད་པར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱིས་བསྟན་པ་སྲུང་བར་དབང་བསྐུར་ཞིང་ཕྲིན་ལས་ཀྱི་གཉེར་གཏད། སླར་ཡང་བལ་བོད་ཀྱི་སོ་མཚམས་ཁ་ལ་རོང་སྒོ་ལ་སོགས་པར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཆོ་འཕྲུལ་དུ་མས་ཉམས་སད་པར་མཛད་མ་ཐག་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་བཅུག །རང་རྟགས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས། དབང་རྟགས་སུ་རྡོ་རྗེ་བྱིན་ཏེ་གསང་བའི་མཚན་སོ་སོར་བཏགས་ཤིང་རྡོ་རྗེའི་དཀྱིལ་འཁོར་ཡོངས་ཀྱི་བཀའ་སྲུང་དུ་དམ་ཕོག་གངས་ཅན་དུ་སངས་རྒྱས་བསྟན་པ་གནས་ཀྱི་བར་ལྟ་ལོག་མུ་སྟེགས་ཀྱི་རྒོལ་བ་སྲུང་བ་ལ་སོགས་བོད་ཁམས་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པས་སྐྱོང་བར་བཀའ་བསྒོས་ཤིང་རང་རང་གི་ཁས་བླངས་དམ་བཅས་པ་ལྟར། བོད་ཡུལ་སྤྱི་དང་གསང་ཆེན་སྙིང་པོའི་བསྟན་སྲུང་དེ་འཛིན་བཅས་བུ་བཞིན་སྐྱོང་ཞིང༌། ཕྲིན་ལས་རྣམ་པ་བཞི་ལ་ཐོགས་པ་མེད་པའི་མཐུ་རྩལ་མངའ་བ། ནང་དུ་སྙིང་ཉེ་ལ་བཀྲ་ཤིས། ཕྱི་རུ་རྣོ་མྱུར་ཆེན་མོ། རིག་འཛིན་སྒྲུབ་པ་པོའི་རེ་བ་ཡིད་བཞིན་སྐོང་བའི་དབང་གི་རྒྱལ་པོ་ལྟ་བུ་འདི་ལ། བརྟན་མ་ལས་རྒྱ་མཚོའི་རྒྱུད་དང་བསྙེན་སྒྲུབ་མཆོད་སྐོང་ལས་ཕྲན་སོགས་ཀུན་གྱི་རྩ་བ་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་མངའ་བདག་ཉང་ཉི་མ་འོད་ཟེར་དང༌། གུ་རུ་ཆོས་དབང་གི་གཏེར་བྱོན་སོགས་དུ་མ་མཆིས་པ་ལས། སྐབས་སུ་བབ་པ་རིག་འཛིན་རྩལ་འཆང་རྣམ་གཉིས་ལ་ཐུགས་སྒྲུབ་སྐོར་བཞིའི་ཐོག་མ། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བཀའ་སྲུང་བཀྲ་ཤིས་ཚེ་རིང་མའི་ཆོས་སྐོར་ལས་བྱོན་པ་སྟེ། གཞུང་ཉིད་ལས། སྨན་བཙུན་ཆེན་མོ་མཆེད་ལྔ་དང༔ བོད་སྐྱོང་བརྟན་མ་བཅུ་གཉིས་པོ༔ ངོ་བོ་ཆོས་ཀྱི་དབྱིངས་སུ་གཅིག༔ རྣམ་པ་གཅིག་དང་ཐ་དད་ཀྱི༔ སྒྱུ་མའི་རོལ་པ་ཅིར་ཡང་སྟོན༔ ཞེས་གསུངས་པའི་སྲོག་གཏད་སྒྲུབ་པ་ལ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ། མ་ཧཱ་གུ་རུ་རྡོ་རྗེ་འཛིན། །སངས་རྒྱས་བསྟན་པ་སྲུང་བ་དང༌། །ཇི་ལྟར་འདོད་པའི་དོན་སྒྲུབ་ལ། །མཁའ་འགྲོ་མ་མོ་བརྟན་མའི་ཚོགས། །སྙིང་ཉེའི་གྲོགས་སུ་བདག་ལ་སྩོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་སོགས། སྐྱབས་སེམས། ཡན་ལག་བདུན་པ། སློབ་མ་ལྷ་བསྐྱེད་བྱིན་དབབ་བརྟན་བཅས་ཚེ་རིང་མའི་སྐབས་ལྟར་སྔོན་དུ་འགྲོ་བས། དེ་ནས་གཉེན་པོ་སྟོབས་ཀྱི་ལྷས་རྡོ་རྗེ་གསུམ་གྱི་དབང་འབོགས་པ་ལ། མདུན་བསྐྱེད་དཀྱིལ་འཁོར་དབུས་ཀྱི་གཏོར་མ་རང་བཞིན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་འབྱོར་པ་རྒྱ་མཚོས་ཁྱད་པར་དུ་བྱས་པའི་སྙིང་པོར་སློབ་དཔོན་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོའི་འཁོར་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་བསམ་གྱིས་མི་ཁྱབ་པས་བསྐོར་བ་རྣམས་སྐུ་དགྱེས་པའི་འཛུམ་མདངས་ཤིག་ཤིག །གསུང་སྙན་པའི་བཞད་སྒྲ་དིར་དིར། ཐུགས་མཁྱེན་བརྩེའི་ཡེ་ཤེས་ཀྱི་དགོངས་པའི་རྩལ་ཆེན་སྤར་ཏེ་བྱིན་རླབས་དངོས་གྲུབ་ཀྱི་ཆར་རྒྱུན་སྐུའི་གནས་གསུམ་ལས་འོད་ཟེར་བདུད་རྩིའི་ཟིལ་པ་དཀར་དམར་མཐིང་གའི་རྣམ་པ་ཅན་སྤྲོས་ཏེ། སློབ་མའི་གནས་གསུམ་དུ་སིབ་སིབ་ཐིམ་པས་རྡོ་རྗེའི་གསང་བ་གསུམ་གྱི་དབང་ཐོབ་པས་ལུས་ངག་ཡིད་གསུམ་ཐ་མལ་དུ་ཞེན་པའི་འཁྲུལ་རྟོགས་སྦྱངས། སྐུ་གསུང་ཐུགས་རྡོ་རྗེའི་རྣལ་འབྱོར་ཟབ་མོ་སྒོམ་པའི་སྣོད་རུང་དུ་སྨིན། དག་པ་ཡེ་ཤེས་ཀྱི་གསང་བ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད། བླ་མའི་གཏོར་ཆེན་བཏེགས་ལ། ཧཱུྃ༔ རྒྱལ་བའི་རྣམ་འཕྲུལ་པདྨ་འབྱུང་གནས་ཀྱིས༔ བོད་འབངས་རྣམས་ལ་ཐུགས་རྗེས་བརྩེར་དགོངས་ཏེ༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་ཀྱི་དགོངས་པ་ལས་ཅན་བུ་ལ་གཏད༔ སྡུག་བསྔལ་སྐྱོབ་ཕྱིར་གུ་རུའི་དབང་བསྐུར་བས༔ སྐལ་ལྡན་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ༔ གུ་རུའི་ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ གུ་རུའི་བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ གུ་རུའི་དགོངས་པས་འདི་ལ་བྱིན་གྱིས་རློབས༔ གུ་རུའི་ནུས་པས་འདི་ཡི་བར་ཆད་སོལ༔ འབྱུང་བཞི་ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ རྩ་རླུང་ནང་གི་བར་ཆད་ནང་དུ་སོལ༔ གཟུང་འཛིན་གསང་བའི་བར་ཆད་དབྱིངས་སུ་སོལ༔ སྐལ་ལྡན་སློབ་མ་རྣམས་ལ་བསྐྱབ་ཏུ་གསོལ༔ དབང་དང་བྱིན་རླབས་དངོས་གྲུབ་དེང་འདིར་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་གནས་བཞིར་བཞག །མཐར། གཏོར་མའི་ལྷ་ཡང་སློབ་མ་ལ་ཐིམ་པས་འཁོར་འདས་ཀུན་གྱི་དབང་ཕྱུག་ཆེ་བཙན་འགྲན་ཟླ་མེད་པར་གྱུར་པར་མོས་པ་ནི་གཉེན་པོའི་དབང་ངོ༌། །དེ་ནས་སྲུང་མའི་སྲོག་དབང་དངོས་ལ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་བརྟན་མ་རྣམས་ལ་རེག་པས་སྙིང་གཡོས་ཏེ། རྡོ་རྗེའི་སློབ་མ་རྣམས་ཀྱི་འདོད་པའི་དོན་སྒྲུབ་པའི་སླད་དུ་སྦྲན་པར་རིག་ནས། མས་བུ་གཅིག་པ་ལ་བརྩེ་ཞིང་གདུང་བ་ལྟ་བུའི་དགོངས་པས། རིམ་བཞིན་བྱོན་ནས་ཁྱེད་རང་ལ་གུས་པ་ཆེན་པོས་འདུད་ཅིང་འདོད་པའི་དངོས་གྲུབ་སྒྲུབ་པ་ལ་གཡར་དམ་བཅས་པའི་མོས་པ་མཛོད། ཅེས་བརྡ་སྤྲད་ནས་བདུད་མོ་གནོད་སྦྱིན་སྨན་མོ་བཞི་བཞིས་གཏོར་མ་གྲལ་རིམ་བཞིན་གཏད་དེ། ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ ནག་པོ་བདུད་ཀྱི་བུ་མོ་ཆེ༔ རྡོ་རྗེ་ཀུན་བཟང་སྐུ་མདོག་མཐིང༔ ཕྱག་ན་རྡོ་རྗེ་ཚེ་བུམ་འཛིན༔ ཆིབས་སུ་སེང་གེ་དཀར་མོ་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག །ཨོཾ་བཛྲ་ར་སི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ ནག་པོ་བདུད་ཀྱི་བུ་མོ་ཆེ༔ རྡོ་རྗེ་ཀུན་གྲགས་སྐུ་མདོག་མཐིང༔ ཆུ་སྲིན་རྒྱལ་མཚན་མེ་ལོང་བསྣམས༔ ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་ལི་ཧཱུྃ་ཨ་བྷིཥིཉྩ་ཧཱུྃ༔ ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ ནག་པོ་བདུད་ཀྱི་བུ་མོ་ཆེ༔ ཧ་རི་རྡོ་རྗེ་ཡ་མ་སྔོ༔ ཕྱག་ན་ཤང་ལང་ཞགས་པ་བསྣམས༔ ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་ནཱིརྟི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ ནག་པོ་བདུད་ཀྱི་བུ་མོ་ཆེ༔ འབྲོག་ཆེན་རྡོ་རྗེ་བགེགས་གཙོ་ནག༔ རུ་མཚོན་རྩེ་ལྔ་ཞགས་པ་འཛིན༔ ཆིབས་སུ་དྲེའུ་སྔོན་མོ་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་མ་མ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོ༔ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ དམར་པོ་གནོད་སྦྱིན་བུ་མོ་ཆེ༔ ཤ་མེད་རྡོ་རྗེ་གཡུ་བུན་མ༔ གསེར་གྱི་ཟོར་བ་གཏེར་བུམ་བསྣམས༔ ཆིབས་སུ་ཤ་བ་ཡུ་མོ་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་ལཱ་སྱ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ དམར་པོ་གནོད་སྦྱིན་བུ་མོ་ཆེ༔ ཁ་རག་ཁྱུང་བཙུན་སྐུ་མདོག་དཀར༔ ཕྱག་གཉིས་ཌཱ་རུ་མེ་ལོང་བསྣམས༔ ཆིབས་སུ་མཁའ་ལྡིང་ཁྱུང་ཆེན་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་མ་ཏི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ དམར་པོ་གནོད་སྦྱིན་བུ་མོ་ཆེ༔ གསེར་ཆེན་མཁའ་ལྡིང་ཀླུ་མོ་དམར༔ ཕྱག་ན་སྦྲུལ་ཞགས་ཕུར་པ་ཐོགས༔ ཆིབས་སུ་གྱི་ལིང་རྟ་སེར་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པ་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་ཏིང་བྷ་རི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ དམར་པོ་གནོད་སྦྱིན་བུ་མོ་ཆེ༔ རྨ་རི་རབ་འབྱམས་དྲག་མོ་སེར༔ ཕྱག་ན་བེ་ཅོན་ཟས་གཞོང་བསྣམས༔ ཆིབས་སུ་གཅན་གཟན་འཕར་བ་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་པྲ་ཀ་མ་ཏི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོ༔ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ དཀར་ཤམ་སྨན་གྱི་བུ་མོ་ཆེ༔ ཀོང་བཙུན་དེ་མོ་སྐུ་མདོག་སྨུག༔ ཕྱག་ན་མདའ་དར་སྒྲོམ་བུ་བསྣམས༔ ཆིབས་སུ་མགྱོགས་འགྲོ་གཡུ་རྔོག་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་སིང་ཨ་སི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོ༔ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ དཀར་ཤམ་སྨན་གྱི་བུ་མོ་ཆེ༔ བཙན་ལ་རོལ་པའི་སྨན་གཅིག་ལྗང༔ ཕྱག་ན་དར་དཀར་འབྲང་རྒྱས་བསྣམས༔ ཆིབས་སུ་མཛོ་མོ་དཀར་མོ་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་མི་ལི་བྷ་ཏ་ལ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ དཀར་ཤམ་སྨན་གྱི་བུ་མོ་ཆེ༔ ཨུག་ཆོས་ཡ་མ་བསིལ་དམར་མོ༔ ཕྱག་ན་ཏིང་ཤག་སྐད་སྙན་ཐོགས༔ ཆིབས་སུ་རུས་སྦལ་མགོ་དགུ་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་ཏེ་ཧཱ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ དཀར་ཤམ་སྨན་གྱི་བུ་མོ་ཆེ༔ གཡུ་དྲིལ་རྡོ་རྗེ་གཟུགས་ལེགས་དམར༔ ཕྱག་ན་པདྨ་དྲིལ་བུ་བསྣམས༔ ཆིབས་སུ་སྟག་མོ་རི་བཀྲ་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་པྲེ་ཏ་མ་ཏི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ བཟླས་ལུང་ནི། སློབ་དཔོན་ལ་གུས་འདུད་བྱས་པས་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་བརྒྱུད་བསྐུལ་དེ་དག་གི་ཐུགས་ཀ་ནས་སྲོག་སྙིང་དམར་ནར་གྱིས་བྱུང་བ་སློབ་མའི་ཞལ་དུ་ཞུགས་སྙིང་གར་ཐིམ་པས་མ་མོ་རྣམས་དབང་དུ་འདུས་གསུང་གི་བྱིན་རླབས་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་བསམ་ལ། གོང་གནོན་བཛྲ་གུ་རུའི་རྩ་སྔགས་དང༌། ཨོཾ་མ་མ༔ ཁ་ཁ༔ ལ་ལ༔ ལེ་ལེ༔ ཏཱ་ཏཱ༔ ཏེ་ཏེ༔ ཁ་རཀྨ་མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ལན་གསུམ་བཟླར་བཅུག །དེ་ནས་གཏོར་མ་ཐམས་ཅད་སྣོད་གཅིག་ཏུ་བཀོད་པ་སློབ་མའི་ལག་ཏུ་གཏད་ལ། ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཁྲག་འཐུང་དང༔ དབྱིངས་ཀྱི་མཁའ་འགྲོ་སེང་ཧ་མས༔ འདའ་ཀ་རྡོ་རྗེའི་གཉེར་གཏད་ནས༔ དམ་ཚིག་ཕོག་པ་དུས་འདིར་དགོངས༔ བར་དུ་རུ་བཞིའི་སོ་མཚམས་དང༔ ཁ་ལ་རོང་སྒོའི་གནས་རྣམས་སུ༔ བདག་ཉིད་པདྨ་ཐོད་ཕྲེང་ལ༔ གཡར་དམ་བཅས་པའི་ཕྲིན་ལས་སྒྲུབས༔ ཐ་མ་པདྨའི་སྔགས་བརྒྱུད་ཀྱིས༔ རྒྱུན་དུ་མཆོད་ཅིང་བསྟེན་པ་ཡིས༔ ལས་ཀྱི་འབྲས་བུ་དེང་འཚལ་བས༔ མ་གཡེལ་མ་མོ་བརྟན་མའི་ཚོགས༔ ཐུགས་དམ་མཐུ་རྩལ་དཔུང་བསྐྱེད་ལ༔ བོད་ཡུལ་རུ་བཞིའི་སོ་ཁ་སྲུངས༔ ཀླ་ཀློ་གདུག་པའི་འཚེ་བ་ཟློག༔ སྣོད་བཅུད་ཉམས་པ་དབྱིངས་སུ་སོལ༔ གངས་ཅན་བསྟན་འགྲོའི་ལེགས་ཚོགས་སྤེལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་ཀྱི༔ འཁོར་སྲུངས་རྐྱེན་བཟློག་བསམ་པ་སྒྲུབས༔ ཆོས་འཁོར་གཙུག་ལག་དབེན་གནས་སྐྱོངས༔ དགེ་འདུན་སྡེ་གཉིས་མངའ་ཐང་སྐྱེད༔ ཆོས་ལྡན་རྒྱལ་བློན་འབངས་བཅས་ཀྱི༔ ཡིད་ཀྱི་རེ་བ་འགྲུབ་པ་དང༔ ཕན་བདེའི་འདོད་དགུ་རྒྱས་པར་མཛོད༔ རྣལ་འབྱོར་གསང་བའི་གྲོགས་མཛོད་ལ༔ རྩ་རླུང་ཐིག་ལེའི་མདུད་པ་ཁྲོལ༔ བདེ་སྟོང་ཡེ་ཤེས་མངོན་གྱུར་ནས༔ བདེན་དོན་འགྲུབ་པའི་རྟེན་འབྲེལ་སྒྲིགས༔ མདོར་ན་ཡིད་ལ་འདོད་དགུའི་ཚོགས༔ ཐོགས་མེད་མྱུར་དུ་འགྲུབ་པར་མཛོད༔ ཀྱཻ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་མངག་གཞུག་ཆེན་པོ། དམ་ཅན་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས་ཀྱིས་སྔོན་དཔལ་ཆེན་ཧེ་རུ་ཀ །བཅོམ་ལྡན་ཤཱཀྱའི་རྒྱལ་པོ། གསང་བདག་ཕྱག་ན་རྡོ་རྗེ། ཡེ་ཤེས་ཀྱི་ཌཱ་ཀི་སེང་གེའི་གདོང་པ་ཅན། སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ། ལོ་ཆེན་བཻ་རོ་ཙཱ་ན། མཁར་ཆེན་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ཡབ་སྲས། མཆོག་གྱུར་བདེ་ཆེན་གླིང་པ་སོགས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྤྱན་སྔར་སྙིང་པོའི་བསྟན་པ་དང་སྒྲུབ་པའི་རྣལ་འབྱོར་སྐྱོང་བར་ཞལ་གྱིས་བཞེས་པའི་གཡར་དམ་མ་བསྙེལ་བར། དམ་ལྡན་རྡོ་རྗེའི་སློབ་མ་འདི་ལ་དགྱེས་པའི་ཞལ་སྟོན༔ འཛུམ་པའི་མདངས་ཕྱུངས༔ ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་ཏེ་ཆོས་དང་མཐུན་པའི་ལོངས་སྤྱོད་རྒྱ་ཆེན་པོ་བསྩལ་བ་དང༔ རྒྱལ་པོའི་ཆད་པའི་འཇིགས་པ་སོགས་འཕྲལ་རྐྱེན་ངན་པ་ཐམས་ཅད་ཞི་བ་དང༔ ཅི་བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པ་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ༔ ཞེས་བསྒྲགས་པས་བཀའ་ནོད་དེ། མ་མོ་འཁོར་བཅས་དགྱེས་ཤིང་བརྩེ་གདུང་ཆེན་པོའི་འོད་དམར་པོར་ལྟེམ་གྱིས་ཞུ་སློབ་མའི་ལྟེ་བ་ནས་ཐིམ་པས་ལུས་ངག་ཡིད་གསུམ་དང་དབྱེར་མེད་དུ་འདྲེས་པས་གདོད་ནས་རོ་གཅིག་པའི་རང་བཞིན་དབྱིངས་ཀྱི་མ་མོའི་ངང་དུ་བཅོས་བྲལ་མཉམ་པ་ཉིད་ཀྱི་ངང་སྐྱོང་དུ་བཅུག་ལ། ཤིས་པ་བརྗོད། རྗེས་དམ་ཚིག་ཁས་བླངས་སོགས་དང༌། མཆོད་ཕྲིན་གྱི་ལས་གཞུག་སྤྱི་ལྟར་བྱའོ། །གསུམ་པ་གཏེར་སྲུང་རྡོ་རྗེ་ཁྱུང་བཙུན་མའི་སྲོག་གཏད་སྒེར་དུ་བྱེད་ན། བཅའ་གཞི་དང་མཆོད་ཕྲིན་སྲོག་གཏད་ཀྱི་ཆིངས་བརྟན་མ་དང་འདྲ་བ་ལ། ཁྱད་པར་མདུན་རྟེན་མཎྜལ་ཚོམ་བུ་དམར་པོ་གཅིག་བཀོད་པའི་སྟེང་མཉྫིལ་གསང་རྟེན་ཡོད་ན་བཀོད་པའི་མདུན། ཁ་རཀ་ཁྱུང་བཙུན་གྱི་གཏོར་མ་དམར་པོ་ལྟེ་བ་ཟླ་གམ་མཐེབ་རིལ་གྱིས་བརྒྱན་པ་སྐུ་ཙཀ་དར་གྱིས་བརྒྱན་པ་དང༌། གསང་རྟེན་མེད་ན་མེ་ལོང་སྔགས་ཀྱིས་མཚན་པ་བཀོད། བདག་བསྐྱེད་གྲུབ་མཚམས། མཆོད་གཏོར་བྱིན་གྱིས་བརླབས་རྗེས། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་གཏེར་སྲུང་རྡོ་རྗེ་ཁྱུང་བཙུན་མ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཧཱུྃ་བྷྱོཿ ཡུལ་གྱི་མིང་ནི་བོད་ཡུལ་དབུས༔ སོགས་ནས། རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ བར་བཏང་ལ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་རྡོ་རྗེ་ཁ་རག་ཁྱུང་བཙུན་མ་འཁོར་བཅས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་པས་ཕྲིན་ལས་མཛད་པར་མོས་ཏེ། བཟླ་བྱའི་སྔགས། ཨོཾ་བཛྲ་མ་ཏི་ཧཱུྃ༔ སརྦ་མ་མ་པྲ་མོ་ཧ་ཙིཏྟ་ཧྲཱིཾ་ཧྲཱིཾ་དུང་དུང་ཛཿཛཿཛཿཧཱུྃ་བྃ་ཧོཿ ཞེས་པ་བཟླ། རྩ་སྔགས་ཀྱི་གཏོར་འབུལ་གྲུབ་པའི་རྗེས། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཟབ་གཏེར་སྲུང་མཛད་རྡོ་རྗེ་ཁྱུང་བཙུན་གྱིས། །སྔོན་གྱི་དམ་ཚིག་དེ་ལྟར་དྲན་གྱིས་ལ། །སྨན་རཀ་གཏོར་མའི་མཆོད་པ་འདི་བཞེས་ནས། །སངས་རྒྱས་བསྟན་པ་མཐའ་དག་རྒྱས་པར་མཛོད། །སྲོག་གཏད་ཀྱི་ལོ་རྒྱུས་དང༌། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གཏེར་སྲུང་རྡོ་རྗེ་ཁྱུང་བཙུན་མ་སྟེ། ཁྱད་པར་ཟབ་གཏེར་སྲུང་མའི་མཆོག༔ དབང་གི་ལྷ་མོ་ཙཎྜི་ཀ༔ ཁ་རག་གངས་ལ་གནས་བཅས་པའི༔ རྡོ་རྗེ་ཁྱུང་བཙུན་མཆོད་པ་ནི༔ ཞེས་སོགས་གསུངས་པ་ལྟར་དམ་ཅན་བརྟན་མ་བཅུ་གཉིས་ལས་གནོད་སྦྱིན་མོ་བཞིའི་བྱེ་བྲག་རྒྱ་གར་ནུབ་ཕྱོགས་ནགས་ཚལ་དྲྭ་བ་ཅན་དུ་ལྷ་གང་གི་ལས་རབ་འབྱམས་སྒྲུབ་པའི་ལྷ་མོ་ཙཎྜི་ཀ་སོགས་མཚན་དང་རྣམ་འཕྲུལ་ཕྲིན་ལས་མཐའ་ཡས་པའི་གཉེར་འཛིན་པ་དེའི་སྲོག་གཏད་སྒྲུབ་པ་ལ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ། མ་ཧཱ་གུ་རུ་རྡོ་རྗེ་འཛིན། །སངས་རྒྱས་བསྟན་པ་སྲུང་བ་དང༌། །ཇི་ལྟར་འདོད་པའི་དོན་སྒྲུབ་ལ། །ཁ་རག་རྡོ་རྗེ་ཁྱུང་བཙུན་མ། །སྙིང་ཉེའི་གྲོགས་སུ་བདག་ལ་སྩོལ། །ལན་གསུམ། སྐྱབས་སེམས། ཡན་ལག་བདུན་པ། སློབ་མ་ལྷར་བསྐྱེད་བསྟིམ་བརྟན་བཞུགས། གོང་གནོན་ལྷའི་གཏོར་དབང༌། འགྲན་ཟླ་མེད་པར་གྱུར་པར་མོས་པ་ནི་གཉེན་པོའི་དབང་ངོ༌། །ཞེས་པའི་བར་སྔར་བཞིན་ལ། དེ་ནས་སྲུང་མའི་སྲོག་དབང་དངོས་ལ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁ་རཀ་རྡོ་རྗེ་ཁྱུང་བཙུན་མ་འཁོར་དང་བཅས་པ་རྣམས་ལ་རེག་པས་སྙིང་གཡོས་ཏེ། རྡོ་རྗེ་སློབ་མ་རྣམས་ཀྱི་འདོད་པའི་དོན་སྒྲུབ་པའི་སླད་དུ་སྦྲན་པར་རིག་ནས། མ་གཅིག་པ་ལ་བརྩེ་ཞིང་གདུང་བ་ལྟ་བུའི་དགོངས་པས་བྱོན་ནས་ཁྱེད་རང་ལ་གུས་པ་ཆེན་པོས་འདུད་ཅིང་འདོད་པའི་དངོས་གྲུབ་སྒྲུབ་པ་ལ་གཡར་དམ་བཅས་པའི་མོས་པ་མཛོད། ཅེས་བརྡ་སྤྲད་ནས། ཧཱུྃ་བྷྱོཿ ཡུལ་གྱི་མིང་ནི་བོད་ཡུལ་དབུས༔ བཀྲ་ཤིས་བྱིན་ཆགས་རོང་གི་མདོ༔ ཁ་རཀ་རི་ལ་གནས་བཅས་པའི༔ ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ སྐུ་མདོག་དམར་སེར་སྒེག་པའི་ཉམས༔ ཉི་མ་བྱེ་བའི་གཟི་འོད་འབར༔ ཕྱག་གཡས་ཐོད་པའི་ཌཱ་རུ་འཁྲོལ༔ སྣང་སྲིད་ཐམས་ཅད་དབང་དུ་སྡུད༔ གཡོན་པས་དངུལ་དཀར་མེ་ལོང་བསྣམ༔ འཇིག་རྟེན་ཀུན་གྱི་ལེགས་ཚོགས་སྤེལ༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ སྒྲུབ་པ་པོ་ལ་དངོས་གྲུབ་སྟེར༔ ཆིབས་སུ་རྩལ་ཆེན་ཁྱུང་ལ་ཞོན༔ མཐུ་སྟོབས་ནུས་པ་བསམ་མི་ཁྱབ༔ འཁོར་དུ་མ་མོ་འབུམ་གྱིས་བསྐོར༔ བཀའ་བཙན་བྱིན་ཆེན་ལས་ལ་མྱུར༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་མ་ཏི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་གཏད། བཟླས་ལུང་ལ། ཨོཾ་བཛྲ་མ་ཏི་ཧཱུྃ༔ སརྦ་མ་མ་པྲ་མོ་ཧ་ཙིཏྟ་ཧྲཱིཾ་ཧྲཱིཾ་དུང་དུང་ཛཿཛཿ ཛཿཧཱུྃ་བྃ་ཧོཿ ལན་གསུམ། གསང་རྟེན་ཡོད་ན་དང༌། མེད་ན་སྔགས་བྱང་གཏད་དེ། རིན་ཆེན་མཛོད་ཀྱི་གཏེར་འཆང་གནོད་སྦྱིན་ཆེན་པོ་ཁ་རཀ་རྡོ་རྗེ་ཁྱུང་བཙུན་མས་རིགས་ཀྱི་བུ་འདི་ལ་འདོད་དགུའི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ༔ ཞེས་བརྗོད། ཕྱག་མཚན་གཏད་ལ། ཧཱུྃ༔ སྣང་སྲིད་དབང་སྡུད་ཌཱ་རུ་དང༔ ལེགས་ཉེས་སྟོན་པའི་མེ་ལོང་འདི༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ རིག་འཛིན་འདི་ཡི་གྲོགས་གྱིས་ཤིག༔ ཨོཾ་བཛྲ་མ་ཏི་ཧཱུྃ༔ ཞེས་བསྒོས་པས་གནོད་སྦྱིན་དབང་མོ་འཁོར་དང་བཅས་པ་དགྱེས་ཤིང་བརྩེ་གདུང་ཆེན་པོས་དེ་བཞིན་བགྱིའོ་ཞེས་ཞལ་གྱིས་བཞེས་པའི་མོས་པ་མཛོད། ཤིས་བརྗོད་དང༌། དམ་ཚིག་ཁས་བླང་སོགས་དང༌། སླར་ཡང་མཆོད་གསོལ་དང་གཏོར་མ་སྟོབ་པ་བཅས་མཐའ་རྒྱས་སུ་བྱའོ། །བརྟན་མ་དང་ཁྱུང་བཙུན་མ་གཉིས་གཏེར་ཆེན་མཆོག་གླིང་ཉིད་ཀྱིས་བཀའ་སྲུང་ཚེ་རིང་མའི་གཤམ་དུ་འབྱུང་བས་རྗེས་གནང་བྱུང་ན་ལེགས་ཕྱིར་འདི་བཞིན་བྲིས་སྤེལ་མཛོད་ཅེས་མཁན་ཆེན་རཏྣ་ལ་བཀའ་བསྩལ་ཏེ། གཏེར་ཁ་གསར་རྙིང་བྱིན་རླབས་གཅིག་དྲིལ་གྱི་གསུང་ལས་ཐོབ་ཀྱང་དཔེ་རྒྱུན་དབྱིངས་སུ་མནལ་བ་དོན་གནད་མ་ཉམས་པ་འདི་བཞིན་དབང་རྒྱུན་མ་ཆད་ཙམ་ལ་དགོས་པ་ཡོད་སྲིད་སྙམ་ནས་བཀོད་པའི་བརྒྱུད་པའང༌། གཏེར་ཆེན་མཆོག་གླིང་ནས། མཁན་ཆེན་རཏྣ། སྤྲུལ་སྐུ་བསམ་ཏན་རྒྱ་མཚོ། གཏེར་སྲས་སྤྲུལ་སྐུ་འགྱུར་མེད་ཚེ་དབང་བསྟན་འཕེལ་ལས་བདག་གིས་མནོས་པའོ། །ཟབ་གསང་རྡོ་རྗེའི་ཚིག་རྐང་གསེར་སྦྱངས་ཁམས། །རིག་འཛིན་གོང་མའི་ཕྱག་བཞེས་རིན་པོ་ཆེས། །སྤྲས་འདིས་བཀའ་གཏེར་ཟུང་འཇུག་ཤིང་རྟའི་སྲོལ། །འཕེལ་རྒྱས་དགེ་མཚན་དབྱར་མཚོ་ལྟར་རྒྱས་ཤོག །ཅེས་པའང་མཁྱེན་རྟོགས་མཚུངས་མེད་མཆོག་གླིང་གསུམ་པའི་སྐུ་གསུང་ཐུགས་ཀྱི་སྲས་དམ་པའི་ཡོན་ཏན་དུ་མས་ཐུགས་རྒྱུད་ཕྱུག་པའི་མཆོག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་བཤད་སྒྲུབ་བསྟན་པའི་ཉི་མ་དང༌། ཨེ་ཝཾ་ཆོས་ཀྱི་སྒར་ཆེན་གྱི་བྱང་འདྲེན་པ་འགྱུར་མེད་པདྨ་བཀྲ་ཤིས་དཔོན་སློབ་ནས་གསུང་བསྐུལ་ཟབ་ནན་གནང་བའི་རྐྱེན་གྱིས་ཁྱབ་བདག་འཇམ་པའི་དབྱངས་དངོས་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་དྲིན་ལས་ཆོས་ཚུལ་འདིའི་ཟབ་གསང་ཡོངས་རྫོགས་ཀྱི་སྐལ་བཟང་མངོན་དུ་གྱུར་བའི་རྙིང་སྔགས་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ལྷོ་ལྗོངས་ཆོས་ཀྱི་རྒྱལ་པོའི་མངའ་རིས་སུ་གནས་པའི་སྐབས་བྲིས་པ་ཟབ་གསང་སྙིང་པོའི་རིང་ལུགས་འཕེལ་རྒྱས་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག །མངྒ་ལཾ། དགེའོ།། །།}} | ༄༅། །མཆོག་བདེའི་ལང་ཚོའི་མེ་ཏོག་འཛུམ་པའི་འོད། །ལྷན་སྐྱེས་ཆོས་སྐུའི་དཔལ་ཡང་འགུགས་མཛད་ལྷ། །རྒྱལ་ཀུན་ཡུམ་གཅིག་རྡོ་རྗེ་བཙུན་མོའི་གཟུགས། །སྙིང་དབུས་དྷཱུ་ཏིའི་མཁའ་ལ་འཆར་གྱུར་ཅིག །ལྷ་གཅིག་དགྱེས་པའི་དགའ་སྟོན་གྱིས། །འདོད་དགུའི་མཆོག་སྦྱིན་ཕྲིན་ལས་གཏེར། །ཟབ་ལམ་གསང་བའི་གཉེར་འཛིན་དེའི། །སྲོག་དབང་ཆོ་ག་ལྷུག་པར་བཀྲལ། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཐུན་མོང་མ་ཡིན་པའི་བཀའ་སྲུང་ཚེ་རིང་མཆེད་ལྔའི་སྲོག་དབང་འབོགས་པ་གསུམ། སྦྱོར་བ་ཡོ་བྱད་གཤོམ་དང༌། དངོས་གཞི་སྒྲུབ་པའི་ཐབས། རྗེས་སྲོག་དབང་འབོག་པའོ། །དང་པོ་ནི། དུས་ཚེས་དགེ་བར་གཙང་མའི་གནས་ཁང་རྒྱན་བཀོད་མཛེས་པར་བྲེས་པའི་གུང་དུ་གཞུང་མཐུན་གྱི་སྐུ་རྟེན་མདུན་སྟེགས་བུ་སུམ་རིམ་གྱི་དང་པོ་ཐུགས་སྒྲུབ་རྩ་བའི་དཔལ་གཏོར། སྨན་རཀ་དང་བཅས་པ། སྟེགས་བར་པར་མཎྜལ་སྟེང་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་སྟེང༌། མཉྫིའི་ཁར་ཚེ་རིང་མའི་རྟེན་གཏོར་བང་རིམ་བཞི་སྟེང་ཚེ་བུམ་གྱི་ཁར་ཟླུམ་གཏོར། འཁོར་བཞི། རྒྱན་སྤྲོས་བཀོད་པ་གང་མཛེས་ལ་དར་གདུགས་སྐུ་ཙཀ་གིས་བརྒྱན་པ་བཤམས། ཚེ་རིང་མཆེད་ལྔའི་སྐུ་ཙཀ་སོ་སོ། སྲོག་འཁོར་གཞུང་མཐུན། ཕྱག་མཚན་ལྔ་དངོས་སམ་ཙཀ་ལི་སོ་སོ་བཅས་སྟབས་གང་བདེར་བཀོད། ཉེར་སྤྱོད་བདུན་བསྐོར་བཤམས་བྱ། སྟེགས་གསུམ་པར་ཚེ་རིང་མ། ཁྱུང་བཙུན། བརྟན་མ་སོགས་སྲུང་མ་སྤྱི་བྱེ་བྲག་གི་མཆོད་གཏོར་དང༌། ཆད་བརྟན། ཚོགས་མཆོད། ཇ་ཆང་དཀར་མངར་གྱི་ཕུད་སྐྱེམས། སྤོས་དཀར་དང༌། ཙནྡན་དཀར་དམར། ཨ་ག་རུ་སོགས་ཀྱི་སྦྱར་སྤོས། དཀར་བགེགས་སོགས་ཀྱང་འདུ་བྱ། སློབ་དཔོན་མདུན་དུ་ལས་བུམ། ཌཱ་དྲིལ། གཡབ་དར་སྣ་ལྔ། འཐོར་ནས་སོགས་བཀོད་ནས། གཉིས་པ་སྒྲུབ་ཐབས་དངོས་ལ། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྲིན་ལས་འབྲིང་བསྡུས་གང་རུང་གི་གཞུང་བསྲངས། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་དང༌། མཆོད་བསྟོད། གསོལ་འདེབས། ནོངས་བཤགས་བཅས་གྲུབ་པ་དང༌། ཆོས་སྐྱོང་སྤྱི་དང་ཁྱད་པར་ཚེ་རིང་མའི་ཕྲིན་ལས་རྒྱས་པ་བཏང་ལ། གཙོ་འཁོར་གྱི་བཟླས་པ་མང་དུ་བྱས་ལ་གཏོར་མ་ཕུལ་ཞིང་བསྟོད་ཕྲིན་དང༌། ཐུགས་སྒྲུབ་ཀྱི་ཚོགས་བསྐང་དང༌། འདི་ཉིད་ཀྱི་བསྐང་བཤགས་རྒྱས་པར་བྱ། གྲུབ་ན་འཁྲུགས་སྐོང་ཀྱང་བྱའོ། །གསུམ་པ་ནི། ཐུན་མོང་རིག་གཏད་ཀྱི་ཆོ་ག་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་གསུང་ལྟར་དང༌། ཐུན་མིན་སྲོག་དབང་དངོས། ཞར་བྱུང་རྗེས་འབྲང་བརྟན་མ་དང༌། གཏེར་སྲུང་ཁྱུང་བཙུན་མའི་རྗེས་གནང་གསུམ་ལས། དང་པོ་ནི། སྣོད་དུ་རུང་བའི་སློབ་མ་དམ་ཚིག་ཐུབ་ངེས་པ་ལ་ཁྲུས་བྱ་ཞིང༌། བགེགས་བསྐྲད། སྲུང་འཁོར་རྣམས་ཐུགས་སྒྲུབ་ཕྲིན་ལས་འབྲིང་བསྡུས་ལྟར་སོང་ནས། མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁྱབ་བདག་ཧེ་རུ་ཀའི་སྤྱི་དཔལ་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་གནས་སྐབས་དམ་པའི་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཡིད་བཞིན་དུ་འཕེལ་བ་དང༌། མཐར་ཐུག་རྡོ་རྗེ་བཙུན་མོའི་གོ་འཕང་ཐོབ་པར་བྱ་བའི་སླད་དུ་ལྷ་སྨན་བཀྲ་ཤིས་ཚེ་རིང་མཆེད་ལྔའི་ཐུན་མོང་མ་ཡིན་པའི་སྲོག་དབང་ཟབ་མོ་གསན་ལ་ཚུལ་བཞིན་མཆོད་བསྟོད་བསྙེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་པར་ཞུ། དེའང་བསྟན་པའི་བཀའ་སྲུང་ཆེན་མོ་འདི་ནི་ངེས་པའི་དོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་འཁོར་ལོའི་བསྒྱུར་བ་བཅོམ་ལྡན་འདས་རྡོ་རྗེ་བཙུན་མོ་དབྱིངས་ཕྱུག་ཡུམ་ཆེན་ལྔ་ཉིད། གཞན་དོན་དུ་སྤྲུལ་པའི་ཆོ་འཕྲུལ་རིགས་ལྔའི་རྣམ་རོལ་སྣ་ཚོགས་སུ་ཤར་ཏེ་བཀོད་པ་ཆེན་པོའི་ཆོ་འཕྲུལ་ཅིར་ཡང་སྟོན་པ་ལས། དཔལ་འཁོར་ལོ་སྡོམ་པ་རྡོ་རྗེ་མཁའ་འགྲོ་དང༌། མཁའ་འགྲོ་རྒྱ་མཚོའི་རྒྱུད་ནས་གསུངས་པའི་བོད་ཡུལ་ཞིང་སྐྱོང་གི་མཁའ་འགྲོ་མ་ལྷན་ཅིག་སྐྱེས་མ་ཉིད་བསྟན་སྲུང་དབང་མོའི་སྐུར་བཞེངས་པ་ཡིན་ཞིང༌། མདོར་ན་གནས་ཡུལ་དུར་ཁྲོད་ཀུན་གྱི་བདག་མོར་མཛད་ཅིང་གསང་ཆེན་བཀའི་འབྱུང་གནས་སུ་གྱུར་པ་ལས། ཕྱི་ལྟར་འཇིག་རྟེན་བོད་ཁམས་སྐྱོང་བའི་ལྷ་སྨན་ཆེན་མོ་ལྔ། ནང་ལྟར་ན་ཞིང་སྐྱོང་གི་ཌཱ་ཀི་མཆེད་ལྔ། གསང་བ་ལྟར་ན་རིགས་ཀྱི་ཡུམ་ཆེན་ལྔའི་ངོ་བོར་གྱུར་པ་ལས། གདུལ་བྱ་ཐུན་མོང་གི་སྣང་ཆར་འཇིག་རྟེན་མིག་བསྒྱུར་གྱི་ཤ་ཟའི་མཁའ་འགྲོ་ཆེན་མོ་ལྔའི་གཟུགས་སུ་བསྟན་ནས། གངས་མཐོན་མཐིང་རྒྱལ་མོའི་རི་ལ་བཞུགས་པའི་ཚུལ་གྱིས་གངས་ཅན་བོད་ཁམས་ཀྱི་སྣོད་བཅུད་མ་ལུས་པའི་དཔལ་འཛིན་པའི་ཞིང་སྐྱོང་དུ་མཛད་ནས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྤྱན་སྔར་བསྟན་པ་སྲུང་བར་ཁས་བླངས། དེ་ནས་དུར་ཁྲོད་ཆེན་པོ་སིང་ག་ལར་མཁའ་འགྲོ་རི་མ་དང༌། གྲུབ་ཆེན་ནག་པོ་སྤྱོད་པ་ལ་སོགས་གྲུབ་པ་བརྙེས་པའི་རིག་འཛིན་ཕོ་མོ་དུ་མའི་སྤྱན་སྔར་རྡོ་རྗེ་ཐེག་པའི་ཆོས་གསན་ཅིང༌། རང་དོན་དུ་རྡོ་རྗེ་ནང་གི་ས་ལམ་རྫོགས་ཤིང༌། གཞན་དོན་དུ་བསྟན་པ་སྲུང་བར་དམ་བཅས། ཁྱད་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བོད་ཡུལ་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྤྱན་དྲངས་པའི་ཚེ། ཁ་ལ་རོང་སྒོ་ནས་ཆོ་འཕྲུལ་ཆེན་པོ་དུ་མ་བསྟན་པས་སློབ་དཔོན་ཆེན་པོའི་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་བཅུག་ནས། རང་རྟགས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས། དབང་རྟགས་སུ་རྡོ་རྗེ་བྱིན་ཏེ་སྣང་སྲིད་མ་མོའི་རྗེ་མོར་མངའ་གསོལ། ཕྲིན་ལས་རྣམ་བཞིའི་འདུལ་ཐབས་བསམ་གྱིས་མི་ཁྱབ་པས་བོད་ཡུལ་དུ་སངས་རྒྱས་བསྟན་པ་གནས་ཀྱི་བར་དུ་མུ་སྟེགས་རྒྱུ་བའི་སྒོ་འཕྲང་དང་སོ་ཁ་སྲུང་བའི་གཉེར་གཏད། པདྨའི་བཀའ་འབངས་དང་བཅས་པ་མ་ཡིས་བུ་བཞིན་སྐྱོང་པར་ཁས་བླངས། མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་བ་ལ་ཐོགས་པ་མེད་པ་འདི་ཉིད་ཀྱི་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་གདམས་སྐོར་རྒྱས་བསྡུས། མངའ་བདག་ཉང་དང༌། ཆོས་དབང་རིན་པོ་ཆེའི་གཏེར་ཁ་གོང་འོག་གིས་མཚོན་བཀའ་གཏེར་དུ་མ་བཞུགས་ཤིང༌། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་སོགས་མཁས་གྲུབ་དུ་མའི་གསང་བའི་སྒྲུབ་སྡེ་མོའི་ཚུལ་དང༌། དོན་གཉིས་ཀྱི་ཕྲིན་ལས་སྒྲུབ་ཅིང༌། གདམས་ཟབ་ཕུལ་བ་སོགས་དགེ་མཚན་དུ་མ་དང་བཅས་པ་ལས། སྐབས་སུ་བབ་པ་འདི་ནི། དེ་ལྟར་བོད་ཡུལ་ཞིང་སྐྱོང་ཆེ༔ ལྷན་ཅིག་སྐྱེས་མ་གཙོ་འཁོར་གྱི༔ སྒྲུབ་ཐབས་སྙིང་པོའི་ཡང་བཅུད་འདི༔ བདག་ཉིད་པདྨ་ཐོད་ཕྲེང་གིས༔ ད་ལྟ་མངའ་བདག་རྗེ་འབངས་ཀྱི༔ ཕྲིན་ལས་སྒྲུབ་པའི་ཕོ་ཉར་གཏད༔ མ་འོངས་ལྷ་སྲས་སྐྱེ་མཐའ་དང༔ འདའ་ཀའི་དམ་ཚིག་གཅིག་ཏུ་བསྲེས༔ ཐུགས་སྒྲུབ་གསང་བའི་རྣལ་འབྱོར་རྣམས༔ སྲུང་ཞིང་སྐྱོབ་པའི་བཙས་སུ་བཞག༔ སྣང་སྲིད་མ་མོའི་ཚོགས་རྣམས་ཀྱི༔ འདུས་པ་ཆེན་པོའི་རྗེ་མོ་ནི༔ ཡེ་ཤེས་དྷཱ་ཀི་མཚོ་རྒྱལ་མས༔ མཁའ་འགྲོ་གསང་བའི་ཡི་གེར་བྲིས༔ ཁ་ལ་རོང་སྒོའི་བྲག་ལ་སྦོས༔ ལན་གཅིག་པདྨ་བདག་གི་སྲས༔ འགྲོ་འདུལ་ཡེ་ཤེས་རོལ་པ་རྩལ༔ རཏྣའི་མིང་ཅན་སྐྱེས་བུ་དང༔ འཕྲད་ནས་བོད་ཁམས་ཀུན་ལ་ཕན༔ བཻ་རོའི་སྐྱེ་མཐའ་གཡུང་དྲུང་མིང༔ བློ་གྲོས་མཐའ་ཡས་རྩལ་འཆང་བ༔ དེ་ཡིས་སྙིང་པོའི་བསྟན་པ་ལ༔ ཕན་པའི་བཙས་སུ་སྣང་བར་བྱེད༔ བཀྲ་ཤིས་ཚེ་རིང་དཔལ་གྱི་ཡུམ༔ གང་གིས་བསྙེན་ཅིང་མཆོད་པ་ལས༔ སྲིད་དང་ཞི་བའི་ལེགས་ཚོགས་དཔལ༔ དབྱར་གྱི་མཚོ་བཞིན་རབ་ཏུ་རྒྱས༔ ཞེས་གསུངས་པ་ལྟར་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ཟླ་ཉིན་ཁ་ལ་རོང་སྒོ་ནས་སྤྱན་དྲངས་པའི་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བཀའ་སྲུང་ཚུལ་དུ་ལྷ་སྨན་ཆེན་མོ་འདིའི་སྲོག་དབང་དང༌། གདམས་སྐོར་ཟབ་ལ་འདྲིལ་བར་བྱོན་པ་ལ་ཐུན་མོང་གི་རིག་གཏད་དང༌། ཐུན་མིན་གྱི་སྲོག་གཏད་གཉིས་ལས་སྐབས་འདིར་ཕྱི་མ་སྒྲུབ་པ་ལ་ཐོག་མར་དེ་ཉིད་གསན་པའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །སློབ་དཔོན་སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་དངོས་སུ་གསལ་བ་ལ་དད་གུས་དྲག་པོའི་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་དམ་པ་དགོངས་སུ་གསོལ༔ བདག་ནི་ཁྱེད་ཀྱི་བརྒྱུད་འཛིན་ཏེ༔ ཟབ་མོའི་བསྟན་པ་སྐྱོང་བའི་ཕྱིར༔ བཀའ་ཡི་སྲུང་མ་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་གྱི། བུ་ཁྱོད་བདག་གི་བརྒྱུད་འཛིན་ན༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་སྡོམ་པ་ཚུལ་བཞིན་སྲུངས༔ བསྟན་སྲུང་མཆོད་གསོལ་རྒྱུན་དུ་མཛོད༔ ཅེས་གདམས་ཏེ་རྗེས་སུ་གནང་བ་ལ་སྤྲོ་ཞིང་གུས་པ་ཆེན་པོས་ལན་གསོལ་བ་འདིའི་རྗེས་ཟློས། བླ་མའི་བཀའ་སྒྲུབ་སྲུང་མ་ཡི༔ དམ་ཚིག་མི་འདའ་སྲོག་བཞིན་གཟུང༔ ལན་གཅིག་ཞུ། རྒྱུད་དག་པར་བྱའི་སླད་དུ། སློབ་དཔོན་རིགས་ཀུན་ཁྱབ་བདག་པདྨ་ཐོད་ཕྲེང་རྩལ་རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ་ལ། བདག་སོགས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང༌། སྨོན་འཇུག་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ན་མོཿ བདག་དང་མཁའ་མཉམ་སོགས་ལས་བྱང་འབྲིང་པོའི་སྐྱབས་སེམས་ལན་གསུམ། ཞིང་མཆོག་ཁྱད་པར་ཅན་དེ་རྣམས་ཀྱི་སྤྱན་སྔར་ཡན་ལག་བདུན་པའི་སྒོ་ནས་བསགས་སྦྱང་ཚུལ་བཞིན་བྱ་བའི་འདུན་པས་དམིགས་པའི་རྣམ་པ་རེ་རེ་བཞིན་གསལ་ཐོབ་ལ་རྗེས་ཟློས། ཨོཾ་ཨཱཿཧཱུྃ་ཧྲཱིཿ རིག་འཛིན་པདྨ་འབྱུང་གནས་སོགས་ལན་གསུམ། དེ་ནས་ཁྱེད་རང་རྣམས་གཉེན་པོ་སྟོབས་ཀྱི་ལྷ་དམ་ཚིག་པར་གསལ་གདབ་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཡིད་རྩེ་གཅིག་པས་དམིགས་པ་འདི་ལྟར་དུ་སྒོམས་ཤིག །སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་གདན་ལ་ཁྱེད་རང་སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་དཀར་ལ་དམར་བའི་མདངས་ཅན་ཁྲོ་ཞིང་འཛུམ་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ནམ་མཁར་གདེངས་ཤིང་མཉམ་བཞག་བདུད་རྩིའི་ཐོད་ཞལ་ཚེ་བུམ་དང་བཅས་པ་འཛིན་པ། གྲུ་མོ་གཡོན་ན་ཁ་ཊྭཱྃ་ག་བསྟེན་ཅིང་དབུ་ལ་པདྨའི་མཉེན་ཞུ་དང༌། སྐུ་ལ་གསང་གོས་ཕོད་ཁ་ཆོས་གོས་ཟ་འོག་གི་བེར་སྨུག་རྣམས་བརྩེགས་མར་གསོལ་བ། ཞབས་རྒྱལ་པོ་རོལ་སྟབས་ཀྱིས་འཇའ་ཟེར་འོད་ཕུང་འཁྱིལ་བའི་ཀློང་ན་བཞུགས་པ། གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང༌། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་ནམ་མཁའ་གང་བར་འཕྲོས་པས། ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་སོགས་སྐུ་གསུམ་དག་པའི་ཞིང་ཁམས་རབ་འབྱམས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་གི་སྒོ་གསུམ་ལ་དབྱེར་མེད་དུ་ཐིམ་པར་མོས་ཤིག །ཌཱ་དྲིལ་སྤོས་རོལ་དབྱངས་དང་བཅས་ཏེ། ཧཱུྃ་ཧྲཱིཿ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་ཨོ་རྒྱན་ཐོད་ཕྲེང་རྩལ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་ནས་ཀྱང༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཿ ཞེས་ཡང་ཡང་བརྗོད་པས་བྱིན་དབབ། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ་ཞེས་རྡོ་རྗེ་མགོར་བཞག །དེ་ནས་མདུན་གྱི་གཏོར་མ་སླར་ཡང་བསྒྲུབ་པ་ཡིན་པས་ཚིག་རིས་དང་མཐུན་པར་སོ་སོའི་དམིགས་པ་རྩེ་གཅིག་ཏུ་མཛད་འཚལ། ཧྲཱིཿ འོད་གསལ་སྟོང་ཉིད་ངང་ལས་སོགས་ཀྱིས་ལྷ་མོ་འཁོར་བཅས་བསྐྱེད། སྤྱན་དྲངས། དམ་བཞག །མཆོད་པ་སྔགས་བཅས་འོག་གི །ཀྱཻ༔ ཡེ་ཤེས་བསྐྱེད་མཛད་སོགས་ཀྱིས་བསྟོད་པ་བཅས་བཏང་ལ། ཐུན་མོང་ཐུན་མིན་གྱི་སྲོག་གཏད་སྦྲེལ་ན་འདི་ནས་འཕྲུལ་ཤེས་པར་བྱ། སྐབས་འདིར་ཐུན་མིན་ཁོ་ནའི་དབང་དུ་བྱས་ཏེ། དེ་ནས་ཐུན་མོང་མ་ཡིན་པའི་སྲོག་དབང་གི་སླད་དུ་སློབ་མ་རྣམས་སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ་དུ་གསལ་བ་སྐད་ཅིག་གིས་གནས་གྱུར་ཏེ་གང་དུ་གནས་པའི་གོ་སར་ཐར་པ་ཆེན་པོའི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང་ཟླ་བའི་གདན་ལྔ་ཚོམ་གྱི་དབུས་སུ་སློབ་མ་རང་རང་གཙོ་མོ་བཀྲ་ཤིས་ཚེ་རིང་མ་སངས་རྒྱས་མཁའ་འགྲོ་སྐུ་མདོག་དཀར་མོ་སེང་གེ་ལ་ཆིབས་པ། ཕྱག་གཡས་ཚེ་ཡི་བར་ཆད་སྲུང་བའི་ཕྱིར་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་ཕྱར་ཞིང་དངོས་གྲུབ་སྡུད་པའི་མདའ་དར་དཀར་པོ་གཡོབ་པ། གཡོན་རིན་པོ་ཆེའི་བུམ་པ་ཚེའི་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ་དུང་གི་ཐོར་ཚུགས་ཅན། དེའི་མདུན་དུ་མཐིང་གི་ཞལ་བཟང་མ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ག་རྐྱང་བུ་ཁ་དཀར་ལ་ཆིབས་པ། ཕྱག་གཡོན་སྣང་སྲིད་གསལ་བར་སྟོན་པའི་འཕྲུལ་གྱི་མེ་ལོང་སྟོན་པ། ཨིནྡྲ་ནཱི་ལའི་ཐོར་ཚུགས་ཅན། གཡས་སུ་མི་གཡོ་གླང་བཟང་མ་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་མོ་སྟག་མོ་གྲུས་མ་ལ་ཆིབས་པ། གཡོན་རོ་མཆོག་བརྒྱ་པའི་ཟས་གཞོང་འཛིན་པ། གསེར་གྱི་ཐོར་ཚུགས་ཅན། རྒྱབ་ཏུ་ཅོད་པན་མགྲིན་བཟང་མ་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ་ཤ་བ་ཡུ་མོ་ལ་ཆིབས་པ། གཡོན་འདོད་དགུ་འབྱུང་བའི་གཏེར་གྱི་ནེའུ་ལེ་བསྣམས་པ། བྱི་རུའི་ཐོར་ཚུགས་ཅན། གཡོན་དུ་ཏལ་དཀར་འགྲོ་བཟང་མ་ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་གུ །གཡུ་འབྲུག་སྔོན་མོ་ལ་ཆིབས་པ། གཡོན་བཀྲ་ཤིས་དཱུརྦའི་རྩའི་ཆུན་པོ་ཐོགས་པ། གཡུའི་ཐོར་ཚུགས་ཅན། ཐམས་ཅད་ཀྱིས་ཕྱག་གཡས་པས་རང་མདོག་གི་མདའ་དར་གཡབ་པས་ཕྲིན་ལས་བཞིའི་དངོས་གྲུབ་སྡུད་ཅིང་སྩོལ་བ། དར་དང་རིན་པོ་ཆེའི་རྒྱན་དུ་མས་མཚར་སྡུག་འོད་དུ་ཆགས་པའི་བདེ་ཆེན་ཡེ་ཤེས་ཀྱི་མཁའ་འགྲོ་ལྔ་དངོས་སུ་གྱུར་པར་མོས་མཛོད། དེ་ནས་ལྷ་དང་སྲུང་མ་གཉིས་མེད་དུ་བྱིན་གྱིས་བརླབས་ཏེ་སྲོག་སྙིང་གཅིག་ཏུ་བསྲེ་བའི་ཕྱིར། སློབ་དཔོན་སྣང་སྲིད་ཟིལ་གནོན་དུ་གསལ་བས་མདུན་གྱི་གཏོར་མ་སྨན་བཙུན་མཆེད་ལྔ་སྣང་ཞིང་སྲིད་པའི་མ་མོ་མཁའ་འགྲོ་བརྟན་སྐྱོང་ཡ་མ་ལྷ་ཀླུ་གནོད་སྦྱིན་མིའམ་ཅི་དང་དྲི་ཟ་སྨན་མོ་འབུམ་ཕྲག་ཡངས་པའི་ཌཱ་ཀིའི་ཚོགས་དང༌། བཀའ་སྡོད་ལྷ་སྲིན་སྡེ་བརྒྱད་དཔའ་བོ་དྲང་སྲོང་རིག་འཛིན་ཡུལ་ལྷའི་ཚོགས་བསམ་གྱིས་མི་ཁྱབ་པ་རང་རང་གི་རྒྱན་དང་ཁ་དོག་ཆ་ལུགས་འཁོར་དང་བཞོན་པ་སྣ་ཚོགས་པ་དང་བཅས་པས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པ་ལྷ་སྨན་མཆེད་ལྔ་དང༌། སློབ་མ་སྲོག་སྙིང་གཅིག་ཏུ་བསྲེ་བས་དམ་ཚིག་མཚུངས་པར་སྤྱོད་པའི་ཕྱིར་དགོངས་པས་གཟིར་ཞིང་རྡོ་རྗེ་མནའ་ཆུ་བདག་མདུན་གཉིས་ཆར་སྟེར་བའི་མོས་པ་མཛོད། བླ་མས་ནང་མཆོད་ཀྱི་བདུད་རྩི་གཏོར་མ་ལ་བྲན་ཅིང་སློབ་མར་ཡང་སྦྱིན། རྡོ་རྗེ་གདེང་ལ། ཧཱུྃ༔ འདི་ནི་གསང་བའི་བདུད་རྩི་སྟེ༔ དམ་ཚིག་བསྲུངས་ན་མཆོག་དངོས་འགྲུབ༔ ཉམས་ན་བསྲེག་པར་འགྱུར་བ་ཡིན༔ དེ་ཕྱིར་བུ་དང་སྲུང་མ་གཉིས༔ ཕན་ཚུན་དམ་ལས་མ་འདའ་ཞིག༔ ཨོཾ་བཛྲ་ས་མ་ཡ་རཀྵནྟུ༔ ཞེས་དམ་ཚིག་བསྒྲགས། གཏོར་མ་ཐོགས་ལ། རྟེན་གཏོར་ཞིང་སྐྱོང་མཁའ་འགྲོའི་དབང་ཕྱུག་བཀྲ་ཤིས་ཚེ་རིང་མཆེད་ལྔ་འཁོར་སྲིད་པ་གསུམ་གྱི་སྨན་མོ་འབུམ་ཕྲག་ཡངས་པའི་ཚོགས་དང་བཅས་པ་དངོས་སུ་གསལ་བ། ཁྱེད་རང་ལ་གཏད་ཅིང་བཀའ་བསྒོས་པ་ཙམ་གྱིས་གཏོར་མའི་ལྷ་ཚོགས་ཐམས་ཅད་འོད་ཟེར་ཁ་དོག་སྣ་ལྔའི་རྣམ་པར་ཁྱེད་རང་རྣམས་ལ་ཐིམ་པས་དམ་ཡེ་གཉིས་སུ་མེད་པར་ལྷ་དང་སྲུང་མའི་སྲོག་སྙིང་གཅིག་ཏུ་འདྲེས་པས་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། ཧཱུྃ༔ འཇིག་རྟེན་སྨན་མོ་ཀུན་གྱི་གཙོ༔ བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ༔ འཁོར་དང་བཅས་པས་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ དེ་ནས་ཡེ་ཤེས་དབྱིངས་ཀྱི་རྒྱལ་མོ་མཆེད་ལྔའི་སྐུ་གསུང་ཐུགས་དང་སློབ་མའི་སྒོ་གསུམ་གཉིས་མེད་དུ་བྱིན་གྱིས་བརླབས་པས་གསང་བ་གསུམ་གྱི་སྲོག་གཏད་པའི་ཕྱིར། མདུན་དཀྱིལ་གྱི་སྨན་བཙུན་མཆེད་ལྔ་པོ་རེ་རེ་བཞིན་དངོས་སུ་བྱོན་ཏེ་ཁྱེད་རྣམས་ལ་རིམ་གྱིས་ཐིམ་པར་མོས་ཤིག །སྐུ་ཙཀ་སོ་སོར་གཏད་ལ། ཧཱུྃ༔ བོད་ཡུལ་ལྷན་ཅིག་སྐྱེས་མ་ཞིང་སྐྱོང་གཙོ༔ དོན་དུ་རྒྱལ་བའི་ཡུམ་མཆོག་རྣལ་འབྱོར་མ༔ བརྒྱུད་འཛིན་བུ་ལ་དེ་རིང་ཁྱོད་གཏད་ཀྱིས༔ ཚེ་དང་ཡེ་ཤེས་འཕེལ་བའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་དྷཱ་ཀི་ནཱི་ཨཱ་ཡུ་ཥེ་ཤྭ་རི་ས་མ་ཡ་ཛཿ ཨཱ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ མཐིང་གི་ཞལ་བཟང་སྣང་གསལ་པྲ་ཡི་བདག༔ རིགས་ཀྱི་ཡུམ་མཆོག་རྡོ་རྗེ་མཁའ་འགྲོ་མ༔ བརྒྱུད་འཛིན་བུ་ལ་དེ་རིང་ཁྱོད་གཏད་ཀྱིས༔ དུས་གསུམ་མ་འདྲེས་གསལ་བར་ཁྱོད་ཀྱིས་སྟོན༔ མཱྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ མི་གཡོ་གླང་བཟང་རྨ་གཡང་ཟས་ཀྱི་བདག༔ རིགས་ཀྱི་ཡུམ་མཆོག་རིན་ཆེན་མཁའ་འགྲོ་མ༔ བརྒྱུད་འཛིན་བུ་ལ་དེ་རིང་ཁྱོད་གཏད་ཀྱིས༔ ཅི་འདོད་ལོངས་སྤྱོད་ཟས་ཀྱི་དངོས་གྲུབ་སྩོལ༔ ལཱྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཅོད་པན་མགྲིན་བཟང་བང་མཛོད་ནོར་གྱི་བདག༔ རིགས་ཀྱི་ཡུམ་མཆོག་པདྨ་མཁའ་འགྲོ་མ༔ བརྒྱུད་འཛིན་བུ་ལ་དེ་རིང་ཁྱེད་གཏད་ཀྱིས༔ འཛད་མེད་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨཱྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཏལ་དཀར་འགྲོ་བཟང་རྐང་བཞི་ཕྱུགས་ཀྱི་བདག༔ རིགས་ཀྱི་ཡུམ་མཆོག་ཀརྨ་མཁའ་འགྲོ་མ༔ བརྒྱུད་འཛིན་བུ་ལ་དེ་རིང་ཁྱོད་གཏད་ཀྱིས༔ ནོར་ཕྱུགས་རྐང་འགྲོས་འཕེལ་བའི་དངོས་གྲུབ་སྩོལ༔ ཏཱྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་དག་གིས་ཕྱི་ལྟར་ཚེ་དང་ཡེ་ཤེས་རིགས་ནོར་སོགས་དངོས་གྲུབ་རྣམ་པ་ལྔ་ཐོགས་མེད་དུ་སྟེར་བའི་ལྷ་སྨན་ཆེན་མོ་ལྔ། ནང་ལྟར་མཁའ་འགྲོ་སྒྱུ་མ་བདེ་བ་ཆེན་པོ་རྡོ་རྗེ་ཕག་མོ་དང་སྙིང་པོའི་རྣལ་འབྱོར་མ་བཞི། གསང་བ་རིགས་ཀྱི་འཁོར་ལོའི་བསྒྱུར་བའི་རྡོ་རྗེ་བཙུན་མོ་ཡུམ་ཆེན་ལྔའི་སྐུའི་སྲོག་གཏད་པས་ཐུན་མོང་མཆོག་གི་དངོས་གྲུབ་ལ་དབང་བསྒྱུར་ནུས་པར་གྱུར་ཅིག །གཉིས་པ་གསུང་གི་སྲོག་གཏད་པའི་སླད་དུ་ངོ་བོ་རྡོ་རྗེའི་ཡེ་ཤེས་ལྔའི་རང་བཞིན་ཅན་ལ། རྣམ་པ་གསུང་རིག་པ་ཆེན་པོའི་འཁོར་ལོ་སྨན་བཙུན་ཌཱ་ཀིའི་རྒྱལ་མོ་མཆེད་ལྔའི་བླ་རྡོས་མཚན་པ་ལག་ཏུ་གཏད་ཅིང་བྱིན་པས་རིགས་ཀྱི་ལྷ་མོ་སོ་སོའི་ལས་དང་དངོས་གྲུབ་ལ་དབང་ཐོབ་པར་མོས་ཤིག །སྲོག་འཁོར་བླ་རྡོ་ལྔ་དང་བཅས་ལག་ཏུ་གཏད་ལ། ཨོཾ་བཛྲ་དྷཱ་ཀི་ནཱི་ཨཱ་ཡུ་ཥེ་ཤྭ་རི་ས་མ་ཡ་ཛཿཨཱ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ སྨན་བཙུན་ཆེན་མོ་བཀྲ་ཤིས་ཚེ་རིང་དབང་ཕྱུག་མས་རིགས་ཀྱི་བུ་འདི་ལ་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པའི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ༔ མངྒ་ལ་ཨཱ་ཡུ་ཥེ་ཤྭ་རི་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ མཱྃ་མཐིང་གི་ཞལ་བཟང་མས་རིགས་ཀྱི་བུ་འདི་ལ་སྣང་གསལ་པྲ་ཡི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ༔ མཱྃཿ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ལཱྃཿ མི་གཡོ་གླང་བཟང་མས་རིགས་ཀྱི་བུ་འདི་ལ་རྨ་གཡང་ཟས་ཀྱི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ༔ ལཱྃ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཨཱྃཿ ཅོད་པན་མགྲིན་བཟང་མས་རིགས་ཀྱི་བུ་འདི་ལ་བང་མཛོད་ནོར་གྱི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ༔ ཨཱྃ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཏཱྃཿ ཏལ་དཀར་འགྲོ་བཟང་མས་རིགས་ཀྱི་བུ་འདི་ལ་རྐང་བཞི་ནོར་ཕྱུགས་འཕེལ་བའི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ༔ ཏཱྃ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་རིགས་ལྔའི་གསུང་རིག་སྔགས་ཀྱི་སྲོག་གཏད་པས་མཁའ་འགྲོ་སོ་སོའི་ལས་དང་དངོས་གྲུབ་ཟད་མི་ཤེས་པ་ཕུལ་ནས་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ་དབང་འབྱོར་བར་མོས་མཛོད་ཅིག །ཐུགས་ཡེ་ཤེས་ཀྱི་སྲོག་གཏད་པའི་སླད་དུ་ཡེ་ཤེས་ཀྱི་ལྷ་མོ་ལྔའི་ཕྱག་མཚན་སོ་སོ་སྙིང་གར་ཐིམ་པས་བདེ་སྟོང་ཡེ་ཤེས་ཀྱི་དགོངས་པ་དང་སྲོག་སྙིང་གཅིག་ཏུ་འདྲེས་པས་མ་སྲིང་གི་བརྩེ་གདུང་བཞིན་འདི་ནས་བྱང་ཆུབ་བར་ནམ་ཡང་འབྲལ་མི་ཤེས་པའི་དམ་ཚིག་གཅིག་ཏུ་གྱུར་པར་མོས་མཛོད། ཕྱག་མཚན་སོ་སོ་གཏད་ལ། ཧཱུྃ༔ བཀྲ་ཤིས་མི་འགྱུར་རྡོ་རྗེ་དང༔ འཆི་མེད་ཚེ་ཡི་བུམ་པ་འདི༔ རིགས་ཀྱི་བུ་ལ་བྱིན་པ་ཡིས༔ སྲོག་ལ་བབ་ཀྱང་ལྷ་མོ་ཡིས༔ རིག་འཛིན་འདི་ཡི་གྲོགས་གྱིས་ཤིག༔ ཨོཾ་བཛྲ་དྷཱ་ཀི་ནཱི་ཨཱ་ཡུ་ཥེ་ཤྭ་རི་ས་མ་ཡ་ཛཿཨཱ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྣང་སྲིད་གསལ་བའི་མེ་ལོང་འདི༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ སྲོག་ལ་བབ་ཀྱང་ལྷ་མོ་ཡིས༔ རིག་འཛིན་འདི་ཡི་གྲོགས་གྱིས་ཤིག༔ མཱྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལོངས་སྤྱོད་སྣ་ཚོགས་ཟས་གཞོང་འདི༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ སྲོག་ལ་བབ་ཀྱང་ལྷ་མོ་ཡིས༔ རིག་འཛིན་འདི་ཡི་གྲོགས་གྱིས་ཤིག༔ ལཱྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདོད་དགུའི་ཆར་འབེབས་ནེའུ་ལེ་འདི༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ སྲོག་ལ་བབ་ཀྱང་ལྷ་མོ་ཡིས༔ རིག་འཛིན་འདི་ཡི་གྲོགས་གྱིས་ཤིག༔ ཨཱྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་དཱུརྦའི་ཆུན་པོ་འདི༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ སྲོག་ལ་བབ་ཀྱང་ལྷ་མོ་ཡིས༔ རིག་འཛིན་འདི་ཡི་གྲོགས་གྱིས་ཤིག༔ ཏཱྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དག་གི་ལྷ་སྨན་རིགས་ལྔའི་ཡེ་ཤེས་ཀྱི་ཕྱག་རྒྱས་དབང་བསྐུར་ཞིང་སྙིང་གར་བསྟིམ་པས་ལྷ་སྲུང་དབང་མོ་དང་སྲོག་གི་སྙིང་པོ་གཅིག་ཏུ་འདྲེས་ཏེ་ནམ་ཡང་གཡེལ་བ་མེད་པའི་ལས་ཀྱི་སྡོང་གྲོགས་མཛད་པར་གྱུར་ཅིག །དེ་ལྟར་དཔལ་ཞིང་ལས་སྐྱེས་པའི་དྷཱ་ཀིའི་དབང་ཕྱུག་མ༔ དབྱིངས་ཆོས་སྐུ་སྤྲོས་པ་དང་བྲལ་བ་ལས་མ་གཡོས་བཞིན་དུ༔ རིག་པ་རང་སྣང་ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་རྣམ་པ་ལྔ་ཡི་ཚུལ་དུ་བཞེངས་ཏེ༔ སྤྲུལ་སྐུ་སྨན་མོའི་ཚུལ་གྱིས་སངས་རྒྱས་ཀྱི་བསྟན་པ་སྲུང་བར་མཛད་པའི་སྐུ་གསུང་ཐུགས་ཀྱིས་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པའི་སྟོབས་ལས་ཆོས་ཉིད་དོན་གྱི་དགོངས་པ་རྟོགས་ན་ལྷན་སྐྱེས་ཡེ་ཤེས་ཀྱི་མཁའ་འགྲོ་ལྔ་རང་རྩལ་རང་གིས་མ་རིག་ན་རྩལ་སྣང་ཉོན་མོང་དུག་ལྔ་རུ་ཤར་ཡང༌། རང་སེམས་དངོས་མཚན་གང་དུའང་མ་གྲུབ་པའི་ངོ་བོ་ཀ་དག་ཆེན་པོའི་དགོངས་པ་ཀློང་དུ་གྱུར་ན་ལྷ་སྨན་དབྱིངས་ཕྱུག་མའི་དོན་གྱི་སྲོག་གཏད་པ་འདི་ལ་གསན་འཚལ། དཔོན་སློབ་གཉིས་ཀ་མཉམ་པར་བཞག་སྟེ། ཨཿ རིག་ན་ཡེ་ཤེས་མཁའ་འགྲོ་ལྔ༔ མ་རིག་ཉོན་མོང་དུག་ལྔ་སྟེ༔ དེ་ཡང་རང་སེམས་ཀ་དག་ངང༔ དབྱེར་མེད་ཤེས་ན་སྲོག་དབང་ངོ༔ ཨ་ཨ་ཨ་ཨ་ཨ༔ ཞེས་དགོངས་པའི་གདེང་བསྐྱེད་ལ་གཟིར། རྗེས་མེ་ཏོག་འཐོར་ཞིང་ཤིས་བརྗོད་རྒྱས་པར་སྤེལ་ལ་རོལ་མོ་བསྒྲགས། དེ་དག་གིས་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རྩ་བའི་ཆོས་སྡེའི་བཀའ་སྲུང་ཐུན་མོང་མ་ཡིན་པ་བཀྲ་ཤིས་ཚེ་རིང་མཆེད་ལྔའི་སྲོག་དབང་བཀའ་རྒྱ་ཅན་ལེགས་པར་གྲུབ་པ་སྟེ་གཞུང་རྩ་བ་ལས། ཁྱད་པར་སྲོག་གི་དབང་ཐོབ་ན༔ མཆོད་གསོལ་མེད་ཀྱང་འདུ་འབྲལ་མེད༔ འོན་ཀྱང་དམ་ཚིག་འགལ་གྱུར་ན༔ གཤེད་མར་གྱུར་ཏེ་སྲོག་ལ་འབེབས༔ དེ་ཕྱིར་ཤིན་ཏུ་དམ་པར་བྱ༔ གསང་ཞིང་སྤྱད་ན་དངོས་གྲུབ་མྱུར། ཞེས་གསུངས་པ་ལྟར༔ གསང་ཆེན་སྙིང་པོའི་བསྟན་དང་དེ་འཛིན་རྗེས་སུ་སྐྱོང་ཞིང༌། རིག་འཛིན་གྲུབ་པ་ཕོ་མོ་ལ་ལྷག་པར་འགོ་བ། ཆོས་བཞིན་སྤྱོད་པ་རྣམས་ཀྱི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པའི་སྲུང་མ་ཀུན་ལས་ཁྱད་པར་འཕགས་པ་འདིའི་སྲོག་དབང་ཟབ་མོ་གསན་ནས་རྡོ་རྗེ་ཐེག་པའི་ལྟ་སྤྱོད་ཉམས་ལེན་ལ་གནད་དུ་དྲིལ་བ་དང༌། བསྟན་སྲུང་དབང་མོ་འདི་ཉིད་མ་སྲིང་གི་འདུ་ཤེས་ཀྱིས་དད་གུས་དང༌། བསྟན་དང་བསྟན་འཛིན་གྱི་ཕྲིན་ལས་ཀྱི་དོན་དུ་མཆོད་གཏོར་བསྐང་བཤགས་རྒྱུན་དུ་འབུལ་བ་དང༌། གཙང་སྦྲ་དང་ཁྲེལ་ཡོད་ངོ་ཚ་རྒྱུ་འབྲས་ཕྲ་ཞིབ་ལ་བླང་དོར་མི་འཆོལ་བར་སྤྱོད་ཅིང༌། ལྷ་དང་བླ་མར་དད་གུས་མོས་པས་བཀའ་བཞིན་སྒྲུབ་པ་སོགས་ཐུན་མོང་དང་ཁྱད་པར་གྱི་དམ་ཚིག་རྣམས་སྲོག་བཞིན་སྲུང་བའི་གཡར་དམ་བཞེས་པས་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་དང༌། གཏང་རག་གི་མཎྜལ་ལུས་འབུལ་སོགས་སྤྱི་ལྟར་བྱ། སློབ་དཔོན་གྱིས་བསྐང་བཤགས་རྒྱས་པ་སྦྱར་ཞིང་གསོལ་མཆོད་བྱ། ཚོགས་ལ་རོལ་ཞིང་ལྷག་མ་བཏང༌། ཆོས་སྲུང་དང་ཆད་བརྟན་གྱི་གཏོར་འབུལ། གཏང་རག་གི་མཆོད་བསྟོད། ནོངས་བཤགས། རྟེན་བཞུགས་དང༌། བདག་བསྐྱེད་ཀྱི་རྗེས་རིམ་རྣམས་མཐའ་རྒྱས་སུ་བྱ་དགོས་སོ། །གཉིས་པ་རྗེས་འབྲང་བརྟན་མ་བཅུ་གཉིས་ཀྱི་སྲོག་གཏད་བྱ་ཚུལ་ལ། དང་པོ་སྦྱོར་བ་བཤམས་བཀོད་ནི། ཚེ་རིང་མའི་སྲོག་དབང་དང་སྦྲེལ་ན་དེའི་མདུན་སོགས་གང་བདེར་བཀོད་པས་རུང་ཞིང༌། འདི་ཉིད་སྒེར་དུ་བྱེད་ན་རས་བྲིས་སམ། རྡུལ་ཚོན་གྱི་པད་འདབ་བཅུ་གཉིས་ཅན་བཀོད། དབུས་སུ་མཉྫི་ལ་གོང་གནོན་གུ་རུ་ཞི་བའི་དཔལ་གཏོར་དར་གདུགས་ཀྱིས་བརྒྱན་པ་བཀོད། པད་འདབ་རྣམས་སུ་ཤར་སྟོད་ནས་བརྩམས། བདུད་མོ་བཞི་ལ་གཏོར་མ་གྲུ་གསུམ་རྩེ་གུག་ནག་པོ་བཞི། གནོད་སྦྱིན་བཞི་ལ་གྲུ་བཞི་སེར་པོའམ་དམར་པོ་བཞི། སྨན་བཙུན་བཞི་ལ་དཀར་ཟླུམ་བཞི་རྣམས་སོ་སོའི་སྐུ་གཟུགས་ཀྱི་ཙཀ་ལི་དར་གདུགས་ཀྱིས་བརྒྱན་པ་བཀོད། མདུན་དུ་བརྟན་མའི་མཆོད་གཏོར་སྤྱི་བསྡུས། ཆོས་སྐྱོང་སྤྱི་དང༌། ཆད་བརྟན་སོགས་ཉེར་མཁོ་རྣམས་དང༌། སྨན་རཀ །ཉེར་སྤྱོད། གསེར་གཡུའི་སྐྱེམས། འོ་ཆང་དང་རྒྱ་ཇའི་ཕུད་དཀར་མངར་གྱི་བཟའ་བཏུང༌། སྨན་ཤིང་དང༌། སྤོས་དཀར། ཨ་གར་ཙནྡན་གྱི་བདུག་པ་སོགས་འདུ་བྱའོ། །གཉིས་པ་མཆོད་ཕྲིན་ནི། གོང་གནོན་ལྷའི་བདག་བསྐྱེད་ཐུགས་སྒྲུབ་ཕྲིན་ལས་འབྲིང་བསྡུས་གང་རུང་ངམ། རྒྱུན་གྱི་བཀོལ་བྱང་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བ་དང༌། མཆོད་པ་རྣམས། བསང་སྦྱངས། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨ་ལས་བྷཉྫ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་དངོས་པོ་རྣམས་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱ་ཧཱུྃ༔ པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱ། ཤཔྟ་ཨཱ་ཧཱུྃ༔ ཞེས་ཕྱི་མཆོད་དང༌། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གནས་པའི་ཡེ་ཤེས་ཀྱི་ཀ་པཱ་ལའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་མེ་རླུང་གིས་སྦྱངས། ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་གཏོར་མའི་རྡུལ་ཕྲ་རབ་རེ་རེ་བཞིན་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། འབྲུ་གསུམ་དང༌། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བ་ལིཾ་ཏ་ཨཱ་ཧཱུྃ༔ ལན་གསུམ་གྱིས་སྦྱངས་རྟོགས་སྦར་ལ། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་ནག་མོ་བཞིན་མི་སྡུག་པའི་བུ་མོ་བདུད་མོ་ཆེན་མོ་བཞི་དང༌། དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་ཆེན་མོ་བཞི་དང༌། དཀར་ཤམ་བཞིན་བཟང་མ་ཡི་བུ་མོ་སྨན་བཙུན་ཆེན་མོ་བཞི་སྟེ། བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་བཅུ་གཉིས་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་སྤྱན་དྲངས་པར་གྱུར། སྤོས་རོལ་སྙན་པའི་དབྱངས་དང་བཅས་ཏེ། ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་སོགས་ནས། ཐོགས་མེད་མྱུར་དུ་འགྲུབ་པར་མཛོད༔ བར་བཏང་ལ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་དམ་ཅན་བརྟན་མ་བཅུ་གཉིས་འཁོར་བཅས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་པས་ཕྲིན་ལས་མཛད་པར་མོས་ཏེ། ཨོཾ་མ་མ༔ ཁ་ཁ༔ ལ་ལ༔ ལེ་ལེ༔ ཏཱ་ཏཱ༔ ཏེ་ཏེ༔ ཁ་རཀྨ་མ་མ་སྲིང་འགྲོ་མ་བྷྱོ་ཧཱུྃ༔ ཞེས་ཅི་རིགས་བཟླས་མཐར། གཏོར་མར་ཤ་མར་ཆང་དང་བདུད་རྩིས་བྲན་ནས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཧཱུྃ༔ མ་མ༔ ཁ་ཁ༔ ལ་ལ༔ ལེ་ལེ༔ ཏཱ་ཏཱ༔ ཏེ་ཏེ༔ ཁ་རཀྨ་མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ༔ བརྟན་མ་བཅུ་གཉིས་ཀྱི་ཞལ་དུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་མཆོད་ཅིང་སྨན་རཀ་ཀྱང་སྦྲེང་ངོ༌། །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱིས། །སྔོན་གྱི་དམ་ཚིག་དེ་ལྟར་དྲན་གྱིས་ལ། །སྨན་རཀ་གཏོར་མའི་མཆོད་པ་འདི་བཞེས་ནས། །སངས་རྒྱས་བསྟན་པ་མཐའ་དག་རྒྱས་པར་མཛོད། །ཅེས་གསོལ། གསུམ་པ་སྲོག་གཏད་ཀྱི་ཆོ་ག་ནི། སློབ་མའི་བྱ་བ་ཁྲུས་དང་བགེགས་བསྐྲད་སོང་ནས། མཚམས་སྦྱོར། འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་ལས་ཀྱི་གཉེར་འཛིན་ཅིང༌། དཔལ་ཧེ་རུ་ཀ་དང་གྲུབ་པའི་རིག་འཛིན་རྣམས་ཀྱིས་བཀའི་ཐ་ཚིག་ཕོག་པས་རྗེས་འཇུག་རྣམས་ཀྱི་འགལ་རྐྱེན་སེལ་ཞིང་ལེགས་ཚོགས་སྤེལ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་གྲོགས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་དགེ་འདུན་དུ་གཏོགས་པའི་ཡེ་ཤེས་དང༌། ལས་དང༌། འཇིག་རྟེན་གྱི་སྲུང་མ་རྒྱ་ཆེར་བཞུགས་པ་ལས། འདིར་ངོ་བོ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་དཔལ་ཧེ་རུ་ཀ་མཁའ་འགྲོ་སྒྱུ་མ་བདེ་མཆོག་གི་དཀྱིལ་འཁོར་ཆེན་པོའི་སྙིང་པོའི་རྣལ་འབྱོར་མ་བཞི་དང༌། སྒོ་མཚམས་ཀྱི་མཁའ་འགྲོ་ཆེན་མོ་བརྒྱད་དང་ཐ་མི་དད་པ། རྣམ་པ་དམ་ཚིག་གི་མ་མོ་བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་བཅུ་གཉིས་ཕྲིན་ལས་མྱུར་མགྱོགས་ཀྱི་ཕོ་ཉར་གྲུབ་པས་རྣལ་འབྱོར་གྲུབ་པ་ཕོ་མོ་ཡོངས་ཀྱི་བཀའ་སྡོད། ཁྱད་པར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱིས་བསྟན་པ་སྲུང་བར་དབང་བསྐུར་ཞིང་ཕྲིན་ལས་ཀྱི་གཉེར་གཏད། སླར་ཡང་བལ་བོད་ཀྱི་སོ་མཚམས་ཁ་ལ་རོང་སྒོ་ལ་སོགས་པར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཆོ་འཕྲུལ་དུ་མས་ཉམས་སད་པར་མཛད་མ་ཐག་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་བཅུག །རང་རྟགས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས། དབང་རྟགས་སུ་རྡོ་རྗེ་བྱིན་ཏེ་གསང་བའི་མཚན་སོ་སོར་བཏགས་ཤིང་རྡོ་རྗེའི་དཀྱིལ་འཁོར་ཡོངས་ཀྱི་བཀའ་སྲུང་དུ་དམ་ཕོག་གངས་ཅན་དུ་སངས་རྒྱས་བསྟན་པ་གནས་ཀྱི་བར་ལྟ་ལོག་མུ་སྟེགས་ཀྱི་རྒོལ་བ་སྲུང་བ་ལ་སོགས་བོད་ཁམས་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པས་སྐྱོང་བར་བཀའ་བསྒོས་ཤིང་རང་རང་གི་ཁས་བླངས་དམ་བཅས་པ་ལྟར། བོད་ཡུལ་སྤྱི་དང་གསང་ཆེན་སྙིང་པོའི་བསྟན་སྲུང་དེ་འཛིན་བཅས་བུ་བཞིན་སྐྱོང་ཞིང༌། ཕྲིན་ལས་རྣམ་པ་བཞི་ལ་ཐོགས་པ་མེད་པའི་མཐུ་རྩལ་མངའ་བ། ནང་དུ་སྙིང་ཉེ་ལ་བཀྲ་ཤིས། ཕྱི་རུ་རྣོ་མྱུར་ཆེན་མོ། རིག་འཛིན་སྒྲུབ་པ་པོའི་རེ་བ་ཡིད་བཞིན་སྐོང་བའི་དབང་གི་རྒྱལ་པོ་ལྟ་བུ་འདི་ལ། བརྟན་མ་ལས་རྒྱ་མཚོའི་རྒྱུད་དང་བསྙེན་སྒྲུབ་མཆོད་སྐོང་ལས་ཕྲན་སོགས་ཀུན་གྱི་རྩ་བ་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་མངའ་བདག་ཉང་ཉི་མ་འོད་ཟེར་དང༌། གུ་རུ་ཆོས་དབང་གི་གཏེར་བྱོན་སོགས་དུ་མ་མཆིས་པ་ལས། སྐབས་སུ་བབ་པ་རིག་འཛིན་རྩལ་འཆང་རྣམ་གཉིས་ལ་ཐུགས་སྒྲུབ་སྐོར་བཞིའི་ཐོག་མ། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བཀའ་སྲུང་བཀྲ་ཤིས་ཚེ་རིང་མའི་ཆོས་སྐོར་ལས་བྱོན་པ་སྟེ། གཞུང་ཉིད་ལས། སྨན་བཙུན་ཆེན་མོ་མཆེད་ལྔ་དང༔ བོད་སྐྱོང་བརྟན་མ་བཅུ་གཉིས་པོ༔ ངོ་བོ་ཆོས་ཀྱི་དབྱིངས་སུ་གཅིག༔ རྣམ་པ་གཅིག་དང་ཐ་དད་ཀྱི༔ སྒྱུ་མའི་རོལ་པ་ཅིར་ཡང་སྟོན༔ ཞེས་གསུངས་པའི་སྲོག་གཏད་སྒྲུབ་པ་ལ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ། མ་ཧཱ་གུ་རུ་རྡོ་རྗེ་འཛིན། །སངས་རྒྱས་བསྟན་པ་སྲུང་བ་དང༌། །ཇི་ལྟར་འདོད་པའི་དོན་སྒྲུབ་ལ། །མཁའ་འགྲོ་མ་མོ་བརྟན་མའི་ཚོགས། །སྙིང་ཉེའི་གྲོགས་སུ་བདག་ལ་སྩོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་སོགས། སྐྱབས་སེམས། ཡན་ལག་བདུན་པ། སློབ་མ་ལྷ་བསྐྱེད་བྱིན་དབབ་བརྟན་བཅས་ཚེ་རིང་མའི་སྐབས་ལྟར་སྔོན་དུ་འགྲོ་བས། དེ་ནས་གཉེན་པོ་སྟོབས་ཀྱི་ལྷས་རྡོ་རྗེ་གསུམ་གྱི་དབང་འབོགས་པ་ལ། མདུན་བསྐྱེད་དཀྱིལ་འཁོར་དབུས་ཀྱི་གཏོར་མ་རང་བཞིན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་འབྱོར་པ་རྒྱ་མཚོས་ཁྱད་པར་དུ་བྱས་པའི་སྙིང་པོར་སློབ་དཔོན་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོའི་འཁོར་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་བསམ་གྱིས་མི་ཁྱབ་པས་བསྐོར་བ་རྣམས་སྐུ་དགྱེས་པའི་འཛུམ་མདངས་ཤིག་ཤིག །གསུང་སྙན་པའི་བཞད་སྒྲ་དིར་དིར། ཐུགས་མཁྱེན་བརྩེའི་ཡེ་ཤེས་ཀྱི་དགོངས་པའི་རྩལ་ཆེན་སྤར་ཏེ་བྱིན་རླབས་དངོས་གྲུབ་ཀྱི་ཆར་རྒྱུན་སྐུའི་གནས་གསུམ་ལས་འོད་ཟེར་བདུད་རྩིའི་ཟིལ་པ་དཀར་དམར་མཐིང་གའི་རྣམ་པ་ཅན་སྤྲོས་ཏེ། སློབ་མའི་གནས་གསུམ་དུ་སིབ་སིབ་ཐིམ་པས་རྡོ་རྗེའི་གསང་བ་གསུམ་གྱི་དབང་ཐོབ་པས་ལུས་ངག་ཡིད་གསུམ་ཐ་མལ་དུ་ཞེན་པའི་འཁྲུལ་རྟོགས་སྦྱངས། སྐུ་གསུང་ཐུགས་རྡོ་རྗེའི་རྣལ་འབྱོར་ཟབ་མོ་སྒོམ་པའི་སྣོད་རུང་དུ་སྨིན། དག་པ་ཡེ་ཤེས་ཀྱི་གསང་བ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད། བླ་མའི་གཏོར་ཆེན་བཏེགས་ལ། ཧཱུྃ༔ རྒྱལ་བའི་རྣམ་འཕྲུལ་པདྨ་འབྱུང་གནས་ཀྱིས༔ བོད་འབངས་རྣམས་ལ་ཐུགས་རྗེས་བརྩེར་དགོངས་ཏེ༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་ཀྱི་དགོངས་པ་ལས་ཅན་བུ་ལ་གཏད༔ སྡུག་བསྔལ་སྐྱོབ་ཕྱིར་གུ་རུའི་དབང་བསྐུར་བས༔ སྐལ་ལྡན་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ༔ གུ་རུའི་ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ གུ་རུའི་བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ གུ་རུའི་དགོངས་པས་འདི་ལ་བྱིན་གྱིས་རློབས༔ གུ་རུའི་ནུས་པས་འདི་ཡི་བར་ཆད་སོལ༔ འབྱུང་བཞི་ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ རྩ་རླུང་ནང་གི་བར་ཆད་ནང་དུ་སོལ༔ གཟུང་འཛིན་གསང་བའི་བར་ཆད་དབྱིངས་སུ་སོལ༔ སྐལ་ལྡན་སློབ་མ་རྣམས་ལ་བསྐྱབ་ཏུ་གསོལ༔ དབང་དང་བྱིན་རླབས་དངོས་གྲུབ་དེང་འདིར་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་གནས་བཞིར་བཞག །མཐར། གཏོར་མའི་ལྷ་ཡང་སློབ་མ་ལ་ཐིམ་པས་འཁོར་འདས་ཀུན་གྱི་དབང་ཕྱུག་ཆེ་བཙན་འགྲན་ཟླ་མེད་པར་གྱུར་པར་མོས་པ་ནི་གཉེན་པོའི་དབང་ངོ༌། །དེ་ནས་སྲུང་མའི་སྲོག་དབང་དངོས་ལ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་བརྟན་མ་རྣམས་ལ་རེག་པས་སྙིང་གཡོས་ཏེ། རྡོ་རྗེའི་སློབ་མ་རྣམས་ཀྱི་འདོད་པའི་དོན་སྒྲུབ་པའི་སླད་དུ་སྦྲན་པར་རིག་ནས། མས་བུ་གཅིག་པ་ལ་བརྩེ་ཞིང་གདུང་བ་ལྟ་བུའི་དགོངས་པས། རིམ་བཞིན་བྱོན་ནས་ཁྱེད་རང་ལ་གུས་པ་ཆེན་པོས་འདུད་ཅིང་འདོད་པའི་དངོས་གྲུབ་སྒྲུབ་པ་ལ་གཡར་དམ་བཅས་པའི་མོས་པ་མཛོད། ཅེས་བརྡ་སྤྲད་ནས་བདུད་མོ་གནོད་སྦྱིན་སྨན་མོ་བཞི་བཞིས་གཏོར་མ་གྲལ་རིམ་བཞིན་གཏད་དེ། ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ ནག་པོ་བདུད་ཀྱི་བུ་མོ་ཆེ༔ རྡོ་རྗེ་ཀུན་བཟང་སྐུ་མདོག་མཐིང༔ ཕྱག་ན་རྡོ་རྗེ་ཚེ་བུམ་འཛིན༔ ཆིབས་སུ་སེང་གེ་དཀར་མོ་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག །ཨོཾ་བཛྲ་ར་སི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ ནག་པོ་བདུད་ཀྱི་བུ་མོ་ཆེ༔ རྡོ་རྗེ་ཀུན་གྲགས་སྐུ་མདོག་མཐིང༔ ཆུ་སྲིན་རྒྱལ་མཚན་མེ་ལོང་བསྣམས༔ ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་ལི་ཧཱུྃ་ཨ་བྷིཥིཉྩ་ཧཱུྃ༔ ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ ནག་པོ་བདུད་ཀྱི་བུ་མོ་ཆེ༔ ཧ་རི་རྡོ་རྗེ་ཡ་མ་སྔོ༔ ཕྱག་ན་ཤང་ལང་ཞགས་པ་བསྣམས༔ ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་ནཱིརྟི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ ནག་པོ་བདུད་ཀྱི་བུ་མོ་ཆེ༔ འབྲོག་ཆེན་རྡོ་རྗེ་བགེགས་གཙོ་ནག༔ རུ་མཚོན་རྩེ་ལྔ་ཞགས་པ་འཛིན༔ ཆིབས་སུ་དྲེའུ་སྔོན་མོ་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་མ་མ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོ༔ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ དམར་པོ་གནོད་སྦྱིན་བུ་མོ་ཆེ༔ ཤ་མེད་རྡོ་རྗེ་གཡུ་བུན་མ༔ གསེར་གྱི་ཟོར་བ་གཏེར་བུམ་བསྣམས༔ ཆིབས་སུ་ཤ་བ་ཡུ་མོ་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་ལཱ་སྱ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ དམར་པོ་གནོད་སྦྱིན་བུ་མོ་ཆེ༔ ཁ་རག་ཁྱུང་བཙུན་སྐུ་མདོག་དཀར༔ ཕྱག་གཉིས་ཌཱ་རུ་མེ་ལོང་བསྣམས༔ ཆིབས་སུ་མཁའ་ལྡིང་ཁྱུང་ཆེན་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་མ་ཏི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ དམར་པོ་གནོད་སྦྱིན་བུ་མོ་ཆེ༔ གསེར་ཆེན་མཁའ་ལྡིང་ཀླུ་མོ་དམར༔ ཕྱག་ན་སྦྲུལ་ཞགས་ཕུར་པ་ཐོགས༔ ཆིབས་སུ་གྱི་ལིང་རྟ་སེར་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པ་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་ཏིང་བྷ་རི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ དམར་པོ་གནོད་སྦྱིན་བུ་མོ་ཆེ༔ རྨ་རི་རབ་འབྱམས་དྲག་མོ་སེར༔ ཕྱག་ན་བེ་ཅོན་ཟས་གཞོང་བསྣམས༔ ཆིབས་སུ་གཅན་གཟན་འཕར་བ་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་པྲ་ཀ་མ་ཏི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོ༔ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ དཀར་ཤམ་སྨན་གྱི་བུ་མོ་ཆེ༔ ཀོང་བཙུན་དེ་མོ་སྐུ་མདོག་སྨུག༔ ཕྱག་ན་མདའ་དར་སྒྲོམ་བུ་བསྣམས༔ ཆིབས་སུ་མགྱོགས་འགྲོ་གཡུ་རྔོག་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་སིང་ཨ་སི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོ༔ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ དཀར་ཤམ་སྨན་གྱི་བུ་མོ་ཆེ༔ བཙན་ལ་རོལ་པའི་སྨན་གཅིག་ལྗང༔ ཕྱག་ན་དར་དཀར་འབྲང་རྒྱས་བསྣམས༔ ཆིབས་སུ་མཛོ་མོ་དཀར་མོ་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་མི་ལི་བྷ་ཏ་ལ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ དཀར་ཤམ་སྨན་གྱི་བུ་མོ་ཆེ༔ ཨུག་ཆོས་ཡ་མ་བསིལ་དམར་མོ༔ ཕྱག་ན་ཏིང་ཤག་སྐད་སྙན་ཐོགས༔ ཆིབས་སུ་རུས་སྦལ་མགོ་དགུ་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་ཏེ་ཧཱ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་བྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོ༔ ནང་དུ་འཕོ་བ་བཅུ་གཉིས་ཚུལ༔ དོན་ལ་བདེན་དོན་ཡན་ལག་གཟུགས༔ དཀར་ཤམ་སྨན་གྱི་བུ་མོ་ཆེ༔ གཡུ་དྲིལ་རྡོ་རྗེ་གཟུགས་ལེགས་དམར༔ ཕྱག་ན་པདྨ་དྲིལ་བུ་བསྣམས༔ ཆིབས་སུ་སྟག་མོ་རི་བཀྲ་ཆིབས༔ སོ་སོའི་གཡོག་འཁོར་སྤྲུལ་པར་བཅས༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་པྲེ་ཏ་མ་ཏི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ བཟླས་ལུང་ནི། སློབ་དཔོན་ལ་གུས་འདུད་བྱས་པས་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་བརྒྱུད་བསྐུལ་དེ་དག་གི་ཐུགས་ཀ་ནས་སྲོག་སྙིང་དམར་ནར་གྱིས་བྱུང་བ་སློབ་མའི་ཞལ་དུ་ཞུགས་སྙིང་གར་ཐིམ་པས་མ་མོ་རྣམས་དབང་དུ་འདུས་གསུང་གི་བྱིན་རླབས་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་བསམ་ལ། གོང་གནོན་བཛྲ་གུ་རུའི་རྩ་སྔགས་དང༌། ཨོཾ་མ་མ༔ ཁ་ཁ༔ ལ་ལ༔ ལེ་ལེ༔ ཏཱ་ཏཱ༔ ཏེ་ཏེ༔ ཁ་རཀྨ་མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ལན་གསུམ་བཟླར་བཅུག །དེ་ནས་གཏོར་མ་ཐམས་ཅད་སྣོད་གཅིག་ཏུ་བཀོད་པ་སློབ་མའི་ལག་ཏུ་གཏད་ལ། ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཁྲག་འཐུང་དང༔ དབྱིངས་ཀྱི་མཁའ་འགྲོ་སེང་ཧ་མས༔ འདའ་ཀ་རྡོ་རྗེའི་གཉེར་གཏད་ནས༔ དམ་ཚིག་ཕོག་པ་དུས་འདིར་དགོངས༔ བར་དུ་རུ་བཞིའི་སོ་མཚམས་དང༔ ཁ་ལ་རོང་སྒོའི་གནས་རྣམས་སུ༔ བདག་ཉིད་པདྨ་ཐོད་ཕྲེང་ལ༔ གཡར་དམ་བཅས་པའི་ཕྲིན་ལས་སྒྲུབས༔ ཐ་མ་པདྨའི་སྔགས་བརྒྱུད་ཀྱིས༔ རྒྱུན་དུ་མཆོད་ཅིང་བསྟེན་པ་ཡིས༔ ལས་ཀྱི་འབྲས་བུ་དེང་འཚལ་བས༔ མ་གཡེལ་མ་མོ་བརྟན་མའི་ཚོགས༔ ཐུགས་དམ་མཐུ་རྩལ་དཔུང་བསྐྱེད་ལ༔ བོད་ཡུལ་རུ་བཞིའི་སོ་ཁ་སྲུངས༔ ཀླ་ཀློ་གདུག་པའི་འཚེ་བ་ཟློག༔ སྣོད་བཅུད་ཉམས་པ་དབྱིངས་སུ་སོལ༔ གངས་ཅན་བསྟན་འགྲོའི་ལེགས་ཚོགས་སྤེལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་ཀྱི༔ འཁོར་སྲུངས་རྐྱེན་བཟློག་བསམ་པ་སྒྲུབས༔ ཆོས་འཁོར་གཙུག་ལག་དབེན་གནས་སྐྱོངས༔ དགེ་འདུན་སྡེ་གཉིས་མངའ་ཐང་སྐྱེད༔ ཆོས་ལྡན་རྒྱལ་བློན་འབངས་བཅས་ཀྱི༔ ཡིད་ཀྱི་རེ་བ་འགྲུབ་པ་དང༔ ཕན་བདེའི་འདོད་དགུ་རྒྱས་པར་མཛོད༔ རྣལ་འབྱོར་གསང་བའི་གྲོགས་མཛོད་ལ༔ རྩ་རླུང་ཐིག་ལེའི་མདུད་པ་ཁྲོལ༔ བདེ་སྟོང་ཡེ་ཤེས་མངོན་གྱུར་ནས༔ བདེན་དོན་འགྲུབ་པའི་རྟེན་འབྲེལ་སྒྲིགས༔ མདོར་ན་ཡིད་ལ་འདོད་དགུའི་ཚོགས༔ ཐོགས་མེད་མྱུར་དུ་འགྲུབ་པར་མཛོད༔ ཀྱཻ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་མངག་གཞུག་ཆེན་པོ། དམ་ཅན་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས་ཀྱིས་སྔོན་དཔལ་ཆེན་ཧེ་རུ་ཀ །བཅོམ་ལྡན་ཤཱཀྱའི་རྒྱལ་པོ། གསང་བདག་ཕྱག་ན་རྡོ་རྗེ། ཡེ་ཤེས་ཀྱི་ཌཱ་ཀི་སེང་གེའི་གདོང་པ་ཅན། སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ། ལོ་ཆེན་བཻ་རོ་ཙཱ་ན། མཁར་ཆེན་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ཡབ་སྲས། མཆོག་གྱུར་བདེ་ཆེན་གླིང་པ་སོགས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྤྱན་སྔར་སྙིང་པོའི་བསྟན་པ་དང་སྒྲུབ་པའི་རྣལ་འབྱོར་སྐྱོང་བར་ཞལ་གྱིས་བཞེས་པའི་གཡར་དམ་མ་བསྙེལ་བར། དམ་ལྡན་རྡོ་རྗེའི་སློབ་མ་འདི་ལ་དགྱེས་པའི་ཞལ་སྟོན༔ འཛུམ་པའི་མདངས་ཕྱུངས༔ ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་ཏེ་ཆོས་དང་མཐུན་པའི་ལོངས་སྤྱོད་རྒྱ་ཆེན་པོ་བསྩལ་བ་དང༔ རྒྱལ་པོའི་ཆད་པའི་འཇིགས་པ་སོགས་འཕྲལ་རྐྱེན་ངན་པ་ཐམས་ཅད་ཞི་བ་དང༔ ཅི་བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པ་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ༔ ཞེས་བསྒྲགས་པས་བཀའ་ནོད་དེ། མ་མོ་འཁོར་བཅས་དགྱེས་ཤིང་བརྩེ་གདུང་ཆེན་པོའི་འོད་དམར་པོར་ལྟེམ་གྱིས་ཞུ་སློབ་མའི་ལྟེ་བ་ནས་ཐིམ་པས་ལུས་ངག་ཡིད་གསུམ་དང་དབྱེར་མེད་དུ་འདྲེས་པས་གདོད་ནས་རོ་གཅིག་པའི་རང་བཞིན་དབྱིངས་ཀྱི་མ་མོའི་ངང་དུ་བཅོས་བྲལ་མཉམ་པ་ཉིད་ཀྱི་ངང་སྐྱོང་དུ་བཅུག་ལ། ཤིས་པ་བརྗོད། རྗེས་དམ་ཚིག་ཁས་བླངས་སོགས་དང༌། མཆོད་ཕྲིན་གྱི་ལས་གཞུག་སྤྱི་ལྟར་བྱའོ། །གསུམ་པ་གཏེར་སྲུང་རྡོ་རྗེ་ཁྱུང་བཙུན་མའི་སྲོག་གཏད་སྒེར་དུ་བྱེད་ན། བཅའ་གཞི་དང་མཆོད་ཕྲིན་སྲོག་གཏད་ཀྱི་ཆིངས་བརྟན་མ་དང་འདྲ་བ་ལ། ཁྱད་པར་མདུན་རྟེན་མཎྜལ་ཚོམ་བུ་དམར་པོ་གཅིག་བཀོད་པའི་སྟེང་མཉྫིལ་གསང་རྟེན་ཡོད་ན་བཀོད་པའི་མདུན། ཁ་རཀ་ཁྱུང་བཙུན་གྱི་གཏོར་མ་དམར་པོ་ལྟེ་བ་ཟླ་གམ་མཐེབ་རིལ་གྱིས་བརྒྱན་པ་སྐུ་ཙཀ་དར་གྱིས་བརྒྱན་པ་དང༌། གསང་རྟེན་མེད་ན་མེ་ལོང་སྔགས་ཀྱིས་མཚན་པ་བཀོད། བདག་བསྐྱེད་གྲུབ་མཚམས། མཆོད་གཏོར་བྱིན་གྱིས་བརླབས་རྗེས། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་གཏེར་སྲུང་རྡོ་རྗེ་ཁྱུང་བཙུན་མ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཧཱུྃ་བྷྱོཿ ཡུལ་གྱི་མིང་ནི་བོད་ཡུལ་དབུས༔ སོགས་ནས། རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ བར་བཏང་ལ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་རྡོ་རྗེ་ཁ་རག་ཁྱུང་བཙུན་མ་འཁོར་བཅས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་པས་ཕྲིན་ལས་མཛད་པར་མོས་ཏེ། བཟླ་བྱའི་སྔགས། ཨོཾ་བཛྲ་མ་ཏི་ཧཱུྃ༔ སརྦ་མ་མ་པྲ་མོ་ཧ་ཙིཏྟ་ཧྲཱིཾ་ཧྲཱིཾ་དུང་དུང་ཛཿཛཿཛཿཧཱུྃ་བྃ་ཧོཿ ཞེས་པ་བཟླ། རྩ་སྔགས་ཀྱི་གཏོར་འབུལ་གྲུབ་པའི་རྗེས། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཟབ་གཏེར་སྲུང་མཛད་རྡོ་རྗེ་ཁྱུང་བཙུན་གྱིས། །སྔོན་གྱི་དམ་ཚིག་དེ་ལྟར་དྲན་གྱིས་ལ། །སྨན་རཀ་གཏོར་མའི་མཆོད་པ་འདི་བཞེས་ནས། །སངས་རྒྱས་བསྟན་པ་མཐའ་དག་རྒྱས་པར་མཛོད། །སྲོག་གཏད་ཀྱི་ལོ་རྒྱུས་དང༌། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གཏེར་སྲུང་རྡོ་རྗེ་ཁྱུང་བཙུན་མ་སྟེ། ཁྱད་པར་ཟབ་གཏེར་སྲུང་མའི་མཆོག༔ དབང་གི་ལྷ་མོ་ཙཎྜི་ཀ༔ ཁ་རག་གངས་ལ་གནས་བཅས་པའི༔ རྡོ་རྗེ་ཁྱུང་བཙུན་མཆོད་པ་ནི༔ ཞེས་སོགས་གསུངས་པ་ལྟར་དམ་ཅན་བརྟན་མ་བཅུ་གཉིས་ལས་གནོད་སྦྱིན་མོ་བཞིའི་བྱེ་བྲག་རྒྱ་གར་ནུབ་ཕྱོགས་ནགས་ཚལ་དྲྭ་བ་ཅན་དུ་ལྷ་གང་གི་ལས་རབ་འབྱམས་སྒྲུབ་པའི་ལྷ་མོ་ཙཎྜི་ཀ་སོགས་མཚན་དང་རྣམ་འཕྲུལ་ཕྲིན་ལས་མཐའ་ཡས་པའི་གཉེར་འཛིན་པ་དེའི་སྲོག་གཏད་སྒྲུབ་པ་ལ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ། མ་ཧཱ་གུ་རུ་རྡོ་རྗེ་འཛིན། །སངས་རྒྱས་བསྟན་པ་སྲུང་བ་དང༌། །ཇི་ལྟར་འདོད་པའི་དོན་སྒྲུབ་ལ། །ཁ་རག་རྡོ་རྗེ་ཁྱུང་བཙུན་མ། །སྙིང་ཉེའི་གྲོགས་སུ་བདག་ལ་སྩོལ། །ལན་གསུམ། སྐྱབས་སེམས། ཡན་ལག་བདུན་པ། སློབ་མ་ལྷར་བསྐྱེད་བསྟིམ་བརྟན་བཞུགས། གོང་གནོན་ལྷའི་གཏོར་དབང༌། འགྲན་ཟླ་མེད་པར་གྱུར་པར་མོས་པ་ནི་གཉེན་པོའི་དབང་ངོ༌། །ཞེས་པའི་བར་སྔར་བཞིན་ལ། དེ་ནས་སྲུང་མའི་སྲོག་དབང་དངོས་ལ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁ་རཀ་རྡོ་རྗེ་ཁྱུང་བཙུན་མ་འཁོར་དང་བཅས་པ་རྣམས་ལ་རེག་པས་སྙིང་གཡོས་ཏེ། རྡོ་རྗེ་སློབ་མ་རྣམས་ཀྱི་འདོད་པའི་དོན་སྒྲུབ་པའི་སླད་དུ་སྦྲན་པར་རིག་ནས། མ་གཅིག་པ་ལ་བརྩེ་ཞིང་གདུང་བ་ལྟ་བུའི་དགོངས་པས་བྱོན་ནས་ཁྱེད་རང་ལ་གུས་པ་ཆེན་པོས་འདུད་ཅིང་འདོད་པའི་དངོས་གྲུབ་སྒྲུབ་པ་ལ་གཡར་དམ་བཅས་པའི་མོས་པ་མཛོད། ཅེས་བརྡ་སྤྲད་ནས། ཧཱུྃ་བྷྱོཿ ཡུལ་གྱི་མིང་ནི་བོད་ཡུལ་དབུས༔ བཀྲ་ཤིས་བྱིན་ཆགས་རོང་གི་མདོ༔ ཁ་རཀ་རི་ལ་གནས་བཅས་པའི༔ ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ སྐུ་མདོག་དམར་སེར་སྒེག་པའི་ཉམས༔ ཉི་མ་བྱེ་བའི་གཟི་འོད་འབར༔ ཕྱག་གཡས་ཐོད་པའི་ཌཱ་རུ་འཁྲོལ༔ སྣང་སྲིད་ཐམས་ཅད་དབང་དུ་སྡུད༔ གཡོན་པས་དངུལ་དཀར་མེ་ལོང་བསྣམ༔ འཇིག་རྟེན་ཀུན་གྱི་ལེགས་ཚོགས་སྤེལ༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ སྒྲུབ་པ་པོ་ལ་དངོས་གྲུབ་སྟེར༔ ཆིབས་སུ་རྩལ་ཆེན་ཁྱུང་ལ་ཞོན༔ མཐུ་སྟོབས་ནུས་པ་བསམ་མི་ཁྱབ༔ འཁོར་དུ་མ་མོ་འབུམ་གྱིས་བསྐོར༔ བཀའ་བཙན་བྱིན་ཆེན་ལས་ལ་མྱུར༔ ཐ་ཚིག་དགོངས་ལ་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་བཛྲ་མ་ཏི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་གཏད། བཟླས་ལུང་ལ། ཨོཾ་བཛྲ་མ་ཏི་ཧཱུྃ༔ སརྦ་མ་མ་པྲ་མོ་ཧ་ཙིཏྟ་ཧྲཱིཾ་ཧྲཱིཾ་དུང་དུང་ཛཿཛཿ ཛཿཧཱུྃ་བྃ་ཧོཿ ལན་གསུམ། གསང་རྟེན་ཡོད་ན་དང༌། མེད་ན་སྔགས་བྱང་གཏད་དེ། རིན་ཆེན་མཛོད་ཀྱི་གཏེར་འཆང་གནོད་སྦྱིན་ཆེན་པོ་ཁ་རཀ་རྡོ་རྗེ་ཁྱུང་བཙུན་མས་རིགས་ཀྱི་བུ་འདི་ལ་འདོད་དགུའི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ༔ ཞེས་བརྗོད། ཕྱག་མཚན་གཏད་ལ། ཧཱུྃ༔ སྣང་སྲིད་དབང་སྡུད་ཌཱ་རུ་དང༔ ལེགས་ཉེས་སྟོན་པའི་མེ་ལོང་འདི༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ རིག་འཛིན་འདི་ཡི་གྲོགས་གྱིས་ཤིག༔ ཨོཾ་བཛྲ་མ་ཏི་ཧཱུྃ༔ ཞེས་བསྒོས་པས་གནོད་སྦྱིན་དབང་མོ་འཁོར་དང་བཅས་པ་དགྱེས་ཤིང་བརྩེ་གདུང་ཆེན་པོས་དེ་བཞིན་བགྱིའོ་ཞེས་ཞལ་གྱིས་བཞེས་པའི་མོས་པ་མཛོད། ཤིས་བརྗོད་དང༌། དམ་ཚིག་ཁས་བླང་སོགས་དང༌། སླར་ཡང་མཆོད་གསོལ་དང་གཏོར་མ་སྟོབ་པ་བཅས་མཐའ་རྒྱས་སུ་བྱའོ། །བརྟན་མ་དང་ཁྱུང་བཙུན་མ་གཉིས་གཏེར་ཆེན་མཆོག་གླིང་ཉིད་ཀྱིས་བཀའ་སྲུང་ཚེ་རིང་མའི་གཤམ་དུ་འབྱུང་བས་རྗེས་གནང་བྱུང་ན་ལེགས་ཕྱིར་འདི་བཞིན་བྲིས་སྤེལ་མཛོད་ཅེས་མཁན་ཆེན་རཏྣ་ལ་བཀའ་བསྩལ་ཏེ། གཏེར་ཁ་གསར་རྙིང་བྱིན་རླབས་གཅིག་དྲིལ་གྱི་གསུང་ལས་ཐོབ་ཀྱང་དཔེ་རྒྱུན་དབྱིངས་སུ་མནལ་བ་དོན་གནད་མ་ཉམས་པ་འདི་བཞིན་དབང་རྒྱུན་མ་ཆད་ཙམ་ལ་དགོས་པ་ཡོད་སྲིད་སྙམ་ནས་བཀོད་པའི་བརྒྱུད་པའང༌། གཏེར་ཆེན་མཆོག་གླིང་ནས། མཁན་ཆེན་རཏྣ། སྤྲུལ་སྐུ་བསམ་ཏན་རྒྱ་མཚོ། གཏེར་སྲས་སྤྲུལ་སྐུ་འགྱུར་མེད་ཚེ་དབང་བསྟན་འཕེལ་ལས་བདག་གིས་མནོས་པའོ། །ཟབ་གསང་རྡོ་རྗེའི་ཚིག་རྐང་གསེར་སྦྱངས་ཁམས། །རིག་འཛིན་གོང་མའི་ཕྱག་བཞེས་རིན་པོ་ཆེས། །སྤྲས་འདིས་བཀའ་གཏེར་ཟུང་འཇུག་ཤིང་རྟའི་སྲོལ། །འཕེལ་རྒྱས་དགེ་མཚན་དབྱར་མཚོ་ལྟར་རྒྱས་ཤོག །ཅེས་པའང་མཁྱེན་རྟོགས་མཚུངས་མེད་མཆོག་གླིང་གསུམ་པའི་སྐུ་གསུང་ཐུགས་ཀྱི་སྲས་དམ་པའི་ཡོན་ཏན་དུ་མས་ཐུགས་རྒྱུད་ཕྱུག་པའི་མཆོག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་བཤད་སྒྲུབ་བསྟན་པའི་ཉི་མ་དང༌། ཨེ་ཝཾ་ཆོས་ཀྱི་སྒར་ཆེན་གྱི་བྱང་འདྲེན་པ་འགྱུར་མེད་པདྨ་བཀྲ་ཤིས་དཔོན་སློབ་ནས་གསུང་བསྐུལ་ཟབ་ནན་གནང་བའི་རྐྱེན་གྱིས་ཁྱབ་བདག་འཇམ་པའི་དབྱངས་དངོས་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་དྲིན་ལས་ཆོས་ཚུལ་འདིའི་ཟབ་གསང་ཡོངས་རྫོགས་ཀྱི་སྐལ་བཟང་མངོན་དུ་གྱུར་བའི་རྙིང་སྔགས་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ལྷོ་ལྗོངས་ཆོས་ཀྱི་རྒྱལ་པོའི་མངའ་རིས་སུ་གནས་པའི་སྐབས་བྲིས་པ་ཟབ་གསང་སྙིང་པོའི་རིང་ལུགས་འཕེལ་རྒྱས་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག །མངྒ་ལཾ། དགེའོ།། །།}} | ||
</onlyinclude> | </onlyinclude> | ||
Line 25: | Line 48: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-09-TA]] | [[Category:DKR-KABUM-Volume-09-TA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 08:05, 1 June 2024
Wylie title | bla ma'i thugs sgrub bar chad kun sel las/ bka' srung bkra shis tshe ring mched lnga'i thun min srog gtad dang/ rjes 'brang brtan ma/ gter srung khyung btsun ma'i bka' gtad kyi cho ga bkra shis don kun grub pa'i dbyangs snyan | |
---|---|---|
Location | dil mgo mkhyen brtse bka' 'bum Volume 9, Text 17, Pages 77-97 (Folios 1a to 21b4) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | མཆོག་གྱུར་གླིང་པ་ (mchog gyur gling pa) | |
Citation | Khyentse, Dilgo. Bla ma'i thugs sgrub bar chad kun sel las bka' srung bkra shis tshe ring mched lnga'i thun min srog gtad dang rjes 'brang brtan ma gter srung khyung btsun ma'i bka' gtad kyi cho ga bkra shis don kun grub pa'i dbyangs snyan. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 77-97. Delhi: Shechen Publications, 1994. | |
Genre | Protector Entrustment Rituals- srog gtad | |
Cycle | བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (bla ma'i thugs sgrub bar chad kun sel) | |
Deity | bkra shis tshe ring mched lnga | |
Colophon |
།ཅེས་པའང་མཁྱེན་རྟོགས་མཚུངས་མེད་མཆོག་གླིང་གསུམ་པའི་སྐུ་གསུང་ཐུགས་ཀྱི་སྲས་དམ་པའི་ཡོན་ཏན་དུ་མས་ཐུགས་རྒྱུད་ཕྱུག་པའི་མཆོག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་བཤད་སྒྲུབ་བསྟན་པའི་ཉི་མ་དང༌། ཨེ་ཝཾ་ཆོས་ཀྱི་སྒར་ཆེན་གྱི་བྱང་འདྲེན་པ་འགྱུར་མེད་པདྨ་བཀྲ་ཤིས་དཔོན་སློབ་ནས་གསུང་བསྐུལ་ཟབ་ནན་གནང་བའི་རྐྱེན་གྱིས་ཁྱབ་བདག་འཇམ་པའི་དབྱངས་དངོས་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་དྲིན་ལས་ཆོས་ཚུལ་འདིའི་ཟབ་གསང་ཡོངས་རྫོགས་ཀྱི་སྐལ་བཟང་མངོན་དུ་གྱུར་བའི་རྙིང་སྔགས་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ལྷོ་ལྗོངས་ཆོས་ཀྱི་རྒྱལ་པོའི་མངའ་རིས་སུ་གནས་པའི་སྐབས་བྲིས་པ་ཟབ་གསང་སྙིང་པོའི་རིང་ལུགས་འཕེལ་རྒྱས་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག །མངྒ་ལཾ། དགེའོ།། | |
/ces pa'ang mkhyen rtogs mtshungs med mchog gling gsum pa'i sku gsung thugs kyi sras dam pa'i yon tan du mas thugs rgyud phyug pa'i mchog sprul rin po che thub bstan 'jigs med bshad sgrub bstan pa'i nyi ma dang*/_e waM chos kyi sgar chen gyi byang 'dren pa 'gyur med pad+ma bkra shis dpon slob nas gsung bskul zab nan gnang ba'i rkyen gyis khyab bdag 'jam pa'i dbyangs dngos pad+ma ye shes rdo rje'i bka' drin las chos tshul 'di'i zab gsang yongs rdzogs kyi skal bzang mngon du gyur ba'i rnying sngags rgan po 'gyur med theg mchog bstan pa'i rgyal mtshan gyis lho ljongs chos kyi rgyal po'i mnga' ris su gnas pa'i skabs bris pa zab gsang snying po'i ring lugs 'phel rgyas yun du gnas pa'i rgyur gyur cig_/mang+ga laM/__dge'o// |