DKR-KABUM-21-ZHA-017: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=གཉགས་ལུགས་རྡོ་རྗེ་ཕུར་པའི་སྒྲུབ་པ་ཆེན་པོའི་ལས་རིམ་རིན་ཆེན་ཨིནྡྲ་ནཱི་ལའི་ཆུན་འཕྱང་། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 21: . Delhi: Shechen Publications, 1994. | |fulltitle=gnyags lugs rdo rje phur pa'i sgrub pa chen po'i las rim rin chen in+d+ra nI la'i chun 'phyang | ||
|citation=[[Khyentse, Dilgo]]. ''Gnyags lugs rdo rje phur pa'i sgrub pa chen po'i las rim rin chen in+d+ra nI la'i chun 'phyang''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 21: 109-152. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|associatedpeople=gnyags dz+nyA na ku mA ra | |associatedpeople=gnyags dz+nyA na ku mA ra | ||
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | |associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | ||
|tibgenre= | |tibgenre=Structural Arrangement for Ritual Practice - sgrub khog | ||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
Line 21: | Line 20: | ||
|cycle=snyan brgyud snying gi gsang mdzod | |cycle=snyan brgyud snying gi gsang mdzod | ||
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | |cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | ||
|volumenumber=021 | |volumenumber=021 | ||
|volnumtib=༢༡ | |volnumtib=༢༡ | ||
|volyigtib=ཞ་ | |volyigtib=ཞ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=017 | |||
|pagenumbers=109-152 | |||
|totalpages=87 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=44a5 | ||
|totalfolios=44 | |||
|multivolumework=No | |||
|rectonotes=sgrub khog | |||
|versonotes=gnyags lugs phur pa | |versonotes=gnyags lugs phur pa | ||
| | |colophontib=།ཅེས་ཆོས་འདི་རང་སྐལ་དུ་བཞེས་པའི་འཁྲུལ་ཞིག་རྡོ་རྗེ་འཛིན་དབང་ངག་དབང་མདོ་སྔགས་བསྟན་འཛིན་དང༌། ལས་སྨོན་བཟང་པོའི་འབྲེལ་བའི་མཆོག་སྤྲུལ་པདྨ་དབང་རྒྱལ་དང༌། གྲུབ་སྲས་ཨོ་རྒྱན་སྟོབས་རྒྱལ་སོགས་ལས་ཅན་མང་པོས་ཡང་ཡང་བསྐུལ་ཀྱང་སྙོམས་ལས་རྒན་པོ་འདུ་འཛིའི་ཆུ་རླབས་ཀྱིས་ཁྱེར་བར་བརྩམས་པའི་ཚེ་རིགས་བརྒྱའི་ཁྱབ་བདག་འཇམ་མགོན་མཁྱེན་བརྩེའི་མཆོག་སྤྲུལ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་དང༌། རབ་འབྱམས་འགྱུར་མེད་ཆོས་ཀྱི་སེང་གེ་ཟུང་གི་ཐུགས་བསྐྱེད་གྲུ་གཟིངས་ལ་བསྟེན་ནས་གྲུབ་པའི་ཚེ། ཡི་གེ་འབྲི་རྩོལ་གྱི་མཐུན་སྦྱོར་རྟེན་མཆོག་འགྱུར་མེད་གླིང་གི་བྱང་འདྲེན་པདྨ་བཀྲ་ཤིས་དང༌། དད་གུས་རྣམ་དཔྱོད་གསལ་བ་སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས་གཉིས་ཀྱིས་མཛད་དེ་མཚོ་སྐྱེས་རྒྱལ་བ་གཉིས་པས་རྡོ་རྗེ་ཕུར་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་རླངས་ཆེན་དཔལ་གྱི་སེང་གེ་སོགས་ལས་ཅན་རྡོ་རྗེའི་འདུས་པ་སྨིན་པར་མཛད་ཅིང་གངས་ཅན་མཐའ་དབུས་ཆོས་ནོར་རྫས་གཏེར་གྱིས་གཏམས་པ་དང་ཆབས་ཅིག་ཡིད་སྲུབ་ཀྱི་རུ་མཚོན་བསྙིལ་ནས་ཐུབ་བསྟན་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ་ཡི་རྔ་གསང་འཁྲོལ་མཛད་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་མདུན་ལྷ་ཀླུ་ཀུན་ཏུ་དགའ་བའི་ནེའུ་གསེང་གི་སྐྱེད་ཚལ་དུ་བསྙེན་མཚམས་ཀྱི་ཐུན་གསེང་དུ་རས་དཀར་གྱི་ལྡིང་གུར་ལ་གནས་པའི་འཁོས་མེད་གྱི་ན་བ་པདྨ་མདོ་སྔགས་གླིང་པ་ཀློང་ཆེན་ནམ་མཁའ་འོད་གསལ་གྱིས་བྲིས་པས་མཉམ་མེད་ཤཱཀྱ་སེང་གེའི་བསྟན་པ་མཁའ་ཁྱབ་དུ་རྒྱས་པའི་རྒྱུར་གྱུར་ཅིག །དགེའོ།། | ||
|colophonwylie=/ces chos 'di rang skal du bzhes pa'i 'khrul zhig rdo rje 'dzin dbang ngag dbang mdo sngags bstan 'dzin dang*/_las smon bzang po'i 'brel ba'i mchog sprul pad+ma dbang rgyal dang*/_grub sras o rgyan stobs rgyal sogs las can mang pos yang yang bskul kyang snyoms las rgan po 'du 'dzi'i chu rlabs kyis khyer bar brtsams pa'i tshe rigs brgya'i khyab bdag 'jam mgon mkhyen brtse'i mchog sprul thub bstan chos kyi rgya mtsho dang*/_rab 'byams 'gyur med chos kyi seng ge zung gi thugs bskyed gru gzings la bsten nas grub pa'i tshe/_yi ge 'bri rtsol gyi mthun sbyor rten mchog 'gyur med gling gi byang 'dren pad+ma bkra shis dang*/_dad gus rnam dpyod gsal ba sprul sku kun dga' bkra shis gnyis kyis mdzad de mtsho skyes rgyal ba gnyis pas rdo rje phur pa'i ye shes kyi dkyil 'khor du mkha' 'gro ye shes mtsho rgyal dang rlangs chen dpal gyi seng ge sogs las can rdo rje'i 'dus pa smin par mdzad cing gangs can mtha' dbus chos nor rdzas gter gyis gtams pa dang chabs cig yid srub kyi ru mtshon bsnyil nas thub bstan phyogs las rnam par rgyal ba'i lha yi rnga gsang 'khrol mdzad stag tshang seng ge bsam 'grub kyi mdun lha klu kun tu dga' ba'i ne'u gseng gi skyed tshal du bsnyen mtshams kyi thun gseng du ras dkar gyi lding gur la gnas pa'i 'khos med gyi na ba pad+ma mdo sngags gling pa klong chen nam mkha' 'od gsal gyis bris pas mnyam med shAkya seng ge'i bstan pa mkha' khyab du rgyas pa'i rgyur gyur cig_/dge'o//_ | |||
|pdflink=File:DKR-KABUM-21-ZHA-017.pdf | |pdflink=File:DKR-KABUM-21-ZHA-017.pdf | ||
}} | }} | ||
Line 37: | Line 41: | ||
<onlyinclude> | <onlyinclude> | ||
{{TibP|༄༅། གཉགས་ལུགས་རྡོ་རྗེ་ཕུར་པའི་སྒྲུབ་པ་ཆེན་པོའི་ལས་རིམ་རིན་ཆེན་ཨིནྡྲ་ནཱི་ལའི་ཆུན་འཕྱང་ཞེས་བྱ་བ་བཞུགས།། | {{TibP|༄༅། གཉགས་ལུགས་རྡོ་རྗེ་ཕུར་པའི་སྒྲུབ་པ་ཆེན་པོའི་ལས་རིམ་རིན་ཆེན་ཨིནྡྲ་ནཱི་ལའི་ཆུན་འཕྱང་ཞེས་བྱ་བ་བཞུགས།། | ||
<br> | |||
༄༅། །དབྱིངས་ཀྱི་ཁྲོ་རྒྱལ་མཆོག་ཏུ་ཞི་བས་སྤྲོས་པའི་ཟུག་རྔུའི་སྐབས་མི་ཕྱེད། །བདེ་ཆེན་འབར་བའི་སྙིང་རྗེས་རྔམས་ཀྱང་ཆགས་སྡང་ཀུན་རྟོག་འཇུག་པ་ཞི། །ཟུང་འཇུག་རྒྱལ་ཀུན་ཕྲིན་ལས་སྟོབས་འདུས་བདུད་སྡེ་མཐར་ཡང་འགྲོ་ཀུན་མགོན། སྐུ་གསུམ་དབྱེར་མེད་ལྷག་ལྷས་རྗེས་བཟུང་ཕུར་བཞིའི་དགོངས་པ་མཐར་ཕྱིན་ཤོག །པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལས། །དབང་གི་ཆུ་བོ་བཞི་འདུས་གཉགས་ལོ་ཆེར། །རྗེས་བསྩལ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི། །ཚོགས་སྒྲུབ་ཨིནྡྲ་ནཱི་ལའི་ཆུན་འཕྱང་བསྡེབས། །འདིར་རྒྱ་བོད་རིག་འཛིན་ཡོངས་ཀྱི་ཐུགས་དམ་ལྷག་པའི་ལྷ་མཆོག་ཕྲིན་ལས་ཕུར་པ་རོལ་པའི་སྒྲུབ་བཀའ་ལ། སྒྲུབ་ཚུལ་བཞིའི་དང་པོ་གཉིས་སྲོག་ཏུ་བཟུང༌། ཕྱི་མ་གཙོར་བཏོན་གྱི་སྒྲུབ་ཚུལ་ལའང༌། ཕྱི་སྤྲོས་བཅས་ཚོམ་བུ་འབུམ་སྒྲུབ། ནང་སྤྲོས་བསྡུས་དཔའ་བོ་གཅིག་སྒྲུབ། གསང་བ་སྤྲོས་མེད་ཏིང་ངེ་འཛིན་གྱི་སྒྲུབ་པ་གསུམ་གྱི་ཚོམ་བུ་ཚོགས་སྒྲུབ་འཆད་པར་བྱ་སྟེ། དེ་ལའང་སྟོད་ལས་བྱང་ཆུབ་སྒྲུབ་པ་དང༌། སྨད་ལས་དགྲ་བགེགས་བསྒྲལ་བའི་སྒྲུབ་ཆེན་གཉིས་ཀྱི་དང་པོ་འཆད་པའི་སྐབས་སུ་བབ་པས་དེ་ལ་འདིར་གཉིས་ལས། སྒྲུབ་པའི་གཞི་བཟུང་བ་དང༌། སྒྲུབ་པའི་རིམ་པ་དངོས་ལ་འཇུག་པའོ། །དང་པོ་གང་གིས་སྒྲུབ་པའི་སློབ་དཔོན། གང་དང་ལྷན་ཅིག་སྒྲུབ་པའི་ཚོམ་བུ། གང་དུ་སྒྲུབ་པའི་གནས། གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད། གང་གི་ཚེ་སྒྲུབ་པའི་དུས་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་གཟུང་སྟེ། གཉིས་པ་སྒྲུབ་པའི་རིམ་པ་དངོས་ལ་གསུམ། སྒྲུབ་པའི་སྔོན་འགྲོའི་ལས་རིམ། དངོས་གཞི་བསྙེན་སྒྲུབ་ཀྱི་གཞུང་བསྲང་བ། རྗེས་སྒྲུབ་པའི་ལས་ཀྱི་མཇུག་བསྡུ་བའོ། །དང་པོ་སྔོན་འགྲོ་ལ་གསུམ། ཕྱི་བཤགས། སའི་ཆོ་ག །ལྷག་པར་གནས་པའི་རིམ་པའོ། །དང་པོ་ནི། སཱཙྪ་ཇི་མང༌། སྲོག་བསླུ་ཉེའུ་འདོན། བྱ་སྟོན་སོགས་སྦྱིན་གཏོང༌། དགེ་སློང་བཞི་སྡེ་ལ་དྲོ་དྲངས་ཤིང་སྨོན་ལམ་འདེབས་སུ་གཞུག །བོན་རྩིས་སྨན་པ་བཟོ་བོ་བཞི་སྡེ་མཆོད། ལམ་འཕྲང་བཅོས། གླིང་བཞི་སྤྱི་མདོས། རིམས་ནད་བཟློག་མདོས། རྒྱལ་པོ་གསོལ་འཇོག །དམ་གླུད། ལན་ཆགས་བརྒྱ་འཇལ། སྡེ་བརྒྱད་ཆ་སྙོམས། ཞི་བསང་སྣང་གསུམ། ཆུ་གཏོར་སྐོང་ཆོག་གང་རུང་དང་འབྲེལ་བའི་ཕྱག་བཤགས། རྡོར་སེམས་བསྒོམ་བཟླས། རྣམ་འཇོམས་ཁྲུས་ཆོག་སོགས་སྔོན་འགྲོའི་རིམ་པ་རྣམས་གཟབ་སྟེ་བྱས་པས་དངོས་གཞི་བར་ཆད་མི་འབྱུང་བ་དང་སྒྲུབ་པའི་རྟགས་ཐོན་ཞིང་རྗེས་བཀྲ་ཤིས་པ་སོགས་དགོས་པ་ཆེན་པོ་ཡོད་དོ། །ཁྱད་པར་དུ་བཀའ་འདུས་དང༌། བརྒྱད་སྟོང་སོགས་རྒྱལ་བའི་བཀའ་བསྒྲགས་ཤིང༌། སྒྲུབ་ཁང་གི་ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེ། ནུབ་ཏུ་ལང་ཀར་གཤེགས་པ། བྱང་དུ་ཏོག་གཟུངས་རྣམས་བཀླག །དམ་སྲིའི་མནན་ལིང༌། ཉུལ་ལེའི་ལིངྒ་བཅས་སྒྲུབ་པ་ལ་འཇུག་པའི་སྔ་ཉིན་རྡོ་རྗེ་མཚམས་པ་དཔོན་སློབ་རྣམས་ཀྱིས་རྡོ་རྗེ་ཕུར་པའི་གཞུང་བསྲངས་ལ། ཚོགས་ཐ་མའི་སྐབས་སུ་འགུགས་གཞུག་བརྒྱ་རྩ་སོགས་དང་སྦྲགས་གྲངས་མང་པོས་འགུགས་བསྟིམས་ནན་ཏན་མཐར་ཕུར་བུ་སོགས་མཚོན་ཐུན་གྱི་བསྒྲལ། སྤྲོ་ན་མནན་ལིང་ཁྱི་ཐོད་དུ་བརྫངས་ཤིང་ཕུང་རེ་བྱད་ཐག་གིས་དཀྲིས་པ་སོགས་ཕྱག་བཞེས་ལྟར་འཕྱུགས་མེད་ཚགས་སུ་ཚུད་པར་བྱའོ། །དེང་སང་སྒྲུབ་ཆེན་ལོ་བསྟར་དུ་རྒྱུན་གྱི་ཕྱག་ལེན་བསྡུས་པར། ཆུ་གཏོར། ཞི་བསང༌། མདོས་གླུད་ཕྲན་ཚེགས་ཙམ་གྱིས་སྣ་སེལ་རིགས་འཐུས་པར་མཛད་ཅིང༌། མནན་ལིང་སྔ་ཉིན་སྒྲུབ་པ་སོགས་མ་གྲུབ་ན་དམ་སྲི་མནན་ཆོག་སྐབས་ལིང་ག་ཧོམ་དོང་རང་དུ་བཏིང་བ་ལ་འགུགས་བསྟིམས་གཟིར་མནན་གྱིས་དོན་འཐུས་པས། མནན་ཆས་སོགས་མི་མཛད་པའང་སྣང་བས་རྒྱས་བསྡུས་གང་བྱེད་ཡུལ་དུས་དང་བསྟུན། ལར་རྩ་བའི་དོན་རྣམས་མ་ཆད་པ་ཤིན་ཏུ་གལ་ཆེ་ཞིང༌། ཡན་ལག་ཕྲ་མོ་རྣམས་སྤྲོ་བསྡུ་རིག་པས་དཔག་པར་བྱའོ། །གཉིས་པ་ས་ཆོག་ལ། ས་བསླང་བ། བརྟག་པ། སྦྱང་བ། བཟུང་ཞིང་དབང་དུ་བྱ་བ། བསྲུང་བ་དང་ལྔ་ལས། དང་པོ་ལ་གཉིས་ཀྱི་སྣང་བ་ལས་བསླང་བ་ནི། རྒྱལ་པོ་ལ་སོགས་པས་ཡུལ་དེ་བདག་ཏུ་བཟུང་བ་ཡོད་ན་བདེན་པའི་ཚིག་གིས་དཀྲོལ་ཞིང་དགོས་པའི་རིན་འཇལ་ལ་བར་ཆད་མི་འབྱུང་བར་བྱའོ། །མི་སྣང་བ་ལས་བསླང་བ་ནི། གང་དུ་དཀྱིལ་འཁོར་བྱ་རུང་བའི་གནས་དེར་བདེ་བའི་སྟན་ལ་འཁོད་དེ། བརྒྱུད་འདེབས་དང༌། རྒྱུན་བཤགས། ཚད་མེད་བཞི་བསྒོམས་པ་བཅས་སོང་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧྃ། གཟུང་འཛིན་གྱི་སེམས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། དེའི་ངང་ལས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊཿ ཅེས་པའི་སྒྲ་བྲག་ཆ་ཙམ་དུ་སད་པ་ལས། བདག་ཉིད་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་ཕུར་པ་འདྲིལ་ཞིང༌། གཡོན་སྡིགས་མཛུབ་མཛད་པ། དཔལ་གྱི་ཆས་བཅུ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་ཤིན་ཏུ་ཁྲོ་ལ་བརྗིད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གསལ་བར་གྱུར། ཀཱི་ལ་ཡ་བརྒྱ་རྩ་བཟླས། ལས་བུམ་མམ་དྲིའི་དུང་ཞལ་འཐོར་གཡབ་བཅས་བཀོད་ལ། རྃ་ཡྃ་ཁྃ་གིས་བསང་སྦྱང༌། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཁྲོ་བོ་བདུད་རྩི་འཁྱིལ་པ་མཐིང་ནག་ཕུར་བུ་དང་ལྕགས་ཀྱུ་འཛིན་པའི་སྐུར་གྱུར། རྡོ་རྗེ་རྩེ་གཅིག་པའི་རྒྱས་རེག་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜལི་ཧཱུྃ་ཕཊཿ ཅེས་ཅི་རིགས་བཟླས་པས། ཁྲོ་བོ་བདུད་རྩི་འཁྱིལ་པའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ཞིང༌། མདུན་དུ་དྲིའི་མཎྜལ་མེ་ཏོག་གི་ཚོམ་བུ་ཅན་གྱི་མཐར་མཆོད་པ་དང༌། ས་བདག་སྤྱི་སྒོས་ཀྱི་གཏོར་མ། བགེགས་གཏོར་བཅས་བཤམས་ལ། ས་གཞིའི་བདག་པོ་མཆོད་པ་ནི། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷྃནས། ཤབྟ་པཱུ་ཛ་ས་མ་ཡ་ཧོཿ ཞེས་དང༌། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ་ལན་གསུམ་རྒྱ་དང་བཅས་པས་བརླབ། ཚོམ་བུ་བྃ་ལས་ས་ཡི་ལྷ་མོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། རིན་པོ་ཆེའི་བུམ་པ་བསྣམས་པ། ཞི་ཞིང་འཛུམ་པའི་ཉམས་ཅན། དར་གྱི་སྟོད་གཡོགས་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ལྟེ་བ་ཡན་ཆད་འཐོན་པར་གྱུར། རང་གི་སྙིང་གའི་འོད་ཟེར་གྱིས་ས་འོག་ནས་ཡེ་ཤེས་ཀྱི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར། ཨོཾ་བཛྲི་⁽14a4⁾⁽14ab⁾་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་དབང་བསྐུར། རིན་ཆེན་འབྱུང་གནས་ཀྱི་རྒྱས་གདབ། ཨོཾ་པྲི་ཐི་ཝཱི་དི་ཝཱི་ས་པ་རི་ཝ་ར་ཨརྒྷྃ་ནས་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཨ་ཀཱ་རོའི་སྔགས་ཀྱི་གཏོར་མ་ཕུལ་ལ་ས་གནོན་གྱི་རྒྱས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེའི་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་གསོལ་བ་བཏབ་པས་རིག་པ་འཛིན་པ་ཁྱོད་ཅི་དགའ་བར་སྤྱོད་ཅིག་ཅེས་གནང་བ་བྱིན་པ་དེ་ཉིད་དུ་ཐིམ་པར་གྱུར། །བྱེ་བྲག་སའི་བདག་པོ་ལ་བསླང་བ་ནི། དཀར་གཏོར་དང་གསེར་སྐྱེམས་བཤམས་པར་བསང་ཆུས་བྲན། རྃ་ཡྃ་ཁྃ་གིས་སྦྱང༌། ཨོཾ་ཨཱཿཧཱུྃ་གིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝ་ར་བཛྲ་ས་མཱ་ཛཿས་ས་བདག་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ལན་གསུམ། ཧཱུྃ༔ གང་ཞིག་དཀར་པོའི་ཕྱོགས་འཛིན་ཅིང༔ འཛམ་གླིང་ས་ལ་དབང་བྱེད་ཀུན༔ བདག་གིས་གནས་འདིར་དཀྱིལ་འཁོར་བཞེངས༔ ཀོ་ལོང་ཕྲག་དོག་མ་མཛད་པར༔ བརྔན་དུ་གཏོར་མ་གསེར་སྐྱེམས་འབུལ༔ དགྱེས་པར་བཞེས་ལ་ས་འདི་སྩོལ༔ བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད༔ བྷཱུ་མི་པ་ཏི་གཙྪས་གནང་བ་བྱིན་ནས་རང་གནས་སུ་གཤེགས་སུ་གསོལ་བ་དང་ཆབས་ཅིག་གཏོར་མ་ཕྱི་རོལ་དུ་འབུལ། ཚོམ་བུ་དང་མཆོད་རྫས་བསྡུ། བགེགས་གཏོར་ནི། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། སརྦ་བིགྷྣཱན་ཨ་ཀརྵ་ཡ་ཛཿས་ལྕགས་ཀྱུའི་ཕྱག་རྒྱས་བཀུག སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས། གྲྀ་ཧྣ་དཾ་བ་ལིཾ་ཏེ་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ཏེ། བཀའ་བསྒོ་བ་ནི། ཧཱུྃ༔ གསང་བ་བླ་མེད་ལམ་སྒྲུབ་པའི༔ རྡོ་རྗེའི་དཀྱིལ་འཁོར་གཉན་པོ་འདིར༔ འདུ་བའི་ལྷ་ནི་མ་གཏོགས་པའི༔ དམ་མེད་བདུད་རིགས་ནག་པོའི་ཕྱོགས༔ བལྟ་ཞིང་ཉན་པའི་དབང་མེད་པས༔ བྱིན་པའི་གཏོར་མ་འདི་ཁྱེར་ལ༔ རང་རང་གནས་སུ་བདེ་བར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ང་ནི་འཇིགས་བྱེད་རྡོ་རྗེ་ཅན༔ བཀའ་ལས་འདའ་བའི་སྡིག་ཅན་རྣམས༔ རྡོ་རྗེ་ཡེ་ཤེས་མཚོན་ཆེན་པོས༔ ཕྱེ་མར་འཐག་པ་གདོན་མི་ཟ༔ ཧཱུྃ་ཞིའི་སྔགས་བརྗོད་ལ་གུ་གུལ་བདུག །ཡུངས་ཐུན་གྱིས་གཟིར་རོལ་མོ་དྲག་ཏུ་འཁྲོལ་བས་ནག་ཕྱོགས་རྣམས་རྒྱང་རིང་དུ་བསྐྲད་པར་བྱའོ། །གཉིས་པ་ནི། ལྟོ་འཕྱེ་དང་རྟེན་འབྲེལ་བརྟག་པ་སྒྲུབ་གནས་རྙིང་པ་ལ་མི་དགོས་ཤིང༌། དགོས་གལ་བྱུང་ཚེ་ཆོས་དབང་ཕུར་པའི་སྒྲུབ་ཁོག་ལྟར་མཛད། གསུམ་པ་སྦྱོང་བ་ལ། ལས་དང༌། རྫས་སྔགས། ཏིང་ངེ་འཛིན་བླ་ན་མེད་པའི་སྦྱོང་བ་གསུམ་གྱི། དང་པོ་ནི། ལེགས་པར་བརྐོས་པས་སའི་ཟུག་རྔུ་རྣམས་ཡང་དག་པར་བསལ་ཏེ་དྲི་ཞིམ་པོའི་ཆུ་དང་སྦྱར་ནས་སྟེགས་བུ་རྒྱར་འདོམ་གང༌། དཔངས་སུ་ཁྲུ་ཁང་བ་ཁོད་སྙོམས་ཤིང་འཐས་པར་བྱའོ། །གཉིས་པ་ནི། ཧེ་རུ་ཀའི་སྙེམས་དང་ལྡན་པས་དཀྱིལ་འཁོར་གྱི་ས་ལ་འཁྱིལ་བ་བཟླས་པའི་ཡུངས་ཆུ་ཐལ་བར་གཏོར་ཞིང༌། དེ་བཟླས་པའི་བ་བྱུང་ལྔས་གཡོན་སྐོར་དུ་བྱུག །དྲིའི་ཆུས་ཀྱང་བསང་གཏོར་བྱས་ནས། ལག་པ་རྡོ་རྗེར་བསམ་ལ་ས་ལ་བསྣུན་ཏེ། ཨོཾ་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཅེས་བརྗོད་པས་ས་གཞི་སྦྱངས༔ སྣོད་བཅུད་ཐམས་ཅད་ནམ་མཁའི་རང་བཞིན་དུ་བསམ་ལ༔ ཨོཾ་བྷུ་ཁཾ་ཞེས་བརྗོད༔ ཧཱུྃ་ཨོཾ་རྡོ་རྗེའི་ས་གཞིར་བསྐྱེད། ཨོཾ་མེ་དི་ནཱི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུྃ། རྡོ་རྗེའི་རང་བཞིན་དུ་བཅིངས་ཏེ་བྱིན་གྱིས་བརླབས། གསུམ་པ་ནི། ས་ལ་སོགས་པའི་སྣ་ཚོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་མོས་པར་བྱའོ། །བཞི་པ་ལ་བཟུང་བ་དང༌། དབང་དུ་བྱ་བ་གཉིས་ཀྱི་དང་པོ་ལ། གསོལ་གདབ་བཀའ་བསྒོ་སྟངས་སྟབས་གསུམ་གྱི་དང་པོ་ནི། དཀྱིལ་འཁོར་གྱི་གཞི་དེར་མེ་ཏོག་བཀྲམ་པའི་དབུས་སུ་སློབ་དཔོན་དཔལ་གྱི་ཆས་གོས་ཀྱིས་བརྒྱན་པ་གཙོ་བོའི་ང་རྒྱལ་གྱིས་བཞུགས། ཕྱོགས་བཞིར་རིགས་བཞིའི་རྒྱལ་ཐེབས་བཞི་ཡང་དཔལ་ཆས་དང་ལྡན་པ་བཅས་འཁོད་ལ་སློབ་དཔོན་དང་རྒྱལ་ཐེབས་སོ་སོའི་མདུན་དུ་ཉེར་སྤྱོད་ལྔ་དང༌། སྨན་རཀ་གཏོར་མ་བཤམས་ལ། ཧཱུྃ་ཧྲཱིཿ སྣང་སྲིད་བདེ་ཆེན་རོལ་པ་ཡི༔ ཡེ་ཤེས་སྣང་བ་ཁྱབ་བརྡལ་སྤྲིན༔ ཀུན་བཟང་མཆོད་པ་བསམ་ཡས་གཏེར༔ རང་བྱུང་རང་ཤར་ལྷུན་གྱིས་གྲུབ༔ སརྦ་ས་མ་ཡ་པཱུ་ཛ་ཧོ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་མ་ཧཱ་པཱུ་ཛ་སྥ་ར་ཎ་ཁཾ༔ ཞེས་ཕྱི་མཆོད་དང༌། ཨོཾ་མ་ཧཱ་ཤྨ་ཤ་ན་རུ་ཏྲ་བྷོ་གཿརཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ཨཱ་ཧཱུྃ༔ ཞེས་ནང་མཆོད་དྲག་པོའི་ཉེར་སྤྱོད་དང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཀ་པཱ་ལ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་སརྦ་ཀཱ་མ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ རྣམས་ཀྱི་བྱིན་གྱིས་བརླབས། གཙོ་བོ། ཁྲོ་བཅུ། སྲས་མཆོག །སྒོ་བཞི། སྲུང་མ་བཅས་པའི་བསྐྱེད་སྔགས་ལན་རེ་བརྗོད་ནས། ཨོཾ་བཛྲ་ས་མཱ་ཛཿས་ནམ་མཁའ་གང་བའི་དཀྱིལ་འཁོར་སད་པར་བྱས་ལ། འབྲུ་གསུམ་དང༌། རིགས་ལྔའི་སྔགས་བཅས་ཀྱི་རྒྱས་གདབ། ཨེ་ཧྱ་ཧི། ས་མ་ཡ་ཏིཥྛ་ལྷན། ཨ་ཏི་པཱུ་ཧོཿ པྲ་ཏཱི་ཙྪ་ཧོཿ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་མཎྜ་ལས་པ་རི་ཝ་ར་ཨརྒྷཾ་ནས་ཤབྡ་པཉྩ་ཀཱ་མ་གུ་ཎ་དེ་ཝཱི་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་ཤྨ་ཤ་ན་རུ་ཏྲ་བྷོ་གཿ རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་དྷརྨ་དྷཱ་ཏུ་པཱུ་ཛ་ཨཱཿཧཱུྃ༔ མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧིས་མཆོད། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་མཆོད་ཅིང་བསྟོད་ནས་དབུས་ཀྱི་སློབ་དཔོན་སྤོས་དྲིལ་དང་བཅས་ཏེ། ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེར་བསམ་ལ། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་དགོངས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དཀྱིལ་འཁོར་ཆེན་པོ་བདག་བགྱིད་པས། །བདག་ཅག་རྗེས་སུ་བཟུང་བའི་ཕྱིར། །ས་འདི་ཤིས་པར་བྱིན་རློབས་གསོལ། །ཞེས་ལན་གསུམ་གྱིས་སྙན་གསན་དབབ་པ་སྔོན་དུ་འགྲོ་བས། །དེ་ནས་ཕྱོགས་བཞིར་གནས་པའི་སློབ་མ་རྣམ་རྒྱལ། གཤིན་རྗེ། རྟ་མགྲིན། འཁྱིལ་བ་སྟེ་ཕྱོགས་བཞིའི་ཁྲོ་བོ་བཞི་ཡི་ང་རྒྱལ་གྱིས་གཙོ་བོ་ལ་འདུད་པའི་ཚུལ་དུ་གནས་ལ། སྔར་བཞིན་ཕྱི་ནང་གི་མཆོད་པ་རེ་དང་ཕྱོགས་སོ་སོ་ནས་བསྟོད་གསོལ་ནི། ཤར་ནས། ཨེ་མའོ། མཆོག་ཏུ་གསང་བ་གསུམ་གྱི་དཀྱིལ་འཁོར་འདིར། །དུས་གསུམ་འདུ་འབྲལ་མེད་པར་རྟག་ཏུ་སྦྱོར། །གཉིས་མེད་ཐིག་ལེ་བྱང་ཆུབ་དག་པའི་སྐུ། །བྱང་ཆུབ་རྡོ་རྗེ་ཁྱེད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ལྷོ་ནས་ཕྱི་ནང་གི་མཆོད་པ་དང༌། ཨེ་མའོ། རོལ་པའི་ཆོ་འཕྲུལ་ཆེ་ལ་མངའ་བརྙེས་པའི། །བཀའ་ཡི་འཁོར་ལོ་གསང་བའི་ཡོན་ཏན་སྟོན། །ཐུགས་རྗེའི་ཆོ་འཕྲུལ་ཆོས་ཀྱི་ཆར་པ་འབེབས། །གསང་སྔགས་བདག་པོ་ཁྱེད་ལ་ཕྱག་འཚལ་ལོ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ནུབ་ནས་ཕྱི་ནང་གི་མཆོད་པ་དང༌། ཨེ་མའོ། །གསུང་གི་ཐིགས་པ་ཐུགས་ཀྱི་རྒྱ་མཚོའི་ཀློང༌། །ལུང་དང་མན་ངག་གཏན་ཚིག་ཀུན་གྱི་མཛོད། །དུས་གསུམ་རྣལ་འབྱོར་དབང་ཕྱུག་བགྲོད་པའི་ཚུལ། །བདུད་རྩི་ཐིགས་པའི་མཛོད་ལ་ཕྱག་འཚལ་ལོ། །ཞི་བའི་ཆོས་ནི་མཆོག་ལས་བྱུང༌། །ཡེ་ཤེས་སྤྱོད་པའི་རྣམ་སྦྱོང་མཛོད། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །བྱང་ནས་ཕྱི་ནང་གི་མཆོད་པ་དང༌། ཨེ་མའོ། དུས་གསུམ་བདེ་གཤེགས་ཀུན་གྱི་ཐུགས་ཀྱི་ཐུགས། །མི་ནུབ་ཆོས་ཀྱི་རྒྱལ་མཚན་འཛིན་བྱེད་པ། །སྨྲ་བའི་སེང་གེ་ཆེན་པོར་དབང་བསྐུར་བ། །རྡོ་རྗེ་ལས་མཆོག་ཁྱེད་ལ་ཕྱག་འཚལ་ལོ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་པའི་དོན་དྲན་བཞིན་གསོལ་བ་གདབ་བོ། །གཉིས་པ་ནི། དེ་ནས་ཧཱུྃ་བཛྲོད་ཏིཥྛ་ཞེས་བསྒོམ་པའི་དཀྱིལ་འཁོར་ནམ་མཁར་བཏེགས་ནས་ཤར་དུ་ཕྱོགས་ཏེ་སེམས་ཅན་མ་རིག་པའི་མུན་པར་སོང་ཞིང་བདུད་ཀྱིས་བརླམས་པ་རྣམས་ལ་བལྟས་ནས་དེ་རྣམས་ཀྱི་བདུད་གཞོམ་པའི་ཕྱིར། རང་ཉིད་དཔལ་ཆེན་པོ་ཀརྨ་ཧེ་རུ་ཀར་གསལ་བའི་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ་མིག་འབྲས་ཧཱུྃ་ལས་བསྐལ་པའི་མེ་འབར་བས་འཇིག་རྟེན་འདི་ལ་ཀུན་ཏུ་བསྡིགས་པར་བྱ་ཞིང༌། རྡོ་རྗེ་ཁྲོ་བོའི་ལྟ་སྟངས་ཀྱི་ཕྱོགས་ཀུན་ཏུ་བལྟ་ཞིང༌། ཨོཾ་སཱུརྻ་ཙནྡྲ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་དྲྀཥ་ཊ་མ་ཨ། ཞེས་བརྗོད་པ་དང་བཅས་བསྐོར་བ་གཅིག་མཛད་ཏེ། ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་ཟད་པའི། །སྐུ་ཡི་དབྱིག་ཏུ་བདག་གྱུར་ཏོ། །ཞེས་ང་རྒྱལ་བཟུང་ནས་རྐང་མཐིལ་ཧཱུྃ་ལས་འབར་བའི་རྡོ་རྗེར་བྱས་ཏེ་སྒེག་པ་དང་བཅས་པས་རྡོ་རྗེ་གསོར། དྲིལ་བུ་འཁྲོལ་ཞིང་ཀཱི་ལ་ཡ་དྲག་པོར་བརྗོད་ཅིང་རྡོ་རྗེའི་གོམ་པས་དཀྱིལ་འཁོར་ལ་ལན་གསུམ་གཡས་སུ་བསྐོར་ནས་དབང་ལྡན་དུ་སོང་སྟེ། ཧཱུྃ། ས་ཕྱོགས་འདི་ན་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང༌། །འབྱུང་པོ་སྲིན་པོ་ཤ་ཟའི་ཚོགས། །གང་དག་གནས་ལ་མྱུར་དུ་སོང༌། །རྡོ་རྗེ་གཞོན་ནུའི་བཀའ་བྱུང་ནས། །གང་དག་མི་འགྲོ་དེ་རྣམས་ལ། །ཡེ་ཤེས་རྡོ་རྗེ་རྩེ་དགུ་ཡིས། །མགོ་ནས་བརྒྱབས་ནས་རྟིང་པར་འགེམས། །ཞེས་ལན་གསུམ་དང༌། ཀཱི་ལ་ཡ་བརྗོད་ཅིང་དྲག་པོའི་མཚམས་རྔམས་ཁྲོ་བོ་དུ་མ་སྤྲོས་པས་བགེགས་བཅོམ་སྟེ། དཀྱིལ་འཁོར་གྱི་གཞི་ཧཱུྃ་ལས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་བོ། །གསུམ་པ་ནི། ཁྲོ་བོའི་ཉམས་དང་ལྡན་པས་ཧཱུྃ་གི་སྒྲ་དྲག་པོར་བརྗོད་ཅིང༌། དབང་ལྡན་ནས་སློབ་དཔོན་དབུས་དང༌། སློབ་མ་ཕྱོགས་བཞིར་འཁོད་དེ། ཤར་དུ་གཡས་བརྐྱང༌། ལྷོར་གཡོན་བརྐྱང༌། ནུབ་ཏུ་ས་ག །བྱང་དུ་ཟླུམ་པོ། དབུས་སུ་མཉམ་པ་ལ་སོགས་པ་དང༌། གཞན་ཡང་ཁྲོ་བཅུ་ལ་སོགས་པའི་སྟངས་སྟབས་ཇི་ལྟར་རིགས་པས་བཅག་གོ །གཉིས་པ་ནི། སློབ་དཔོན་སྟེགས་བུའི་ཤར་ནས་ནུབ་ཏུ་ཕྱོགས་པ་ལ་དབང་མཆོག་ཕུར་བུ་ཕུལ། དབུས་སུ་ཕུར་གདན་བཀོད། བདག་ཉིད་སྐད་ཅིག་གིས་པདྨ་ཀཱི་ལ་ཡ་སྟོད་ཞལ་གསུམ་ཕྱག་དྲུག་ཕུར་བུ་འདྲིལ་བ། སྨད་ལྕགས་ཕུར་མེའི་ཚྭ་ཚྭ་འཕྲོ་བར་གྱུར། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་ཧཱུྃ་ཕཊ༔ ལན་བདུན་བཟླས་པས་ཁོར་ཡུག་གི་ས་གཞིར་འོད་དམར་པོས་ཁྱབ་པར་བསམ་ལ་དབང་དུ་བྱ༔ སྟེགས་བུའི་དབུས་སུ་གདབ་བོ། །ལྔ་པ་སྲུང་བ་ལ་ཕུར་བུ་གདབ་པ་དང༌། སྲུང་འཁོར་བསྒོམ་པ་གཉིས་ལས། དང་པོ་ནི། སེང་ལྡེང་ལ་སོགས་པའི་ཕུར་བུ་སོར་བཅུ་གཉིས་པ་ཙནྡན་དམར་པོས་བྱུགས་པ་བཅུའི་མགུལ་དུ་ཁྲོ་བཅུའི་སྙིང་པོ་གསེར་ལས་བྲིས་པའི་སྔགས་བྱང་དང་ཁ་དོག་སྣ་ལྔའི་སྲད་བུས་དཀྲིས་ཤིང་རྩེ་མོར་མེ་ཏོག་དང༌། ཡུངས་ཀར་གྱི་ཐུམ་བུ་བཅིངས་པ་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ཡོངས་སུ་གྱུར་པ་ལས་སྟོད་ཁྲོ་བོ་བཅུ་སྨད་ཕུར་བུ་རྩེ་མོ་རབ་ཏུ་འབར་བའི་མེ་ལྟ་བུར་བསམ་ནས་ཕུར་བུ་བསྒྲིལ་ཞིང་ཀཱི་ལ་ཡ་བརྗོད་པས་བྱིན་གྱིས་བརླབས་ལ། སློབ་དཔོན་ཕྱག་གཡས་ཐོ་བ་དང་གཡོན་པ་ཕུར་པ་ཐོགས་ལ་སྟངས་སྟབས་དང་བཅས་ཏེ་སྟེང་གི་ཕུར་བུ་ཤར་གྱི་ཤར་དུ་གདབ། ཨོཾ་བཛྲ་ཀྲོ་དྷཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཨོཾ་གྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྚཾ་ཧཱུྃ་ཕཊ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པྃ་ཕཊ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཤར། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། སྡེར་མོའི་སྔགས་ཀྱི་མཚོན་ཆ་གདགས་པ་འོག་མ་རྣམས་ལ་འགྲེ། ལྷོ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ནུབ། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། བྱང༌། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜལི་ཧཱུྃ། ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ། བྱང་ཤར། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། ནུབ་བྱང༌། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ལྷོ་ནུབ། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཤར་ལྷོ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། འོག་ནུབ་ཀྱི་ནུབ་ཏུ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཅེས་བརྗོད་པས། དབང་པོ་ལ་སོགས་པའི་བགེགས་རྣམས་ཀྱི་སྤྱི་བོ་ནས་བསྡིགས་པས་གསང་བའི་བར་ཕུག་སྟེ་གསེར་གྱི་ས་གཞི་ལ་སྦྲགས་ནས་གཡོ་འགུལ་མེད་ཅིང་བདེ་བ་ཆེན་པོར་རོ་གཅིག་ཏུ་གྱུར་པར་བསམ། ཕུར་བུ་རྣམས་དཀྱིལ་འཁོར་ཁང་པའི་ཕྱོགས་མཚམས་བརྒྱད་དང༌། སྟེང་འོག་གི་ཕུར་བུ་ཤར་ནུབ་ཏུ་གདབ་ཅིང༌། དེ་རྣམས་ཀྱིས་བགེགས་ཐམས་ཅད་བསྲུང་བའི་ལས་མཛད་པར་བསམ་ལ་ཐུན་མཚམས་སུ་མཆོད་པར་བྱའོ། །གཉིས་པ་ནི། ཧཱུྃ༔ མི་ཤིགས་མཚོན་ཆའི་གུར་དང་ས་གཞི་ལ༔ དམར་ནག་དམར་སྨུག་མེ་ཡི་འདུ་འཕྲོ་འཁྱིལ༔ ཡེ་ཤེས་ཁྲོ་བོ་བཅུ་ཡང་དབྱིངས་ནས་བཞེངས༔ ཁྲག་འཐུང་རོལ་པའི་ལྷ་ཚོགས་ནང་ན་བཞུགས༔ བཛྲ་རཀྵ་རཀྵ་བྷཱུྃ༔ ཐུགས་ཀ་ནས་སྤྲུལ་པའི་ཁྲོ་ཚོགས་ཕུར་བུ་འབར་བའི་སྤྲིན་འཕྲོ་བ་རྣམས་ཀྱིས་བདུད་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཚར་བཅད། སླར་འདུས་ཏེ་རྡོ་རྗེ་སྲུང་བའི་འཁོར་ལོས་ཕྱོགས་ཐམས་ཅད་དུ་གཏམས་ནས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་སྲུང་བའི་མཚམས་བཅད་པར་མོས་པ་སྟེ་དེ་དག་ས་ཆོག་ཉིན་དང་པོའི་བྱ་བའོ། །གསུམ་པ་ལྷག་པར་གནས་པའི་རིམ་པ་ལ། ལྷ་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་དང་གསུམ་ལས། དང་པོ་ནི། སྟེགས་བུ་སོགས་དཀྱིལ་འཁོར་གྱི་གཞི་དེར་ལྷ་གནས་མི་འཆོལ་བར་ངེས་པའི་ཕྱིར་མཚན་མ་བྱས་ལ། གཙོ་བོའི་གནས་སུ་དྲི་ཞིམ་པོ་བདུད་རྩི་ལྔ་དང་སྦྱར་བའི་ཐིག་ལེ་གྲུ་བཞི། འཁོར་གྱི་གནས་ནི། མདུན་གཡས་གཡོན། དེ་རྒྱབ་ཕྱོགས་མཚམས་སྟེང་འོག་བཅུ། ཡང་གྲྭ་བཞི་དང༌། ཕྱོགས་བཞི་བཅས་ལ་ཟླུམ་པོ་བྱས་པའི་སྟེང་དུ། ལྷ་སོ་སོའི་སྔགས་དང་ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་རེ་རེ་བཀོད་མཐར་འབྲུ་བཀྲམ་དེའི་མཐར་ཉེར་སྤྱོད་མཆོད་པས་བསྐོར་ལ། ཧཱུྃ་ཧྲཱིཿ སྣང་སྲིད་བདེ་ཆེན་རོལ་པ་ཡི༔ ཡེ་ཤེས་སྣང་བ་ཁྱབ་བརྡལ་སྤྲིན༔ ཀུན་བཟང་མཆོད་པ་བསམ་ཡས་གཏེར༔ རང་བྱུང་རང་ཤར་ལྷུན་གྱིས་གྲུབ༔ སརྦ་ས་མ་ཡ་པཱུ་ཛ་ཧོཿ ཨོཾ་བཛྲ་ཨརྒྷྃ་ནས། ཤབྡ་མ་ཧཱ་པཱུ་ཛ་སྥ་ར་ཎ་ཁཾ༔ ཞེས་ཕྱི་མཆོད་དང༌། ཨོཾ་མ་ཧཱ་ཤྨ་ཤ་ན་རུ་དྲ་བྷོ་གཿརཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཉྩཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་པཱུ་ཛཿཨཿཧཱུྃ༔ ཞེས་ནང་མཆོད་དྲག་པོའི་ཉེར་སྤྱོད་དང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜལི་ཧཱུྃ་ཧྲཱིཿཋཿ ལན་གསུམ་གྱིས་སྨན། ཨོཾ་ཨཱཿཧཱུྃ་མ་ཧཱ་ཀ་པཱ་ལ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱི་ཋཿ ལན་གསུམ་གྱིས་རཀྟ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་སརྦ་ཀཱ་མ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི་ཋཿ ལན་གསུམ་གྱིས་གཏོར་མ་རྣམས་བྱིན་གྱིས་བརླབས། བཛྲ་སྥ་ར་ཎ་ཁྃ། གིས་མཁའ་ཁྱབ་ཏུ་སྤེལ། སྭ་བྷཱ་ཝས་སྦྱངས། མདུན་རྟེན་ཡོངས་སུ་གྱུར་པ་ལས༔ མེ་ཀློང་བྷྲཱུྃ་ཡིག་ལྔ་ལྡན་ཆད༔ ཡོངས་གྱུར་པད་ཉི་རྒྱ་གྲམ་སྟེང༔ ཡེ་ཤེས་རང་སྣང་གཞལ་ཡས་ཁང༔ རང་བྱུང་དུར་ཁྲོད་བཀོད་པ་ཅན༔ ཕྱི་ནི་རྩིག་པ་ཁ་དོག་ལྔ༔ ནང་དུ་སྐམ་རློན་རྙིང་པའི་མགོ༔ གནམ་ལྕགས་གཟེར་བཏབ་རཀྟས་སྦྱར༔ རིན་ཆེན་ཕ་གུ་དྲྭ་བ་ཕྱེད༔ ཆུ་སྲིན་རྔམ་པའི་ཁ་ལས་དཔྱང༔ ཤར་བུ་མདའ་ཡབ་པུ་ཤུ་དང༔ གཟའ་དང་ལྷ་ཀླུ་ཀ་གདུང་ཕྱམ༔ རྒྱུ་སྐར་དྲལ་གཟེབ་ཞིང་གི་ཐོག༔ ལྷ་ཆེན་ཐོད་པ་དབུས་ཕྱུར་བུ༔ མ་ཧཱ་རུ་དྲའི་ཙིཏྟ་ཏོག༔ ཡེ་ཤེས་ཟེར་འཕྲོ་འོད་ཕྱུང་འཁྱིལ༔ རོ་སྐྲའི་རྔ་ཡབ་ཞིང་གི་འཕན༔ གཅན་གཟན་ལྤགས་པའི་རྒྱལ་མཚན་གདུགས༔ ཕྱི་ནང་སྒོ་བཞི་རྟ་བབ་བརྒྱད༔ ཆོས་འཁོར་རི་དྭགས་གདུགས་ཏོག་མཛེས༔ དལ་དབུས་གནམ་ལྕགས་འཁོར་ལོ་དང༔ ལྟེ་བ་ཟླུམ་པོ་ཨེ་ཡི་ཀློང༌། ཟླ་གམ་གསུམ་ལ་ཁྲག་མཚོ་འཁྱིལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཀྲོ་དྷ་མཎྜ་ལ་ཧཱུྃ༔ གཞལ་ཡས་དབུས་སུ་རྡོ་རྗེ་ཡི༔ བྲག་ཆེན་པད་ཉི་ལྷ་ཆེན་པོ༔ ཁྱོ་ཤུག་ཟླ་གམ་གསུམ་གྱི་སྟེང༔ པད་ཉི་དགྲ་བགེགས་དྲག་པོ་ཡི༔ འཁོར་ལོ་རྩིབས་བཅུ་རེ་རེ་བཞིན༔ ཕྱོགས་སྐྱོང་ཕོ་མོ་པད་ཉི་དང༔ སྒོར་བཞིར་ཞིང་རྐྱང་གདན་བཅས་གསལ༔ མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། པཾ་པདྨ་མཎྜ་ལ༔ ཧཱུྃ༔ དབུས་ཀྱི་ཆོས་འབྱུང་ལྟེ་བ་རུ༔ རྒྱུ་ཡི་ཧཱུྃ་ཡིག་ཡོངས་གྱུར་ལས༔ སྤྲོས་བསྡུས་འོད་ཀྱིས་དོན་གཉིས་བྱས༔ འོད་ཀྱི་ཕུང་པོ་རྡོ་རྗེར་གུར༔ བཛྲ་ཧཱུྃ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ གདོད་ནས་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་འཆང་ཆེན་ཧེ་རུ་ཀ༔ སྤྱི་དཔལ་ཀརྨ་ཀཱི་ལ་ཡ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ རྩ་ཞལ་སྲིན་པོ་ཁྲོས་པའི་ཞལ༔ གཡས་པ་དཀར་བ་ཀུ་མུད་ཏ༔ གཡོན་པ་དམར་ནག་ཨམ་གཙིགས་བསྡམས༔ དེ་སྟེང་ཞལ་གསུམ་ལྗང་སེར་ནག༔ སྟེང་གི་ཞལ་གསུམ་སྨུག་མཐིང་དམར༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ སྤྱི་གཙུག་རྡོ་རྗེ་ཕྱེད་པའི་ཏོག༔ ར་གདེང་ཟར་བུ་སྦྲུལ་གྱིས་བཅིངས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཞལ་བགྲད་མཆེ་གཙིགས་ལྗགས་བརྐྱང་བསྒྲིལ༔ ཧཱུྃ་ཕཊ་ཕེཾ་གྱི་སྒྲ་དྲག་སྒྲོག༔ ཁྲོ་གཉེར་ཆུ་རླབས་ལྟ་བུར་འཁྲུག༔ སྨ་ར་སྨིན་མ་མེ་ལྟར་འབར༔ རྡོ་རྗེའི་སྐུ་མཆོག་སྤྲིན་བཞིན་ནག༔ གཡས་དགུ་དང་པོས་རྡོ་རྗེ་གདེང༔ འཁོར་ལོ་དགྲ་སྟྭ་རལ་གྲི་མདུང༔ ཐོ་བ་ལྕགས་ཀྱུ་གསལ་ཤིང་བསྣམས༔ གཡོན་དགུས་མེ་དཔུང་ཁ་ཊྭཱྃ་ཀ༔ རི་རབ་ཞགས་པ་བྷནྡྷ་དམར༔ སྡིག་མཛུབ་མདའ་དང་བདུད་བཞིའི་མགོ༔ མཐའ་མའི་ཕྱག་གཉིས་ཕུར་བུ་འདྲིལ༔ དྲག་པོའི་སྟངས་སྟབས་ཕྱོགས་བཅུར་གཡོ༔ འབར་བའི་ཞབས་བཞི་བརྐྱང་བསྐུམ་གྱིས༔ བར་ཆད་བདུད་བཞི་བརྫིས་ཤིང་མནན༔ གླང་ཆེན་ཞིང་ལྤགས་སྟོད་གཡོགས་ཤིང༔ སྟག་གི་ཤམ་ཐབས་གྲོལ་ཞིང་འཆིང༔ སྐུ་ལ་རུས་པའི་རྒྱན་ཆ་དྲུག༔ མགོ་ཕྲེང་དཔལ་གྱི་ཆས་གོས་རྫོགས༔ རྡོ་རྗེ་རིན་ཆེན་གཤོག་པ་གདེང༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང༔ ཁམས་གསུམ་ཟིལ་གནོན་ཆེན་པོར་གསལ༔ པང་དུ་བདེ་ཆེན་སྐྱེད་པའི་ཡུམ༔ འཁོར་ལོ་རྒྱས་འདེབས་ཁྲོ་གཏུམ་སྒེག༔ གཅེར་བུ་གཟིག་གི་ཤམ་ཐབས་གསོལ༔ ཐོད་སྐམ་རུས་པའི་རྒྱན་གྱིས་སྤྲས༔ ཕྱག་གཉིས་གཡས་པས་ཡབ་མགུལ་འཁྱུད༔ ཨུཏྤལ་མཐེབ་སྲིན་སྦྱར་བས་འཛིན༔ གཡོན་པས་དམར་གྱི་བྷནྡྷ་སྟོབ༔ ནུ་འབུར་བྷཱག་རྒྱས་པས་སྦྱོར༔ སྐེད་སྐབས་ཕྲ་ལྡེམ་གཡས་པའི་ཞབས༔ ཡབ་ཀྱི་སྐུ་ལ་འཁྱུད་ཅིང་ལྡེམ༔ གཡོན་པ་བརྐྱངས་ཏེ་དགྲ་བགེགས་བརྫིས༔ འབར་བའི་བརྟུལ་ཞུགས་ཡོངས་སུ་རྫོགས༔ གཙོ་བོའི་གཡོན་དུ་སྒྲོལ་བྱེད་ཀྱི༔ ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ༔ ཁྲོ་གཏུམ་སྒེག་པའི་གཟི་བྱིན་གྱིས༔ ཡབ་ལ་ལྟ་ཞིང་ཆགས་པའི་ཚུལ༔ གཡས་པས་གྲི་གུག་ནམ་མཁར་ཕྱར༔ གཡོན་པས་ཙིཏྟ་ཁྲག་འཛག་ཟ༔ གཅེར་བུ་རུས་པའི་རྒྱན་འཆང་བའི༔ གཡེར་ཁའི་སྒྲ་ལས་ཆོས་སྒྲ་སྒྲོག༔ ཕྱོགས་བཅུར་འཁོར་ལོའི་རྩིབས་རྣམས་སུ༔ པད་ཉི་ཕྱོགས་སྐྱོང་ཕོ་མོའི་སྟེང༔ ཧཱུྃ་རྣམས་ཡོངས་གྱུར་ཁྲོ་བཅུར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ སྟེང་ཕྱོགས་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་མཛད་སྒྲ་འབྱིན་ཡབ་ཡུམ་ལ༔ ཕྲ་མེན་ཕག་དང་རྨིགས་བུའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ༔ རྣམ་རྒྱལ་སྙེམས་མ་ཡབ་ཡུམ་ལ༔ ཕྲ་མེན་སྟག་དང་བྱ་རྒོད་མགོ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཤར་ལྷོ་མེ་ལྷའི་གདན་སྟེང་དུ༔ དབྱུག་སྔོན་སྡེར་མོ་ཡབ་ཡུམ་ལ༔ ཕྲ་མེན་གཡག་དང་བྱ་རོག་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་དུ༔ གཤིན་རྗེ་དུར་ཁྲོད་ཡབ་ཡུམ་ལ༔ ཕྲ་མེན་ཤ་བ་འུག་པའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ལྷོ་ནུབ་སྲིན་པོའི་གདན་སྟེང་དུ༔ མི་གཡོ་གཏུན་ཁུང་ཡབ་ཡུམ་ལ༔ ཕྲ་མེན་གཟིག་དང་ཁྭ་ཏའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནུབ་ཕྱོགས་ཆུ་ལྷའི་གདན་སྟེང་དུ༔ རྟ་མགྲིན་གཏུམ་མོ་ཡབ་ཡུམ་ལ༔ ཕྲ་མེན་བྱི་ལ་པུ་ཤུད་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ནུབ་བྱང་རླུང་ལྷའི་གདན་སྟེང་དུ༔ འདོད་རྒྱལ་མདའ་སྙེམས་ཡབ་ཡུམ་ལ༔ ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜལི་ཧཱུྃ༔ ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ༔ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ༔ བདུད་རྩི་རླུང་འབྱིན་ཡབ་ཡུམ་ལ༔ ཕྲ་མེན་སེང་གེ་ཕ་ཝཾ་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ བྱང་ཤར་དབང་ལྡན་གདན་སྟེང་དུ༔ ཁམས་གསུམ་གསོད་བྱེད་ཡབ་ཡུམ་ལ༔ ཕྲ་མེན་དོམ་དང་སྲེ་མོང་མགོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ འོག་ཕྱོགས་ས་བདག་གདན་སྟེང་དུ༔ སྟོབས་ཆེན་སྐྱོད་བྱེད་ཡབ་ཡུམ་ལ༔ ཕྲ་མེན་དྲེད་དང་བྱི་བའི་མགོ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་མཎྜ་ལ་ཧཱུྃ༔ ཟླ་གམ་འཁྱིལ་བ་གསུམ་གྱི་སྟེང༔ མདུན་དུ་ཐུགས་ཀྱི་སྲས་མཆོག་མཐིང༔ གཡས་སུ་སྐུ་ཡི་སྲས་ལྗང་ནག༔ གཡོན་དུ་གསུང་གི་སྲས་དམར་ནག༔ མཚན་མ་རྫས་ཀྱི་འཁོར་ལོར་རྫོགས༔ དཔལ་ཆེན་གསང་བ་གསུམ་དུ་གྱུར༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ༔ གཞལ་ཡས་ཁང་གི་གྲུ་བཞི་རུ༔ ཤར་ལྷོར་བུདྡྷ་ཀཱི་ལ་ཡ༔ ལྷོ་ནུབ་རིན་ཆེན་ཀཱི་ལ་ཡ༔ ནུབ་བྱང་པདྨ་ཀཱི་ལ་ཡ༔ བྱང་ཤར་ཀརྨ་ཀཱི་ལ་ཡ༔ བདུད་བཞི་འདུལ་བའི་ཕྲིན་ལས་རྫོགས༔ ཛཿཧཱུྃ་བྃ་ཧོཿ ཤར་དུ་སྒོ་མ་ལྕགས་ཀྱུ་མ༔ ལྷོ་རུ་སྒོ་མ་ཞགས་པ་མ༔ ནུབ་ཏུ་སྒོ་མ་ལྕགས་སྒྲོག་མ༔ བྱང་དུ་སྒོ་མ་དྲིལ་བུ་མ༔ ཁྲག་ཁྱམས་དཔལ་གྱི་བཀའ་སྡོད་ཚོགས༔ ཀུན་ཀྱང་རང་རང་རྒྱན་ཆས་ཚོགས༔ རྫོགས་པ་བཀའ་སྡོད་ཚུལ་དུ་གནས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ བདེ་གཤེགས་དབང་བསྐུར་ཡེ་ཤེས་ལྔ༔ ཁྲག་འཐུང་རིགས་ལྔའི་ཕྱག་རྒྱར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ ཞེས་གསལ་བཏབ་སྟེ་ལས་རིམ་མདོར་བསྡུས་བྱ་བ་ནི། ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་དབུས་བྲལ་བ་ནས༔ དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ འཇིགས་མཛད་རྡོ་རྗེ་གཞོན་ནུ་ཆེ༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་སརྦ་ས་མ་ཡ་ཧཱུྃ་ཛཿཛཿ རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་ཚིག་གི་དཀྱིལ་འཁོར་ལ་དབྱེར་མེད་དུ་བཞུགས་པར་གྱུར། ཧཱུྃ་ཧྲཱིཿ བདེ་ཆེན་དབྱིངས་ཀྱི་གཞལ་ཡས་དབུས༔ རང་སྣང་རིག་པའི་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བཞུགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛནྟུ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ ཡུལ་དང་དབང་པོ་གཉིས་མེད་པ༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་བཞེས༔ ཨོཾ་བཛྲ་ཨརྒྷྃ་ནས་ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ས་མ་ཡ་ཧོཿམ་ཧཱ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧིཿ མ་ཧཱ་མྃ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧིཿ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཧ་ཧ་ཧ༔ ཧཱུྃ༔ སྒེག་པ་དཔའ་བ་མི་སྡུག་རྡོ་རྗེའི་སྐུ༔ དགོད་གཤེ་དྲག་ཤུལ་སྔགས་ཀྱི་སྒྲ་གདངས་ཅན༔ སྙིང་རྗེ་རྔམས་ཞི་ཡེ་ཤེས་སྲོག་ལྡན་པའི༔ ཕྲིན་ལས་འདུས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ སློབ་དཔོན་སྤོས་དང་རྡོར་དྲིལ་ཐོགས་པུས་མོ་བཙུགས་ནས་དཀྱིལ་འཁོར་གྱི་ལྷ་ལ་བཏུད་སྟེ་གནང་བ་ཞུ་བ་ནི། ཧཱུྃ༔ རྡོ་རྗེ་རྒྱལ་པོ་ཡེ་ཤེས་ཆེ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་ལྷ༔ འབར་བའི་དཔལ་ཆེན་རྔམས་པའི་གཟུགས༔ དཀྱིལ་འཁོར་ལྷ་རྣམས་དགོངས་སུ་གསོལ༔ སང་ནི་དམ་ཚིག་ལྷག་པའི་རྟེན༔ རྡོ་རྗེའི་ཕོ་བྲང་འདེབས་འཚལ་གྱིས༔ དགྱེས་པའི་དམ་ཚིག་མ་བསྙེལ་བར༔ ཅི་བདེར་གནང་བ་བསྩལ་དུ་གསོལ༔ ལན་གསུམ་གྱིས་གསོལ་བ་བཏབ་པས། རྡོ་རྗེ་སློབ་དཔོན་སྙིང་རྗེ་ཆེ༔ ཁྱོད་ཀྱིས་རང་གཞན་ཕན་གདགས་ཕྱིར༔ སྒྲུབ་པའི་ཆོ་ག་ཚུལ་བཞིན་གྱིས༔ བདེ་གཤེགས་རྒྱལ་བས་བྱིན་རློབ་འགྱུར༔ གནང་བ་བསྩལ་ནས་འོད་དུ་ཞུ༔ བདག་དང་གནས་ལ་ཐིམ་པ་ཡིས༔ ཐ་མལ་སྣང་ཞེན་རབ་སྦྱངས་ཏེ༔ ཡེ་ཤེས་ཆེན་པོར་བྱིན་བརླབས་བསམ༔ ཞེས་གནང་བ་བྱིན་པར་བསམས་ནས། ཧཱུྃ་བཛྲོད་ཏིཥྛས་དཀྱིལ་འཁོར་བཏེགས་ལ་ནམ་མཁར་དགོད་པར་བྱ་ཞིང་ཚོམ་བུ་དང་མཆོད་པ་རྣམས་བསྡུའོ། །གཉིས་པ་ནི། འབྱོར་ན་རིན་པོ་ཆེའི་བུམ་པ་ལྷ་གྲངས་ལྟར་བཅུ་དང་བསྡུ་ན་གཉིས་ཀྱིས་ཀྱང་རུང༌། གུ་གུལ་གྱིས་བདུག་ཅིང་བི་ཤྭའི་སྔགས་དང་ཡུངས་ཐུན་གྱིས་བྲབ། བུམ་རྫས་སོ་ལྔའི་རྫས་དང་ལྡན་པའི་དྲི་བཟང་གི་ཆུས་སུམ་གཉིས་བཀང་ཁ་རྒྱན་དང་མགུལ་ཆིངས་དུང་ཞལ་མེ་ཏོག་གི་ཕྲེང་བ་བཅིངས་པའི་རྡོ་རྗེ་སོགས་ཀྱིས་བརྒྱན། བུམ་པ་ལྷ་གྲངས་ཡོད་ན་དལ་གྱིས་དབུས་དང་ཕྱོགས་མཚམས་སུ་བཀོད། གཉིས་ཀྱི་ཚེ་དཀྱིལ་འཁོར་དབུས་སུ་མཉྫི་ལ་རྣམ་བུམ། བྱང་ཤར་དུ་ལས་བུམ་བཀོད་མཆོད་པས་བསྐོར་བར་བསང་སྦྱང་བྱིན་བརླབས་རྗེས། བུམ་པར་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་བུམ་པའི་ནང་དུ་འཁོར་ལོ་རྩིབས་བཅུ་པའི་ལྟེ་བར། ཨེ་གྲུ་གསུམ་མཐིང་ནག་རབ་ཏུ་འབར་བའི་ཀློང་དུ་པདྨ་ཉི་མ་རུ་དྲ་དྲེགས་པ་ཅན་གྱི་གདན་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུ། སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས། སྒྲོལ་ཡུམ་ཨེ་ཀ་ཙ་ཊི། རྩིབས་བཅུར་ཁྲོ་བཅུ་ཡབ་ཡུམ་ཕྲ་ཐབས་དང་བཅས་པ། ལྟེ་བར་ཟླ་གམ་གསུམ་སྐུ་གསུང་ཐུགས་ཀྱི་སྲས་མཆོག་དང༌། ཕྱོགས་བཞིར་སྒོ་མ་བཞི། མཚམས་བཞིར་ཀཱི་ལ་ཡ་རིགས་བཞི་རྣམས་སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་སོ་སོར་མ་འདྲེས་པ་མེ་ལོང་གི་གཟུགས་བརྙན་ལྟར་རྣམ་པར་བཀྲ་བ། ལས་ཐམས་ཅད་པའི་བུམ་པའི་ནང་དུ་པདྨ་དང་ཉི་མ་ལ་གནས་པའི་བདུད་རྩི་འཁྱིལ་བ་ལྗང་གུ་གཡས་རྒྱ་གྲམ་དང༌། གཡོན་ཞགས་པ་འཛིན་པ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་གྱུར། ཞེས་གསལ་ཏེ་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་ནི། ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་དབུས་བྲལ་བ་ནས༔ དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ འཇིགས་མཛད་རྡོ་རྗེ་གཞོན་ནུ་ཆེ༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་སརྦ་ས་མ་ཡ་ཧཱུྃ་ཛཿཛཿ ཧཱུྃ་ཧྲཱིཿ བདེ་ཆེན་དབྱིངས་ཀྱི་གཞལ་ཡས་དབུས༔ རང་སྣང་རིག་པའི་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བཞུགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛནྟུ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ ཡུལ་དང་དབང་པོ་གཉིས་མེད་པ༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་བཞེས༔ ཨོཾ་བཛྲ་ཨརྒྷྃ་ནས་ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ས་མ་ཡ་ཧོཿམ་ཧཱ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧིཿ མ་ཧཱ་མྃ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧིཿ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཧ་ཧ་ཧ༔ ཧཱུྃ༔ སྒེག་པ་དཔའ་བ་མི་སྡུག་རྡོ་རྗེའི་སྐུ༔ དགོད་གཤེ་དྲག་ཤུལ་སྔགས་ཀྱི་སྒྲ་གདངས་ཅན༔ སྙིང་རྗེ་རྔམས་ཞི་ཡེ་ཤེས་སྲོག་ལྡན་པའི༔ ཕྲིན་ལས་འདུས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་གཟུངས་ཐག་བླངས་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུ་དབྱེར་མེད་རོ་གཅིག་གྱུར། ཞེས་དམིགས་ལ། གཙོ་བོ། ཁྲོ་བཅུ། སྲས་མཆོག་ཉེར་གཅིག །ཀཱི་ལ་རིགས་བཞི། སྒོ་མ་བཅས་གཙོ་འཁོར་གྱི་འགྲོས་སྦྱར་བས་ཅི་ནུས་དང༌། ལས་བུམ་ལ་དམིགས་པས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ྄༔ བརྒྱ་རྩ་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་བུམ་ལྷ་འོད་དུ་ཞུ་ནས་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། །ཞར་བྱུང་གསུང་རྟེན་ཐོད་པ་མཚན་ལྡན་དུ་བདུད་རྩི་རིལ་བུ་དང་བཅས་པའི་མྱོས་བྱེད་ཀྱིས་གང་བའི་ཁ་མེ་ལོང་ལ་སོ་སོའི་སྙིང་པོ་བྲིས་པས་བཀབ་པ་དགུར། ཐོད་པ་གཞལ་ཡས་ཁང་དུ་ལྷ་རྣམས་རང་རང་གི་ཤེས་རབ་མ་དང་སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། རྩ་སྔགས་ལ། བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བེ་ཤ་ཡ་ཨ་ཨཿ བཏགས་པ་ཉེར་གཅིག །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ཞེས་དགུ་པའི་སྔགས་ཚར་བཅུ་བཅས་ཀྱི་བྱིན་གྱིས་བརླབ། ཐུགས་རྟེན་ལྕགས་སམ་ཙནྡན་སེང་ལྡེང༌། དུག་ཤིང་ཚེར་མ་ཅན་རྣམས་གང་རུང་ལ་བྱས་པའི་གཙོ་ཕུར་སོར་བཅུ་དྲུག །ཁྲོ་བཅུ་སོར་བཅུ་གཉིས། ཟ་གསོད་མཐོ་རེ། སྲས་མཆོག་མར་བཅད་སོར་བརྒྱད་པ་ཁྲོ་བོ་སོགས་རང་གི་ཞལ་ཅན། རྒྱ་མདུད་ཉིས་རིམ་ཆངས་བཟུང་ཟུར་བརྒྱད། དབལ་ཟུར་གསུམ་ཆུ་སྲིན་གྱི་ཁ་ནས་འཐོན་པའི་གཙོ་ཕུར་རྣམས་འགྱིང་ཞིང་བརྗིད་ཆགས་པ། ལས་ཕུར་རྣམས་གསོར་བདེ་བ། མཚན་ཉིད་དང་ལྡན་པ། གཙོ་ཕུར། སྦྱོར་སྒྲོལ་ཡུམ་གཉིས། ཁྲོ་བོ་བཅུ། ཁྲོ་མོ་བཅུ། ཕྲ་མེན་ཉི་ཤུ། སྲས་མཆོག་ཉེར་གཅིག །རིགས་བཞིའི་ཀཱི་ལ་ཡ། ཕུར་སྲུང་དམ་ཅན་ཉེར་བཞི། དབང་ཕྱུག་ཉེར་བརྒྱད་བཅས་ལྷ་གྲངས་མཉམ་པ། དེ་དག་དར་སྣ་ལྔའི་ཅོད་པན་གྱེན་དུ་འཕུར་ཞིང་མགུལ་དུ་རིང་བསྲེལ་དང་བསྙེན་ཐེམས་ཀྱི་ཡུངས་ཀར་ཐུམ་བུ་བཏགས་པ། དབུ་རྒྱན་ལ་འབྲུ་ལྔ་གནས་གསུམ་འབྲུ་གསུམ། ཐུགས་ཀའི་ཚོད་རང་རང་གི་སྙིང་པོ་ཤོག་དྲིལ་ནང་དུ་གཞུག་པའམ་ཕྱི་རུ་གསེར་གྱི་བྲིས་པ་རྣམས། རུ་སྦལ་གྱི་ཁོག་པའམ་ཐོད་པ་སོགས་སུ་དར་ནག་གིས་བཀབ། བདུག་པའི་རྫས་གུ་གུལ་མེ་སྣོད་བཅས་དང༌། བྱུག་པའི་རྫས། མི་རྟ་ཁྱི་གསུམ་གཅན་གཟན་ཁྲག་གང་རྙེད། རེ་ལྕག །སྤྱང་ཚེར། རི་ཤོ། བསེ་ཞོ། བཙན་དུག་རྣམས་ཐོད་པའི་སྣོད་དུ་སྦྱར་བ། བྲབ་པའི་རྫས་ཡུངས་ཀར་མ་ཉམས་པ་རྣམས་འདུ་བྱས་ཏེ་བཞག་གོ །གཞན་ཡང་ཡོན་ཏན་ཕྲིན་ལས་ཀྱི་རྟེན་དང་མཆོད་རྫས་དང་སྒྲུབ་རྫས་ལ་སོགས་པ་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་སྟ་གོན་བྱའོ། །གསུམ་པ་ནི། སློབ་མ་སྟ་གོན་ཉེ་བར་མཁོ་བར་གྱུར་ཚེ་དབང་ཆོག་ལྟར་སྐབས་འདིར་སྦྱར་བར་བྱའོ། །སྤྱི་དོན་གཉིས་པ། སྒྲུབ་པའི་དངོས་གཞི་ལ་རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ། དེ་ཉིད་སྒྲུབ་ཅིང་མཆོད་ནས་དབང་བསྐུར་བ་གཉིས་ལས། དང་པོ་ལ་མཚམས་བཅད་པ། མ་ཏྲཾ་བསྒྲལ་བ། ཆག་ཆག་གདབ་པ། ཐིག་གདབ་པ། ཚོན་དགྱེ་བ། ཕུར་བུ་དགོད་པ། རྒྱན་རྫས་དགྲམ་པ། མངའ་གསོལ་ཞིང་རྟགས་གདབ་པ། བྱིན་དབབ་པ་དང་དགུ་ལས། དང་པོ་ལ་གསུམ་གྱི་ཕྱི་མཚམས་བཅད་པ་ནི། སྒྲུབ་ཁང་གི་ཕྱིའི་ཕྱོགས་བཞིར་ཐོ་བརྩིགས་ལ་རྒྱལ་ཆེན་བཞིའི་ཙཀ་ལི་རབ་གནས་ཅན་གཟུག །དེ་དག་གི་མདུན་དུ་མཆོད་པ་ལྔ་དང་གཏོར་མ་རེ་བཤམས་ལ། རང་ཉིད་དཔལ་ཆེན་པོའི་བསྙེམས་པ་དང་བཅས་པས་ཤར་དུ་སོང་སྟེ། མངོན་པར་བཤམས་པའི་མཆོད་གཏོར་རྣམས་རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང༌། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༌། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་གྱུར། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷྃ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་དྷྲྀཥྚ་རཱཥྚ་ཡ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། དྲི་ཟའི་མངའ་བདག་ཡུལ་འཁོར་སྲུང༌། །ཞི་བའི་ལས་མཛད་སྐུ་མདོག་དཀར། །ལྷ་ཡི་ཐུགས་དམ་པི་ཝཾ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། རྩ་སྔགས་མཐར། ཏིཥྛ་བཛྲ། ཞེས་བརྟན་བཞུགས་བྱ། ལྷོར་སོང་སྟེ་མཆོད་གཏོར་རྣམས་རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ། །གསང་བདག་སྤྱན་སྔར་དམ་མནོས་ཤིང༌། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་གྱུར། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷྃ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་བེ་རཱུ་དྷ་ཀཱ་ཡ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། གཤིན་རྗེའི་མངའ་བདག་འཕགས་སྐྱེས་པོ། །མངོན་སྤྱོད་ལས་མཛད་སྐུ་མདོག་སྔོ། །ཚར་གཅོད་བེ་ཅོན་རལ་གྲི་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། རྩ་སྔགས་མཐར། ཏིཥྛ་བཛྲ། ཞེས་བརྟན་བཞུགས་བྱ། ནུབ་ཏུ་སོང་སྟེ་མཆོད་གཏོར་རྣམས་རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་མིག་མི་བཟང་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ། །གསང་བདག་སྤྱན་སྔར་དམ་མནོས་ཤིང༌། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་མིག་མི་བཟང༌། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་གྱུར། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷྃ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་བེ་རཱུ་པཱཀྵ་ཡ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། ཀླུ་ཡི་མངའ་བདག་སྤྱན་མི་བཟང༌། །དབང་གི་ལས་མཛད་སྐུ་མདོག་དམར། །ཚོགས་རྫོགས་མཆོད་རྟེན་སྦྲུལ་ཞགས་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། རྩ་སྔགས་མཐར། ཏིཥྛ་བཛྲ། ཞེས་བརྟན་བཞུགས་བྱ། བྱང་དུ་སོང་སྟེ་མཆོད་གཏོར་རྣམས་རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ། །གསང་བདག་སྤྱན་སྔར་དམ་མནོས་ཤིང༌། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་གྱུར། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷྃ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་བཻ་ཤྲཱ་མ་ཎ་ཡ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། གནོད་སྦྱིན་མངའ་བདག་རྣམ་ཐོས་སྲས། །རྒྱས་པའི་ལས་མཛད་ལྗང་སེར་སྐུ། །གཏེར་འཆང་བེ་ཅོན་ནེའུ་ལེ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། རྩ་སྔགས་མཐར། ཏིཥྛ་བཛྲ། ཞེས་བརྟན་བཞུགས་བྱ། འཁོར་ཡུག་ཐམས་ཅད་དུ་རྒྱལ་ཐབས་བཞིན་རྡོ་རྗེའི་གུར་ཕུབ་པར་བསམ་ལ། ནང་མཚམས་བཅད་པ་ལ་གསུམ་གྱི་དམ་སྲི་མནན་པ་ནི། དུག་ཤོག་གམ་ར་སོག་ལ་དམ་སྲིའི་ལིང་ག་མིང་གཟུགས་སྤྱི་ལྟར་སྙིང་གར་ཏྲི་ཛ་ཁ་སྤྲོད་མཐར་ཡ་མ་དམ་སྲི་མཱ་ར་ཡ་ན་ག་ཛ་ཛ་ནནཿ ཡ་མ་དམ་སྲི་གཾ་པ་རི་མཱ་ར་ཡ་རྦད་རྦད་ནནཿ གནས་ཡིག་དང་ཛ་ཁྲམ་སྤྱི་མཚུངས་བྲིས་པ་སྒྲུབ་ཁང་གི་སྒོར་དོང་གྲུ་གསུམ་པར་ལྕགས་སྣོད་དུ་བཀོད་ལ། ཐོག་མར་འབྲུ་སྣ་བཏབ་པའི་གསེར་སྐྱེམས་རྡོར་སློབ་ཀྱིས་ཐོགས་ལ། རྃ་ཡྃ་ཁྃ་གཅིག །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿལན་གསུམ་གྱི་བྱིན་གྱིས་བརླབས། དབྱངས་རོལ་བཅས། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང༌། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཁྱད་པར་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་ཕུར་སྲུང་དམ་ཚིག་ཅན། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང༌། །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། ཞེས་པའི་ཚིག་མཚམས་གསུམ་སོ་སོར་གསེར་སྐྱེམས་འབུལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཡ་མ་དམ་སྲི་མཱ་ར་ཡ་ཧཱུྃ་ཕཊ། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྗང་ནག་བ་ཐག་གཟེངས་པ་ལྟ་བུ་ཕྱོགས་བཅུར་འཕྲོས་པའི་རྩེ་ལས་སྲས་མཆོག་ལྟ་བུའི་ཁྲོ་བོའི་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས་སྟོང་གསུམ་ཐམས་ཅད་གང༌། སྣང་བ་སྐུ། སྒྲ་གྲགས་གསུང༌། རྟོག་ཚོགས་ཐུགས་སུ་གསལ་བས་བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐང༌། སྲུང་མ་དམ་ཅན་རྣམས་ལས་ལ་བསྐུལ། རྣལ་འབྱོར་པ་རྣམས་ཀྱི་གཡར་དམ་སོར་སྩོལ། རིགས་དྲུག་བླ་མེད་ཀྱི་གནས་སུ་སྤར། ཁྱད་པར་བསྒྲལ་བྱའི་གནས་སུ་འཕྲོས། རང་དབང་མེད་པར་བཀུག་སྟེ་ལིང་ག་ལ་ཐིམ་འོད་ཟེར་སླར་འདུས་རང་དང་གདབ་ཕུར་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབས་དཔག་ཏུ་མེད་པར་བསམ་ལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཞིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང༌། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོང་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་གྱིས་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་ཡ་མ་དམ་སྲི་ཛཿཧཱུྃ་བྃ་ཧོཿ ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ། ཅེས་དགུག་གཞུག་ལན་གསུམ་བྱས་ནས། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་ཕོ་ཉ་བསྐུལ། ཧཱུྃ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས། གཏོགས་ཤིང་གྲོགས་དང་བྲལ་བར་གྱིས། །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །རེངས་པར་ཁུག་ལ་སྨྱོ་རུ་ཆུག །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༌། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། ཨོཾ་ལྃ་ཧཱུྃ་ལྃ་སྟྭྃ་བྷ་ཡ་ནན༔ མོ་ཧ་ཡ་བྷ་ག་ཝན༔ བི་ཀྲྀ་ཤཱི་ཀྲི་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ྄་ཕཊ྄ཕཊ྄༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བྃ་ཧོཿ སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ྄༔ བཛྲ་ཧཱུྃ་ཀཱ་ར་ཨ་ཨ༔ ཞེས་བཟླ་བཞིན་དུ་ཕུར་བུ་བསྒྲིལ་ཞིང་སྐྱེར་ཕུར་བཏབ་སྟེ། དེ་ཡང་བདག་དཔལ་ཆེན་པོ། ཕུར་བུ་སྲས་མཆོག །ལིངྒ་གནོད་བྱེད་ཀུན་འདུས་སུ་གསལ་བས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཨ་དཀར་པོ་དཔག་ཏུ་མེད་པ་བྱུང༌། རང་གི་སྙིང་གར་ཨ་གཅིག་ཏུ་གྱུར་པའི་འོད་ཟེར་གྱིས་སྐུ་གསུང་ཐུགས་འོད་གསལ་བར་བྱས་ལིངྒ་ལ་ཕོག །སྒོ་གསུམ་གྱི་སྡིག་སྒྲིབ་སྦྱངས། སྙིང་གར་ཚེ་རྟེན་ཨ་འོད་ཀྱི་ཐིག་ལེའི་དབུས་སུ་ཀུན་གཞིའི་ནྲྀ་དུད་ཁའི་གཟུགས་སུ་གནས་པ་ལ་ཕུར་རྩེ་ཧཱུྃ་ལྡན་བཏབ་པས་ནྲྀ་ཐིག་ལེ་ཨ་བཅས་ཧཱུྃ་ལ་བསྡུས། ཕུར་རྩེ་ཨ་དཀར་ཡེ་རེ་བ་དེ་རང་ལ་བསྟན་པས་བདག་གི་རྡོ་རྗེའི་ཚེ་སྲོག་དང་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་གྱུར། ཀཱི་ལ་ཡ་བརྗོད་ཅིང་ཕུར་བུའི་དབལ་ནས་བཟུང་སྟེ་ཀླད་ལ་བསྐོར་བས་ཁམས་གསུམ་ཕུར་བུས་གང༌། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཁམས་གསུམ་ཕུར་བུས་གང་བ་ལ་ཕོག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པས་སླར་འདུས་བདག་ལ་ཐིམ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་སླར་ཡང་ཧཱུྃ་ལས་འོད་འཕྲོས་པའི་འོད་ཟེར་གྱི་རྩེ་ལས་དམིགས་བྱའི་རྣམ་ཤེས་ཨ་ཡིག་གི་གཟུགས་ཀྱིས་འོག་མིན་དུ་སྤར། ཕཊ་ཕཊ་ཕཊ། ཅེས་བརྗོད་པས། རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་རྡོར་སེམས་ཀྱི་སྲས་སུ་སྐྱེས་པར་བསམ་པ་ནི་བརྟེན་པ་དབྱིངས་སུ་བསྒྲལ་ནས། མ་རཀྨོས་སྔགས་ཀྱིས་ཐུན་བྲབ། རྣམ་སྨིན་བག་ཆགས་ཀྱི་ལུས་རྟེན་དོང་ནང་དུ་སྤྱི་ཚུགས་སུ་མནན་ལ། རོ་གཡམ་ལ་སྣ་ཚོགས་རྡོ་རྗེ་དང༌། ལས་རྡོར་གྱིས་མེ་ཆུ་ས་རླུང་བཞིའི་རྒྱ་རིམ་པ་བཅུ་བཏབ། རི་རབ་གླིང་བཞི་བྲིས་པས་བཀབ་ལ། ཧཱུྃ༔ གཅིག་ནི་བརྗོད་མེད་ཉག་གཅིག་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་ནི་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་ནི་ཕྱག་རྒྱ་བཞི་ཡི་རྒྱ༔ ལྔ་ནི་ཡེ་ཤེས་ལྔ་ཡི་རྒྱ༔ དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ༔ བདུན་པ་མ་མོ་བདུན་གྱི་རྒྱ༔ བརྒྱད་ནི་དུར་ཁྲོད་བརྒྱད་ཀྱི་རྒྱ༔ དགུ་ནི་ཧེ་རུ་ཀློང་དགུའི་རྒྱ༔ བཅུ་ནི་ཁྲོ་རྒྱལ་བཅུ་ཡི་རྒྱ༔ ཁྱོད་ལ་རྒྱ་བཅུ་བརྩེགས་ཏེ་མནན༔ རི་རབ་བརྗིད་པའི་འོག་ཏུ་མནན༔ དཔལ་གྱི་བྲོ་ར་བྱས་ཏེ་མནན༔ བསྐལ་པ་བྱེ་སྙེད་མཐའ་རུ་མནན༔ ཞེས་རྒྱ་བཅུ་གདབ་ཅིང༌། འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་ཁྲོ་རྒྱལ་འཁོར་བཅས་བཞུགས་པར་བསམ། བྲོ་ར་བསྐོར། །མཐེའུ་ཆུང་སྦྲེལ་ནས་བྲོ་བརྡུང་བ་ནི། ཧཱུྃ༔ སྣང་སྲིད་རྡོ་རྗེ་ཕུར་པའི་ལྷ༔ ཞལ་ནས་ཀཱི་ལའི་ཛཔ་ཟློས་ཤིང༔ སྐུ་ནི་ཅིར་ཡང་འགྱུར་བ་ཆེ༔ ཁམས་གསུམ་ཨེ་ཡི་ད་ལར་རྫོགས༔ བདག་ལྟའི་དམ་སྲི་སྒབ་འདྲེ་རྣམས༔ མནན་ནོ་རི་རབ་འོག་ཏུ་གཟིར༔ ཞབས་གཉིས་རྡོ་རྗེའི་བྲོ་ཆེན་པོས༔ ཕོ་ཉ་སྤྲིན་ལྟར་གཏིབས་པ་ཀུན༔ འབར་བ་ཆེན་པོའི་གླུ་དང་བྲོ༔ ཅིར་ཡང་བསྒྱུར་བས་སྟྭྃ་བྷ་ཡ༔ བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ༔ ཧཱུྃ་ལཾ༔ སྟྭྃ་བྷ་ཡ་ནན༔ ཞེས་བརྗོད། སྒོ་བསྲུང་བ་ནི། བསེ་བྱང་གཉིས་ཀྱི་མདུན་ངོས་ལ་གཤིན་རྗེ་དང་བདུད་རྩི་འཁྱིལ་བའི་སྐུ་བྲི་ཞིང་རྒྱབ་ངོས་ལ་སོ་སོའི་སྙིང་པོ་འདོད་དོན་གྱི་སྤེལ་ཚིག་ཅན་ཕུར་བུ་རེ་དང་བཅས་པའི་གཤིན་རྗེའི་སྐུ་དང་ཕུར་བུ་སྒོའི་ཕྱི་ངོས་དང༌། འཁྱིལ་བའི་སྐུ་དང་ཕུར་བུ་སྒོའི་ནང་ལོགས་ཀྱི་སྟེང་དུ་བཀོད། དེ་གཉིས་ཀྱི་མདུན་དུ་མཆོད་པ་ལྔ་གཏོར་མ་དང་བཅས་པ་བཤམས་རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ཏེ། རྟེན་བསང་སྦྱང༌། སྟོང་པའི་ངང་ལས་པད་ཉི་དྲེགས་པའི་སྟེང་དུ་ཡཿལས་གཤིན་རྗེ་ནག་པོ་ཐོད་དབྱུག་དང་ཞགས་པ་ཐོགས་པ། ཧཱུྃ་ལས་བདུད་རྩི་འཁྱིལ་པ་ལྗང་ནག་རལ་གྲི་དང་རྒྱ་གྲམ་འཛིན་པ། གཉིས་ཀའང་སྲིན་པོ་ཁྲོས་པའི་ཉམས་ཅན་འབར་བའི་ཆས་ཀྱིས་བརྒྱན་ཏེ་མེའི་ཕུང་པོའི་དབུས་ན་གནས་པའོ། །དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། ཉེར་སྤྱོད་ལྔས་མཆོད་ཅིང༌། རྩ་སྔགས་གཉིས་ཀྱི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། བརྟན་པར་བྱ་བའི་ཕྱིར་ལན་བདུན་བཟླས་ནས། ཁྲོ་བོ་གཤིན་རྗེའི་གཤེད་ཀྱིས་སྒྲུབ་པའི་གནས་འདིར་བར་ཆད་ནང་དུ་མི་གཏོང་བའི་ཕྲིན་ལས་མཛོད་ཅིག །ཅེས་དང༌། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ། ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ། བདུན་བཟླས་ནས། ཁྲོ་བོ་བདུད་རྩི་འཁྱིལ་པས་ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་ཕྲིན་ལས་མཛོད་ཅིག །ཅེས་འདོད་དོན་གསོལ། ཁྲོ་བཅུའི་མཚམས་གཅོད་ནི། བླ་མ་ཁ་ཅིག་ཕྱོགས་སྐྱོང་ཕུར་གདབ་སླར་ཡང་མཛད་མོད། རང་ལུགས་ལ་སྔར་ས་བཟུང་གི་ཚེ་བཏབ་པའི་ཕུར་བུ་ལ་ཕྲིན་ལས་བསྐུལ་བ་རིགས་པར་མཐོང་བས་འདིར་དེ་ལྟར་བྱ་སྟེ། སྔར་བཏབ་པའི་ཕུར་བུ་རྣམས་ཀྱི་མདུན་ཉེར་སྤྱོད་བསྒྲིགས་ཏེ་གསལ་བཏབ་ལ་མེ་ཏོག་ལ་སོགས་པས་མཆོད་ནས། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུྃ་ཕཊ། ཞེས་པ་ནས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། གནོད་བྱེད་འབྱུང་པོ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཅེས་པའི་བར་གྱིས་ཁྲོ་བཅུ་ལ་ཕྲིན་ལས་བསྐུལ་ཕུར་བུ་སོགས་བསྡུས་ཏེ་ལོགས་སུ་བཞག །གསང་མཚམས་ནི། བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་སྟེ། སེམས་ཉིད་སྟོང་གསལ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པས་བར་ཆད་ཀྱི་ངོ་བོ་བདེན་མེད་དུ་རིག་པ་ནི་མི་ཤིགས་པ་རྡོ་རྗེའི་མཚམས་གཅོད་ཅེས་བྱའོ། །གཉིས་པ་མ་ཏྲཾ་བསྒྲལ་བ་ནི། ཁམས་ལ་ཁམས་གསུམ་གྱི་བདག་ཏུ་ལྟ་བའི་མ་ཏྲཾ་རུ་ཏྲ་ཐལ་སྐྱ་མགོ་བོ་གསུམ་པ་མི་སྡུག་པའི་རྣམ་པ་ཅན་ཞིག་དཀྱིལ་འཁོར་གྱི་གཞིར་མགོ་ལྷོ་ནུབ་ཏུ་ཕྱོགས་པར་བཞག་ལ། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྗང་ནག་བ་ཐག་གཟེངས་པ་ལྟ་བུ་ཕྱོགས་བཅུར་འཕྲོས་པའི་རྩེ་ལས་སྲས་མཆོག་ལྟ་བུའི་ཁྲོ་བོའི་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས་སྟོང་གསུམ་ཐམས་ཅད་གང༌། སྣང་བ་སྐུ། སྒྲ་གྲགས་གསུང༌། རྟོག་ཚོགས་ཐུགས་སུ་གསལ་བས་བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐང༌། སྲུང་མ་དམ་ཅན་རྣམས་ལས་ལ་བསྐུལ། རྣལ་འབྱོར་པ་རྣམས་ཀྱི་གཡར་དམ་སོར་སྩོལ། རིགས་དྲུག་བླ་མེད་ཀྱི་གནས་སུ་སྤར། ཁྱད་པར་བསྒྲལ་བྱའི་གནས་སུ་འཕྲོས། རང་དབང་མེད་པར་བཀུག་སྟེ་མ་ཏྲཾ་རུ་ཏྲ་ལ་ཐིམ། འོད་ཟེར་སླར་འདུས་རང་དང་གདབ་ཕུར་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབས་དཔག་ཏུ་མེད་པར་བསམ་ལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིགས་སྔགས་དང་གཟུགས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཞིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རྣམ་པ་མ་ཏྲཾ་རུ་ཏྲ། ངོ་བོ་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་མ་ཏྲཾ་རུ་ཏྲ་ཨཱ་ཀརྵ་ཡ་ཛཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་མ་ཏྲཾ་རུ་ཏྲ་ཛཿཧཱུྃ་བྃ་ཧོཿ ཤཱིགྷྲཾ་ཨ་ན་ཡ་ཧཱུྃ་ཕཊ྄། ཅེས་བཀུག་སྟེ་གཟུགས་ལ་བསྟིམ། དེ་ནས་ཀརྨ་གིང་དཀར་ནག་གཡས་ཟངས་གྲི་དང་གཡོན་སྙིང་ཐོགས་པ་གཉིས་ཆས་སུ་བཅུག་པ་ལ་སློབ་དཔོན་གྱི་ཐུགས་ཀ་ནས་སྒྲོལ་བྱེད་ཊཱཀྐི་རཱ་ཛ་དཀར་ནག་གཉིས་སྤྲོས་ཏེ་སོ་སོ་ལ་བསྟིམས་ནས་སྒྲོལ་གིང་དུ་མངའ་གསོལ། དེས་ཀྱང་སྙེམས་པ་བརྟན་ཅིང་དྲག་པོའི་གོམ་སྟབས་དང་བཅས་པས། ཧཱུྃ། མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ ཆོས་དང་གང་ཟག་ལྟ་བའི་བདུད༔ ཕུང་པོ་ཉོན་མོངས་འཆི་བདག་དང༔ ལྷ་ཡི་གཟུགས་སུ་སྣང་བ་ཡང༔ གཉེན་པོ་བདག་མེད་སྟོང་པའི་ཆོས༔ འབར་བ་གཏུམ་ཆེན་རྔམས་པར་བཞེངས༔ དངོས་གྲུབ་གནས་ལ་འཕྲོག་བྱེད་ཅིང༔ ལོག་པར་སྤྱོད་པའི་དགྲ་དང་བགེགས༔ ཁམས་གསུམ་འདི་ལ་ཆེ་བཙན་པ༔ གཟུགས་ནི་མགོ་གསུམ་ལག་པ་དྲུག༔ རྐང་བཞི་ཁྲོ་བོའི་འཇིགས་ཚུལ་ཅན༔ ཡུད་ཙམ་གཅིག་གིས་འདིར་བཀུག་ནས༔ ཕུང་པོ་སྡོང་རྒན་འགྱེལ་བ་བཞིན༔ འཇིགས་བྱེད་ཆེན་པོས་ཞབས་ཀྱིས་མནན༔ སྐུ་གསུམ་རང་བྱུང་ཁ་ཊྭཱྃ་གས༔ སྲིད་རྩ་སྙིང་གི་གནས་སུ་ཟུག༔ མ་རིག་སྒོ་ལྔའི་སྦུབ་བསྒྲལ་ཏེ༔ སྙིང་རྗེའི་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེ་གཏམ་བྱས་ནས༔ ཡན་ལག་ཁྲག་འཐུང་དུར་ཁྲོད་བརྒྱད༔ ཁོག་པ་ཆོས་དབྱིངས་གཞལ་ཡས་ཁང༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ མ་བཅོས་ཁྲོ་བོའི་རྒྱལ་པོར་ཤར༔ ཡེ་ཤེས་སྲས་མཆོག་རིགས་ལྔ་སྟེ༔ སྟོབས་དང་ཕར་ཕྱིན་ཁྲོ་རྒྱལ་བཅུ༔ ཚད་མེད་སྒོ་བ་རྟེན་འབྲེལ་ཆོས༔ གནས་དག་ཕུར་པའི་སྲུང་མ་བཅས༔ སྣོད་བཅུད་སྲིད་པ་ཕུར་བུའི་ཞིང༔ ཁམས་གསུམ་སྐུ་གསུང་ཐུགས་སུ་རྫོགས༔ སྣོད་བཅུད་དཔལ་ཆེན་ཕུར་བུའི་ལྷ༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་སྟེ༔ བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན༔ རྡོ་རྗེའི་གླུ་དང་གར་དུ་རོལ༔ ཨ་ལ་ལ་ཏེ་དགྱེས་པ་ཆེ༔ འདི་ནི་དམ་ཚིག་རྨད་དུ་བྱུང༔ རྡོ་རྗེའི་ཏ་ན་ག་ན་ཧོ༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་སྭཱ་ཧཱ༔ ཞེས་བསྒྲལ། སློབ་དཔོན་གྱིས་དེའི་སྙིང་ཕྱུངས་སྟེ་ཞལ་དུ་གསོལ་བར་བསམ་ཞིང༌། ཏི་ཧཱུྃ་ཨེ་སྥ་ར་ཎ་ཕཊ༔ ཅེས་རྣམ་ཤེས་སྐྱེ་བ་མེད་པའི་དབྱིངས་སུ་སྤར། ཉོན་མོངས་པའི་ཡིད་དཔལ་ཆེན་པོའི་ཞབས་འོག་ཏུ་མནན་ལ་དོན་སྙིང་ནང་རོལ་རྣམས་ཕོ་ཉའི་ཚོགས་ཀྱིས་རོལ་པར་བསམ། བྷྲཱུྃ་མཎྜ་ལ་ཞེས་ཁོག་པ་རང་བྱུང་གི་གཞལ་ཡས་ཁང་དུ་བལྟས་ལ་ཡན་ལག་གི་མགོ་བོ་དཀྱིལ་འཁོར་གྱི་ལྷོ་ནུབ། རྐང་ལག་གཡས་གཉིས་ལྷོ་དང་ཤར། གཡོན་གཉིས་ནུབ་དང་བྱང་དུ་འགོད་དོ། །གསུམ་པ་ཆག་ཆག་གདབ་པ་ནི། དུང་ཕོར་རམ་ཀ་པཱ་ལར་བདུད་རྩི་རྣམ་པ་ལྔ་སྦྱར་བའི་དྲི་བཟང་གི་ཆུས་དཀྱིལ་འཁོར་གྱི་གཞི་ལ་རྡོ་རྗེ་ཁུ་ཚུར་གྱིས་བྱང་ཤར་ནས་བརྩམས་ཏེ་ཁྱེམ་མེད་པར་གཡས་བསྐོར་གྱིས་བྱུག་ལ། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དམ་རྫས་བདུད་རྩི་ཡེ་ཤེས་ལྔ་ལྡན་པས༔ དེ་བཞིན་གཤེགས་པའི་ཕྲིན་ལས་མཆོག་སྒྲུབ་ཕྱིར༔ བཀའ་གསང་རྨད་དུ་བྱུང་བའི་ཆག་ཆག་འདེབས༔ ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་མཎྜ་ལ་ཧཱུྃ༔ ཞེས་བརྗོད་ཞི་རོལ་བྱ། ལྔ་པ་ཐིག་གདབ་པ་ལ། ཡེ་ཐིག་ནི། རྒྱུས་ཆེན་ནམ་ཁ་དོག་ལྔ་པའི་སྲད་བུ་ཉིད་བསང་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ཁ་དོག་ལྔ་ལས་ཁྲག་འཐུང་རིགས་ལྔ་ཡུམ་དང་བཅས་པའི་སྐུར་གྱུར་པའི་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ཉེར་སྤྱོད་ལྔས་མཆོད། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར། །གདུལ་དཀའ་མ་ལུས་འདུལ་བའི་སྐུ། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། ཅེས་པས་བསྟོད། དེ་རྣམས་ཞུ་བ་ལས་ཐིག་སྐུད་ཀརྨ་བཛྲ་ཡབ་ཡུམ་དུ་གསལ་བའི་ལག་ཏུ་གཏད་དེ། ཧཱུྃ། མཚན་ལྡན་བཀྲ་ཤིས་སྦྱོར་བའི་ཡུམ། །དྲག་པོ་སྒྲོལ་བའི་ཡུམ་ཆེན་ནི། །གདོལ་པ་ནག་པོ་གཉེར་འཕྲེང་མ། །རྡོ་རྗེ་དྲག་པོའི་ལས་རྣམས་འགྲུབ། །གསང་བ་རྡོ་རྗེའི་ཐིག་འདེབས་ཀྱིས། །ལས་རྣམས་མ་ལུས་ཀུན་བྱོས་ཤིག །བྷྲཱུྃ་ཛྙཱ་ན་ཨེ་མཎྜ་ལ་བྷྲཱུྃ༔ ཞེས་བརྗོད་ཅིང་སློབ་དཔོན་ནུབ། སློབ་མ་ཤར་དུ་གནས་པས། ནུབ་ཤར་ལྷོ་བྱང་ཚངས་ཐིག་གཉིས། །མེ་རླུང་སྲིན་དབང་ཟུར་གྱི་ཐིག །མེ་དབང་རླུང་སྲིན་ཤར་ནུབ་གྲ། །རླུང་དབང་མེ་སྲིན་བྱང་དང་ལྷོའི། །གྲ་ཡི་ཐིག་ཡིན་སློབ་དཔོན་དང༌། །སློབ་མའི་གནས་ཏེ་རིམ་བཞིན་ནོ། །ཞེས་པ་ལྟར་ཚངས་ལོག་རྒྱབ་འགྲོས་དང་ཟུར་ཐིག་ལ་རྒྱབ་འགྲོས་སྤངས་ཏེ་བསྐོར་ཕྱོགས་མ་འཁྲུལ་བར་གདབ་ཅིང༌། ཡུམ་གྱི་མཁའ་ཀློང་དུ་ཡབ་ཀྱི་བྱང་སེམས་མཁའ་མཉམ་གྱི་ཐིག་ལེར་འདྲེས་ཏེ། རང་བྱུང་གཞལ་ཡས་ཁང་དུ་ལྷུན་གྱིས་གྲུབ་པར་བལྟའོ། །གཉིས་པ་ལས་ཐིག་ནི། ཐིག་ཆལ་གྱིས་སྦག་པའི་སྐུད་པ་བརྐྱང་སྟེ། ཧཱུྃ། ནམ་མཁའ་བར་སྣང་ཨེ་ཡི་ངང༌། །གསང་བ་ཡེ་ཤེས་ཐིག་བཏབ་པས། །རྡོ་རྗེ་སྲིན་པོའི་ལྷ་ཚོགས་གནས། །ཕོ་བྲང་ཡིད་བཞིན་ལྷུན་གྱིས་གྲུབ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་བྷཉྫ་ཨེ་མཎྜ་ལ་བྷྲཱུྃ། ཞེས་བརྗོད་ཅིང་འདུག་གནས་སྤྱོད་ལམ་ཡེ་ཐིག་གི་སྐབས་ལྟར་འདི་ལྟར་གདབ་སྟེ། ཐོག་མར་ཤར་ནུབ་ཚངས་ཐིག་གདབ། །ལྷོ་བྱང་མཚམས་བཞིར་བྱ་རྗེས་བཙལ། །དེ་སྟེང་ཚངས་ཐིག་གཉིས་པ་དང༌། །ཟུར་ཐིག་གཉིས་གདབ་གྲུ་བཞིར་བཅད། །ཚངས་པའི་ཐིག་གི་གཡས་གཡོན་དུ། །ཆ་ཆེན་དགུ་དགུ་བཅོ་བརྒྱད་དང༌། །ཆ་ཆུང་ཚངས་ངོས་དང་པོ་ཉིད། །ཕྱེད་བཏབ་ཕྱི་བསིལ་གཉིས་པ་བཞིར། །གསུམ་མཐར་ཆ་ཕྲན་གཅིག་བཏབ་བཞི། །དོར་རྗེས་ལྔ་པའི་མཐའ་བསིལ་དབུས། །བཞག་ལ་དྲུག་ཕྱེད་ཕྱི་མ་བསིལ། །བདུན་པ་བཞིར་བགོས་བརྒྱད་དབུས་དོར། །གསུམ་པའི་ཆ་ཕྲན་ནང་ཟླུམ་པོར། །གཅིག་ཕྱེད་ཕྱེད་དྲུག་གཅིག་བསྐོར་དབུས། །གྲུ་གསུམ་དེ་རྣམས་རིམ་པ་བཞིན། །ཐོད་ཕྲེང་རིན་ཆེན་ཆ་བརྒྱད་དང༌། །མུ་ཁྱུད་མེ་རི་ནང་ཁྱམས་རྩིག །ཁྱམས་རྩིག་འདོད་སྣམ་ཕ་གུ་མུན། །མདའ་ཡབ་པུ་ཤུ་རྟ་བབ་དང༌། །པད་འཁོར་གདུགས་ཀྱི་གནས་སུ་འགྱུར། །སྒོ་ངོས་ཐོག་དྲུག་ཕྱི་ནང་སྒོ། །སྒོ་ཁྱུད་འགྲམ་ལོག་མུན་ཀ་བ། །པུ་ཤུའི་ཟུར་ནས་ཆ་ཕྲན་གཉིས། །བཞི་གཉིས་གཅིག་བཞི་པད་དུར་ཁྲོད། །དམ་ཅན་རྡོ་ར་མེ་རིའི་གནས། །མཐོང་བརྒྱུད་གནད་ཀྱིས་ཤེས་པར་བྱའོ། །དེ་ནས་སྲད་བུ་ཆོ་ག་བཞིན་མཆོད་ནས་ཡེ་ཤེས་ཀྱི་ཐིག་བཛྲ་མུས་གཤེགས་སུ་གསོལ། ལས་ཐིག་ཀྱང་དབེན་པར་བཞག་གོ །ལྔ་པ་ཚོན་དགྱེ་བ་ནི། རྡུལ་ཚོན་ཁ་དོག་ལྔ་ལ་རང་རིགས་ཀྱི་ཡི་གེ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱི་ཨཱཿབྲིས་པ་དབུས་དང་ཕྱོགས་བཞིར་བཀོད། བསང་སྦྱངས་ལྷར་བསྐྱེད་དེ་བསྟོད་པའི་བར་ཐིག་གི་སྐབས་བཞིན་བྱས་ལ། དེ་རྣམས་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ལ། ས་བོན་ལྔ་བརྗོད་པས་བྱིན་གྱིས་བརླབ་བོ། །ཚོན་ལ་དབུས་ཀྱི་གྲུ་གསུམ་མཐིང་ནག །ཟླ་གམ་དམར་པོ། ཐོད་ཕྲེང་དཀར་པོ། རིན་ཆེན་ཆ་བརྒྱད་མཐིང༌། མུ་སྐོར་སེར་པོ། མུ་མཆན་དམར་པོ། ཁྱུད་སྐོར་མེ་རི་ལྔ་ལྡན། ནང་ཁྱམས་དམར་སྨུག །སྒོ་ཁྱམས་ཕྱོགས་ཚོན། རྩིག་པ་ནང་ནས་མཐིང་དཀར་སེར་དམར་ལྗང་བ། འདོད་སྣམ་དམར་པོ། ཕ་གུ་སེར་པོ། མུན་པ་ནག་པོ་དྲ་ཕྱེད། མདའ་ཡབ་སྔོན་པོ། པུ་ཤུ་དཀར་པོ། རྟ་བབས་མཛེས་ཚོན། ཀ་བ་དང་སྣ་ཚོགས་རྡོ་རྗེའི་རྭ་རྣམས་ཕྱོགས་མདོག །མུན་པ་དང་གླང་རྒྱབ་ནག་པོར་སྒོ་རྒྱན་བདུན་གྱིས་སྤྲས་པ། ཆོས་འཁོར་དང་རི་དྭགས་སེར་པོ། ཕྱི་ཁྱམས་ལྗང་ཁུ། པད་འདབ་སྣ་ཚོགས། དམ་ཅན་གྱི་གནས་ཁྲག་མཚོ། དུར་ཁྲོད་ནག་པོ་རི་མོ་སྣ་ཚོགས་བཀྲ་བ། རྡོ་ར་སེར་པོ། གཞི་ནག་པོ། མེ་རི་སྣ་ལྔ་ཚྭ་ཚྭ་འཕྲོ་བ་བྲིའོ། །སྟ་གོན་ཉིན་རྡུལ་ཚོན་བཏབ་མ་གྲུབ་ན། ཕྱི་ཉིན་ལ་བདག་བསྐྱེད་བཟླས་པ་དང་ཚོགས་སྐོང་བསྡུས་པ་ཙམ་མཛད་པའི་ཕྱག་སྲོལ་ཡོད། གལ་ཏེ་རྡུལ་ཚོན་མ་གྲུབ་པས། རས་བྲིས་ལ་བརྟེན་པའི་སྐབས་སུ་ཐིག་ཚོན་གྱི་བྱ་བ་བཞག་སྟེ་ཆག་ཆག་གདབ་གྲུབ་མཚམས་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པ་ཡིན་ཀྱང༌། ཕྱག་བཞེས་ཁ་གཅིག་ཏུ་རས་བྲིས་ལའང་ཐིག་གི་བྱ་བ་ཚང་བར་མཛད་པས། ཡེ་ཐིག་རྫོགས་པར་གདབ། ལས་ཐིག་ཐིག་ཆེན་བརྒྱད་ཙམ་བཏབ་སྟེ་རས་བྲིས་བཀྲམ་མཛད་པ་ཡང་ཡོད་གང་ལྟར་རས་བྲིས་སྐབས་འདི་མཚམས་ནས། རྟེན་སྒྲུབ་རྫས་རྣམས་སྦྱང་ཁྲུས་སོགས་ལ་འཇུག །རྡུལ་ཚོན་སྐབས་ཞག་གིས་ཆོད་ན་ཕྱི་ཉིན་ཐོག་མར་བདག་བསྐྱེད་ཀྱི་མཆོད་པ་དཔལ་གཏོར་དང་སྨན་རཀ་ཉེར་སྤྱོད་བཅས་གང་བདེར་བཤམ་ལ། བརྒྱུད་འདེབས་དང་བདག་བསྐྱེད་བསྙེན་པ་གྲུབ་མཚམས་སྟོང་ཚིག་མཆོད་བསྟོད་ཕུལ་ནས་དཀྱིལ་འཁོར་དང་ཕུར་ཁྲོམ་རྟེན་སྒྲུབ་རྫས་རྣམས་ལ་སྦྱང་བ་དང་ཁྲུས་གསོལ་མཛད་དོ། །དྲུག་པ་ཕུར་བུ་དགོད་པ་ནི། སྔར་ལྷག་གནས་ཀྱི་སྐབས་འདུ་བྱས་པའི་ཕུར་བུ་རྣམས་བྱུག་སོགས་གསུམ་གྱིས་གཟི་བྱིན་བསྐྱེད་ཕྱིར་གུ་གུལ་གྱིས་བདུག་པས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་ཨ་དྷི་ཏིཥྛ་རྨུག་རྨུག་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱོགས་མཱ་ར་ཡ་ཧཱུྃ་ཕཊ། ཡུངས་ཀར་གྱིས་བྲབ་ཅིང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་ཤ་ཏ་རཱ་ཙ་ཧཱུྃ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ། རཀྟས་བྱུག་ཅིང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་ཛྭ་ལ་མཎྜ་ལ་རཀྵ་རཀྵ་དགྲ་བགེགས་ཝཱ་ཤྃ་མཱ་ར་ཡ་ཧཱུྃ་ཕཊ། སྔགས་ཚན་གསུམ་བདུན་རེ་ཙམ་བརྗོད། དེ་ནས་སྲིད་པ་རྫས་ཀྱི་ཕུར་བུ་ཡེ་ཤེས་ཀྱི་ཁྲོ་བོར་སྒྲུབ་པ་ནི། སྒྲུབ་ཕུར་རྣམས། སྭ་བྷཱ་ཝས་སྦྱང༌། ཕུར་བུའི་རང་བཞིན་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་མཐིང་ནག་རེ་རེ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་རེ་རེ་གྱུར། གཙོ་བོ་ཡབ་ཡུམ། ཁྲོ་བཅུ་ཡབ་ཡུམ། ཕྲ་མེན་སྲས་མཆོག་ཉེར་གཅིག །རིགས་བཞི་ཀཱི་ལ་ཡ། སྒོ་མ་དམ་ཅན་དང་བཅས་པའི་སྔགས་ཚར་རེ་བརྗོད། གཙོ་ཕུར་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང༌། འཁོར་རྣམས་ཐམས་ཅད་རང་རང་གི་སྐུའི་རྣམ་པ་རྒྱན་ཆ་ལུགས་ཕྱག་མཚན་དང་བཅས་པ་སྨད་ཕུར་པའི་རྣམ་པ་ཅན་དུ་གྱུར། ཞེས་བརྗོད། བསྙེན་ཕུར་རྣམས་བསང་སྦྱང༌། སྟོང་པའི་ངང་ལས་ཨེ་ལས་ཕུར་གདན་གྲུ་གསུམ་མཐིང་ནག་འབར་བའི་དབུས་སུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་རང་གི་ཐུགས་ཀ་ནས་ཧཱུྃ་སྤྲོས། ཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། ཕུར་བུ་དཔལ་ཆེན་པོ་སྒྲོལ་བྱེད་ཡཀྴ་ཀྲོ་དྷ་ཞལ་གསུམ་ཕྱག་དྲུག །སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་ཟུར་གསུམ་རྣོ་དབལ་ངར་དང་ལྡན་པ། མགར་གྱི་སོལ་མེ་ནས་བཏོན་པ་ལྟ་བུ་མེ་ཡི་ཚྭ་ཚྭ་འཕྲོ་བ། སྤྱི་བོར་དཔལ་ཆེན་པོ། རྒྱ་མདུད་གོང་མ་ཁྲོ་བཅུ། ཆང་བཟུང་ཟ་གསོད་ཉི་ཤུ། རྒྱ་མདུད་འོག་མ་སྒོ་སྲུང༌། དབལ་གསུམ་དམ་ཅན་སྲུང་མ་དང་བཅས་པའི་ཕོ་བྲང་དུ་གྱུར་པར་བསམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ྄། ལན་བདུན་ཙམ་བརྗོད་ལ་བསྙེན་ཕུར་གདན་དུ་བཀོད། རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས་བྱུང་བའི་འོད་ཟེར་རང་བཞིན་རྡོ་རྗེ་ཕུར་བུའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས་པས་སྲིད་པའི་ཕུར་བུ་གཟུགས་ཀྱི་སྐུ་གང་ལ་གང་འདུལ་གྱི་མོས་པ་དང་འཚམས་པར་སད་པར་བསམ་ལ། ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་བུའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། ཨོཾ་བཛྲ་ས་མཱ་ཛཿ སྤྱན་དྲངས་པ་ནི། ཧཱུྃ། སྲིད་པའི་ཕུར་བུ་སྒྲུབ་པ་དང༌། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཏིང་འཛིན་དཀྱིལ་འཁོར་འདི་ལ་དགོངས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ཧྱི་ཧི་བྷ་ག་ཝན་ས་མ་ཡ་ཛཿཛཿ ཞེས་པས། ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་ཏིང་འཛིན་གྱི་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པས་མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ། ཕྱག་བྱ་བ་ནི། ཧཱུྃ། སྲིད་གསུམ་གདུག་པ་འདུལ་བ་དང༌། །ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར། །རྡོ་རྗེ་སྲིན་པོའི་ལྷ་ཚོགས་ལ། །རྩེ་གཅིག་ཡིད་ཀྱིས་ཕྱག་འཚལ་ལོ། ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ དབང་ཞུ་བ་ནི། ཧཱུྃ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་བདག་སྩོལ་ཅིག །ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་སྭཱ་ཨཱྃ་ཧཱ། ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་ཀྱི་འཁོར་ལོའི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས། ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་རྣམས་འཕྲོས་དམ་ཚིག་གི་འཁོར་ལོའི་གནས་གསུམ་དུ་རྒྱས་བཏབ་པས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མེད་དུ་གྱུར་པ་ལ། སླར་ཡང་ཡེ་ཤེས་ལྔའི་རང་བཞིན་ས་བོན་བྱུང་བ་སྤྱི་བོར་གནས་པ་ཡོངས་སུ་གྱུར་པས་དབང་བསྐུར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བདག་ཉིད་རིགས་ལྔའི་ཅོད་པན་གྱིས་དབུ་བརྒྱན་པར་བསམ། དཀྱིལ་འཁོར་གྱི་ལྷ་གནས་རྣམས་སུ་གདན་གྲུ་གསུམ་པའི་གདན་དུ་རིམ་བཞིན་བཀོད། ལས་རྡོར་གྱི་སྔོན་དུ་སྤོས་ཕོར་ཁྱེར་དེ་ནས་རྡོ་རྗེ་སློབ་དཔོན་གྱིས་སྤོས་དྲིལ་ཐོགས་རྒྱལ་ཐེབས་སོགས་ཀྱིས་རྟེན་མཆོད་རྣམས་ཐོགས་ནས་དཀྱིལ་འཁོར་ལ་གཡས་སྐོར་ལན་གསུམ་མཛད་རྗེས་མདུན་དུ་བཞེངས་ནས། ཧཱུྃ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༌། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་བཅས། །ལྷ་ཆེན་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་ས་མ་ཡ་ཏིཥྛནྟུ། ཞེས་དབུས་སུ་གཙོ་ཕུར་ཞལ་ཤར་དུ་ཕྱོགས་ཡུམ་ཕུར་ཞལ་སྤྲོད་དུ་དགོད། ཧཱུྃ། ཕྱོགས་བཅུར་རང་བྱུང་གྲུབ་པའི་ལྷ། །ཁྲོ་རྒྱལ་ཡབ་ཡུམ་ཟ་གསོད་བཅས། །ཕྱོགས་སྐྱོང་ཕོ་མོའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཁྲོ་བཅུའི་རྩ་སྔགས་རེ་རེའི་མཐར་ས་མ་ཡ་ཏིཥྛནྟུ། ཞེས་བཏགས་པས་ཕྱོགས་མཚམས་བརྒྱད་སོ་སོའི་གནས་དང་སྟེང་འོག་གི་ཁྲོ་བོ་ཤར་ནུབ་ཀྱི་རིན་པོ་ཆེའི་ནང་ངོས་ཐོད་ཕྲེང་རྩར་བཅས་སུ་ཁྲོ་བོ་རྣམས་ཞལ་ནང་དུ་ཕྱོགས་ཡུམ་རྣམས་ཞལ་སྤྲོད་ཕྲ་མེན་སོ་སོ་གཡས་གཡོན་དུ་མ་འཆོལ་བ་དགོད་དོ། ཧཱུྃ། སྐུ་གསུང་ཐུགས་ལས་སྤྲུལ་པ་ཡི། །སྲས་མཆོག་ཉི་ཤུ་རྩ་གཅིག་ཀྱང༌། །ཟླ་གམ་ཨེ་ཡི་གདན་སྟེང་དུ། །དགྲ་བགེགས་གཟིར་ཞིང་དགྱེས་པར་བཞུགས། །སྙིང་པོའི་མཐར། ས་མ་ཡ་ཏིཥྛནྟུ། ཞེས་ཟླ་གམ་གསུམ་ལ་གཡས་སུ་སྐུ། གཡོན་དུ་གསུང༌། མདུན་དུ་ཐུགས་ཀྱི་སྲས་མཆོག་བདུན་བདུན་ཞལ་ནང་བསྟན་དུ་བཀོད། ཧཱུྃ། གྲུ་ཆད་བཞི་ཡི་ཕོ་བྲང་དུ། །ཕྲིན་ལས་རྣམ་བཞི་ལྷུན་གྲུབ་བཞུགས། །ཙ་ཏུར་ཀྲྀ་ཏ་ས་མ་ཡ་ཏིཥྛནྟུ། ཧཱུྃ། ཚད་མེད་བཞི་ལྡན་སྒོ་བཞི་རུ། །ཡེ་ཤེས་སྒོ་སྐྱོང་བརྟན་པར་བཞུགས། ཛཿཧཱུྃ་བྃ་ཧོཿས་མ་ཡ་ཏིཥྛནྟུ། ཞེས་སྒོ་མ་བཞི་ཞལ་ཕྱིར་ཕྱོགས་པ་བཀོད། ཧཱུྃ། དཀྱིལ་འཁོར་བར་ཁྱམས་ཕྱོགས་བཞི་རུ། །ཤྭ་ན་བདག་ཉིད་ས་བདག་ཚོགས། །བསེ་ལྕགས་དུང་གིང་གྱད་ཆེན་སོགས། །བསྟན་པ་སྲུང་ཕྱིར་དགྱེས་པར་བཞུགས། །མོ་ཧ་གྷཱ་ཏ་ཡ་མ་མ་ཤྲཱི་གྷྲྃ་ཀརྨ་ཀཱ་ར་ཡེ་ས་མ་ཡ་ཏིཥྛནྟུ། ཞེས་པས་ཁྲག་ཁྱམས་ཀྱི་ཕྱོགས་བཞིའི་དབུས་བཞིར་ཤྭ་ན་མ་བཞི། ཕྱོགས་སྟོད་བཞིར་བདག་ཉིད་མ་བཞི། ཕྱོགས་སྨད་བཞིར་ས་བདག་བཞི། དེ་རྣམས་ཞལ་ནང་དུ་ཕྱོགས་པའི་དབང་དུ་བྱས་པའི་གཡས་ངོས་རྣམས་སུ་སྐྱེས་བུ་བཅུ་གཉིས་པོ་རེ་རེ་བཀོད། མཐའ་སྐོར་དབང་ཕྱུག་ཉེར་བརྒྱད་རྣམས། སོ་སོའི་གནས་སུ་ཇི་ལྟ་བ་བཞིན་དགོད། སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་བཀོད་པ་ནི། ཧཱུྃ། ཡེ་ཤེས་ལྔ་ལྡན་བུམ་པ་འདི། །དཔལ་ཆེན་ཁྲག་འཐུང་འཁོར་བཅས་རྟེན། །ཆོས་ཀྱི་དབྱིངས་ནས་བཞེངས་ལ་འདིར། །དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ། །ཞེས་དཀྱིལ་འཁོར་སྟེང་གི་ཁྲིའུའི་རིམ་པ་དང་པོ་ལ་རང་གནས་སུ་སོ་སོའི་སྔགས་ཀྱི་བཀོད་ལ་གཟུངས་ཐག་གཙོ་ཕུར་དང་སྦྲེལ་བའི་སྣེ་མོ་གཉིས་སུ་འཐེན་པ། གཅིག་རྡོར་སློབ་དང༌། གཅིག་ཤོས་ཐུན་དཔོན་པའི་ཕྱག་ཏུ་སླེབས་པའི་ཚོད་བྱ། ཐོད་པ་རྣམས། ཧཱུྃ། འཆི་མེད་བདུད་རྩིའི་ཀ་པཱ་ལ། །དཔལ་ཆེན་ཁྲག་འཐུང་འཁོར་བཅས་རྟེན། །ཆོས་ཀྱི་དབྱིངས་ནས་བཞེངས་ལ་འདིར། །དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ། །ཞེས་པས་ཁྲིའུའི་ཁར་རིམ་པ་གཉིས་པ་ལ་བཀོད། དབང་རྫས་གཞན་རྣམས། ཧཱུྃ། གསང་གསུམ་བདག་ཉིད་སྔགས་ཀྱི་བརྡ། །དཔལ་ཆེན་ཁྲག་འཐུང་འཁོར་བཅས་རྟེན། །ཆོས་ཀྱི་དབྱིངས་ནས་བཞེངས་ལ་འདིར། །དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ། །ཞེས་པས་སྟེང་གི་རིམ་པ་ལ་ཐོད་སྐུ་དང༌། གསུང་རྟེན་སྔགས་བྱང་མཚལ་གྱིས་བྲིས་པའམ་རྒྱུད་ཀྱི་གླེགས་བམ། ཐུགས་རྟེན་རང་བྱུང་གི་ཤེལ་ཟུར་བརྒྱད། རྡོར་དྲིལ། ཚེ་འབྲང༌། ཚེ་རིལ་ཚེ་ཆང་ཚེ་མདའ་རྣམས་བཀོད། གཞན་ཡང༌། ཇི་ལྟར་འོས་པའི་གནས་རྣམས་སུ་རྟེན་གཏོར་དང་སྒྲུབ་གཏོར་སོགས་དགོད་པར་བྱའོ། །བདུན་པ་རྒྱན་རྫས་དགྲམ་པ་ནི། དཀྱིལ་འཁོར་གྱི་སྟེང་དུ་ཞིང་གི་བླ་རེ་དང་གདུགས་ཕུབ་ཅིང་ཁོར་ཡུག་རྣམས་སུ་ལྡ་ལྡི། བ་དན། རྒྱལ་མཚན། ཕྱེ་ཕུར། དར་གྱི་ཆུན་འཕྱང་སོགས་དང་དཔལ་གྱི་ཆས་གོས། རྒྱན་ཕྲེང་རྒྱུ་མ་དང་དོན་སྙིང་གི་འཕྱང་འཕྲུལ། གོ་མཚོན་སྤྱན་གཟིགས་སོགས་སྣ་ཚོགས་ཀྱིས་ཀུན་ཏུ་བཟང་པོའི་ཞིང་ལྟ་བུར་མཛེས་ཤིང་བརྗིད་ཆགས་པར་བྱས་ནས། བདུད་རྩི་ལྔ་དང་བཅས་པའི་དྲིས་དཀྱིལ་འཁོར་གྱི་མཐའ་རིམ་དུ་བྱུག་ཅིང༌། ཟུར་བཞི་མདའ་དར། ཕྱོགས་བཞིར་རལ་གྲི་བཞི། རྒྱལ་མཚན་བཞི། འཕན་བཞི་རྣམས་ཚོན་སྐུད་ཀྱི་དྲ་བས་སྦྲེལ་བ་སོགས་མཐོང་བརྒྱུད་ལྟར་ཚུལ་བཞིན་དུ་བཀོད་པའི་དཀྱིལ་འཁོར་གྱི་ཤར་དུ་ཆུ་གཉིས་ཉེར་སྤྱོད་ལྔ། ལྷོར་འདོད་ཡོན་ལྔ་རིན་པོ་ཆེ་བདུན། བཀྲ་ཤིས་པའི་རྫས་སོགས། ནུབ་ཏུ་བཟའ་བཅའ་བཏུང་བ་ལྡག་གཞིབ་མྱང་བའི་དཔལ་གྱི་གཏོར་མ་དར་ཚོན་གྱི་འཕུར་ལྡིང་གཡོ་བའི་གཡས་སུ་བདུད་རྩིའི་རིལ་བུ་དང་སྦྱར་བའི་སྨན་ཕུད། གཡོན་དུ་ཤ་ཆེན་དང་བཅས་པའི་རཀྟ། བྱང་དུ་ཁྲག་གི་ཨརྒྷྃ། དུག་ཆུའི་ཞབས་བསིལ། དབང་པོ་ལྔའི་མེ་ཏོག །ཤ་ཆེན་དང་འདྲེ་འཇིགས་ཀྱི་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པ་ལ་སོགས་པའི་དྲི་ཆུ། ཤ་ཁྲག་རུས་པ་སོགས་ཀྱི་ཞལ་ཟས། རྐང་གླིང་ཐོད་རྔ་སོགས་ཀྱི་རོལ་མོ། ཤར་ལྷོར་ལས་བཞིའི་འབྲང་རྒྱས་སོགས་དངོས་གྲུབ་ཀྱི་ཡོ་བྱད། ལྷོ་ནུབ་ཏུ་དྲག་པོའི་བྲུབ་ཁུང་ལིངྒ་ཐུན་རྫས། ནུབ་བྱང་དུ་དམ་ཅན་བཅུ་གཉིས་སོགས་བཀའ་སྲུང་གི་གཏོར་མ། བྱང་ཤར་དུ་བསྲེག་འཕང་མནན་པ་སོགས་མཐའ་སྡུད་ཀྱི་ཡོ་བྱད་འགོད་དགོས་པ་ཡིན་ཀྱང་སྟོད་ལས་ཀྱི་སྐབས་སུ་མདོར་བསྡུས་ཀྱིས་ཆོག །སྲུང་བའི་ཕུར་བུ་བཅུ་པོའང་དཀྱིལ་འཁོར་གྱི་མཐར་སྔར་བཏབ་པའི་གོ་རིམ་ལས་མ་འཆུག་པ་དང༌། མ་ཏྲཾ་ཡང་དེ་བཞིན་བཀོད། གཞན་ཡང་མཆོད་པར་འོས་པའི་རྫས་ཐམས་ཅད་ཀྱིས་བསྐོར་ལ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཕུན་སུམ་ཚོགས་པའི་མཆོད་སྤྲིན་རབ་ཏུ་སྤྲས། །དཔལ་ཆེན་འཁོར་བཅས་ཐུགས་དམ་གཉན་བསྐངས་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་དགྲམ་ཞིང་རྡོ་རྗེ། དྲིལ་བུ། ཅང་ཏེའུ། རྔ་བོ་ཆེ། སིལ་ཆོལ་སོགས་རོལ་མོའི་ཁྱད་པར་དང༌། གར་འཆམས་ཀྱི་ཡོ་བྱད་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །བརྒྱད་པ་ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་རྡོ་རྗེ་གསོར། ཨོཾ་བཛྲ་གནྡྷེ་རཱ་ཎི་ཏ་སོགས་བརྗོད་ཅིང་དྲིལ་བུ་བསིལ་བ་སོགས་རོལ་མོའི་སྒྲ་ཆེར་བསྒྲག་གོ །དེ་ནས་སྔར་ནས་སྟ་གོན་གྱི་ལྷ་ནམ་མཁར་བཏེགས་པ་རྣམས་ཀྱང་དཀྱིལ་འཁོར་ལ་བསྟིམས་ཏེ། ཧཱུྃ་ཧྲཱིཿ བདེ་ཆེན་དབྱིངས་ཀྱི་གཞལ་ཡས་དབུས༔ རང་སྣང་རིག་པའི་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བཞུགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ བརྡ་སྦྱར་བ་ནི། གདོད་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ཚད་མེད་བཞིའི་འཇུག་པས་ཞུགས་པར་བསམ་ལ། ཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་སོ་ཅོག༔ ཀུན་ཀྱང་ལྷག་པའི་ལྷའི་གྲོང་ཁྱེར༔ མ་བཅོས་དོན་གྱི་ལྷ་མཆོག་ལ༔ ཚད་མེད་སྒོ་བཞི་དབྱེ་བས་འཇུག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ྄༔ བརྡ་སྒོ་དབྱེ། ལྷ་དང་བླ་མ་མཆེད་ལྕམ་ཐམས་ཅད་ལ་རང་བཞིན་གཉིས་སུ་མེད་པར་རང་རིག་པའི་ཚུལ་གྱིས་ཕྱག་འཚལ་བར་མོས་ལ། ཧོ༔ ལྷ་དང་རང་སེམས་བཟང་ངན་བྲལ༔ གཉིས་མེད་རང་སྣང་སྤྱི་དཔལ་ཆེ༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ རྡོ་རྗེ་ལྟ་བའི་ཕྱག་གིས་འདུད༔ ཨ་ལ་ལ་ཧོ༔ ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཐལ་སྦྱར་བཅས། ཡེ་ཤེས་སྐུ་མཆོག་ཚར་གཅིག་གི་མཇུག །ཡིག་བརྒྱ་བཟླས་པའི་ཚེ་སློབ་དཔོན་དྲིལ་བུ་འཁྲོལ་ཞིང་དཀྱིལ་འཁོར་ལན་གསུམ་བསྐོར་ལ་ལྷག་ཆད་ཁ་བསྐང༌། དགུ་པ་སྒྲུབ་པ་པོ་རྣམས་ལས་ལ་འཇུག་རུང་གི་བྱ་བ་ལ་བསྲེ་བསྣན་ནི། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། ཡུངས་ཐུན། བདུད་རྩི་སོགས་བཀོད། ལས་ཀྱི་རྡོ་རྗེས་སྒོའི་ཕྱི་རོལ་དུ་མཆེད་གསར་རྙིང་ཐམས་ཅད་ཁྲུས་ནས་དབྱུང༌། སློབ་དཔོན་གྱིས་བགེགས་གཏོར་སྦྱིན། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ འབྱུང་པོའི་ཚོགས་རྣམས་འདའ་བྱེད་པ༔ ཁྲོ་ཆེན་འབར་བའི་དཀྱིལ་འཁོར་ནས༔ ཁྲོ་ཆུང་འབར་བ་མཚོན་ཆའི་ཆར༔ མེ་ལྟར་འབར་ཞིང་རླུང་ལྟར་འཚུབས༔ བཀའ་འདས་རྡུལ་ཕྲན་བཞིན་དུ་བརླག༔ དེ་བས་མ་འདུག་ཕྱིར་དེངས་ཤིག༔ ཧཱུྃ་བཞིའི་ཤམ་བུར། བཛྲ་བཛྲ༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ ཧ་ན་ཧ་ན༔ ཨུཙྪ་ཊ་ཡ་ཕཊ༔ ཅེས་དྲག་སྔགས་རོལ་མོ་ཡུངས་ཐུན་གུ་གུལ་དུད་པས་བགེགས་བསྐྲད་ལ་མཆེད་རྙིང་པ་རྣམས་ནང་དུ་བཏང་ནས་གྲལ་ལ་འཁོད། སློབ་དཔོན་གྱིས་བསྐུལ་ཏེ། མདུན་གྱི་ནམ་མཁར་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་གཏིབས་པ་ལྟར་འཁོད་པར་གྱུར་པར་མོས་ལ། ཐམས་ཅད་ཀྱིས་ཇི་སྙེད་སུ་དག་སོགས་དང༌། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་རྒྱུན་བཤགས་ཡན་ལག་བརྒྱད་པ་བྱ། ལས་བྱང་ལྟར་བདུད་རྩི་བྱིན་རླབས་བྱ་ཞིང་སྨན་མཆོད་ཁཱ་ཧི་བཅས་རྐང་ཐོན་དུ་འབུལ། སྨན་གྱི་ལྷག་མ་སློབ་དཔོན་གྱིས། ཨོཾ་བཛྲ་ཡཀྴ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བཟླས་པས་དམ་ཆུར་བྱིན་གྱིས་བརླབས། མཆེད་གསར་པ་རྣམས་རྙིང་པ་ལ་བསྲེ་ཞིང་བསྣན་པའི་ཆོ་ག་དངོས་ནི། རྒྱལ་ཐེབས་གཙོ་བོ་ཞིག་སྒོའི་ཕྱིར་ཕྱིན་ནས། དད་པ་དང་ལྡན་པའི་རིགས་ཀྱི་བུ་རྣམས་དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གཉན་པོར་འཇུག་པར་སྤྲོ་ན་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ། ཀྱེ༔ དམ་ཚིག་ཆེན་པོའི་ཚུལ་སྟོན་པ༔ བདག་ཉིད་ཆེན་པོ་དེ་ཉིད་མཁྱེན༔ སྲོག་གི་ཕྱིར་ཡང་དམ་བསྲུངས་ན༔ དཀྱིལ་འཁོར་གཉན་པོར་འཇུག་ཏུ་གསོལ༔ ཞེས་ལན་གསུམ་ཞུ། རྒྱལ་ཐེབས་ཀྱིས། སྔོན་ལས་ཚོགས་གཉིས་མཐར་སོན་པའི༔ རྒྱལ་བའི་སྲས་སུ་འོས་ལགས་སམ༔ རྒྱུད་ངན་ལོག་པའི་བློ་ཅན་ནི༔ འཇུག་པའི་སྐབས་མེད་ཕྱིར་དེངས་ཤིག༔ ཅེས་དྲིས་པའི་ལན་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་གྱི་བཀའ་བཞིན་དུ་སྒྲུབ་བོ༔ བགྱིད་དོ༔ ལས་དང་སྐལ་པར་ལྡན་ལགས་སོ༔ རྒྱལ་ཐེབས་ཀྱིས། དེ་ལྟར་ཡིན་ན་འོས་སོ༔ རུང་ངོ༔ ལེགས་སོ༔ ཞེས་བརྗོད་ལ་ནང་དུ་བཏང༌། ཕྱག་གསུམ་གསུམ་འཚལ་དུ་གཞུག །དེ་དག་གི་གཙོ་བོ་ཞིག་ལ་མིག་དར་གཡོགས། མེ་ཏོག་གཏད་ལ། པྲ་ཏཱིཙྪ་ཧོཿ ཞེས་པས་དོར་བའི་ཚུལ་གྱིས་དཀྱིལ་འཁོར་མདུན་ཕྱོགས་སུ་བཞག་དཀྱིལ་འཁོར་ལ་ལན་གསུམ་བསྐོར་བར་མོས་ལ་བསྐོར་བ་གཅིག་ཙམ་བྱ། རྒྱལ་ཐེབས་ཀྱིས་གྲལ་གཤམ་ནས་ཕྱག་དང་བཅས་འདི་སྐད་ཞུ། ཧོཿ རྡོ་རྗེ་གསང་བའི་རིགས་ཅན་རྣམས༔ བྱང་ཆུབ་རྡོ་རྗེའི་ལམ་ལ་དྲངས༔ རྡོ་རྗེ་རྒྱལ་པོ་ཉིད་ལ་གཏད༔ ནམ་མཁའི་རྡོ་རྗེ་དེང་བདག་སྩོལ༔ སློབ་དཔོན་གྱིས། ཀྱེ༔ མི་ཤེས་དྲི་མ་དང་བྲལ་བ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ དག་པ་གསུམ་ལྡན་ཡེ་ཤེས་སྤྱན༔ དྲི་བྲལ་དོན་གྱི་སྤྱན་དབྱེའོ༔ ཨོཾ་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། སྔར་བཟླས་པའི་བདུད་རྩི་གསར་པ་རྣམས་ཀྱི་ལྕེ་ལ་བྱིན་ཏེ། བདུད་རྩི་འདི་ཉིད་ཡེ་ཤེས་སེམས་དཔའི་ངོ་བོ་ཧཱུྃ་མཐིང་ནག་རེར་གྱུར་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་གྱུར༔ ཧཱུྃ༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ ནམ་ཡང་འདའ་བར་མ་བྱེད་ཅིག༔ ཉེས་ན་ན་རཀ་སྤྱོད་པར་འགྱུར༔ དེ་ཕྱིར་ཚུལ་བཞིན་ཡང་དག་སྲུངས༔ ས་མ་ཡ་རཀྵ་སི་ཧཱུྃ༔ དམ་ཚིག་གི་གནས་ལ་ཚུལ་བཞིན་དུ་སློབ་བོ་སྙམ་པས་འདིའི་རྗེས་ཟློས་མཛོད༔ ས་མ་ཡ་ཨི་དནྟེ་ན་ར་ཀན༔ ཞེས་བྲོ་བོར། གསར་རྙིང་གཉིས་ཀ་གྲལ་བསྲེས་ཏེ་བཞུགས་པའི་ཐམས་ཅད་ཀྱི་ལྕེ་ལ་བདུད་རྩི་སྦྱིན་ཞིང༌། ཧཱུྃ༔ གསང་བ་ལས་ཀྱང་ཆེས་གསང་བའི༔ བླ་མེད་དཀྱིལ་འཁོར་ཆེན་པོ་འདིར༔ རྡོ་རྗེའི་མཆེད་ལྕམ་སྤུན་གྲོགས་རྣམས༔ དུས་འདིར་ལྟ་སྤྱོད་དམ་བསྲེས་ནས༔ ནམ་ཡང་མི་འབྲལ་རྡོ་རྗེའི་མཆེད༔ སྲོག་གི་ཕྱིར་ཡང་དམ་བསྲུང་ངོ༔ གནས་གསུམ་དུ་བདུད་རྩིའི་ཐིག་ལེའི་བཀོད་ཅིང༌། སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ སྙིང་གར་ཧཱུྃ་སྔོན་པོ༔ སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པའི་རང་བཞིན་དུ་གྱུར། ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ ས་མ་ཡ་ཧཱུྃ༔ དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་པ་མཉམ་པ་ཡིན་པས་གྲལ་གཅིག་ལ་འདུག་པས་ཆོག་པ་ཡིན་ནོ། །ཞེས་བརྡ་སྦྱར། ཧཱུྃ༔ རྡོ་རྗེ་འདུ་འབྲལ་མེད་པའི་གཟུངས་ཐག་ལ༔ དམ་ཚིག་སྲོག་གིས་བསྡུས་པའི་མཆེད་དང་ལྕམ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་བྱའི་ཕྱིར༔ ཐམས་ཅད་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ ཅེས་བརྗོད་དེ་དམ་ཚིག་གི་གནད་དཀྲོལ་ཏེ་བསླབ་བྱ་རྒྱས་པར་བཤད་དོ། །མངའ་གསོལ་ཞིང་གནས་སུ་འགོད་པ་ནི། ལས་རྡོར་གྱིས་ཐོད་ཆང་མར་ཟེགས་ཅན་དང་ཕུད་སྐྱོགས་ཐོགས། རྒྱལ་ཚབ་པའམ་རྒྱལ་ཐེབས་ཀྱི་གཙོ་བོ་ཞྭ་ཆོས་བཅས་གྲལ་གཤམ་དུ་བཞེངས་ཏེ། གཏོང་ཐུན་སྔོན་དུ་འགྲོ་བའི་དབྱངས་སྙན་བོར་ལེན་ཚུལ་གྱིས། ཧཱུྃ༔ རྡོ་རྗེ་རྒྱལ་པོ་ཚོགས་རྗེ་ཚོགས་ཀྱི་བདག༔ ཤེས་རབ་ཡུམ་མཆོག་གཙོ་བོའི་ཐུགས་དམ་སྐོང༔ སྲས་མཆོག་རྒྱལ་ཐེབ་ཀརྨ་འཆམས་གར་བཅས༔ གིང་དང་ལས་མཁན་སྤྱན་པ་དུས་འཛིན་དང༔ བརྡ་སྦྱོར་ཕྱག་ཚངས་རྡུལ་ཕྱགས་སྐྱེས་བུའི་ཚོགས༔ ཀུན་ཀྱང་དཀྱིལ་འཁོར་ཕོ་བྲང་གནས་འདི་རུ༔ ཕྲིན་ལས་མངའ་བརྙེས་བསྐོས་པའི་དོན་སྤྱོད་སྒྲུབ༔ སྐྱེ་བ་སྔོན་ནས་ཚོགས་གཉིས་ལམ་སྦྱངས་པས༔ དུས་འདིར་རླབས་ཆེན་སྤྱོད་པའི་ལམ་ལ་ཟིན༔ འཁོར་ལོས་སྒྱུར་རྒྱལ་རྣམས་ལ་མངའ་གསོལ་ལོ༔ ཞེས་པའི་ཚིག་སོ་སོ་དང་བསྟུན་རྡོ་རྗེ་རྒྱལ་པོ་ནས་སྦྱིན་བདག་གི་བར་བདུད་རྩིའི་སྐྱེམས་དྲངས། རྟགས་གདབ་པ་ནི། སྤྲོ་ན་གཏོང་ཐུན་སྔོན་དུ་འགྲོ་བའི་དབྱངས་བོར་ལེན་ཚུལ་གྱིས། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ མཁའ་འགྲོའི་ཚོགས་དང་དམ་ཚིག་གཅིག་པ་དང༔ སངས་རྒྱས་ས་གསུམ་དག་ལ་འགོད་བྱའི་ཕྱིར༔ སྨིན་མཚམས་ཐལ་ཆེན་ཚོམ་བུའི་མཚན་མས་གདབ༔ ཞེས་རྒྱལ་ཚབ་པས་རྡོ་རྗེ་སློབ་དཔོན་གྱི་སྨིན་མཚམས་དང་ཉྭ་སུལ་དུ་ཐལ་ཆེན་ཚོམ་བུ་རྩེ་གསུམ་རིས་བཀོད། སླར་སློབ་དཔོན་གྱིས་རྒྱལ་ཚབ་པར་དེ་བཞིན་དུ་གདབ། དེས་འགྲེས་ཏེ། ཚིག་བཅད་རྐང་པ་དང་པོ་གསུམ་འདྲ། རྐང་པ་ཐ་མའི་གནས་སུ། ལྐོག་མར་ཞག་གི་ཟོ་རིས་མཚན་མས་གདབ༔ ཅེས་ཨོཀ་ཀོ་དང་བྲང་ལ་ཞག་ཚོན་ཟོ་རིས་ཟླ་བ་ཕྱེད་པའི་དབྱིབས་གདབ། འབུར་བཞིར་ཁྲག་གི་ཐིག་ལེའི་མཚན་མས་གདབ༔ ཅེས་དཔྲལ་བ། འཁུར་ཚོས་གཉིས་མ་ནེ་སྟེ་འབུར་བཞིར་ཁྲག་ཆེན་གྱི་ཐིག་ལེ་གདབ། རྒྱལ་ཐེབ་རྣམས་ལ་རྒྱལ་ཚབ་པས་བཀོད། མཐར་ཞི་རོལ་རིང་པོའི་འོག ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་བྷསྨ། མ་ཧཱ་ཀིཾ་ནི་རི་ཏི། མ་ཧཱ་རཀྟ་ཧཱུྃ༔ ཞེས་པའི་སྔགས་བརྗོད་བཞིན་དུ་རྒྱལ་ཐེབས་རྣམས་ཀྱིས་འདུས་པ་ཐམས་ཅད་ལ་རྟགས་གདབ་བོ། །བཅུ་པ་བྱིན་དབབ་པ་ནི། སློབ་དཔོན་དང་རྒྱལ་ཐེབས་རྣམས་སྔགས་ཆས་ཀྱིས་དཀྱིལ་འཁོར་མདུན་དུ་གཡབ་དྲིལ་ཐོགས་པས་འཁོད། དེའང་རིག་འཛིན་བྱིན་འབེབས་ལ་གཡབ་དར་སྣ་ལྔ་དང་དམར་པོ། གཞུང་གི་བྱིན་འབེབས་ནམ་བྱུང་ལ་སློབ་དཔོན་གྱིས་ཞིང་ལྤགས་དང༌། གཞན་རྣམས་གཡབ་དར་ནག་པོ་ཁོ་ན་གཡབ། ལས་རྡོར་གྱིས་གཡབ་དར་སྣ་ལྔའི་གཡབ་མོ་དང༌། གཡོན་སྤོས་ཕོར་ཚིལ་ཆེན་གུལ་གུལ་སྦྱར་སྤོས་ཀྱི་དུད་པ་ཅན་ཐོགས་ནས་མདུན་བསུ། འདུས་པ་རྣམས་ཀྱང་ཞྭ་གོས་བསྟར་ཏེ་རོལ་མོ་དབྱངས་དང་བཅས་རིག་འཛིན་བྱིན་འབེབས་ཚར་གཅིག་སྔོན་དུ་བཏང་བ་ནི་ཕྱག་སྲོལ་སྣང༌། དངོས་ནི། བླ་མ་རིག་འཛིན་རྡོ་རྗེ་ཕུར་པའི་ལྷ་ཚོགས་སོགས་ནས་སྒྲུབ་གཞུང་རྩ་བའི་ཕྲིན་ལས་ལྟར་ཤར་ནས་བྱིན་དབབ་སྟེ་དཀྱིལ་འཁོར་ལ་བསྐོར་བ་གཅིག་བྱས་ཏེ། ལྷོར་འཁོད་ནས་བྱིན་དབབ་པ་སོགས་ཕྱོགས་བཞིར་ལན་བཞི་གྲུབ་པའི་མཐར་རྒྱུད་གསུམ་རོལ་མོ་ལ་ཕྱག་བཞེས་ལྟར་རྐང་གླིང་དང་བཤུགས་གླུ་གསུམ་བཏང་བའི་ཚེ་ལན་གཅིག་བསྐོར་ལ་རང་རང་གནས་སུ་བཞུགས་ནས་བདག་བསྐྱེད་བསྡུ་ལྡང་དགེ་སྔོ་ཤིས་བརྗོད་བཅས་ཀྱིས་སྔོན་འགྲོ་ནས་སྟ་གོན་དང་དཀྱིལ་འཁོར་རྒྱན་བཀོད་སོགས་ཀྱི་བྱ་བ་རྣམས་གྲུབ་པའོ། །གཉིས་པ་ལ་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་དང༌། དབང་བསྐུར་ཅིང་དངོས་གྲུབ་བླང་བ་གཉིས་ལས། དང་པོ་ནི། སློབ་དཔོན་ཁྲུས་བྱས་དྲི་ཞིམ་པོ་ལུས་ལ་བྱུགས་ནས་རྒྱན་གྱིས་བརྒྱན་ཏེ་སྒྲུབ་པའི་གྲོགས་དང་ལྷན་ཅིག་པས་དཀྱིལ་འཁོར་ལ་ཕྱོགས་པར་འདུག་ནས། བརྒྱུད་འདེབས་དང་སྐྱབས་སེམས་ནས་བཟུང་བསྟོད་པའི་བར་ལས་བྱང་གི་གཞུང་བཞིན་ལ་བྱིན་འབེབས་གོང་དུ་རྟགས་གདབ་ཉིན་ལྟར་སྦྱར་མཛད་སྲོལ་ཡོད། རྒྱས་པར་སྤྲོ་ན་བསྙེན་བཟླས་སྐབས་ཛཔ་སྐུལ་རྒྱས་པ་དང་ཁྲོ་བཅུ་ཡབ་ཡུམ། ཕྲ་ཕྱག །སྲས་མཆོག་ཉེར་གཅིག་བཅས་རྣམས་ཀྱི་རྩ་སྔགས་བཟླས་སྟོང་ཚིག་འབུལ་བ་རྣམས་ཞིབ་རྒྱས་སྦྱར་ཏེ་སྒྲུབ་གཞུང་རྩ་བའི་ཕྲིན་ལས་རང་གཞུང་བསྲང་བ་དང༌། དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པ་གཉིས་བྱ། སྤྲོས་པ་བསྡུས་ན་རྩ་བའི་ཕྲིན་ལས་ཁོ་ན་ལས་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པ་མ་སྦྱར་ཀྱང་ཆད་སྐྱོན་མི་འབྱུང༌། །ལས་གཞུང་དུས་བཞིར་བསྲང་ཞེས་པའི་དོན་ནི། ཐོ་རང་སྔ་དྲོ་དགོང་མོ་སྲོད་དང་བཞི་སྟེ། སྔོན་འགྲོའི་ཆོས་ཐུན་གྱི་ཐོག་མ་དང༌། རྗེས་ཀྱི་བྱ་བ་ཐུན་རྗེས་མ་ལ་བྱ་ཞིང༌། ཐུན་གཞན་ལ་ཏིང་འཛིན་གསུམ་ནས་བཟླས་པའི་བར་དང་རྩ་བའི་ཕྲིན་ལས་རྐྱང་པའི་སྐབས་གནས་ཡུལ་མ་མོ་དབང་ཕྱུག་ཉེར་བརྒྱད་རྣམས་ཀྱི་བསྙེན་བཟླས་སྦྱར་མི་དགོས་པ་འཕྲུལ་ཤེས་པར་བྱས་ཏེ། བཟླས་པ་བྱ་དུས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཆོས་ཉིད་ལ་དམིགས་པའི་ཛབ་དགོངས་གསུམ་པོ་ལྷ་ཐམས་ཅད་ལ་འགྲེ་བར་བཅས་གཙོ་བོ་བསྐྱེད་རྫོགས་ཉམས་ལེན་དམར་ཁྲིད་སོགས་ཁྲིད་དང་བརྒྱུད་ལྡན་བླ་མའི་ཞལ་ལས་ངེས་པར་རྟོགས་པ་བྱས་ལ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་ཕཊ་ཛཿ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་དབྱེ༔ མདུན་གྱི་ནམ་མཁར་བཞུགས་པ་ཡི༔ གཉིས་ཀའི་ཐུགས་སྲོག་ཡི་གེའི་མཐར༔ སྔགས་ཕྲེང་སྒྲར་བཅས་འཁོར་བ་ལས༔ འོད་ཟེར་དཔག་ཡས་འཕྲོ་བར་བསམ༔ ཞེས་བརྗོད་ཅིང་བསྒོམ་པའི་དཀྱིལ་འཁོར་ལས་མར་མེ་གཅིག་ལས་གཉིས་མཆེད་ཚུལ་གྱིས་མདུན་དུ་བཤམ་པའི་དཀྱིལ་འཁོར་གྱི་གོ་སར་དཀྱིལ་འཁོར་གཉིས་པ་གསལ་གདབ། ཛཔ་བསྐུལ་ནི། ཧཱུྃ། མཐིང་ནག་གྲུ་གསུམ་གཞལ་ཡས་སུ༔ ལྷ་ཆེན་ཉི་ཟླ་པདྨའི་སྟེང༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་གི་སྒྲ་སྒྲོག་ཀཱི་ལ་ཡ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་བཏང་ངོ༔ ཞེས་བསྐུལ་ལ། བདག་མདུན་ཐུགས་ཀར་ཡེ་ཤེས་སེམས༔ སོགས། ཐོག་མར་ཛཔ་དབྱངས་ལན་གསུམ་སྐབས་ལས་རྡོར་གྱིས་དཀྱིལ་འཁོར་ལ་མེ་ཏོག་ཕུལ་ཞིང་པད་ཀོར་བཅས་གཟུངས་ཐག་བླངས་ཏེ་སློབ་དཔོན་དང་རྒྱལ་ཚབ་ལ་ཕུལ་བ། དེ་དག་གིས་ཀྱང་དེ་ལྟར་བླངས་ཏེ་གཙོ་སྙེན་གྲུབ་ཉེ་བ་དང་བསྙེན་རྒྱུན་པ་རྣམས་ཀྱིས་ཛཔ་བླང༌། རྒྱལ་ཚབ་པའི་གཟུངས་ཐག་ཐུན་དཔོན་ལ་སྤྲད་དེ། དེ་ནས་བརྩམས་ཏེ་སྒྲུབ་པའི་བསྙེན་རྒྱུན་མ་གྲོལ་གྱི་བར་དུ་བསྙེན་རྒྱུན་མི་བཅད་ཅིང་གཟུངས་ཐག་སྟོང་པར་མ་བོར་བ་བྱ་དགོས། ཐུན་མཚམས་སུ་སྟོང་ཚིག་གི་མཆོད་པ་ནི། ཧཱུྃ། དཔལ་ཆེན་ཕུར་བུའི་ལྷ་ཚོགས་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆགས་བཤགས། །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ། །མ་ཧཱ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི། སྔགས་ཕྲེང་བདག་མདུན་ཞལ་དང་མཁའི༔ སོགས། ཧཱུྃ། དཔལ་ཆེན་སོགས་ཀྱིས་སྟོང་ཚིག་ཕུལ། ཀཱི་ལ་རིགས་བཞིའི་བཟླས་པའི་ཐོག་མར་ཛབ་བསྐུལ་ནི། ཧཱུྃ། ཞི་རྒྱས་དབང་དྲག་ཨེ་ཡི་ཀློང༔ དགྲ་བགེགས་ཉི་ཟླ་པདྨའི་སྟེང༔ རྡོ་རྗེ་རིན་ཆེན་པདྨ་དང༔ ཕྲིན་ལས་སྲས་མཆོག་རྣམ་པ་བཞི༔ སྐུ་ལ་སོགས། བཟླས་དམིགས་ནི། དཔལ་གྱི་ཐུགས་ཀའི་འོད་ཟེར་གྱིས༔ སོགས། ཧཱུྃ། དཔལ་ཆེན་སོགས། རིགས་བཞི་རེ་རེ་བཞིན་སྟོང་ཚིག་ཕུལ། སྲས་མཆོག་ཉེར་གཅིག་ཛཔ་བསྐུལ་ནི། ཧཱུྃ། ཟླ་གམ་ཨེ་ཡི་གདན་སྟེང་དུ༔ སྤྲུལ་པའི་སྲས་མཆོག་ཉི་ཤུ་གཅིག༔ སྐུ་ལ་སོགས། བཟླས་དམིགས་ནི། དཔལ་ཆེན་སྐུ་ཡི་གནས་གསུམ་ལས༔ སོགས། ཧཱུྃ། དཔལ་ཆེན་སོགས་སྟོང་ཚིག་ཕུལ། ཁྲོ་བཅུ་ཡབ་ཡུམ་ཕྲ་ཕྱག་བཅས་ཀྱི་ཛབ་བསྐུལ་རྒྱས་པ་ནི། ཧཱུྃ། སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ ཚངས་པ་ཉི་ཟླ་པདྨའི་སྟེང༔ ཁྲོ་བོ་ཧཱུྃ་ཀར་སྒྲ་འབྱིན་ཡུམ༔ སྤྲུལ་པ་ཕག་དང་རྨིགས་བུའི་མགོ༔ སྐུ་ལ་སོགས། ཡབ་བཅུའི་བཟླས་དམིགས་ནི། གཙོ་བོའི་འོད་ཀྱི་ཕྱོགས་མཚམས་སུ སོགས། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཧཱུྃ། དཔལ་ཆེན་ཕུར་པའི་སོགས་སྟོང་ཚིག་ཕུལ། འོག་ཏུ་ཁྲོ་བཅུ་རེ་རེ་བཞིན་དེ་ལྟར་སྦྱར་དགོས། ཧཱུྃ། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ དྲི་ཟ་ཉི་ཟླ་པདྨའི་སྟེང༔ རྣམ་པར་རྒྱལ་བ་སྙེམས་མ་ཡུམ༔ སྤྲུལ་པ་སྟག་དང་བྱ་རྒོད་མགོ༔ སྐུ་ལ་སོགས། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ལྷོ་འཁོར་ལོའི་རྩིབས་སྟེང་དུ༔ མེ་ལྷ་ཉི་ཟླ་པདྨའི་སྟེང༔ དབྱུག་པ་སྔོན་པོ་སྡེར་མོ་ཡུམ༔ སྤྲུལ་པ་གཡག་དང་བྱ་རོག་མགོ༔ སྐུ་ལ་སོགས། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ གཤིན་རྗེ་ཉི་ཟླ་པདྨའི་སྟེང༔ གཤིན་རྗེ་གཤེད་པོ་དུར་བདག་ཡུམ༔ སྤྲུལ་པ་ཤ་བ་འུག་པའི་མགོ༔ སྐུ་ལ་སོགས། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཧཱུྃཿ ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་དུ༔ སྲིན་པོ་ཉི་ཟླ་པདྨའི་སྟེང༔ ཁྲོ་བོ་མི་གཡོ་གཏུན་ཁུང་ཡུམ༔ སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ༔ སྐུ་ལ་སོགས། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙཱ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ ཀླུ་དབང་ཉི་ཟླ་པདྨའི་སྟེང༔ རྟ་མགྲིན་དབང་ཆེན་གཏུམ་མོ་ཡུམ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ སྐུ་ལ་སོགས། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་བྱང་འཁོར་ལོའི་རྩིབས་སྟེང་དུ༔ རླུང་ལྷ་ཉི་ཟླ་པདྨའི་སྟེང༔ འདོད་པའི་རྒྱལ་པོ་མདའ་སྙེམས་ཡུམ༔ སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ༔ སྐུ་ལ་སོགས། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄༔ ཧཱུྃ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ གནོད་སྦྱིན་ཉི་ཟླ་པདྨའི་སྟེང༔ བདུད་རྩི་འཁྱིལ་པ་རླུང་འབྱིན་ཡུམ༔ སྤྲུལ་པ་སེང་གེ་ཕ་ཝཾ་མགོ༔ སྐུ་ལ་སོགས། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཤར་འཁོར་ལོའི་རྩིབས་སྟེང་དུ༔ དབང་ལྡན་ཉི་ཟླ་པདྨའི་སྟེང༔ ཁམས་གསུམ་རྣམ་རྒྱལ་གསོད་བྱེད་ཡུམ༔ སྤྲུལ་པ་དོམ་དང་སྲེ་མོང་མགོ༔ སྐུ་ལ་སོགས། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཧཱུྃ༔ འོག་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ ས་བདག་ཉི་ཟླ་པདྨའི་སྟེང༔ ཁྲོ་བོ་སྟོབས་ཆེན་སྐྱོད་བྱེད་ཡུམ༔ སྤྲུལ་པ་དྲེད་དང་བྱི་བའི་མགོ༔ སྐུ་ལ་སོགས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ྄༔ ཧཱུྃ༔ དཔལ་ཆེན་སོགས། ཡུམ་བཅུའི་བཟླས་དམིགས་ནི། རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ སོགས་སྔགས་རྣམས་སོ་སོར་བཟླ། ཧཱུྃ༔ དཔལ་ཆེན་སོགས། ཐུན་རྗེས་མ་ལྟ་བུ་བསྡུ་ན། ཧཱུྃ༔ ཕྱོགས་བཅུ་དྲེགས་པའི་གདན་སྟེང་དུ༔ ཁྲོ་བཅུ་ཡབ་ཡུམ་ཕྲ་མེན་བཅས༔ སྐུ་ལ་སོགས། ཕྲ་མེན་ཉི་ཤུའི་བཟླས་དམིགས་ནི། གཙོ་མོའི་འོད་ཀྱིས་ཁྲོ་བཅུ་བསྐུལ༔ སོགས་སྔགས་རྣམས་སོ་སོར་བཟླ། ཧཱུྃ། དཔལ་ཆེན་སོགས་ཀྱིས་སྟོང་ཚིག་ཕུལ། གནས་ཡུལ་མ་མོའི་བཟླས་དམིགས་ནི། དཔལ་ཆེན་རྣམས་ཀྱི་སྦྱོར་མཚམས་ནས༔ སོགས་སྔགས་རྣམས་སོ་སོར་བཟླ་ཞིང༌། ཧཱུྃ༔ དཔལ་ཆེན་སོགས་ཀྱིས་སྟོང་ཚིག་ཕུལ། སྒོ་མ་བཞིའི་བཟླས་པ། ཧཱུྃ༔ འབར་བའི་ཕོ་བྲང་སྒོ་བཞི་ན༔ ཞིང་ཆེན་བཀྲམ་པའི་གདན་སྟེང་དུ༔ ལས་བཞིས་ཚར་གཅོད་རྗེས་འཛིན་པའི༔ སྒོ་མ་ཆེན་པོ་རྣམ་པ་བཞི༔ སྐུ་ལ་སོགས། བཟླས་དམིགས། ལྷ་ཚོགས་ཐུགས་ཀའི་འོད་ཟེར་གྱིས༔ སོགས་སྔགས་རྣམས་སོ་སོར་བཟླ། ཧཱུྃ། དཔལ་ཆེན་སོགས་ཀྱིས་སྟོང་ཚིག་ཕུལ། དབང་ཕྱུག་ཉེར་བརྒྱད་བཟླས་པ་ནི། ཧེ་རུ་ཀ་དཔལ་ཁྲག་འཐུང་ལྷའི༔ སོགས་ནས། མཱ་ར་ཡ་ཕཊ༔ ཀྱི་བར་སྔགས་བདུན་ཚན་རྣམས་སྦྲེལ་ཏེ་བཟླ། ཧཱུྃ། དཔལ་ཆེན་སོགས་ཀྱིས་སྟོང་ཚིག་ཕུལ། ཕུར་སྲུང་བཟླས་པ། ཧཱུྃ། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི། །སྒོ་བཞི་བར་ཁྱམས་ཁོར་ཡུག་ཏུ། །དགྲ་བགེགས་བསྣོལ་བའི་གདན་སྟེང་དུ། །སྒོ་སྐྱོང་སྲུང་མའི་ཚོགས་ཐམས་ཅད། །སྐུ་ལ་སོགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷཱ་ཏ་ཡ་མ་མ་ཤྲཱི་གྷྲྃ་ཀརྨ་ཀཱ་ར་ཡེ་ཧཱུྃ་ཕཊ༔ ཅེས་བཟླ། ཧཱུྃ། དཔལ་ཆེན་སོགས་ཀྱིས་སྟོང་ཚིག་ཕུལ། ལས་སྦྱོར་ནི། དཀྱིལ་འཁོར་བརྒྱ་བཅུ་གཉིས་པའི་སྐབས་འདི་མི་དགོས། མཆན། དཀྱིལ་འཁོར་གསུམ་ལས་འོད་ཟེར་ནི༔ སོགས། པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ ཅེས་བཟླ། ཐུན་མཐར་དབྱངས་གསལ་རྟེན་སྙིང་དང༌། ཧཱུྃ། བླ་མེད་སོགས་ཀྱིས་མཆོད། ཧཱུྃ། སྒེག་པ་སོགས་ཀྱིས་བསྟོད། ཡིག་བརྒྱ་བཟླ། བསྙེན་སྒྲུབ་ལས་གསུམ་གྱི་གྲངས་ཚད་ལས་གཞུང་དུ་གསལ་བ་ལྟར་ཤེས་པར་བྱའོ། །དེ་ནས་ཚོགས་ཀྱི་མཆོད་པ་སོགས་རྗེས་ཀྱི་བྱ་བ་རྣམས་ལས་བྱང་ལྟར་རོ། །སྐབས་དེ་དག་ཏུ་བར་ཆད་ཀྱི་མཚན་མ་བྱུང་ན་ཉུལ་ལེ་བསྐྲད་པའི་ཆོ་ག་བྱ་སྟེ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་དམ་སྲི་ཉུལ་ལེ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམས་ཐག་པའི་ལུས་ཅན་དུ་གྱུར། ཞེས་བྲུབ་ཁུང་བསྐྱེད། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ༴ གཞན་ཡང་སྙིང་པོ་ཕྱག་རྒྱ་གསང་སྔགས་རིག་སྔགས་གཟུངས་སྔགས་རྣམས་ཀྱི་བཀའ༴ ཁྱད་པར་དུ་ཡང་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས་ཀྱི་བཀའ༴ བཀའ་སྡོད་ཆོས་སྐྱོང་མ་མོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། དགྲ་བགེགས་གནོད་བྱེད་ཁྱད་པར་སྒྲུབ་པ་ཟབ་མོ་ལ་བར་དུ་གཅོད་པའི་དམ་སྲི་ཉུལ་ལེ་སྒབ་འདྲེ་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ ལན་གསུམ། གིང་པ་ལས་ཀྱི་ཕོ་ཉར་གསལ་བའི་ཐུགས་ལས་མཚོན་ཆའི་ཆར་ཕབ་པས་གནོད་བྱེད་རྡུལ་དུ་བརླག་པར་བསམ་ལ། ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་ཟད་ཁྲོ་གཏུམ་སྐུར་བསྟན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུའི་སྐུ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ ཕུར་པའི་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་ཟུང་ལ་ཕུར་པས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རྃ་རྃ་ཛྭ་ལ་རྃ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་ཕུར་བསྐོར་བཅས་པ་དང༌། ཁྱད་པར་དུ་གཞི་སྙིང་གཅིག་དྲིལ། ཁྲོ་བཅུའི་ཐུན་སྔགས་རྣམས་ཀྱིས་གདབ། སྤུ་གྲིའི་སྔགས་བརྗོད་ལ་ཊཱ་ཀི་རྣམས་ཀྱི་ཐུན་བྲབ། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་ཟླུམ་ཉི་མའི་ཟེར་ལྟར་འཕྲོ༔ སྨིན་མ་གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུག༔ བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམས་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་འབྲུག་སྟོང་སྒྲོགས༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལ་མེ་ཆེན་འབར༔ བ་སྤུ་གནམ་ལྕགས་ཞུན་མའི་རྡོ་རྗེ་འཁྲུག༔ སྨིན་མཚམས་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང༔ ཞབས་ཀྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབས༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཆངས་པར་བཅུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུགས་ཤིང་ཀླུ་སྲིན་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་མནན༔ བདུད་ལ་བབ་ན་སྙིང་ཁྲག་དྲོན་མོ་གསོལ༔ སྲིན་ལ་བབ་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབ་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབ་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ༔ དམ་ཉམས་དགྲ་དང་འབྱུང་པོ་བགེགས་ལ་སོགས༔ ཕུང་པོ་དུམ་བུར་གཏུབ་ལ་དོན་སྙིང་སྲེག༔ དམ་ཉམས་ཉུལ་ལེའི་བར་ཆད་རྡུལ་དུ་རློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ་གྲུ་བུ་གྲུ་ཨ་པ་ཙེ༔ རཱུ་པ་ཙེ༔ ན་ར་ཙེ༔ ཙ་མེ་ཐུན་ཐུན༔ ན་ཤ་སྟྭྃ་བྷ་ཡ༔ ཡཀྵ་བྱིན༔ ཡཀྵ་བྱིན༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཙིཏྟ་རྦད་ནན༔ ཨོཾ་སུཾ་བྷ་ནི་སོགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲཱ་མ་རཱ་ཛ་ཏྲིག་ནན༔ དྷ་ན་རཀྵ་རྦུད་ལིང༔ ཏྲིའུ་ཏྲིའུ་མ་མ་ན་ཡ་ཤོ་ན་ཛཿ མཱ་ར་ཡ༔ རྦད་རྦད༔ དྲག་སྔགས་དང་དང་ཁྱད་པར་གྱི་དབྱུག་པས་བསྡིགས་ཤིང་ཐུན་གྱིས་བྲབ་བོ། །ཐུན་སྔ་མ་རྣམས་ཀྱི་མཇུག་ཏུ་ཉུལ་ལེ་བསྐྲད་གཟིར་སྟབས་བདེ་བྱེད་ན། ཛཔ་ཀྱི་སྟོང་ཚིག་རྗེས་སུ་རྡོ་རྗེ་མཚམས་པས་གུ་གུལ་དུད་པ་དང་ཐུན་བྲབ་སྟེ་དཀྱིལ་འཁོར་བསྐོར་ལ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་སོགས་དྲག་སྔགས་སོ་ལྔ་པ་དང༌། སྤུ་གྲི་དང་སྡེར་མོའི་སྔགས་བཅས་ཀྱིས་ཐུན་བྲབ་ཅིང་ཚར་བཅད་ལ་སྲུང་འཁོར་བསྒོམ། དེ་མ་ཐག་དངོས་གྲུབ་སྟེར་བའི་ལྷ་རེ་འབྱུང་བས། སྒྲུབ་པ་པོ་རྣམས་རྒྱན་དང་ཆས་གོས་བསྟར་ནས་དཀྱིལ་འཁོར་ལ་བསྐོར་ཏེ། རོལ་མོ་སྣ་ཚོགས་པའི་སྒྲ་སྒྲོག་ཅིང་ཚིལ་ཆེན་དང་གུ་གུལ་བདུག །དར་ནག་དང་ལྕང་ལོ་མི་ལྤགས་ཀྱིས་གཡབ་ཅིང་ལས་བྱང་ལྟར་བྱིན་དབབ་པའི་མཐར་ཛཔ་དབྱངས་ལན་གསུམ་བྱས་པས་ཉིན་ཐུན་གྲུབ་བོ། །གཉིས་པ་ལ་གཞན་དོན་དུ་དབང་བསྐུར་བ་དང༌། རང་དོན་དུ་དངོས་གྲུབ་བླང་བ་གཉིས་ལས། དང་པོ་ནི། དབང་བསྐུར་རྒྱས་འབྲིང་གང་འོས་སྐབས་དང་བསྟུན་ཏེ་དབང་གཞུང་ལྟར་བྱའོ། །གཉིས་པ་ནི། སྒྲུབ་པའི་མཚན་མ་དགེ་བར་མཐོང་ན་སླར་ཡང་མཆོད་གཏོར་གསར་པ་བཟང་དུ་བཤམས་ཏེ། ཅུང་ཟད་སྔ་བར་འཚོགས་ལ། ལས་བྱང་སོགས་འདོན་བྱ་ཉིན་སྔ་མ་རྣམས་ལྟར་ལ་བསྙེན་བཟླས་སྐབས་ཐུན་དཔོན་གཟུངས་ཐག་རྒྱལ་ཚབ་པར་འབུལ་མཐར་ཐུན་པ་རྣམས་དང་ཆབས་ཅིག་ཁ་སྐོང་དང་སྟོང་ཚིག་བྱས་ལ་གཟུངས་ཐག་ལས་རྡོར་གྱིས་བསྡུ་ཞིང༌། ཐུན་པ་རྣམས་ཀྱིས་ཀཱི་ལ་ཡ་ལ་དངོས་གྲུབ་བླང་སྔགས་བཏགས་ལ་རྒྱུན། སྲུང་མའི་གཏོར་ཆོག་ཚོགས་སྐོང་རྒྱས་པར་བྱ། ཚོགས་ཐ་མའི་སྐབས་ཉུལ་ལེའི་ལིངྒ་མེར་བསྲེགས་པའི་ཐལ་བ་ཆོས་སྲུང་གཏོར་མར་བསྟབ། དེ་ནས་དངོས་གྲུབ་འཕྲོག་པའི་བགེགས་བསྐྲད་པ་ནི། སྒྲུབ་པ་པོ་རྣམས་ཞྭ་ཆོས་སོགས་གཟི་བྱིན་བསྐྱེད་ལ་བཀའ་བསྒོ་བ་ནི། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཞེས་སུམ་བྷ་ནིས་སྔགས་བཅས་དཀྱིལ་འཁོར་བསྐོར་ཞིང་བགེགས་བསྐྲད། མཚམས་བཅད་པ་ནི། ཧཱུྃ༔ མི་ཤིགས་མཚོན་ཆའི་གུར་དང་ས་གཞི་ལ༔ དམར་ནག་དམར་སྨུག་མེ་ཡི་འདུ་འཕྲོ་འཁྱིལ༔ ཡེ་ཤེས་ཁྲོ་བོ་བཅུ་ཡང་དབྱིངས་ནས་བཞེངས༔ ཁྲག་འཐུང་རོལ་པའི་ལྷ་ཚོགས་ནང་ན་བཞུགས༔ མཚམས་ཀྱི་དཀྱིལ་འཁོར་མ་ལུས་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ ཐུགས་ཀ་ནས་སྤྲུལ་པའི་ཁྲོ་ཚོགས་ཕུར་བུ་འབར་བའི་སྤྲིན་འཕྲོ་བ་རྣམས་ཀྱིས་བདུད་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཚར་བཅད་སླར་འདུས་ཏེ་རྡོ་རྗེ་སྲུང་བའི་འཁོར་ལོས་ཕྱོགས་ཐམས་ཅད་དུ་གཏམས་ནས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་སྲུང་བའི་མཚམས་བཅད་པར་བསམ་མོ། །ཞེས་སྲུང་འཁོར་བསྒོམ་ལ་ལས་རྡོར་གྱིས་སྤོས་གཡབ་དར་དང༌། རྒྱལ་ཚབ་པས་གཡབ་དྲིལ་ཐོགས་ལ་འདུས་པ་དང་དཀྱིལ་འཁོར་བསྐོར་ལ་གཞུང་གི་བྱིན་འབེབས་བརྗོད་ཅིང་བྱིན་དབབ། ཧཱུྃ། བཅོམ་ལྡན་བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ཚོགས། །ཆོས་སྐུ་རྣམ་དག་ལོངས་སྐུའི་དབྱིངས་ནས་ཤར། །སྤྲུལ་སྐུ་འགྲོ་དོན་རྫོགས་མཛད་ཕུར་བུའི་ལྷ། །རྡོ་རྗེ་གཞོན་ནུ་སྲས་འཁོར་མ་ལུས་དགོངས། །ཐོག་མེད་དུས་ནས་འཁོར་འདས་བདག་གཞན་ཚུལ། །ཆོས་རྣམས་མཉམ་ཡངས་སྤྲོས་བྲལ་ངང་ཉིད་ལས། །ལས་ཀྱི་དབང་གིས་ཐ་དད་སོ་སོར་བཟུང༌། །དོན་དམ་དབྱེར་མེད་ངང་དུ་མཐོལ་ལོ་བཤགས། མ་རིག་བག་ཉལ་རྣམ་རྟོག་རྐྱེན་དབང་གིས། །རྒྱལ་བའི་དགོངས་སྤྱོད་ཟབ་མོའི་གཏིང་མ་རྟོགས། །ཐབས་དང་ཤེས་རབ་ཡ་བྲལ་བླང་དོར་སྤྱོད། །བདེ་གཤེགས་བཀའ་དང་འགལ་སྤྱད་མཐོལ་ལོ་བཤགས། །ཐུན་མོང་ཁྱད་པར་རྩ་ལག་དམ་ཚིག་རྣམས། །ཇི་ལྟར་བཤད་པའི་གཞུང་བཞིན་མ་བསྲངས་པ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ། །གནོང་འགྱོད་དྲག་པོས་མཐོལ་བཤགས་ཚངས་པར་གསོལ། །ཞེས་པས་འཁོན་གཅུགས་དང་ཉམས་སྒྲིབ་བཤགས། ཡོན་ཏན་དངོས་གྲུབ་བླང་བ་ལ་དམིགས་པའི་ཛཔ་ནི། བདག་དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་གསང་གནས་ཟླ་བར་རྡོ་རྗེ་རྩེ་ལྔ་བུ་གར་ཨོཾ་གྱིས་མཚན་པ། ཡུམ་གྱི་མཁའ་པདྨ་འདབ་བརྒྱད་ལ་ཨེར་ཨཾ་གིས་མཚན་པར་བསམ་ལ་སྙོམས་པར་ཞུགས་པས་ཡུམ་གྱི་དུང་ཁང་ན་ཁྲག་འཐུང་རིགས་ལྔ་གནས་པ་རྣམས་བསྐུལ་སྙོམས་པར་ཞུགས་པས་ཡབ་ལྔའི་བྱང་སེམས་མུ་ཏིག་ལྟ་བུ། ཡུམ་ལྔའི་དྭངས་མ་མཚལ་ལྟ་བུ་དྷཱུ་ཏི་ནས་བྱུང༌། ཁམས་དཀར་དམར་འདྲེས་ནས་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བ་ཡི་གེ་གསུམ་དུ་གྱུར་པ་བདག་གི་རྡོ་རྗེའི་བུ་གར་རྔུབས་ནས་དྭངས་མའི་སྲོག་ལ་ཐིམ་པས་བདེ་སྟོང་འཛིན་མེད་རང་བྱུང་གི་ཡེ་ཤེས་འབར་བར་བསམ་ལ་དཀྱིལ་འཁོར་གསུམ་གྱི་ཛཔ་མཐར། ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཛཿཧཱུྃ་ཨཿ ཞེས་བཏགས་པ་ཅི་ནུས་སུ་བཟླས་ལ་སྙན་པའི་གདུང་དབྱངས་དྲག་པོའི་སྒྲ་དང་བཅས་པས། ཧཱུྃ། སྲིད་པའི་ཕུར་བུ་སྒྲུབ་པ་དང༌། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །གཉིས་མེད་དག་པའི་མཁའ་དབྱིངས་ནས། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ས་མ་ཡ་ཛཿཧཱུྃ་བྃ་ཧོཿ ཞེས་བསྐུལ་ལ་ཀ་པཱ་ལ་མཚན་ལྡན་དུ་ཁྲག་ཆང་ཨ་མྲྀ་ཏ་དང་མངར་གསུམ་སྦྱར་བ་བདུད་རྩིར་སྦར་བ་ཐོགས་ཏེ། ཧཱུྃ། འཆི་མེད་བདུད་རྩི་སྨན་གྱི་བཅུད། །ཉོན་མོངས་གདུང་བ་སེལ་བའི་མཆོག །ཛ་གད་རཀྟའི་མཆོད་པ་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཞེས་ཁྲག་ཆང་མཐེབ་སྲིན་གྱིས་འཐོར་ཞིང་སོ་སོའི་མཚན་དང་སྔགས་མཐར། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་བཏགས་པས་མཆོད། དངོས་གྲུབ་བསྡུ་བའི་ཛཔ་དབྱངས་དང་བཅས་པས་དཀྱིལ་འཁོར་ལ་བསྐོར་ཞིང༌། ཤར་དུ་འཁོད་པས་དངོས་གྲུབ་ཀྱི་རྫས་རྣམས་ཐོགས་ལ། ཧཱུྃ༔ དཔལ་ཆེན་འབར་བ་སོགས། ཕ་ལ་ཧཱུྃ་ཨ༔ ཞེས་ལས་བྱང་གི་དངོས་གྲུབ་བསྐུལ་ཚིག་བརྗོད་པས། ལྷ་དང་དངོས་གྲུབ་འོད་དུ་ཞུ། བདག་གི་ཐུགས་སྲོག་ལ་བསྡུ་ཞིང་དབྱེར་མེད་དུ་གྱུར་པར་བསམ་པ་རྣམས་དངོས་གཞིའི་ཆོ་གའོ། །སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ལ། ཕྲིན་ལས་ལ་སྦྱར་བ། གཏོར་མ་བཏང་བ། དཀྱིལ་འཁོར་བསྡུ་བ། མཚམས་དགྲོལ་བ། རྡུལ་ཚོན་གཤེགས་པ། བསྔོ་སྨོན་བྱ་བ། དགའ་སྟོན་དང་ཤིས་པར་བྱ་བའོ། །དང་པོ་ནི། བསྲེག་འཕང་མནན་པའི་ཆོ་ག་གསུམ་གྱིས་ལས་མཇུག་བསྡུས་ཏེ་སྒྲུབ་གཞུང་ཆེན་མོར་བལྟའོ། །བསྡུས་པར་ཟོར་རྣམས་ཕྱིར་བཏེགས། ལས་བྱང་གི་ཟོར་ལས་ཀྱི་དགྲ་ཕྱོགས་སུ་འཕངས་ནས་ཚེར་མ་ཅན་གྱི་ཧོམ་གྲུ་གསུམ་པར་མེ་ཉིད་རྡོ་རྗེ་སྲིན་པོའི་ལྷ་ཚོགས་སུ་གསལ་བའི་ཞལ་དུ་སྲེག་ལིང་ཞུན་མར་དང་བཅས་པ་སྤུ་གྲིའི་སྔགས་མཐར་སྲེག་སྔགས་བཏགས་པས་བསྲེག །མནན་རྫས་རྣམས་སྒོའི་ཕྱིར་དོང་གྲུ་གསུམ་བྲུས་པར་མནན་ལ་རོ་གཡམ་རྒྱ་གྲམ་བྲིས་པས་བཀབ། དམིགས་བྱ་གཤིན་རྗེའི་བཙོན་ཁང་དུ་ཚུད་པའི་སྟེང་དུ་རི་རབ་ཀྱིས་མནན་པར་བསམ་ལ་མནན་སྔགས་བརྗོད་ཅིང་བྲོ་བརྡུང་གཞུང་བཞིན་དུ་བྱའོ། །གཞན་ཡང་ཞི་བ་ལ་སོགས་པའི་ཕྲིན་ལས་རབ་འབྱམས་གང་གིས་སེམས་ཅན་གང་འདུལ་བ་དེ་དང་དེའི་མོས་བློས་དང་འཚམས་པའི་སྤྱོད་པ་ལ་འཇུག་པར་བྱའོ། །གཉིས་པ་གཏོར་མ་བཏང་བ་ནི། འཇིག་རྟེན་ལས་འདས་པའི་གཏོར་མ་རྣམས་དངོས་གྲུབ་ཀྱི་དོན་དུ་བཞག་ལ། དམ་ཅན་ལ་སོགས་པའི་འཕྲལ་གཏོར་རྣམས་རོལ་མོའི་སྒྲ་དང་བཅས་པས་ཡང་ཐོག་ཏུ་ཁྱེར་ལ་ཐ་ཚིག་བརྗོད་ཅིང་བརྟན་མ་བསྐྱངས་ཏེ་ཛ་གད་ཕུད་སྐྱེམས་དང་བཅས་པས་ཀྱང་མཆོད་དོ། །གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། རྒྱས་པ་དང་ཞི་བའི་སྦྱིན་སྲེག་ཆོ་ག་བཞིན་དུ་བྱ་ཞིང༌། གཏང་རག་གི་དོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕྱག་སྔོན་དུ་འགྲོ་བས་ཕྱི་ནང་གི་མཆོད་པ་འབུལ་ཞིང་བསྟོད་པ་བྱ། དེ་ནས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ་ཤར་གྱི་སྒོར་གཙོ་བོ་ལ་ཕྱོགས་པར་འདུག་ནས། ཧོཿ དཔལ་ཆེན་པོའི་ལྷ་ཚོགས་ཐམས་ཅད་དགོངས་སུ་གསོལ། སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ཞིང་མངོན་པར་འདོད་པའི་དོན་གྲུབ་པར་གསོལ་བ་གདབ་པ་ནི། ཨོཾ། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། ཅེས་སོགས་དང༌། བཛྲ་མུཿས། རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་གཤེགས། རྣམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བདག་ལ་བསྟིམ་སྟེ་ཉེར་བསྡུ་བཅས་ལས་གཞུང་བཞིན་བྱའོ། །བཞི་པ་མཚམས་དགྲོལ་བ་ནི། ཕྱི་རོལ་གྱི་ཤར་ལ་སོགས་པར་རིམ་པ་བཞིན་སོང་སྟེ། རྒྱལ་པོ་ཆེན་པོ་བཞི་དང༌། སྒོ་བའི་ཕྱི་ནང་གི་གཉིས་མེ་ཏོག་ལ་སོགས་པས་མཆོད་ཅིང་གཏོར་མ་ཕུལ་ནས་བསྟོད་པ་བྱ་བ་རྣམས་སྔར་བཞིན་དང༌། ཡེ་ཤེས་པ་སྐུ་གཟུགས་ཀྱི་བྱང་བུ་རྣམས་ལ་བསྟིམས་ཏེ་ལྷག་གནས་ཀྱི་མེ་ཏོག་འཐོར་ནས་ནང་དུ་ཞུགས་ལ། ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་ལྡན་པས། སུམ་བྷ་ནི། བརྗོད་ཅིང་ཕུར་བུ་རྣམས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུང་སྟེ། ཨོཾ་རུ་རུ་སྥུ་རུ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་ཕུར་རྩེ་བཀྲུ་ཞིང་འཐོར། ལྷ་རྣམས་ཀྱང་གཤེགས་ལ་ཁུང་བུ་དགང་ངོ༌། །ལྔ་པ་རྡུལ་ཚོན་བསྡུ་ཞིང་གཤེགས་པ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ། ཨ་ཀཱ་རོ་བརྗོད་བཞིན་པས་གཡས་པའི་རྡོ་རྗེས་ཤར་གྱི་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དབྱེ་ཞིང་ལྷག་མ་གཞན་རྣམས་རྗེས་མི་མངོན་པར་འཕྱག་ལ། དོན་དུ་གཉེར་བར་ཅུང་ཟད་བྱིན་ནས་གཞན་རྣམས་བུམ་པར་བླུགས་པ་སློབ་དཔོན་སློབ་མར་བཅས་པས་བཀྲ་ཤིས་པའི་གླུ་དང་རོལ་མོ་རྣམ་པར་བཀྲ་བའི་ལྟད་མོ་སྣ་ཚོགས་དང་བཅས་པའི་སྣ་དྲངས་བཀུར་བསྟི་དང་བཅས་ཏེ་རྒྱ་མཚོར་འབབ་པའི་ཆུ་བོའམ་མཚོ་དང་ཆུ་མིག་སོགས་སྐམ་པར་མི་འགྱུར་པར་རྒྱུན་དུ་གནས་པའི་ཆུ་འགྲམ་དུ་མཎྜལ་ལྟ་བུའི་གཞི་ལ་རྡུལ་ཚོན་དཀར་པོས་པདྨ་འདབ་བརྒྱད་འབྲི་བ་འམ་སྤར་དུ་བཏབ་པའི་དབུས་དང་འདབ་མ་ལ་མེ་ཏོག་གི་ཚོམ་བུ་བཀོད། མཐར་ཆུ་གཉིས་ཉེར་སྤྱོད་ལྔ། །ཀླུ་སྨན་བཏབ་པའི་འོ་མ་གཏོར་མ་དང་བཅས་པ་དང༌། དེའི་རྒྱབ་མདུན་གང་འོས་ཀྱི་སྟེགས་བུ་མཐོ་བ་ལ་རྡུལ་ཚོན་བཞུགས་སུ་གསོལ། མཆོད་པ་རྣམས། ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱངས། ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཞེས་པས་བྱིན་གྱིས་བརླབས་ནས་སླར་ཡར་རྟེན་བསངས་སྦྱངས། སྟོང་པའི་ངང་ལས་ཝཾ་ལས་བྱུང་བའི་རྒྱ་མཚོ་རིན་པོ་ཆེ་དང་མེ་ཏོག་གིས་གང་བའི་དབུས་སུ་པདྨ་ཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རང་སྣང་གི་ཡུམ་དང་བཅས་པའོ། །སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། འདབ་མ་བརྒྱད་ལ་འཁོད་པ་ནི། སྟོད་ལྷའི་ལུས་ཅན་ཐལ་མོ་སྦྱར་བ་སྦྲུལ་མགོའི་གདེངས་ཀ་དང་ལྡན་པ་སྨད་སྦྲུལ་མཇུག་ཏུ་འཁྱིལ་ཞིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་འཁོར་དང་བཅས་པར་གྱུར། ཨོཾ་བཛྲ་སཏྭ་ཨཱཥྚ་ནཱ་ག་ཨ་དྷི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང༌། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། ལག་གཡོན་གདེངས་ཀའི་ཚུལ་དང༌། གཡས་མཆོད་སྦྱིན་གྱི་རྒྱས། ཨོཾ། ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང༌། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་མོ་དང༌། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང༌། །སོག་མ་མེད་དང་ཧུ་ལུཎྜ། །དགའ་བོ་དང་ནི་ཉེར་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང༌། །ཚ་བ་ཚ་བ་ཆེན་པོ་དང༌། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང༌། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང༌། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང༌། །ཚི་ལེ་ཆེན་པོ་རྣམ་དག་གོ །ཨོཾ་བྷཀྵ་བྷཀྵ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུརྦྷུ་ཝ་ཕྲུཾ་ཕྲུཾ་སྭཱ་ཧཱ༔ ཞེས་པ་གསུམ་གྱིས་གཏོར་མ་ཕུལ་ནས། གོང་བཞིན་མཆོད་བསྟོད་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་དང༌། ཀླུ་ཡི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་རིན་པོ་ཆེའི་རང་བཞིན་འདི་རྣམས་བདག་གིར་མཛད་ནས་མཆོད་པ་དང༌། འཇིག་རྟེན་གྱི་ཁམས་སྤྱི་དང༌། ཁྱད་པར་ས་ཕྱོགས་འདི་དག་ཏུ་བདེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་སོགས་སྐབས་སུ་བབ་པའི་ཕྲིན་ལས་གསོལ་ནས། ཨོཾ། ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱིས་ཤིས་བརྗོད་དང༌། ཡིག་བརྒྱ་དང༌། མ་རྙེད་ཡོངས་སུ་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ཀྱི་མཐར། གཙྪ་གཙྪ་སྭ་བྷཱ་ཝ་ནཱཾ། ཨོཾ་ཨཱཿཧཱུྃ་མུ༔ ཞེས་པས་རོལ་མོའི་སྒྲ་དང་བཅས་པས་ཀླུ་རྣམས་གཤེགས། ཛཿཧཱུྃ་བྃ་ཧོཿས། རྡོ་རྗེ་སེམས་དཔའ་རང་ལ་བསྟིམ། རྡུལ་ཚོན་མཆོད་གཏོར་བསྡུས་རིམ་བཞིན་ཆུར་དོར། གཞིའི་མཎྜལ་གྱི་ཚོམ་བུ་རྣམས་ཆུར་གཤེགས་ཤིང་རེ་ཁཱ་ཡང་འཁྲུ། ཚོན་སྣོད་ཀྱི་བུམ་པ་ཆུ་གཙང་གིས་བཀང༌། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷནི་སྭཱ་ཧཱ༔ ཞེས་སྤྱན་མའི་སྔགས་བཟླས་བཞིན་དཀྱིལ་འཁོར་ཁང་པ་སོགས་ལ་བཀྲ་ཤིས་པའི་ཕྱིར་བསང་གཏོར་བྱ་ཞིང་ཕྱོགས་ཐམས་ཅད་དུ་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པར་བྱའོ། །དྲུག་པ་བསྔོ་སྨོན་ནི། ཧོཿ དགོངས་སུ་གསོལ་ལོ། སོགས་ལས་བྱང་ལྟར་དང༌། ཁྱད་པར་མར་མེའི་སྨོན་ལམ་ནི། དཔོན་སློབ་ཐམས་ཅད་ལག་བསྣོལ་བས་སྲིན་ལག་སྦྲེལ། གཡས་སུ་མར་མེ་ཐོགས། རྡོ་རྗེ་རྒྱལ་ཐེབས་ཀྱིས་སྣམ་སྦྱར་དང་བཅས་བཞེངས་ཏེ་གཏོང་ཐུན་སྔོན་དུ་འགྲོ་བས། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས། །འཁོར་བའི་གཡང་ས་ཆེན་པོར་མི་ལྷུང་ཞིང༌། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང༌། །ལོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིམ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་འཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང༌། །སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང༌། །གསུམ་པའི་དབང་གིས་སྦྲེལ་བའི་རིགས་མ་གསུམ། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེའི་དུས་བྱུང་ཚེ། །འཁོར་བའི་གཡང་སར་ལན་གཅིག་ལྷུང་སྲིད་ཀྱང༌། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །སྣང་བའི་སྒོ་འབྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡིས་ཤུལ་མཚོན་ཅིང༌། །ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་བསྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོར་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང༌། །རྡོ་རྗེ་ཁྲོ་རྒྱལ་ཁྱེད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང༌། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཅེས་བརྗོད། །བདུན་པ་དགའ་སྟོན་དང་ཤིས་པར་བྱ་བ་ནི། སླར་ཡང་བཟའ་བཅའ་དང་མྱང་བ་ལྡག་པ་དང་ཆང་ལ་སོགས་པའི་ལོངས་སྤྱོད་ཆེན་པོ་དང་ལྡན་པས་སྐྱེ་བོ་དམ་པའི་འདུས་པ་དང་དགའ་སྟོན་ཆེན་པོར་བྱ་ཞིང༌། ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་ཐོག་དྲངས། ལས་གཞུང་ནས་འབྱུང་བའི་བཀྲ་ཤིས་སོགས་རྒྱས་པར་བརྗོད་ཅིང་ཕྱོགས་ཐམས་ཅད་དུ་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པར་བྱའོ། །སྔ་འགྱུར་རིང་ལུགས་ཀུན་གསལ་མཛེས་རྒྱན་དུ། །བཀའ་གཏེར་ཕུར་པ་རྒྱུ་སྐར་ལྟར་བཀྲ་བ། །མཁས་གྲུབ་རིག་འཛིན་ལྷ་དབང་གིས་བསྟར་བའི། །ཆོས་སྐལ་མ་ཆད་ཙམ་དུ་ཡིན་རློམས་བགྱིད། །ཟབ་གསང་རྒྱུད་དོན་མན་ངག་དབྱིག་ཏུ་བསྡེབས། །ལས་ཅན་སྐལ་བཟང་ལང་ཚོའི་དགའ་སྟོན་དུ། །བསྟར་འདིའི་ལྔ་བདོའི་རྒུད་པ་རྒྱུན་ཆད་པའི། །ལྷག་བསམ་སོར་མོས་བསྟར་ལ་ནོངས་པ་ཅི། །མཁས་པས་དཔྱད་བཟོད་གྲུབ་པས་བསྔགས་འོས་སུ། །གཟུར་གནས་སྤྱན་བརྒྱའི་འབབ་སྟེགས་གྱུར་འདི་ཡང༌། །བརྒྱུད་པ་དགུ་ལྡན་བླ་མའི་ཕ་ཕོག་ཕྱིར། །སྦ་བར་མ་ནུས་འབད་པས་སྣང་བར་བྱས། །རྨད་བྱུང་རྣམ་དཀར་ཆུ་ཤེལ་འཛིན་མཚུངས་བདུད་རྩིའི་ཟིལ། །བསྟན་འགྲོའི་འོ་མཚོར་འཕོས་པས་ཕན་བདེའི་ཀུ་མུ་ཏའི། །དྲི་བསུང་མངར་འཐུལ་མཁའ་མཉམ་ཡིད་ཅན་སིམ་བྱས་པའི། །དགེ་མཚན་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་ཆོས་འདི་རང་སྐལ་དུ་བཞེས་པའི་འཁྲུལ་ཞིག་རྡོ་རྗེ་འཛིན་དབང་ངག་དབང་མདོ་སྔགས་བསྟན་འཛིན་དང༌། ལས་སྨོན་བཟང་པོའི་འབྲེལ་བའི་མཆོག་སྤྲུལ་པདྨ་དབང་རྒྱལ་དང༌། གྲུབ་སྲས་ཨོ་རྒྱན་སྟོབས་རྒྱལ་སོགས་ལས་ཅན་མང་པོས་ཡང་ཡང་བསྐུལ་ཀྱང་སྙོམས་ལས་རྒན་པོ་འདུ་འཛིའི་ཆུ་རླབས་ཀྱིས་ཁྱེར་བར་བརྩམས་པའི་ཚེ་རིགས་བརྒྱའི་ཁྱབ་བདག་འཇམ་མགོན་མཁྱེན་བརྩེའི་མཆོག་སྤྲུལ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་དང༌། རབ་འབྱམས་འགྱུར་མེད་ཆོས་ཀྱི་སེང་གེ་ཟུང་གི་ཐུགས་བསྐྱེད་གྲུ་གཟིངས་ལ་བསྟེན་ནས་གྲུབ་པའི་ཚེ། ཡི་གེ་འབྲི་རྩོལ་གྱི་མཐུན་སྦྱོར་རྟེན་མཆོག་འགྱུར་མེད་གླིང་གི་བྱང་འདྲེན་པདྨ་བཀྲ་ཤིས་དང༌། དད་གུས་རྣམ་དཔྱོད་གསལ་བ་སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས་གཉིས་ཀྱིས་མཛད་དེ་མཚོ་སྐྱེས་རྒྱལ་བ་གཉིས་པས་རྡོ་རྗེ་ཕུར་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་རླངས་ཆེན་དཔལ་གྱི་སེང་གེ་སོགས་ལས་ཅན་རྡོ་རྗེའི་འདུས་པ་སྨིན་པར་མཛད་ཅིང་གངས་ཅན་མཐའ་དབུས་ཆོས་ནོར་རྫས་གཏེར་གྱིས་གཏམས་པ་དང་ཆབས་ཅིག་ཡིད་སྲུབ་ཀྱི་རུ་མཚོན་བསྙིལ་ནས་ཐུབ་བསྟན་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ་ཡི་རྔ་གསང་འཁྲོལ་མཛད་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་མདུན་ལྷ་ཀླུ་ཀུན་ཏུ་དགའ་བའི་ནེའུ་གསེང་གི་སྐྱེད་ཚལ་དུ་བསྙེན་མཚམས་ཀྱི་ཐུན་གསེང་དུ་རས་དཀར་གྱི་ལྡིང་གུར་ལ་གནས་པའི་འཁོས་མེད་གྱི་ན་བ་པདྨ་མདོ་སྔགས་གླིང་པ་ཀློང་ཆེན་ནམ་མཁའ་འོད་གསལ་གྱིས་བྲིས་པས་མཉམ་མེད་ཤཱཀྱ་སེང་གེའི་བསྟན་པ་མཁའ་ཁྱབ་དུ་རྒྱས་པའི་རྒྱུར་གྱུར་ཅིག །དགེའོ།། །།}} | ༄༅། །དབྱིངས་ཀྱི་ཁྲོ་རྒྱལ་མཆོག་ཏུ་ཞི་བས་སྤྲོས་པའི་ཟུག་རྔུའི་སྐབས་མི་ཕྱེད། །བདེ་ཆེན་འབར་བའི་སྙིང་རྗེས་རྔམས་ཀྱང་ཆགས་སྡང་ཀུན་རྟོག་འཇུག་པ་ཞི། །ཟུང་འཇུག་རྒྱལ་ཀུན་ཕྲིན་ལས་སྟོབས་འདུས་བདུད་སྡེ་མཐར་ཡང་འགྲོ་ཀུན་མགོན། སྐུ་གསུམ་དབྱེར་མེད་ལྷག་ལྷས་རྗེས་བཟུང་ཕུར་བཞིའི་དགོངས་པ་མཐར་ཕྱིན་ཤོག །པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལས། །དབང་གི་ཆུ་བོ་བཞི་འདུས་གཉགས་ལོ་ཆེར། །རྗེས་བསྩལ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི། །ཚོགས་སྒྲུབ་ཨིནྡྲ་ནཱི་ལའི་ཆུན་འཕྱང་བསྡེབས། །འདིར་རྒྱ་བོད་རིག་འཛིན་ཡོངས་ཀྱི་ཐུགས་དམ་ལྷག་པའི་ལྷ་མཆོག་ཕྲིན་ལས་ཕུར་པ་རོལ་པའི་སྒྲུབ་བཀའ་ལ། སྒྲུབ་ཚུལ་བཞིའི་དང་པོ་གཉིས་སྲོག་ཏུ་བཟུང༌། ཕྱི་མ་གཙོར་བཏོན་གྱི་སྒྲུབ་ཚུལ་ལའང༌། ཕྱི་སྤྲོས་བཅས་ཚོམ་བུ་འབུམ་སྒྲུབ། ནང་སྤྲོས་བསྡུས་དཔའ་བོ་གཅིག་སྒྲུབ། གསང་བ་སྤྲོས་མེད་ཏིང་ངེ་འཛིན་གྱི་སྒྲུབ་པ་གསུམ་གྱི་ཚོམ་བུ་ཚོགས་སྒྲུབ་འཆད་པར་བྱ་སྟེ། དེ་ལའང་སྟོད་ལས་བྱང་ཆུབ་སྒྲུབ་པ་དང༌། སྨད་ལས་དགྲ་བགེགས་བསྒྲལ་བའི་སྒྲུབ་ཆེན་གཉིས་ཀྱི་དང་པོ་འཆད་པའི་སྐབས་སུ་བབ་པས་དེ་ལ་འདིར་གཉིས་ལས། སྒྲུབ་པའི་གཞི་བཟུང་བ་དང༌། སྒྲུབ་པའི་རིམ་པ་དངོས་ལ་འཇུག་པའོ། །དང་པོ་གང་གིས་སྒྲུབ་པའི་སློབ་དཔོན། གང་དང་ལྷན་ཅིག་སྒྲུབ་པའི་ཚོམ་བུ། གང་དུ་སྒྲུབ་པའི་གནས། གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད། གང་གི་ཚེ་སྒྲུབ་པའི་དུས་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་གཟུང་སྟེ། གཉིས་པ་སྒྲུབ་པའི་རིམ་པ་དངོས་ལ་གསུམ། སྒྲུབ་པའི་སྔོན་འགྲོའི་ལས་རིམ། དངོས་གཞི་བསྙེན་སྒྲུབ་ཀྱི་གཞུང་བསྲང་བ། རྗེས་སྒྲུབ་པའི་ལས་ཀྱི་མཇུག་བསྡུ་བའོ། །དང་པོ་སྔོན་འགྲོ་ལ་གསུམ། ཕྱི་བཤགས། སའི་ཆོ་ག །ལྷག་པར་གནས་པའི་རིམ་པའོ། །དང་པོ་ནི། སཱཙྪ་ཇི་མང༌། སྲོག་བསླུ་ཉེའུ་འདོན། བྱ་སྟོན་སོགས་སྦྱིན་གཏོང༌། དགེ་སློང་བཞི་སྡེ་ལ་དྲོ་དྲངས་ཤིང་སྨོན་ལམ་འདེབས་སུ་གཞུག །བོན་རྩིས་སྨན་པ་བཟོ་བོ་བཞི་སྡེ་མཆོད། ལམ་འཕྲང་བཅོས། གླིང་བཞི་སྤྱི་མདོས། རིམས་ནད་བཟློག་མདོས། རྒྱལ་པོ་གསོལ་འཇོག །དམ་གླུད། ལན་ཆགས་བརྒྱ་འཇལ། སྡེ་བརྒྱད་ཆ་སྙོམས། ཞི་བསང་སྣང་གསུམ། ཆུ་གཏོར་སྐོང་ཆོག་གང་རུང་དང་འབྲེལ་བའི་ཕྱག་བཤགས། རྡོར་སེམས་བསྒོམ་བཟླས། རྣམ་འཇོམས་ཁྲུས་ཆོག་སོགས་སྔོན་འགྲོའི་རིམ་པ་རྣམས་གཟབ་སྟེ་བྱས་པས་དངོས་གཞི་བར་ཆད་མི་འབྱུང་བ་དང་སྒྲུབ་པའི་རྟགས་ཐོན་ཞིང་རྗེས་བཀྲ་ཤིས་པ་སོགས་དགོས་པ་ཆེན་པོ་ཡོད་དོ། །ཁྱད་པར་དུ་བཀའ་འདུས་དང༌། བརྒྱད་སྟོང་སོགས་རྒྱལ་བའི་བཀའ་བསྒྲགས་ཤིང༌། སྒྲུབ་ཁང་གི་ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེ། ནུབ་ཏུ་ལང་ཀར་གཤེགས་པ། བྱང་དུ་ཏོག་གཟུངས་རྣམས་བཀླག །དམ་སྲིའི་མནན་ལིང༌། ཉུལ་ལེའི་ལིངྒ་བཅས་སྒྲུབ་པ་ལ་འཇུག་པའི་སྔ་ཉིན་རྡོ་རྗེ་མཚམས་པ་དཔོན་སློབ་རྣམས་ཀྱིས་རྡོ་རྗེ་ཕུར་པའི་གཞུང་བསྲངས་ལ། ཚོགས་ཐ་མའི་སྐབས་སུ་འགུགས་གཞུག་བརྒྱ་རྩ་སོགས་དང་སྦྲགས་གྲངས་མང་པོས་འགུགས་བསྟིམས་ནན་ཏན་མཐར་ཕུར་བུ་སོགས་མཚོན་ཐུན་གྱི་བསྒྲལ། སྤྲོ་ན་མནན་ལིང་ཁྱི་ཐོད་དུ་བརྫངས་ཤིང་ཕུང་རེ་བྱད་ཐག་གིས་དཀྲིས་པ་སོགས་ཕྱག་བཞེས་ལྟར་འཕྱུགས་མེད་ཚགས་སུ་ཚུད་པར་བྱའོ། །དེང་སང་སྒྲུབ་ཆེན་ལོ་བསྟར་དུ་རྒྱུན་གྱི་ཕྱག་ལེན་བསྡུས་པར། ཆུ་གཏོར། ཞི་བསང༌། མདོས་གླུད་ཕྲན་ཚེགས་ཙམ་གྱིས་སྣ་སེལ་རིགས་འཐུས་པར་མཛད་ཅིང༌། མནན་ལིང་སྔ་ཉིན་སྒྲུབ་པ་སོགས་མ་གྲུབ་ན་དམ་སྲི་མནན་ཆོག་སྐབས་ལིང་ག་ཧོམ་དོང་རང་དུ་བཏིང་བ་ལ་འགུགས་བསྟིམས་གཟིར་མནན་གྱིས་དོན་འཐུས་པས། མནན་ཆས་སོགས་མི་མཛད་པའང་སྣང་བས་རྒྱས་བསྡུས་གང་བྱེད་ཡུལ་དུས་དང་བསྟུན། ལར་རྩ་བའི་དོན་རྣམས་མ་ཆད་པ་ཤིན་ཏུ་གལ་ཆེ་ཞིང༌། ཡན་ལག་ཕྲ་མོ་རྣམས་སྤྲོ་བསྡུ་རིག་པས་དཔག་པར་བྱའོ། །གཉིས་པ་ས་ཆོག་ལ། ས་བསླང་བ། བརྟག་པ། སྦྱང་བ། བཟུང་ཞིང་དབང་དུ་བྱ་བ། བསྲུང་བ་དང་ལྔ་ལས། དང་པོ་ལ་གཉིས་ཀྱི་སྣང་བ་ལས་བསླང་བ་ནི། རྒྱལ་པོ་ལ་སོགས་པས་ཡུལ་དེ་བདག་ཏུ་བཟུང་བ་ཡོད་ན་བདེན་པའི་ཚིག་གིས་དཀྲོལ་ཞིང་དགོས་པའི་རིན་འཇལ་ལ་བར་ཆད་མི་འབྱུང་བར་བྱའོ། །མི་སྣང་བ་ལས་བསླང་བ་ནི། གང་དུ་དཀྱིལ་འཁོར་བྱ་རུང་བའི་གནས་དེར་བདེ་བའི་སྟན་ལ་འཁོད་དེ། བརྒྱུད་འདེབས་དང༌། རྒྱུན་བཤགས། ཚད་མེད་བཞི་བསྒོམས་པ་བཅས་སོང་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧྃ། གཟུང་འཛིན་གྱི་སེམས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། དེའི་ངང་ལས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊཿ ཅེས་པའི་སྒྲ་བྲག་ཆ་ཙམ་དུ་སད་པ་ལས། བདག་ཉིད་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་ཕུར་པ་འདྲིལ་ཞིང༌། གཡོན་སྡིགས་མཛུབ་མཛད་པ། དཔལ་གྱི་ཆས་བཅུ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་ཤིན་ཏུ་ཁྲོ་ལ་བརྗིད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གསལ་བར་གྱུར། ཀཱི་ལ་ཡ་བརྒྱ་རྩ་བཟླས། ལས་བུམ་མམ་དྲིའི་དུང་ཞལ་འཐོར་གཡབ་བཅས་བཀོད་ལ། རྃ་ཡྃ་ཁྃ་གིས་བསང་སྦྱང༌། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཁྲོ་བོ་བདུད་རྩི་འཁྱིལ་པ་མཐིང་ནག་ཕུར་བུ་དང་ལྕགས་ཀྱུ་འཛིན་པའི་སྐུར་གྱུར། རྡོ་རྗེ་རྩེ་གཅིག་པའི་རྒྱས་རེག་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜལི་ཧཱུྃ་ཕཊཿ ཅེས་ཅི་རིགས་བཟླས་པས། ཁྲོ་བོ་བདུད་རྩི་འཁྱིལ་པའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ཞིང༌། མདུན་དུ་དྲིའི་མཎྜལ་མེ་ཏོག་གི་ཚོམ་བུ་ཅན་གྱི་མཐར་མཆོད་པ་དང༌། ས་བདག་སྤྱི་སྒོས་ཀྱི་གཏོར་མ། བགེགས་གཏོར་བཅས་བཤམས་ལ། ས་གཞིའི་བདག་པོ་མཆོད་པ་ནི། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷྃནས། ཤབྟ་པཱུ་ཛ་ས་མ་ཡ་ཧོཿ ཞེས་དང༌། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ་ལན་གསུམ་རྒྱ་དང་བཅས་པས་བརླབ། ཚོམ་བུ་བྃ་ལས་ས་ཡི་ལྷ་མོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། རིན་པོ་ཆེའི་བུམ་པ་བསྣམས་པ། ཞི་ཞིང་འཛུམ་པའི་ཉམས་ཅན། དར་གྱི་སྟོད་གཡོགས་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ལྟེ་བ་ཡན་ཆད་འཐོན་པར་གྱུར། རང་གི་སྙིང་གའི་འོད་ཟེར་གྱིས་ས་འོག་ནས་ཡེ་ཤེས་ཀྱི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར། ཨོཾ་བཛྲི་⁽14a4⁾⁽14ab⁾་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་དབང་བསྐུར། རིན་ཆེན་འབྱུང་གནས་ཀྱི་རྒྱས་གདབ། ཨོཾ་པྲི་ཐི་ཝཱི་དི་ཝཱི་ས་པ་རི་ཝ་ར་ཨརྒྷྃ་ནས་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཨ་ཀཱ་རོའི་སྔགས་ཀྱི་གཏོར་མ་ཕུལ་ལ་ས་གནོན་གྱི་རྒྱས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེའི་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་གསོལ་བ་བཏབ་པས་རིག་པ་འཛིན་པ་ཁྱོད་ཅི་དགའ་བར་སྤྱོད་ཅིག་ཅེས་གནང་བ་བྱིན་པ་དེ་ཉིད་དུ་ཐིམ་པར་གྱུར། །བྱེ་བྲག་སའི་བདག་པོ་ལ་བསླང་བ་ནི། དཀར་གཏོར་དང་གསེར་སྐྱེམས་བཤམས་པར་བསང་ཆུས་བྲན། རྃ་ཡྃ་ཁྃ་གིས་སྦྱང༌། ཨོཾ་ཨཱཿཧཱུྃ་གིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝ་ར་བཛྲ་ས་མཱ་ཛཿས་ས་བདག་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ལན་གསུམ། ཧཱུྃ༔ གང་ཞིག་དཀར་པོའི་ཕྱོགས་འཛིན་ཅིང༔ འཛམ་གླིང་ས་ལ་དབང་བྱེད་ཀུན༔ བདག་གིས་གནས་འདིར་དཀྱིལ་འཁོར་བཞེངས༔ ཀོ་ལོང་ཕྲག་དོག་མ་མཛད་པར༔ བརྔན་དུ་གཏོར་མ་གསེར་སྐྱེམས་འབུལ༔ དགྱེས་པར་བཞེས་ལ་ས་འདི་སྩོལ༔ བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད༔ བྷཱུ་མི་པ་ཏི་གཙྪས་གནང་བ་བྱིན་ནས་རང་གནས་སུ་གཤེགས་སུ་གསོལ་བ་དང་ཆབས་ཅིག་གཏོར་མ་ཕྱི་རོལ་དུ་འབུལ། ཚོམ་བུ་དང་མཆོད་རྫས་བསྡུ། བགེགས་གཏོར་ནི། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། སརྦ་བིགྷྣཱན་ཨ་ཀརྵ་ཡ་ཛཿས་ལྕགས་ཀྱུའི་ཕྱག་རྒྱས་བཀུག སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས། གྲྀ་ཧྣ་དཾ་བ་ལིཾ་ཏེ་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ཏེ། བཀའ་བསྒོ་བ་ནི། ཧཱུྃ༔ གསང་བ་བླ་མེད་ལམ་སྒྲུབ་པའི༔ རྡོ་རྗེའི་དཀྱིལ་འཁོར་གཉན་པོ་འདིར༔ འདུ་བའི་ལྷ་ནི་མ་གཏོགས་པའི༔ དམ་མེད་བདུད་རིགས་ནག་པོའི་ཕྱོགས༔ བལྟ་ཞིང་ཉན་པའི་དབང་མེད་པས༔ བྱིན་པའི་གཏོར་མ་འདི་ཁྱེར་ལ༔ རང་རང་གནས་སུ་བདེ་བར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ང་ནི་འཇིགས་བྱེད་རྡོ་རྗེ་ཅན༔ བཀའ་ལས་འདའ་བའི་སྡིག་ཅན་རྣམས༔ རྡོ་རྗེ་ཡེ་ཤེས་མཚོན་ཆེན་པོས༔ ཕྱེ་མར་འཐག་པ་གདོན་མི་ཟ༔ ཧཱུྃ་ཞིའི་སྔགས་བརྗོད་ལ་གུ་གུལ་བདུག །ཡུངས་ཐུན་གྱིས་གཟིར་རོལ་མོ་དྲག་ཏུ་འཁྲོལ་བས་ནག་ཕྱོགས་རྣམས་རྒྱང་རིང་དུ་བསྐྲད་པར་བྱའོ། །གཉིས་པ་ནི། ལྟོ་འཕྱེ་དང་རྟེན་འབྲེལ་བརྟག་པ་སྒྲུབ་གནས་རྙིང་པ་ལ་མི་དགོས་ཤིང༌། དགོས་གལ་བྱུང་ཚེ་ཆོས་དབང་ཕུར་པའི་སྒྲུབ་ཁོག་ལྟར་མཛད། གསུམ་པ་སྦྱོང་བ་ལ། ལས་དང༌། རྫས་སྔགས། ཏིང་ངེ་འཛིན་བླ་ན་མེད་པའི་སྦྱོང་བ་གསུམ་གྱི། དང་པོ་ནི། ལེགས་པར་བརྐོས་པས་སའི་ཟུག་རྔུ་རྣམས་ཡང་དག་པར་བསལ་ཏེ་དྲི་ཞིམ་པོའི་ཆུ་དང་སྦྱར་ནས་སྟེགས་བུ་རྒྱར་འདོམ་གང༌། དཔངས་སུ་ཁྲུ་ཁང་བ་ཁོད་སྙོམས་ཤིང་འཐས་པར་བྱའོ། །གཉིས་པ་ནི། ཧེ་རུ་ཀའི་སྙེམས་དང་ལྡན་པས་དཀྱིལ་འཁོར་གྱི་ས་ལ་འཁྱིལ་བ་བཟླས་པའི་ཡུངས་ཆུ་ཐལ་བར་གཏོར་ཞིང༌། དེ་བཟླས་པའི་བ་བྱུང་ལྔས་གཡོན་སྐོར་དུ་བྱུག །དྲིའི་ཆུས་ཀྱང་བསང་གཏོར་བྱས་ནས། ལག་པ་རྡོ་རྗེར་བསམ་ལ་ས་ལ་བསྣུན་ཏེ། ཨོཾ་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཅེས་བརྗོད་པས་ས་གཞི་སྦྱངས༔ སྣོད་བཅུད་ཐམས་ཅད་ནམ་མཁའི་རང་བཞིན་དུ་བསམ་ལ༔ ཨོཾ་བྷུ་ཁཾ་ཞེས་བརྗོད༔ ཧཱུྃ་ཨོཾ་རྡོ་རྗེའི་ས་གཞིར་བསྐྱེད། ཨོཾ་མེ་དི་ནཱི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུྃ། རྡོ་རྗེའི་རང་བཞིན་དུ་བཅིངས་ཏེ་བྱིན་གྱིས་བརླབས། གསུམ་པ་ནི། ས་ལ་སོགས་པའི་སྣ་ཚོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་མོས་པར་བྱའོ། །བཞི་པ་ལ་བཟུང་བ་དང༌། དབང་དུ་བྱ་བ་གཉིས་ཀྱི་དང་པོ་ལ། གསོལ་གདབ་བཀའ་བསྒོ་སྟངས་སྟབས་གསུམ་གྱི་དང་པོ་ནི། དཀྱིལ་འཁོར་གྱི་གཞི་དེར་མེ་ཏོག་བཀྲམ་པའི་དབུས་སུ་སློབ་དཔོན་དཔལ་གྱི་ཆས་གོས་ཀྱིས་བརྒྱན་པ་གཙོ་བོའི་ང་རྒྱལ་གྱིས་བཞུགས། ཕྱོགས་བཞིར་རིགས་བཞིའི་རྒྱལ་ཐེབས་བཞི་ཡང་དཔལ་ཆས་དང་ལྡན་པ་བཅས་འཁོད་ལ་སློབ་དཔོན་དང་རྒྱལ་ཐེབས་སོ་སོའི་མདུན་དུ་ཉེར་སྤྱོད་ལྔ་དང༌། སྨན་རཀ་གཏོར་མ་བཤམས་ལ། ཧཱུྃ་ཧྲཱིཿ སྣང་སྲིད་བདེ་ཆེན་རོལ་པ་ཡི༔ ཡེ་ཤེས་སྣང་བ་ཁྱབ་བརྡལ་སྤྲིན༔ ཀུན་བཟང་མཆོད་པ་བསམ་ཡས་གཏེར༔ རང་བྱུང་རང་ཤར་ལྷུན་གྱིས་གྲུབ༔ སརྦ་ས་མ་ཡ་པཱུ་ཛ་ཧོ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་མ་ཧཱ་པཱུ་ཛ་སྥ་ར་ཎ་ཁཾ༔ ཞེས་ཕྱི་མཆོད་དང༌། ཨོཾ་མ་ཧཱ་ཤྨ་ཤ་ན་རུ་ཏྲ་བྷོ་གཿརཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ཨཱ་ཧཱུྃ༔ ཞེས་ནང་མཆོད་དྲག་པོའི་ཉེར་སྤྱོད་དང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཀ་པཱ་ལ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་སརྦ་ཀཱ་མ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ རྣམས་ཀྱི་བྱིན་གྱིས་བརླབས། གཙོ་བོ། ཁྲོ་བཅུ། སྲས་མཆོག །སྒོ་བཞི། སྲུང་མ་བཅས་པའི་བསྐྱེད་སྔགས་ལན་རེ་བརྗོད་ནས། ཨོཾ་བཛྲ་ས་མཱ་ཛཿས་ནམ་མཁའ་གང་བའི་དཀྱིལ་འཁོར་སད་པར་བྱས་ལ། འབྲུ་གསུམ་དང༌། རིགས་ལྔའི་སྔགས་བཅས་ཀྱི་རྒྱས་གདབ། ཨེ་ཧྱ་ཧི། ས་མ་ཡ་ཏིཥྛ་ལྷན། ཨ་ཏི་པཱུ་ཧོཿ པྲ་ཏཱི་ཙྪ་ཧོཿ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་མཎྜ་ལས་པ་རི་ཝ་ར་ཨརྒྷཾ་ནས་ཤབྡ་པཉྩ་ཀཱ་མ་གུ་ཎ་དེ་ཝཱི་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་ཤྨ་ཤ་ན་རུ་ཏྲ་བྷོ་གཿ རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་དྷརྨ་དྷཱ་ཏུ་པཱུ་ཛ་ཨཱཿཧཱུྃ༔ མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧིས་མཆོད། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་མཆོད་ཅིང་བསྟོད་ནས་དབུས་ཀྱི་སློབ་དཔོན་སྤོས་དྲིལ་དང་བཅས་ཏེ། ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེར་བསམ་ལ། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་དགོངས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དཀྱིལ་འཁོར་ཆེན་པོ་བདག་བགྱིད་པས། །བདག་ཅག་རྗེས་སུ་བཟུང་བའི་ཕྱིར། །ས་འདི་ཤིས་པར་བྱིན་རློབས་གསོལ། །ཞེས་ལན་གསུམ་གྱིས་སྙན་གསན་དབབ་པ་སྔོན་དུ་འགྲོ་བས། །དེ་ནས་ཕྱོགས་བཞིར་གནས་པའི་སློབ་མ་རྣམ་རྒྱལ། གཤིན་རྗེ། རྟ་མགྲིན། འཁྱིལ་བ་སྟེ་ཕྱོགས་བཞིའི་ཁྲོ་བོ་བཞི་ཡི་ང་རྒྱལ་གྱིས་གཙོ་བོ་ལ་འདུད་པའི་ཚུལ་དུ་གནས་ལ། སྔར་བཞིན་ཕྱི་ནང་གི་མཆོད་པ་རེ་དང་ཕྱོགས་སོ་སོ་ནས་བསྟོད་གསོལ་ནི། ཤར་ནས། ཨེ་མའོ། མཆོག་ཏུ་གསང་བ་གསུམ་གྱི་དཀྱིལ་འཁོར་འདིར། །དུས་གསུམ་འདུ་འབྲལ་མེད་པར་རྟག་ཏུ་སྦྱོར། །གཉིས་མེད་ཐིག་ལེ་བྱང་ཆུབ་དག་པའི་སྐུ། །བྱང་ཆུབ་རྡོ་རྗེ་ཁྱེད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ལྷོ་ནས་ཕྱི་ནང་གི་མཆོད་པ་དང༌། ཨེ་མའོ། རོལ་པའི་ཆོ་འཕྲུལ་ཆེ་ལ་མངའ་བརྙེས་པའི། །བཀའ་ཡི་འཁོར་ལོ་གསང་བའི་ཡོན་ཏན་སྟོན། །ཐུགས་རྗེའི་ཆོ་འཕྲུལ་ཆོས་ཀྱི་ཆར་པ་འབེབས། །གསང་སྔགས་བདག་པོ་ཁྱེད་ལ་ཕྱག་འཚལ་ལོ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ནུབ་ནས་ཕྱི་ནང་གི་མཆོད་པ་དང༌། ཨེ་མའོ། །གསུང་གི་ཐིགས་པ་ཐུགས་ཀྱི་རྒྱ་མཚོའི་ཀློང༌། །ལུང་དང་མན་ངག་གཏན་ཚིག་ཀུན་གྱི་མཛོད། །དུས་གསུམ་རྣལ་འབྱོར་དབང་ཕྱུག་བགྲོད་པའི་ཚུལ། །བདུད་རྩི་ཐིགས་པའི་མཛོད་ལ་ཕྱག་འཚལ་ལོ། །ཞི་བའི་ཆོས་ནི་མཆོག་ལས་བྱུང༌། །ཡེ་ཤེས་སྤྱོད་པའི་རྣམ་སྦྱོང་མཛོད། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །བྱང་ནས་ཕྱི་ནང་གི་མཆོད་པ་དང༌། ཨེ་མའོ། དུས་གསུམ་བདེ་གཤེགས་ཀུན་གྱི་ཐུགས་ཀྱི་ཐུགས། །མི་ནུབ་ཆོས་ཀྱི་རྒྱལ་མཚན་འཛིན་བྱེད་པ། །སྨྲ་བའི་སེང་གེ་ཆེན་པོར་དབང་བསྐུར་བ། །རྡོ་རྗེ་ལས་མཆོག་ཁྱེད་ལ་ཕྱག་འཚལ་ལོ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་པའི་དོན་དྲན་བཞིན་གསོལ་བ་གདབ་བོ། །གཉིས་པ་ནི། དེ་ནས་ཧཱུྃ་བཛྲོད་ཏིཥྛ་ཞེས་བསྒོམ་པའི་དཀྱིལ་འཁོར་ནམ་མཁར་བཏེགས་ནས་ཤར་དུ་ཕྱོགས་ཏེ་སེམས་ཅན་མ་རིག་པའི་མུན་པར་སོང་ཞིང་བདུད་ཀྱིས་བརླམས་པ་རྣམས་ལ་བལྟས་ནས་དེ་རྣམས་ཀྱི་བདུད་གཞོམ་པའི་ཕྱིར། རང་ཉིད་དཔལ་ཆེན་པོ་ཀརྨ་ཧེ་རུ་ཀར་གསལ་བའི་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ་མིག་འབྲས་ཧཱུྃ་ལས་བསྐལ་པའི་མེ་འབར་བས་འཇིག་རྟེན་འདི་ལ་ཀུན་ཏུ་བསྡིགས་པར་བྱ་ཞིང༌། རྡོ་རྗེ་ཁྲོ་བོའི་ལྟ་སྟངས་ཀྱི་ཕྱོགས་ཀུན་ཏུ་བལྟ་ཞིང༌། ཨོཾ་སཱུརྻ་ཙནྡྲ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་དྲྀཥ་ཊ་མ་ཨ། ཞེས་བརྗོད་པ་དང་བཅས་བསྐོར་བ་གཅིག་མཛད་ཏེ། ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་ཟད་པའི། །སྐུ་ཡི་དབྱིག་ཏུ་བདག་གྱུར་ཏོ། །ཞེས་ང་རྒྱལ་བཟུང་ནས་རྐང་མཐིལ་ཧཱུྃ་ལས་འབར་བའི་རྡོ་རྗེར་བྱས་ཏེ་སྒེག་པ་དང་བཅས་པས་རྡོ་རྗེ་གསོར། དྲིལ་བུ་འཁྲོལ་ཞིང་ཀཱི་ལ་ཡ་དྲག་པོར་བརྗོད་ཅིང་རྡོ་རྗེའི་གོམ་པས་དཀྱིལ་འཁོར་ལ་ལན་གསུམ་གཡས་སུ་བསྐོར་ནས་དབང་ལྡན་དུ་སོང་སྟེ། ཧཱུྃ། ས་ཕྱོགས་འདི་ན་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང༌། །འབྱུང་པོ་སྲིན་པོ་ཤ་ཟའི་ཚོགས། །གང་དག་གནས་ལ་མྱུར་དུ་སོང༌། །རྡོ་རྗེ་གཞོན་ནུའི་བཀའ་བྱུང་ནས། །གང་དག་མི་འགྲོ་དེ་རྣམས་ལ། །ཡེ་ཤེས་རྡོ་རྗེ་རྩེ་དགུ་ཡིས། །མགོ་ནས་བརྒྱབས་ནས་རྟིང་པར་འགེམས། །ཞེས་ལན་གསུམ་དང༌། ཀཱི་ལ་ཡ་བརྗོད་ཅིང་དྲག་པོའི་མཚམས་རྔམས་ཁྲོ་བོ་དུ་མ་སྤྲོས་པས་བགེགས་བཅོམ་སྟེ། དཀྱིལ་འཁོར་གྱི་གཞི་ཧཱུྃ་ལས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་བོ། །གསུམ་པ་ནི། ཁྲོ་བོའི་ཉམས་དང་ལྡན་པས་ཧཱུྃ་གི་སྒྲ་དྲག་པོར་བརྗོད་ཅིང༌། དབང་ལྡན་ནས་སློབ་དཔོན་དབུས་དང༌། སློབ་མ་ཕྱོགས་བཞིར་འཁོད་དེ། ཤར་དུ་གཡས་བརྐྱང༌། ལྷོར་གཡོན་བརྐྱང༌། ནུབ་ཏུ་ས་ག །བྱང་དུ་ཟླུམ་པོ། དབུས་སུ་མཉམ་པ་ལ་སོགས་པ་དང༌། གཞན་ཡང་ཁྲོ་བཅུ་ལ་སོགས་པའི་སྟངས་སྟབས་ཇི་ལྟར་རིགས་པས་བཅག་གོ །གཉིས་པ་ནི། སློབ་དཔོན་སྟེགས་བུའི་ཤར་ནས་ནུབ་ཏུ་ཕྱོགས་པ་ལ་དབང་མཆོག་ཕུར་བུ་ཕུལ། དབུས་སུ་ཕུར་གདན་བཀོད། བདག་ཉིད་སྐད་ཅིག་གིས་པདྨ་ཀཱི་ལ་ཡ་སྟོད་ཞལ་གསུམ་ཕྱག་དྲུག་ཕུར་བུ་འདྲིལ་བ། སྨད་ལྕགས་ཕུར་མེའི་ཚྭ་ཚྭ་འཕྲོ་བར་གྱུར། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་ཧཱུྃ་ཕཊ༔ ལན་བདུན་བཟླས་པས་ཁོར་ཡུག་གི་ས་གཞིར་འོད་དམར་པོས་ཁྱབ་པར་བསམ་ལ་དབང་དུ་བྱ༔ སྟེགས་བུའི་དབུས་སུ་གདབ་བོ། །ལྔ་པ་སྲུང་བ་ལ་ཕུར་བུ་གདབ་པ་དང༌། སྲུང་འཁོར་བསྒོམ་པ་གཉིས་ལས། དང་པོ་ནི། སེང་ལྡེང་ལ་སོགས་པའི་ཕུར་བུ་སོར་བཅུ་གཉིས་པ་ཙནྡན་དམར་པོས་བྱུགས་པ་བཅུའི་མགུལ་དུ་ཁྲོ་བཅུའི་སྙིང་པོ་གསེར་ལས་བྲིས་པའི་སྔགས་བྱང་དང་ཁ་དོག་སྣ་ལྔའི་སྲད་བུས་དཀྲིས་ཤིང་རྩེ་མོར་མེ་ཏོག་དང༌། ཡུངས་ཀར་གྱི་ཐུམ་བུ་བཅིངས་པ་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ཡོངས་སུ་གྱུར་པ་ལས་སྟོད་ཁྲོ་བོ་བཅུ་སྨད་ཕུར་བུ་རྩེ་མོ་རབ་ཏུ་འབར་བའི་མེ་ལྟ་བུར་བསམ་ནས་ཕུར་བུ་བསྒྲིལ་ཞིང་ཀཱི་ལ་ཡ་བརྗོད་པས་བྱིན་གྱིས་བརླབས་ལ། སློབ་དཔོན་ཕྱག་གཡས་ཐོ་བ་དང་གཡོན་པ་ཕུར་པ་ཐོགས་ལ་སྟངས་སྟབས་དང་བཅས་ཏེ་སྟེང་གི་ཕུར་བུ་ཤར་གྱི་ཤར་དུ་གདབ། ཨོཾ་བཛྲ་ཀྲོ་དྷཧཱུྃ་ཀཱ་ར་ཧཱུྃ། གརྫ་གརྫ་ཧཱུྃ་ཕཊ། ཨོཾ་གྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྚཾ་ཧཱུྃ་ཕཊ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པྃ་ཕཊ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཤར། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཧ་ན་ཧ་ན་ཧཱུྃ་ཕཊ། སྡེར་མོའི་སྔགས་ཀྱི་མཚོན་ཆ་གདགས་པ་འོག་མ་རྣམས་ལ་འགྲེ། ལྷོ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། ནུབ། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། བྱང༌། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜལི་ཧཱུྃ། ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ། བྱང་ཤར། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། ནུབ་བྱང༌། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ལྷོ་ནུབ། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ། བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཤར་ལྷོ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ཧཱུྃ་ཕཊ། འོག་ནུབ་ཀྱི་ནུབ་ཏུ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཅེས་བརྗོད་པས། དབང་པོ་ལ་སོགས་པའི་བགེགས་རྣམས་ཀྱི་སྤྱི་བོ་ནས་བསྡིགས་པས་གསང་བའི་བར་ཕུག་སྟེ་གསེར་གྱི་ས་གཞི་ལ་སྦྲགས་ནས་གཡོ་འགུལ་མེད་ཅིང་བདེ་བ་ཆེན་པོར་རོ་གཅིག་ཏུ་གྱུར་པར་བསམ། ཕུར་བུ་རྣམས་དཀྱིལ་འཁོར་ཁང་པའི་ཕྱོགས་མཚམས་བརྒྱད་དང༌། སྟེང་འོག་གི་ཕུར་བུ་ཤར་ནུབ་ཏུ་གདབ་ཅིང༌། དེ་རྣམས་ཀྱིས་བགེགས་ཐམས་ཅད་བསྲུང་བའི་ལས་མཛད་པར་བསམ་ལ་ཐུན་མཚམས་སུ་མཆོད་པར་བྱའོ། །གཉིས་པ་ནི། ཧཱུྃ༔ མི་ཤིགས་མཚོན་ཆའི་གུར་དང་ས་གཞི་ལ༔ དམར་ནག་དམར་སྨུག་མེ་ཡི་འདུ་འཕྲོ་འཁྱིལ༔ ཡེ་ཤེས་ཁྲོ་བོ་བཅུ་ཡང་དབྱིངས་ནས་བཞེངས༔ ཁྲག་འཐུང་རོལ་པའི་ལྷ་ཚོགས་ནང་ན་བཞུགས༔ བཛྲ་རཀྵ་རཀྵ་བྷཱུྃ༔ ཐུགས་ཀ་ནས་སྤྲུལ་པའི་ཁྲོ་ཚོགས་ཕུར་བུ་འབར་བའི་སྤྲིན་འཕྲོ་བ་རྣམས་ཀྱིས་བདུད་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཚར་བཅད། སླར་འདུས་ཏེ་རྡོ་རྗེ་སྲུང་བའི་འཁོར་ལོས་ཕྱོགས་ཐམས་ཅད་དུ་གཏམས་ནས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་སྲུང་བའི་མཚམས་བཅད་པར་མོས་པ་སྟེ་དེ་དག་ས་ཆོག་ཉིན་དང་པོའི་བྱ་བའོ། །གསུམ་པ་ལྷག་པར་གནས་པའི་རིམ་པ་ལ། ལྷ་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་དང་གསུམ་ལས། དང་པོ་ནི། སྟེགས་བུ་སོགས་དཀྱིལ་འཁོར་གྱི་གཞི་དེར་ལྷ་གནས་མི་འཆོལ་བར་ངེས་པའི་ཕྱིར་མཚན་མ་བྱས་ལ། གཙོ་བོའི་གནས་སུ་དྲི་ཞིམ་པོ་བདུད་རྩི་ལྔ་དང་སྦྱར་བའི་ཐིག་ལེ་གྲུ་བཞི། འཁོར་གྱི་གནས་ནི། མདུན་གཡས་གཡོན། དེ་རྒྱབ་ཕྱོགས་མཚམས་སྟེང་འོག་བཅུ། ཡང་གྲྭ་བཞི་དང༌། ཕྱོགས་བཞི་བཅས་ལ་ཟླུམ་པོ་བྱས་པའི་སྟེང་དུ། ལྷ་སོ་སོའི་སྔགས་དང་ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་རེ་རེ་བཀོད་མཐར་འབྲུ་བཀྲམ་དེའི་མཐར་ཉེར་སྤྱོད་མཆོད་པས་བསྐོར་ལ། ཧཱུྃ་ཧྲཱིཿ སྣང་སྲིད་བདེ་ཆེན་རོལ་པ་ཡི༔ ཡེ་ཤེས་སྣང་བ་ཁྱབ་བརྡལ་སྤྲིན༔ ཀུན་བཟང་མཆོད་པ་བསམ་ཡས་གཏེར༔ རང་བྱུང་རང་ཤར་ལྷུན་གྱིས་གྲུབ༔ སརྦ་ས་མ་ཡ་པཱུ་ཛ་ཧོཿ ཨོཾ་བཛྲ་ཨརྒྷྃ་ནས། ཤབྡ་མ་ཧཱ་པཱུ་ཛ་སྥ་ར་ཎ་ཁཾ༔ ཞེས་ཕྱི་མཆོད་དང༌། ཨོཾ་མ་ཧཱ་ཤྨ་ཤ་ན་རུ་དྲ་བྷོ་གཿརཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཉྩཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་པཱུ་ཛཿཨཿཧཱུྃ༔ ཞེས་ནང་མཆོད་དྲག་པོའི་ཉེར་སྤྱོད་དང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜལི་ཧཱུྃ་ཧྲཱིཿཋཿ ལན་གསུམ་གྱིས་སྨན། ཨོཾ་ཨཱཿཧཱུྃ་མ་ཧཱ་ཀ་པཱ་ལ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱི་ཋཿ ལན་གསུམ་གྱིས་རཀྟ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་སརྦ་ཀཱ་མ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི་ཋཿ ལན་གསུམ་གྱིས་གཏོར་མ་རྣམས་བྱིན་གྱིས་བརླབས། བཛྲ་སྥ་ར་ཎ་ཁྃ། གིས་མཁའ་ཁྱབ་ཏུ་སྤེལ། སྭ་བྷཱ་ཝས་སྦྱངས། མདུན་རྟེན་ཡོངས་སུ་གྱུར་པ་ལས༔ མེ་ཀློང་བྷྲཱུྃ་ཡིག་ལྔ་ལྡན་ཆད༔ ཡོངས་གྱུར་པད་ཉི་རྒྱ་གྲམ་སྟེང༔ ཡེ་ཤེས་རང་སྣང་གཞལ་ཡས་ཁང༔ རང་བྱུང་དུར་ཁྲོད་བཀོད་པ་ཅན༔ ཕྱི་ནི་རྩིག་པ་ཁ་དོག་ལྔ༔ ནང་དུ་སྐམ་རློན་རྙིང་པའི་མགོ༔ གནམ་ལྕགས་གཟེར་བཏབ་རཀྟས་སྦྱར༔ རིན་ཆེན་ཕ་གུ་དྲྭ་བ་ཕྱེད༔ ཆུ་སྲིན་རྔམ་པའི་ཁ་ལས་དཔྱང༔ ཤར་བུ་མདའ་ཡབ་པུ་ཤུ་དང༔ གཟའ་དང་ལྷ་ཀླུ་ཀ་གདུང་ཕྱམ༔ རྒྱུ་སྐར་དྲལ་གཟེབ་ཞིང་གི་ཐོག༔ ལྷ་ཆེན་ཐོད་པ་དབུས་ཕྱུར་བུ༔ མ་ཧཱ་རུ་དྲའི་ཙིཏྟ་ཏོག༔ ཡེ་ཤེས་ཟེར་འཕྲོ་འོད་ཕྱུང་འཁྱིལ༔ རོ་སྐྲའི་རྔ་ཡབ་ཞིང་གི་འཕན༔ གཅན་གཟན་ལྤགས་པའི་རྒྱལ་མཚན་གདུགས༔ ཕྱི་ནང་སྒོ་བཞི་རྟ་བབ་བརྒྱད༔ ཆོས་འཁོར་རི་དྭགས་གདུགས་ཏོག་མཛེས༔ དལ་དབུས་གནམ་ལྕགས་འཁོར་ལོ་དང༔ ལྟེ་བ་ཟླུམ་པོ་ཨེ་ཡི་ཀློང༌། ཟླ་གམ་གསུམ་ལ་ཁྲག་མཚོ་འཁྱིལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཀྲོ་དྷ་མཎྜ་ལ་ཧཱུྃ༔ གཞལ་ཡས་དབུས་སུ་རྡོ་རྗེ་ཡི༔ བྲག་ཆེན་པད་ཉི་ལྷ་ཆེན་པོ༔ ཁྱོ་ཤུག་ཟླ་གམ་གསུམ་གྱི་སྟེང༔ པད་ཉི་དགྲ་བགེགས་དྲག་པོ་ཡི༔ འཁོར་ལོ་རྩིབས་བཅུ་རེ་རེ་བཞིན༔ ཕྱོགས་སྐྱོང་ཕོ་མོ་པད་ཉི་དང༔ སྒོར་བཞིར་ཞིང་རྐྱང་གདན་བཅས་གསལ༔ མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། པཾ་པདྨ་མཎྜ་ལ༔ ཧཱུྃ༔ དབུས་ཀྱི་ཆོས་འབྱུང་ལྟེ་བ་རུ༔ རྒྱུ་ཡི་ཧཱུྃ་ཡིག་ཡོངས་གྱུར་ལས༔ སྤྲོས་བསྡུས་འོད་ཀྱིས་དོན་གཉིས་བྱས༔ འོད་ཀྱི་ཕུང་པོ་རྡོ་རྗེར་གུར༔ བཛྲ་ཧཱུྃ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ གདོད་ནས་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་འཆང་ཆེན་ཧེ་རུ་ཀ༔ སྤྱི་དཔལ་ཀརྨ་ཀཱི་ལ་ཡ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ རྩ་ཞལ་སྲིན་པོ་ཁྲོས་པའི་ཞལ༔ གཡས་པ་དཀར་བ་ཀུ་མུད་ཏ༔ གཡོན་པ་དམར་ནག་ཨམ་གཙིགས་བསྡམས༔ དེ་སྟེང་ཞལ་གསུམ་ལྗང་སེར་ནག༔ སྟེང་གི་ཞལ་གསུམ་སྨུག་མཐིང་དམར༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ སྤྱི་གཙུག་རྡོ་རྗེ་ཕྱེད་པའི་ཏོག༔ ར་གདེང་ཟར་བུ་སྦྲུལ་གྱིས་བཅིངས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཞལ་བགྲད་མཆེ་གཙིགས་ལྗགས་བརྐྱང་བསྒྲིལ༔ ཧཱུྃ་ཕཊ་ཕེཾ་གྱི་སྒྲ་དྲག་སྒྲོག༔ ཁྲོ་གཉེར་ཆུ་རླབས་ལྟ་བུར་འཁྲུག༔ སྨ་ར་སྨིན་མ་མེ་ལྟར་འབར༔ རྡོ་རྗེའི་སྐུ་མཆོག་སྤྲིན་བཞིན་ནག༔ གཡས་དགུ་དང་པོས་རྡོ་རྗེ་གདེང༔ འཁོར་ལོ་དགྲ་སྟྭ་རལ་གྲི་མདུང༔ ཐོ་བ་ལྕགས་ཀྱུ་གསལ་ཤིང་བསྣམས༔ གཡོན་དགུས་མེ་དཔུང་ཁ་ཊྭཱྃ་ཀ༔ རི་རབ་ཞགས་པ་བྷནྡྷ་དམར༔ སྡིག་མཛུབ་མདའ་དང་བདུད་བཞིའི་མགོ༔ མཐའ་མའི་ཕྱག་གཉིས་ཕུར་བུ་འདྲིལ༔ དྲག་པོའི་སྟངས་སྟབས་ཕྱོགས་བཅུར་གཡོ༔ འབར་བའི་ཞབས་བཞི་བརྐྱང་བསྐུམ་གྱིས༔ བར་ཆད་བདུད་བཞི་བརྫིས་ཤིང་མནན༔ གླང་ཆེན་ཞིང་ལྤགས་སྟོད་གཡོགས་ཤིང༔ སྟག་གི་ཤམ་ཐབས་གྲོལ་ཞིང་འཆིང༔ སྐུ་ལ་རུས་པའི་རྒྱན་ཆ་དྲུག༔ མགོ་ཕྲེང་དཔལ་གྱི་ཆས་གོས་རྫོགས༔ རྡོ་རྗེ་རིན་ཆེན་གཤོག་པ་གདེང༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང༔ ཁམས་གསུམ་ཟིལ་གནོན་ཆེན་པོར་གསལ༔ པང་དུ་བདེ་ཆེན་སྐྱེད་པའི་ཡུམ༔ འཁོར་ལོ་རྒྱས་འདེབས་ཁྲོ་གཏུམ་སྒེག༔ གཅེར་བུ་གཟིག་གི་ཤམ་ཐབས་གསོལ༔ ཐོད་སྐམ་རུས་པའི་རྒྱན་གྱིས་སྤྲས༔ ཕྱག་གཉིས་གཡས་པས་ཡབ་མགུལ་འཁྱུད༔ ཨུཏྤལ་མཐེབ་སྲིན་སྦྱར་བས་འཛིན༔ གཡོན་པས་དམར་གྱི་བྷནྡྷ་སྟོབ༔ ནུ་འབུར་བྷཱག་རྒྱས་པས་སྦྱོར༔ སྐེད་སྐབས་ཕྲ་ལྡེམ་གཡས་པའི་ཞབས༔ ཡབ་ཀྱི་སྐུ་ལ་འཁྱུད་ཅིང་ལྡེམ༔ གཡོན་པ་བརྐྱངས་ཏེ་དགྲ་བགེགས་བརྫིས༔ འབར་བའི་བརྟུལ་ཞུགས་ཡོངས་སུ་རྫོགས༔ གཙོ་བོའི་གཡོན་དུ་སྒྲོལ་བྱེད་ཀྱི༔ ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ༔ ཁྲོ་གཏུམ་སྒེག་པའི་གཟི་བྱིན་གྱིས༔ ཡབ་ལ་ལྟ་ཞིང་ཆགས་པའི་ཚུལ༔ གཡས་པས་གྲི་གུག་ནམ་མཁར་ཕྱར༔ གཡོན་པས་ཙིཏྟ་ཁྲག་འཛག་ཟ༔ གཅེར་བུ་རུས་པའི་རྒྱན་འཆང་བའི༔ གཡེར་ཁའི་སྒྲ་ལས་ཆོས་སྒྲ་སྒྲོག༔ ཕྱོགས་བཅུར་འཁོར་ལོའི་རྩིབས་རྣམས་སུ༔ པད་ཉི་ཕྱོགས་སྐྱོང་ཕོ་མོའི་སྟེང༔ ཧཱུྃ་རྣམས་ཡོངས་གྱུར་ཁྲོ་བཅུར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ སྟེང་ཕྱོགས་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་མཛད་སྒྲ་འབྱིན་ཡབ་ཡུམ་ལ༔ ཕྲ་མེན་ཕག་དང་རྨིགས་བུའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ༔ རྣམ་རྒྱལ་སྙེམས་མ་ཡབ་ཡུམ་ལ༔ ཕྲ་མེན་སྟག་དང་བྱ་རྒོད་མགོ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཤར་ལྷོ་མེ་ལྷའི་གདན་སྟེང་དུ༔ དབྱུག་སྔོན་སྡེར་མོ་ཡབ་ཡུམ་ལ༔ ཕྲ་མེན་གཡག་དང་བྱ་རོག་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་དུ༔ གཤིན་རྗེ་དུར་ཁྲོད་ཡབ་ཡུམ་ལ༔ ཕྲ་མེན་ཤ་བ་འུག་པའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ལྷོ་ནུབ་སྲིན་པོའི་གདན་སྟེང་དུ༔ མི་གཡོ་གཏུན་ཁུང་ཡབ་ཡུམ་ལ༔ ཕྲ་མེན་གཟིག་དང་ཁྭ་ཏའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནུབ་ཕྱོགས་ཆུ་ལྷའི་གདན་སྟེང་དུ༔ རྟ་མགྲིན་གཏུམ་མོ་ཡབ་ཡུམ་ལ༔ ཕྲ་མེན་བྱི་ལ་པུ་ཤུད་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ནུབ་བྱང་རླུང་ལྷའི་གདན་སྟེང་དུ༔ འདོད་རྒྱལ་མདའ་སྙེམས་ཡབ་ཡུམ་ལ༔ ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜལི་ཧཱུྃ༔ ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ༔ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ༔ བདུད་རྩི་རླུང་འབྱིན་ཡབ་ཡུམ་ལ༔ ཕྲ་མེན་སེང་གེ་ཕ་ཝཾ་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ བྱང་ཤར་དབང་ལྡན་གདན་སྟེང་དུ༔ ཁམས་གསུམ་གསོད་བྱེད་ཡབ་ཡུམ་ལ༔ ཕྲ་མེན་དོམ་དང་སྲེ་མོང་མགོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ འོག་ཕྱོགས་ས་བདག་གདན་སྟེང་དུ༔ སྟོབས་ཆེན་སྐྱོད་བྱེད་ཡབ་ཡུམ་ལ༔ ཕྲ་མེན་དྲེད་དང་བྱི་བའི་མགོ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་མཎྜ་ལ་ཧཱུྃ༔ ཟླ་གམ་འཁྱིལ་བ་གསུམ་གྱི་སྟེང༔ མདུན་དུ་ཐུགས་ཀྱི་སྲས་མཆོག་མཐིང༔ གཡས་སུ་སྐུ་ཡི་སྲས་ལྗང་ནག༔ གཡོན་དུ་གསུང་གི་སྲས་དམར་ནག༔ མཚན་མ་རྫས་ཀྱི་འཁོར་ལོར་རྫོགས༔ དཔལ་ཆེན་གསང་བ་གསུམ་དུ་གྱུར༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀྲོ་དྷ་ཀཱི་ལ་ཡ་ཧཱུྃ་ཕཊ༔ གཞལ་ཡས་ཁང་གི་གྲུ་བཞི་རུ༔ ཤར་ལྷོར་བུདྡྷ་ཀཱི་ལ་ཡ༔ ལྷོ་ནུབ་རིན་ཆེན་ཀཱི་ལ་ཡ༔ ནུབ་བྱང་པདྨ་ཀཱི་ལ་ཡ༔ བྱང་ཤར་ཀརྨ་ཀཱི་ལ་ཡ༔ བདུད་བཞི་འདུལ་བའི་ཕྲིན་ལས་རྫོགས༔ ཛཿཧཱུྃ་བྃ་ཧོཿ ཤར་དུ་སྒོ་མ་ལྕགས་ཀྱུ་མ༔ ལྷོ་རུ་སྒོ་མ་ཞགས་པ་མ༔ ནུབ་ཏུ་སྒོ་མ་ལྕགས་སྒྲོག་མ༔ བྱང་དུ་སྒོ་མ་དྲིལ་བུ་མ༔ ཁྲག་ཁྱམས་དཔལ་གྱི་བཀའ་སྡོད་ཚོགས༔ ཀུན་ཀྱང་རང་རང་རྒྱན་ཆས་ཚོགས༔ རྫོགས་པ་བཀའ་སྡོད་ཚུལ་དུ་གནས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ བདེ་གཤེགས་དབང་བསྐུར་ཡེ་ཤེས་ལྔ༔ ཁྲག་འཐུང་རིགས་ལྔའི་ཕྱག་རྒྱར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ ཞེས་གསལ་བཏབ་སྟེ་ལས་རིམ་མདོར་བསྡུས་བྱ་བ་ནི། ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་དབུས་བྲལ་བ་ནས༔ དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ འཇིགས་མཛད་རྡོ་རྗེ་གཞོན་ནུ་ཆེ༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་སརྦ་ས་མ་ཡ་ཧཱུྃ་ཛཿཛཿ རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་ཚིག་གི་དཀྱིལ་འཁོར་ལ་དབྱེར་མེད་དུ་བཞུགས་པར་གྱུར། ཧཱུྃ་ཧྲཱིཿ བདེ་ཆེན་དབྱིངས་ཀྱི་གཞལ་ཡས་དབུས༔ རང་སྣང་རིག་པའི་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བཞུགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛནྟུ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ ཡུལ་དང་དབང་པོ་གཉིས་མེད་པ༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་བཞེས༔ ཨོཾ་བཛྲ་ཨརྒྷྃ་ནས་ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ས་མ་ཡ་ཧོཿམ་ཧཱ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧིཿ མ་ཧཱ་མྃ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧིཿ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཧ་ཧ་ཧ༔ ཧཱུྃ༔ སྒེག་པ་དཔའ་བ་མི་སྡུག་རྡོ་རྗེའི་སྐུ༔ དགོད་གཤེ་དྲག་ཤུལ་སྔགས་ཀྱི་སྒྲ་གདངས་ཅན༔ སྙིང་རྗེ་རྔམས་ཞི་ཡེ་ཤེས་སྲོག་ལྡན་པའི༔ ཕྲིན་ལས་འདུས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ སློབ་དཔོན་སྤོས་དང་རྡོར་དྲིལ་ཐོགས་པུས་མོ་བཙུགས་ནས་དཀྱིལ་འཁོར་གྱི་ལྷ་ལ་བཏུད་སྟེ་གནང་བ་ཞུ་བ་ནི། ཧཱུྃ༔ རྡོ་རྗེ་རྒྱལ་པོ་ཡེ་ཤེས་ཆེ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་ལྷ༔ འབར་བའི་དཔལ་ཆེན་རྔམས་པའི་གཟུགས༔ དཀྱིལ་འཁོར་ལྷ་རྣམས་དགོངས་སུ་གསོལ༔ སང་ནི་དམ་ཚིག་ལྷག་པའི་རྟེན༔ རྡོ་རྗེའི་ཕོ་བྲང་འདེབས་འཚལ་གྱིས༔ དགྱེས་པའི་དམ་ཚིག་མ་བསྙེལ་བར༔ ཅི་བདེར་གནང་བ་བསྩལ་དུ་གསོལ༔ ལན་གསུམ་གྱིས་གསོལ་བ་བཏབ་པས། རྡོ་རྗེ་སློབ་དཔོན་སྙིང་རྗེ་ཆེ༔ ཁྱོད་ཀྱིས་རང་གཞན་ཕན་གདགས་ཕྱིར༔ སྒྲུབ་པའི་ཆོ་ག་ཚུལ་བཞིན་གྱིས༔ བདེ་གཤེགས་རྒྱལ་བས་བྱིན་རློབ་འགྱུར༔ གནང་བ་བསྩལ་ནས་འོད་དུ་ཞུ༔ བདག་དང་གནས་ལ་ཐིམ་པ་ཡིས༔ ཐ་མལ་སྣང་ཞེན་རབ་སྦྱངས་ཏེ༔ ཡེ་ཤེས་ཆེན་པོར་བྱིན་བརླབས་བསམ༔ ཞེས་གནང་བ་བྱིན་པར་བསམས་ནས། ཧཱུྃ་བཛྲོད་ཏིཥྛས་དཀྱིལ་འཁོར་བཏེགས་ལ་ནམ་མཁར་དགོད་པར་བྱ་ཞིང་ཚོམ་བུ་དང་མཆོད་པ་རྣམས་བསྡུའོ། །གཉིས་པ་ནི། འབྱོར་ན་རིན་པོ་ཆེའི་བུམ་པ་ལྷ་གྲངས་ལྟར་བཅུ་དང་བསྡུ་ན་གཉིས་ཀྱིས་ཀྱང་རུང༌། གུ་གུལ་གྱིས་བདུག་ཅིང་བི་ཤྭའི་སྔགས་དང་ཡུངས་ཐུན་གྱིས་བྲབ། བུམ་རྫས་སོ་ལྔའི་རྫས་དང་ལྡན་པའི་དྲི་བཟང་གི་ཆུས་སུམ་གཉིས་བཀང་ཁ་རྒྱན་དང་མགུལ་ཆིངས་དུང་ཞལ་མེ་ཏོག་གི་ཕྲེང་བ་བཅིངས་པའི་རྡོ་རྗེ་སོགས་ཀྱིས་བརྒྱན། བུམ་པ་ལྷ་གྲངས་ཡོད་ན་དལ་གྱིས་དབུས་དང་ཕྱོགས་མཚམས་སུ་བཀོད། གཉིས་ཀྱི་ཚེ་དཀྱིལ་འཁོར་དབུས་སུ་མཉྫི་ལ་རྣམ་བུམ། བྱང་ཤར་དུ་ལས་བུམ་བཀོད་མཆོད་པས་བསྐོར་བར་བསང་སྦྱང་བྱིན་བརླབས་རྗེས། བུམ་པར་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་བུམ་པའི་ནང་དུ་འཁོར་ལོ་རྩིབས་བཅུ་པའི་ལྟེ་བར། ཨེ་གྲུ་གསུམ་མཐིང་ནག་རབ་ཏུ་འབར་བའི་ཀློང་དུ་པདྨ་ཉི་མ་རུ་དྲ་དྲེགས་པ་ཅན་གྱི་གདན་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུ། སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས། སྒྲོལ་ཡུམ་ཨེ་ཀ་ཙ་ཊི། རྩིབས་བཅུར་ཁྲོ་བཅུ་ཡབ་ཡུམ་ཕྲ་ཐབས་དང་བཅས་པ། ལྟེ་བར་ཟླ་གམ་གསུམ་སྐུ་གསུང་ཐུགས་ཀྱི་སྲས་མཆོག་དང༌། ཕྱོགས་བཞིར་སྒོ་མ་བཞི། མཚམས་བཞིར་ཀཱི་ལ་ཡ་རིགས་བཞི་རྣམས་སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་སོ་སོར་མ་འདྲེས་པ་མེ་ལོང་གི་གཟུགས་བརྙན་ལྟར་རྣམ་པར་བཀྲ་བ། ལས་ཐམས་ཅད་པའི་བུམ་པའི་ནང་དུ་པདྨ་དང་ཉི་མ་ལ་གནས་པའི་བདུད་རྩི་འཁྱིལ་བ་ལྗང་གུ་གཡས་རྒྱ་གྲམ་དང༌། གཡོན་ཞགས་པ་འཛིན་པ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་གྱུར། ཞེས་གསལ་ཏེ་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་ནི། ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་དབུས་བྲལ་བ་ནས༔ དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ འཇིགས་མཛད་རྡོ་རྗེ་གཞོན་ནུ་ཆེ༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་སརྦ་ས་མ་ཡ་ཧཱུྃ་ཛཿཛཿ ཧཱུྃ་ཧྲཱིཿ བདེ་ཆེན་དབྱིངས་ཀྱི་གཞལ་ཡས་དབུས༔ རང་སྣང་རིག་པའི་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བཞུགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛནྟུ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ ཡུལ་དང་དབང་པོ་གཉིས་མེད་པ༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་བཞེས༔ ཨོཾ་བཛྲ་ཨརྒྷྃ་ནས་ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ས་མ་ཡ་ཧོཿམ་ཧཱ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧིཿ མ་ཧཱ་མྃ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧིཿ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཧ་ཧ་ཧ༔ ཧཱུྃ༔ སྒེག་པ་དཔའ་བ་མི་སྡུག་རྡོ་རྗེའི་སྐུ༔ དགོད་གཤེ་དྲག་ཤུལ་སྔགས་ཀྱི་སྒྲ་གདངས་ཅན༔ སྙིང་རྗེ་རྔམས་ཞི་ཡེ་ཤེས་སྲོག་ལྡན་པའི༔ ཕྲིན་ལས་འདུས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་གཟུངས་ཐག་བླངས་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུ་དབྱེར་མེད་རོ་གཅིག་གྱུར། ཞེས་དམིགས་ལ། གཙོ་བོ། ཁྲོ་བཅུ། སྲས་མཆོག་ཉེར་གཅིག །ཀཱི་ལ་རིགས་བཞི། སྒོ་མ་བཅས་གཙོ་འཁོར་གྱི་འགྲོས་སྦྱར་བས་ཅི་ནུས་དང༌། ལས་བུམ་ལ་དམིགས་པས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ྄༔ བརྒྱ་རྩ་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་བུམ་ལྷ་འོད་དུ་ཞུ་ནས་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། །ཞར་བྱུང་གསུང་རྟེན་ཐོད་པ་མཚན་ལྡན་དུ་བདུད་རྩི་རིལ་བུ་དང་བཅས་པའི་མྱོས་བྱེད་ཀྱིས་གང་བའི་ཁ་མེ་ལོང་ལ་སོ་སོའི་སྙིང་པོ་བྲིས་པས་བཀབ་པ་དགུར། ཐོད་པ་གཞལ་ཡས་ཁང་དུ་ལྷ་རྣམས་རང་རང་གི་ཤེས་རབ་མ་དང་སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། རྩ་སྔགས་ལ། བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བེ་ཤ་ཡ་ཨ་ཨཿ བཏགས་པ་ཉེར་གཅིག །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ཞེས་དགུ་པའི་སྔགས་ཚར་བཅུ་བཅས་ཀྱི་བྱིན་གྱིས་བརླབ། ཐུགས་རྟེན་ལྕགས་སམ་ཙནྡན་སེང་ལྡེང༌། དུག་ཤིང་ཚེར་མ་ཅན་རྣམས་གང་རུང་ལ་བྱས་པའི་གཙོ་ཕུར་སོར་བཅུ་དྲུག །ཁྲོ་བཅུ་སོར་བཅུ་གཉིས། ཟ་གསོད་མཐོ་རེ། སྲས་མཆོག་མར་བཅད་སོར་བརྒྱད་པ་ཁྲོ་བོ་སོགས་རང་གི་ཞལ་ཅན། རྒྱ་མདུད་ཉིས་རིམ་ཆངས་བཟུང་ཟུར་བརྒྱད། དབལ་ཟུར་གསུམ་ཆུ་སྲིན་གྱི་ཁ་ནས་འཐོན་པའི་གཙོ་ཕུར་རྣམས་འགྱིང་ཞིང་བརྗིད་ཆགས་པ། ལས་ཕུར་རྣམས་གསོར་བདེ་བ། མཚན་ཉིད་དང་ལྡན་པ། གཙོ་ཕུར། སྦྱོར་སྒྲོལ་ཡུམ་གཉིས། ཁྲོ་བོ་བཅུ། ཁྲོ་མོ་བཅུ། ཕྲ་མེན་ཉི་ཤུ། སྲས་མཆོག་ཉེར་གཅིག །རིགས་བཞིའི་ཀཱི་ལ་ཡ། ཕུར་སྲུང་དམ་ཅན་ཉེར་བཞི། དབང་ཕྱུག་ཉེར་བརྒྱད་བཅས་ལྷ་གྲངས་མཉམ་པ། དེ་དག་དར་སྣ་ལྔའི་ཅོད་པན་གྱེན་དུ་འཕུར་ཞིང་མགུལ་དུ་རིང་བསྲེལ་དང་བསྙེན་ཐེམས་ཀྱི་ཡུངས་ཀར་ཐུམ་བུ་བཏགས་པ། དབུ་རྒྱན་ལ་འབྲུ་ལྔ་གནས་གསུམ་འབྲུ་གསུམ། ཐུགས་ཀའི་ཚོད་རང་རང་གི་སྙིང་པོ་ཤོག་དྲིལ་ནང་དུ་གཞུག་པའམ་ཕྱི་རུ་གསེར་གྱི་བྲིས་པ་རྣམས། རུ་སྦལ་གྱི་ཁོག་པའམ་ཐོད་པ་སོགས་སུ་དར་ནག་གིས་བཀབ། བདུག་པའི་རྫས་གུ་གུལ་མེ་སྣོད་བཅས་དང༌། བྱུག་པའི་རྫས། མི་རྟ་ཁྱི་གསུམ་གཅན་གཟན་ཁྲག་གང་རྙེད། རེ་ལྕག །སྤྱང་ཚེར། རི་ཤོ། བསེ་ཞོ། བཙན་དུག་རྣམས་ཐོད་པའི་སྣོད་དུ་སྦྱར་བ། བྲབ་པའི་རྫས་ཡུངས་ཀར་མ་ཉམས་པ་རྣམས་འདུ་བྱས་ཏེ་བཞག་གོ །གཞན་ཡང་ཡོན་ཏན་ཕྲིན་ལས་ཀྱི་རྟེན་དང་མཆོད་རྫས་དང་སྒྲུབ་རྫས་ལ་སོགས་པ་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་སྟ་གོན་བྱའོ། །གསུམ་པ་ནི། སློབ་མ་སྟ་གོན་ཉེ་བར་མཁོ་བར་གྱུར་ཚེ་དབང་ཆོག་ལྟར་སྐབས་འདིར་སྦྱར་བར་བྱའོ། །སྤྱི་དོན་གཉིས་པ། སྒྲུབ་པའི་དངོས་གཞི་ལ་རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ། དེ་ཉིད་སྒྲུབ་ཅིང་མཆོད་ནས་དབང་བསྐུར་བ་གཉིས་ལས། དང་པོ་ལ་མཚམས་བཅད་པ། མ་ཏྲཾ་བསྒྲལ་བ། ཆག་ཆག་གདབ་པ། ཐིག་གདབ་པ། ཚོན་དགྱེ་བ། ཕུར་བུ་དགོད་པ། རྒྱན་རྫས་དགྲམ་པ། མངའ་གསོལ་ཞིང་རྟགས་གདབ་པ། བྱིན་དབབ་པ་དང་དགུ་ལས། དང་པོ་ལ་གསུམ་གྱི་ཕྱི་མཚམས་བཅད་པ་ནི། སྒྲུབ་ཁང་གི་ཕྱིའི་ཕྱོགས་བཞིར་ཐོ་བརྩིགས་ལ་རྒྱལ་ཆེན་བཞིའི་ཙཀ་ལི་རབ་གནས་ཅན་གཟུག །དེ་དག་གི་མདུན་དུ་མཆོད་པ་ལྔ་དང་གཏོར་མ་རེ་བཤམས་ལ། རང་ཉིད་དཔལ་ཆེན་པོའི་བསྙེམས་པ་དང་བཅས་པས་ཤར་དུ་སོང་སྟེ། མངོན་པར་བཤམས་པའི་མཆོད་གཏོར་རྣམས་རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང༌། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༌། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་གྱུར། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷྃ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་དྷྲྀཥྚ་རཱཥྚ་ཡ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། དྲི་ཟའི་མངའ་བདག་ཡུལ་འཁོར་སྲུང༌། །ཞི་བའི་ལས་མཛད་སྐུ་མདོག་དཀར། །ལྷ་ཡི་ཐུགས་དམ་པི་ཝཾ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། རྩ་སྔགས་མཐར། ཏིཥྛ་བཛྲ། ཞེས་བརྟན་བཞུགས་བྱ། ལྷོར་སོང་སྟེ་མཆོད་གཏོར་རྣམས་རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ། །གསང་བདག་སྤྱན་སྔར་དམ་མནོས་ཤིང༌། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་གྱུར། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷྃ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་བེ་རཱུ་དྷ་ཀཱ་ཡ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། གཤིན་རྗེའི་མངའ་བདག་འཕགས་སྐྱེས་པོ། །མངོན་སྤྱོད་ལས་མཛད་སྐུ་མདོག་སྔོ། །ཚར་གཅོད་བེ་ཅོན་རལ་གྲི་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། རྩ་སྔགས་མཐར། ཏིཥྛ་བཛྲ། ཞེས་བརྟན་བཞུགས་བྱ། ནུབ་ཏུ་སོང་སྟེ་མཆོད་གཏོར་རྣམས་རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་མིག་མི་བཟང་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ། །གསང་བདག་སྤྱན་སྔར་དམ་མནོས་ཤིང༌། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་མིག་མི་བཟང༌། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་གྱུར། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷྃ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་བེ་རཱུ་པཱཀྵ་ཡ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། ཀླུ་ཡི་མངའ་བདག་སྤྱན་མི་བཟང༌། །དབང་གི་ལས་མཛད་སྐུ་མདོག་དམར། །ཚོགས་རྫོགས་མཆོད་རྟེན་སྦྲུལ་ཞགས་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། རྩ་སྔགས་མཐར། ཏིཥྛ་བཛྲ། ཞེས་བརྟན་བཞུགས་བྱ། བྱང་དུ་སོང་སྟེ་མཆོད་གཏོར་རྣམས་རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ། །གསང་བདག་སྤྱན་སྔར་དམ་མནོས་ཤིང༌། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་གྱུར། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷྃ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་བཻ་ཤྲཱ་མ་ཎ་ཡ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། གནོད་སྦྱིན་མངའ་བདག་རྣམ་ཐོས་སྲས། །རྒྱས་པའི་ལས་མཛད་ལྗང་སེར་སྐུ། །གཏེར་འཆང་བེ་ཅོན་ནེའུ་ལེ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། རྩ་སྔགས་མཐར། ཏིཥྛ་བཛྲ། ཞེས་བརྟན་བཞུགས་བྱ། འཁོར་ཡུག་ཐམས་ཅད་དུ་རྒྱལ་ཐབས་བཞིན་རྡོ་རྗེའི་གུར་ཕུབ་པར་བསམ་ལ། ནང་མཚམས་བཅད་པ་ལ་གསུམ་གྱི་དམ་སྲི་མནན་པ་ནི། དུག་ཤོག་གམ་ར་སོག་ལ་དམ་སྲིའི་ལིང་ག་མིང་གཟུགས་སྤྱི་ལྟར་སྙིང་གར་ཏྲི་ཛ་ཁ་སྤྲོད་མཐར་ཡ་མ་དམ་སྲི་མཱ་ར་ཡ་ན་ག་ཛ་ཛ་ནནཿ ཡ་མ་དམ་སྲི་གཾ་པ་རི་མཱ་ར་ཡ་རྦད་རྦད་ནནཿ གནས་ཡིག་དང་ཛ་ཁྲམ་སྤྱི་མཚུངས་བྲིས་པ་སྒྲུབ་ཁང་གི་སྒོར་དོང་གྲུ་གསུམ་པར་ལྕགས་སྣོད་དུ་བཀོད་ལ། ཐོག་མར་འབྲུ་སྣ་བཏབ་པའི་གསེར་སྐྱེམས་རྡོར་སློབ་ཀྱིས་ཐོགས་ལ། རྃ་ཡྃ་ཁྃ་གཅིག །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿལན་གསུམ་གྱི་བྱིན་གྱིས་བརླབས། དབྱངས་རོལ་བཅས། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང༌། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཁྱད་པར་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་ཕུར་སྲུང་དམ་ཚིག་ཅན། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང༌། །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། ཞེས་པའི་ཚིག་མཚམས་གསུམ་སོ་སོར་གསེར་སྐྱེམས་འབུལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཡ་མ་དམ་སྲི་མཱ་ར་ཡ་ཧཱུྃ་ཕཊ། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྗང་ནག་བ་ཐག་གཟེངས་པ་ལྟ་བུ་ཕྱོགས་བཅུར་འཕྲོས་པའི་རྩེ་ལས་སྲས་མཆོག་ལྟ་བུའི་ཁྲོ་བོའི་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས་སྟོང་གསུམ་ཐམས་ཅད་གང༌། སྣང་བ་སྐུ། སྒྲ་གྲགས་གསུང༌། རྟོག་ཚོགས་ཐུགས་སུ་གསལ་བས་བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐང༌། སྲུང་མ་དམ་ཅན་རྣམས་ལས་ལ་བསྐུལ། རྣལ་འབྱོར་པ་རྣམས་ཀྱི་གཡར་དམ་སོར་སྩོལ། རིགས་དྲུག་བླ་མེད་ཀྱི་གནས་སུ་སྤར། ཁྱད་པར་བསྒྲལ་བྱའི་གནས་སུ་འཕྲོས། རང་དབང་མེད་པར་བཀུག་སྟེ་ལིང་ག་ལ་ཐིམ་འོད་ཟེར་སླར་འདུས་རང་དང་གདབ་ཕུར་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབས་དཔག་ཏུ་མེད་པར་བསམ་ལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཞིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང༌། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོང་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་གྱིས་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་ཡ་མ་དམ་སྲི་ཛཿཧཱུྃ་བྃ་ཧོཿ ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ། ཅེས་དགུག་གཞུག་ལན་གསུམ་བྱས་ནས། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཅེས་ཕོ་ཉ་བསྐུལ། ཧཱུྃ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས། གཏོགས་ཤིང་གྲོགས་དང་བྲལ་བར་གྱིས། །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །རེངས་པར་ཁུག་ལ་སྨྱོ་རུ་ཆུག །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༌། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། ཨོཾ་ལྃ་ཧཱུྃ་ལྃ་སྟྭྃ་བྷ་ཡ་ནན༔ མོ་ཧ་ཡ་བྷ་ག་ཝན༔ བི་ཀྲྀ་ཤཱི་ཀྲི་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ྄་ཕཊ྄ཕཊ྄༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བྃ་ཧོཿ སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ྄༔ བཛྲ་ཧཱུྃ་ཀཱ་ར་ཨ་ཨ༔ ཞེས་བཟླ་བཞིན་དུ་ཕུར་བུ་བསྒྲིལ་ཞིང་སྐྱེར་ཕུར་བཏབ་སྟེ། དེ་ཡང་བདག་དཔལ་ཆེན་པོ། ཕུར་བུ་སྲས་མཆོག །ལིངྒ་གནོད་བྱེད་ཀུན་འདུས་སུ་གསལ་བས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཨ་དཀར་པོ་དཔག་ཏུ་མེད་པ་བྱུང༌། རང་གི་སྙིང་གར་ཨ་གཅིག་ཏུ་གྱུར་པའི་འོད་ཟེར་གྱིས་སྐུ་གསུང་ཐུགས་འོད་གསལ་བར་བྱས་ལིངྒ་ལ་ཕོག །སྒོ་གསུམ་གྱི་སྡིག་སྒྲིབ་སྦྱངས། སྙིང་གར་ཚེ་རྟེན་ཨ་འོད་ཀྱི་ཐིག་ལེའི་དབུས་སུ་ཀུན་གཞིའི་ནྲྀ་དུད་ཁའི་གཟུགས་སུ་གནས་པ་ལ་ཕུར་རྩེ་ཧཱུྃ་ལྡན་བཏབ་པས་ནྲྀ་ཐིག་ལེ་ཨ་བཅས་ཧཱུྃ་ལ་བསྡུས། ཕུར་རྩེ་ཨ་དཀར་ཡེ་རེ་བ་དེ་རང་ལ་བསྟན་པས་བདག་གི་རྡོ་རྗེའི་ཚེ་སྲོག་དང་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་གྱུར། ཀཱི་ལ་ཡ་བརྗོད་ཅིང་ཕུར་བུའི་དབལ་ནས་བཟུང་སྟེ་ཀླད་ལ་བསྐོར་བས་ཁམས་གསུམ་ཕུར་བུས་གང༌། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཁམས་གསུམ་ཕུར་བུས་གང་བ་ལ་ཕོག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པས་སླར་འདུས་བདག་ལ་ཐིམ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་སླར་ཡང་ཧཱུྃ་ལས་འོད་འཕྲོས་པའི་འོད་ཟེར་གྱི་རྩེ་ལས་དམིགས་བྱའི་རྣམ་ཤེས་ཨ་ཡིག་གི་གཟུགས་ཀྱིས་འོག་མིན་དུ་སྤར། ཕཊ་ཕཊ་ཕཊ། ཅེས་བརྗོད་པས། རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་རྡོར་སེམས་ཀྱི་སྲས་སུ་སྐྱེས་པར་བསམ་པ་ནི་བརྟེན་པ་དབྱིངས་སུ་བསྒྲལ་ནས། མ་རཀྨོས་སྔགས་ཀྱིས་ཐུན་བྲབ། རྣམ་སྨིན་བག་ཆགས་ཀྱི་ལུས་རྟེན་དོང་ནང་དུ་སྤྱི་ཚུགས་སུ་མནན་ལ། རོ་གཡམ་ལ་སྣ་ཚོགས་རྡོ་རྗེ་དང༌། ལས་རྡོར་གྱིས་མེ་ཆུ་ས་རླུང་བཞིའི་རྒྱ་རིམ་པ་བཅུ་བཏབ། རི་རབ་གླིང་བཞི་བྲིས་པས་བཀབ་ལ། ཧཱུྃ༔ གཅིག་ནི་བརྗོད་མེད་ཉག་གཅིག་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་ནི་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་ནི་ཕྱག་རྒྱ་བཞི་ཡི་རྒྱ༔ ལྔ་ནི་ཡེ་ཤེས་ལྔ་ཡི་རྒྱ༔ དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ༔ བདུན་པ་མ་མོ་བདུན་གྱི་རྒྱ༔ བརྒྱད་ནི་དུར་ཁྲོད་བརྒྱད་ཀྱི་རྒྱ༔ དགུ་ནི་ཧེ་རུ་ཀློང་དགུའི་རྒྱ༔ བཅུ་ནི་ཁྲོ་རྒྱལ་བཅུ་ཡི་རྒྱ༔ ཁྱོད་ལ་རྒྱ་བཅུ་བརྩེགས་ཏེ་མནན༔ རི་རབ་བརྗིད་པའི་འོག་ཏུ་མནན༔ དཔལ་གྱི་བྲོ་ར་བྱས་ཏེ་མནན༔ བསྐལ་པ་བྱེ་སྙེད་མཐའ་རུ་མནན༔ ཞེས་རྒྱ་བཅུ་གདབ་ཅིང༌། འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་ཁྲོ་རྒྱལ་འཁོར་བཅས་བཞུགས་པར་བསམ། བྲོ་ར་བསྐོར། །མཐེའུ་ཆུང་སྦྲེལ་ནས་བྲོ་བརྡུང་བ་ནི། ཧཱུྃ༔ སྣང་སྲིད་རྡོ་རྗེ་ཕུར་པའི་ལྷ༔ ཞལ་ནས་ཀཱི་ལའི་ཛཔ་ཟློས་ཤིང༔ སྐུ་ནི་ཅིར་ཡང་འགྱུར་བ་ཆེ༔ ཁམས་གསུམ་ཨེ་ཡི་ད་ལར་རྫོགས༔ བདག་ལྟའི་དམ་སྲི་སྒབ་འདྲེ་རྣམས༔ མནན་ནོ་རི་རབ་འོག་ཏུ་གཟིར༔ ཞབས་གཉིས་རྡོ་རྗེའི་བྲོ་ཆེན་པོས༔ ཕོ་ཉ་སྤྲིན་ལྟར་གཏིབས་པ་ཀུན༔ འབར་བ་ཆེན་པོའི་གླུ་དང་བྲོ༔ ཅིར་ཡང་བསྒྱུར་བས་སྟྭྃ་བྷ་ཡ༔ བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ༔ ཧཱུྃ་ལཾ༔ སྟྭྃ་བྷ་ཡ་ནན༔ ཞེས་བརྗོད། སྒོ་བསྲུང་བ་ནི། བསེ་བྱང་གཉིས་ཀྱི་མདུན་ངོས་ལ་གཤིན་རྗེ་དང་བདུད་རྩི་འཁྱིལ་བའི་སྐུ་བྲི་ཞིང་རྒྱབ་ངོས་ལ་སོ་སོའི་སྙིང་པོ་འདོད་དོན་གྱི་སྤེལ་ཚིག་ཅན་ཕུར་བུ་རེ་དང་བཅས་པའི་གཤིན་རྗེའི་སྐུ་དང་ཕུར་བུ་སྒོའི་ཕྱི་ངོས་དང༌། འཁྱིལ་བའི་སྐུ་དང་ཕུར་བུ་སྒོའི་ནང་ལོགས་ཀྱི་སྟེང་དུ་བཀོད། དེ་གཉིས་ཀྱི་མདུན་དུ་མཆོད་པ་ལྔ་གཏོར་མ་དང་བཅས་པ་བཤམས་རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ཏེ། རྟེན་བསང་སྦྱང༌། སྟོང་པའི་ངང་ལས་པད་ཉི་དྲེགས་པའི་སྟེང་དུ་ཡཿལས་གཤིན་རྗེ་ནག་པོ་ཐོད་དབྱུག་དང་ཞགས་པ་ཐོགས་པ། ཧཱུྃ་ལས་བདུད་རྩི་འཁྱིལ་པ་ལྗང་ནག་རལ་གྲི་དང་རྒྱ་གྲམ་འཛིན་པ། གཉིས་ཀའང་སྲིན་པོ་ཁྲོས་པའི་ཉམས་ཅན་འབར་བའི་ཆས་ཀྱིས་བརྒྱན་ཏེ་མེའི་ཕུང་པོའི་དབུས་ན་གནས་པའོ། །དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། ཉེར་སྤྱོད་ལྔས་མཆོད་ཅིང༌། རྩ་སྔགས་གཉིས་ཀྱི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་ཧཱུྃ་ཕཊ། བརྟན་པར་བྱ་བའི་ཕྱིར་ལན་བདུན་བཟླས་ནས། ཁྲོ་བོ་གཤིན་རྗེའི་གཤེད་ཀྱིས་སྒྲུབ་པའི་གནས་འདིར་བར་ཆད་ནང་དུ་མི་གཏོང་བའི་ཕྲིན་ལས་མཛོད་ཅིག །ཅེས་དང༌། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ། ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ། བདུན་བཟླས་ནས། ཁྲོ་བོ་བདུད་རྩི་འཁྱིལ་པས་ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་ཕྲིན་ལས་མཛོད་ཅིག །ཅེས་འདོད་དོན་གསོལ། ཁྲོ་བཅུའི་མཚམས་གཅོད་ནི། བླ་མ་ཁ་ཅིག་ཕྱོགས་སྐྱོང་ཕུར་གདབ་སླར་ཡང་མཛད་མོད། རང་ལུགས་ལ་སྔར་ས་བཟུང་གི་ཚེ་བཏབ་པའི་ཕུར་བུ་ལ་ཕྲིན་ལས་བསྐུལ་བ་རིགས་པར་མཐོང་བས་འདིར་དེ་ལྟར་བྱ་སྟེ། སྔར་བཏབ་པའི་ཕུར་བུ་རྣམས་ཀྱི་མདུན་ཉེར་སྤྱོད་བསྒྲིགས་ཏེ་གསལ་བཏབ་ལ་མེ་ཏོག་ལ་སོགས་པས་མཆོད་ནས། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུྃ་ཕཊ། ཞེས་པ་ནས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། གནོད་བྱེད་འབྱུང་པོ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཅེས་པའི་བར་གྱིས་ཁྲོ་བཅུ་ལ་ཕྲིན་ལས་བསྐུལ་ཕུར་བུ་སོགས་བསྡུས་ཏེ་ལོགས་སུ་བཞག །གསང་མཚམས་ནི། བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་སྟེ། སེམས་ཉིད་སྟོང་གསལ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པས་བར་ཆད་ཀྱི་ངོ་བོ་བདེན་མེད་དུ་རིག་པ་ནི་མི་ཤིགས་པ་རྡོ་རྗེའི་མཚམས་གཅོད་ཅེས་བྱའོ། །གཉིས་པ་མ་ཏྲཾ་བསྒྲལ་བ་ནི། ཁམས་ལ་ཁམས་གསུམ་གྱི་བདག་ཏུ་ལྟ་བའི་མ་ཏྲཾ་རུ་ཏྲ་ཐལ་སྐྱ་མགོ་བོ་གསུམ་པ་མི་སྡུག་པའི་རྣམ་པ་ཅན་ཞིག་དཀྱིལ་འཁོར་གྱི་གཞིར་མགོ་ལྷོ་ནུབ་ཏུ་ཕྱོགས་པར་བཞག་ལ། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྗང་ནག་བ་ཐག་གཟེངས་པ་ལྟ་བུ་ཕྱོགས་བཅུར་འཕྲོས་པའི་རྩེ་ལས་སྲས་མཆོག་ལྟ་བུའི་ཁྲོ་བོའི་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས་སྟོང་གསུམ་ཐམས་ཅད་གང༌། སྣང་བ་སྐུ། སྒྲ་གྲགས་གསུང༌། རྟོག་ཚོགས་ཐུགས་སུ་གསལ་བས་བདེ་གཤེགས་རྣམས་ཀྱི་ཐུགས་དམ་བསྐང༌། སྲུང་མ་དམ་ཅན་རྣམས་ལས་ལ་བསྐུལ། རྣལ་འབྱོར་པ་རྣམས་ཀྱི་གཡར་དམ་སོར་སྩོལ། རིགས་དྲུག་བླ་མེད་ཀྱི་གནས་སུ་སྤར། ཁྱད་པར་བསྒྲལ་བྱའི་གནས་སུ་འཕྲོས། རང་དབང་མེད་པར་བཀུག་སྟེ་མ་ཏྲཾ་རུ་ཏྲ་ལ་ཐིམ། འོད་ཟེར་སླར་འདུས་རང་དང་གདབ་ཕུར་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབས་དཔག་ཏུ་མེད་པར་བསམ་ལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིགས་སྔགས་དང་གཟུགས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང༌། ཆོས་ཉིད་གདོད་ནས་སྟོང་ཞིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རྣམ་པ་མ་ཏྲཾ་རུ་ཏྲ། ངོ་བོ་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་མ་ཏྲཾ་རུ་ཏྲ་ཨཱ་ཀརྵ་ཡ་ཛཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་མ་ཏྲཾ་རུ་ཏྲ་ཛཿཧཱུྃ་བྃ་ཧོཿ ཤཱིགྷྲཾ་ཨ་ན་ཡ་ཧཱུྃ་ཕཊ྄། ཅེས་བཀུག་སྟེ་གཟུགས་ལ་བསྟིམ། དེ་ནས་ཀརྨ་གིང་དཀར་ནག་གཡས་ཟངས་གྲི་དང་གཡོན་སྙིང་ཐོགས་པ་གཉིས་ཆས་སུ་བཅུག་པ་ལ་སློབ་དཔོན་གྱི་ཐུགས་ཀ་ནས་སྒྲོལ་བྱེད་ཊཱཀྐི་རཱ་ཛ་དཀར་ནག་གཉིས་སྤྲོས་ཏེ་སོ་སོ་ལ་བསྟིམས་ནས་སྒྲོལ་གིང་དུ་མངའ་གསོལ། དེས་ཀྱང་སྙེམས་པ་བརྟན་ཅིང་དྲག་པོའི་གོམ་སྟབས་དང་བཅས་པས། ཧཱུྃ། མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ ཆོས་དང་གང་ཟག་ལྟ་བའི་བདུད༔ ཕུང་པོ་ཉོན་མོངས་འཆི་བདག་དང༔ ལྷ་ཡི་གཟུགས་སུ་སྣང་བ་ཡང༔ གཉེན་པོ་བདག་མེད་སྟོང་པའི་ཆོས༔ འབར་བ་གཏུམ་ཆེན་རྔམས་པར་བཞེངས༔ དངོས་གྲུབ་གནས་ལ་འཕྲོག་བྱེད་ཅིང༔ ལོག་པར་སྤྱོད་པའི་དགྲ་དང་བགེགས༔ ཁམས་གསུམ་འདི་ལ་ཆེ་བཙན་པ༔ གཟུགས་ནི་མགོ་གསུམ་ལག་པ་དྲུག༔ རྐང་བཞི་ཁྲོ་བོའི་འཇིགས་ཚུལ་ཅན༔ ཡུད་ཙམ་གཅིག་གིས་འདིར་བཀུག་ནས༔ ཕུང་པོ་སྡོང་རྒན་འགྱེལ་བ་བཞིན༔ འཇིགས་བྱེད་ཆེན་པོས་ཞབས་ཀྱིས་མནན༔ སྐུ་གསུམ་རང་བྱུང་ཁ་ཊྭཱྃ་གས༔ སྲིད་རྩ་སྙིང་གི་གནས་སུ་ཟུག༔ མ་རིག་སྒོ་ལྔའི་སྦུབ་བསྒྲལ་ཏེ༔ སྙིང་རྗེའི་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེ་གཏམ་བྱས་ནས༔ ཡན་ལག་ཁྲག་འཐུང་དུར་ཁྲོད་བརྒྱད༔ ཁོག་པ་ཆོས་དབྱིངས་གཞལ་ཡས་ཁང༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ མ་བཅོས་ཁྲོ་བོའི་རྒྱལ་པོར་ཤར༔ ཡེ་ཤེས་སྲས་མཆོག་རིགས་ལྔ་སྟེ༔ སྟོབས་དང་ཕར་ཕྱིན་ཁྲོ་རྒྱལ་བཅུ༔ ཚད་མེད་སྒོ་བ་རྟེན་འབྲེལ་ཆོས༔ གནས་དག་ཕུར་པའི་སྲུང་མ་བཅས༔ སྣོད་བཅུད་སྲིད་པ་ཕུར་བུའི་ཞིང༔ ཁམས་གསུམ་སྐུ་གསུང་ཐུགས་སུ་རྫོགས༔ སྣོད་བཅུད་དཔལ་ཆེན་ཕུར་བུའི་ལྷ༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་སྟེ༔ བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན༔ རྡོ་རྗེའི་གླུ་དང་གར་དུ་རོལ༔ ཨ་ལ་ལ་ཏེ་དགྱེས་པ་ཆེ༔ འདི་ནི་དམ་ཚིག་རྨད་དུ་བྱུང༔ རྡོ་རྗེའི་ཏ་ན་ག་ན་ཧོ༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་སྭཱ་ཧཱ༔ ཞེས་བསྒྲལ། སློབ་དཔོན་གྱིས་དེའི་སྙིང་ཕྱུངས་སྟེ་ཞལ་དུ་གསོལ་བར་བསམ་ཞིང༌། ཏི་ཧཱུྃ་ཨེ་སྥ་ར་ཎ་ཕཊ༔ ཅེས་རྣམ་ཤེས་སྐྱེ་བ་མེད་པའི་དབྱིངས་སུ་སྤར། ཉོན་མོངས་པའི་ཡིད་དཔལ་ཆེན་པོའི་ཞབས་འོག་ཏུ་མནན་ལ་དོན་སྙིང་ནང་རོལ་རྣམས་ཕོ་ཉའི་ཚོགས་ཀྱིས་རོལ་པར་བསམ། བྷྲཱུྃ་མཎྜ་ལ་ཞེས་ཁོག་པ་རང་བྱུང་གི་གཞལ་ཡས་ཁང་དུ་བལྟས་ལ་ཡན་ལག་གི་མགོ་བོ་དཀྱིལ་འཁོར་གྱི་ལྷོ་ནུབ། རྐང་ལག་གཡས་གཉིས་ལྷོ་དང་ཤར། གཡོན་གཉིས་ནུབ་དང་བྱང་དུ་འགོད་དོ། །གསུམ་པ་ཆག་ཆག་གདབ་པ་ནི། དུང་ཕོར་རམ་ཀ་པཱ་ལར་བདུད་རྩི་རྣམ་པ་ལྔ་སྦྱར་བའི་དྲི་བཟང་གི་ཆུས་དཀྱིལ་འཁོར་གྱི་གཞི་ལ་རྡོ་རྗེ་ཁུ་ཚུར་གྱིས་བྱང་ཤར་ནས་བརྩམས་ཏེ་ཁྱེམ་མེད་པར་གཡས་བསྐོར་གྱིས་བྱུག་ལ། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དམ་རྫས་བདུད་རྩི་ཡེ་ཤེས་ལྔ་ལྡན་པས༔ དེ་བཞིན་གཤེགས་པའི་ཕྲིན་ལས་མཆོག་སྒྲུབ་ཕྱིར༔ བཀའ་གསང་རྨད་དུ་བྱུང་བའི་ཆག་ཆག་འདེབས༔ ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་མཎྜ་ལ་ཧཱུྃ༔ ཞེས་བརྗོད་ཞི་རོལ་བྱ། ལྔ་པ་ཐིག་གདབ་པ་ལ། ཡེ་ཐིག་ནི། རྒྱུས་ཆེན་ནམ་ཁ་དོག་ལྔ་པའི་སྲད་བུ་ཉིད་བསང་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ཁ་དོག་ལྔ་ལས་ཁྲག་འཐུང་རིགས་ལྔ་ཡུམ་དང་བཅས་པའི་སྐུར་གྱུར་པའི་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ཉེར་སྤྱོད་ལྔས་མཆོད། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར། །གདུལ་དཀའ་མ་ལུས་འདུལ་བའི་སྐུ། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། ཅེས་པས་བསྟོད། དེ་རྣམས་ཞུ་བ་ལས་ཐིག་སྐུད་ཀརྨ་བཛྲ་ཡབ་ཡུམ་དུ་གསལ་བའི་ལག་ཏུ་གཏད་དེ། ཧཱུྃ། མཚན་ལྡན་བཀྲ་ཤིས་སྦྱོར་བའི་ཡུམ། །དྲག་པོ་སྒྲོལ་བའི་ཡུམ་ཆེན་ནི། །གདོལ་པ་ནག་པོ་གཉེར་འཕྲེང་མ། །རྡོ་རྗེ་དྲག་པོའི་ལས་རྣམས་འགྲུབ། །གསང་བ་རྡོ་རྗེའི་ཐིག་འདེབས་ཀྱིས། །ལས་རྣམས་མ་ལུས་ཀུན་བྱོས་ཤིག །བྷྲཱུྃ་ཛྙཱ་ན་ཨེ་མཎྜ་ལ་བྷྲཱུྃ༔ ཞེས་བརྗོད་ཅིང་སློབ་དཔོན་ནུབ། སློབ་མ་ཤར་དུ་གནས་པས། ནུབ་ཤར་ལྷོ་བྱང་ཚངས་ཐིག་གཉིས། །མེ་རླུང་སྲིན་དབང་ཟུར་གྱི་ཐིག །མེ་དབང་རླུང་སྲིན་ཤར་ནུབ་གྲ། །རླུང་དབང་མེ་སྲིན་བྱང་དང་ལྷོའི། །གྲ་ཡི་ཐིག་ཡིན་སློབ་དཔོན་དང༌། །སློབ་མའི་གནས་ཏེ་རིམ་བཞིན་ནོ། །ཞེས་པ་ལྟར་ཚངས་ལོག་རྒྱབ་འགྲོས་དང་ཟུར་ཐིག་ལ་རྒྱབ་འགྲོས་སྤངས་ཏེ་བསྐོར་ཕྱོགས་མ་འཁྲུལ་བར་གདབ་ཅིང༌། ཡུམ་གྱི་མཁའ་ཀློང་དུ་ཡབ་ཀྱི་བྱང་སེམས་མཁའ་མཉམ་གྱི་ཐིག་ལེར་འདྲེས་ཏེ། རང་བྱུང་གཞལ་ཡས་ཁང་དུ་ལྷུན་གྱིས་གྲུབ་པར་བལྟའོ། །གཉིས་པ་ལས་ཐིག་ནི། ཐིག་ཆལ་གྱིས་སྦག་པའི་སྐུད་པ་བརྐྱང་སྟེ། ཧཱུྃ། ནམ་མཁའ་བར་སྣང་ཨེ་ཡི་ངང༌། །གསང་བ་ཡེ་ཤེས་ཐིག་བཏབ་པས། །རྡོ་རྗེ་སྲིན་པོའི་ལྷ་ཚོགས་གནས། །ཕོ་བྲང་ཡིད་བཞིན་ལྷུན་གྱིས་གྲུབ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་བྷཉྫ་ཨེ་མཎྜ་ལ་བྷྲཱུྃ། ཞེས་བརྗོད་ཅིང་འདུག་གནས་སྤྱོད་ལམ་ཡེ་ཐིག་གི་སྐབས་ལྟར་འདི་ལྟར་གདབ་སྟེ། ཐོག་མར་ཤར་ནུབ་ཚངས་ཐིག་གདབ། །ལྷོ་བྱང་མཚམས་བཞིར་བྱ་རྗེས་བཙལ། །དེ་སྟེང་ཚངས་ཐིག་གཉིས་པ་དང༌། །ཟུར་ཐིག་གཉིས་གདབ་གྲུ་བཞིར་བཅད། །ཚངས་པའི་ཐིག་གི་གཡས་གཡོན་དུ། །ཆ་ཆེན་དགུ་དགུ་བཅོ་བརྒྱད་དང༌། །ཆ་ཆུང་ཚངས་ངོས་དང་པོ་ཉིད། །ཕྱེད་བཏབ་ཕྱི་བསིལ་གཉིས་པ་བཞིར། །གསུམ་མཐར་ཆ་ཕྲན་གཅིག་བཏབ་བཞི། །དོར་རྗེས་ལྔ་པའི་མཐའ་བསིལ་དབུས། །བཞག་ལ་དྲུག་ཕྱེད་ཕྱི་མ་བསིལ། །བདུན་པ་བཞིར་བགོས་བརྒྱད་དབུས་དོར། །གསུམ་པའི་ཆ་ཕྲན་ནང་ཟླུམ་པོར། །གཅིག་ཕྱེད་ཕྱེད་དྲུག་གཅིག་བསྐོར་དབུས། །གྲུ་གསུམ་དེ་རྣམས་རིམ་པ་བཞིན། །ཐོད་ཕྲེང་རིན་ཆེན་ཆ་བརྒྱད་དང༌། །མུ་ཁྱུད་མེ་རི་ནང་ཁྱམས་རྩིག །ཁྱམས་རྩིག་འདོད་སྣམ་ཕ་གུ་མུན། །མདའ་ཡབ་པུ་ཤུ་རྟ་བབ་དང༌། །པད་འཁོར་གདུགས་ཀྱི་གནས་སུ་འགྱུར། །སྒོ་ངོས་ཐོག་དྲུག་ཕྱི་ནང་སྒོ། །སྒོ་ཁྱུད་འགྲམ་ལོག་མུན་ཀ་བ། །པུ་ཤུའི་ཟུར་ནས་ཆ་ཕྲན་གཉིས། །བཞི་གཉིས་གཅིག་བཞི་པད་དུར་ཁྲོད། །དམ་ཅན་རྡོ་ར་མེ་རིའི་གནས། །མཐོང་བརྒྱུད་གནད་ཀྱིས་ཤེས་པར་བྱའོ། །དེ་ནས་སྲད་བུ་ཆོ་ག་བཞིན་མཆོད་ནས་ཡེ་ཤེས་ཀྱི་ཐིག་བཛྲ་མུས་གཤེགས་སུ་གསོལ། ལས་ཐིག་ཀྱང་དབེན་པར་བཞག་གོ །ལྔ་པ་ཚོན་དགྱེ་བ་ནི། རྡུལ་ཚོན་ཁ་དོག་ལྔ་ལ་རང་རིགས་ཀྱི་ཡི་གེ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱི་ཨཱཿབྲིས་པ་དབུས་དང་ཕྱོགས་བཞིར་བཀོད། བསང་སྦྱངས་ལྷར་བསྐྱེད་དེ་བསྟོད་པའི་བར་ཐིག་གི་སྐབས་བཞིན་བྱས་ལ། དེ་རྣམས་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ལ། ས་བོན་ལྔ་བརྗོད་པས་བྱིན་གྱིས་བརླབ་བོ། །ཚོན་ལ་དབུས་ཀྱི་གྲུ་གསུམ་མཐིང་ནག །ཟླ་གམ་དམར་པོ། ཐོད་ཕྲེང་དཀར་པོ། རིན་ཆེན་ཆ་བརྒྱད་མཐིང༌། མུ་སྐོར་སེར་པོ། མུ་མཆན་དམར་པོ། ཁྱུད་སྐོར་མེ་རི་ལྔ་ལྡན། ནང་ཁྱམས་དམར་སྨུག །སྒོ་ཁྱམས་ཕྱོགས་ཚོན། རྩིག་པ་ནང་ནས་མཐིང་དཀར་སེར་དམར་ལྗང་བ། འདོད་སྣམ་དམར་པོ། ཕ་གུ་སེར་པོ། མུན་པ་ནག་པོ་དྲ་ཕྱེད། མདའ་ཡབ་སྔོན་པོ། པུ་ཤུ་དཀར་པོ། རྟ་བབས་མཛེས་ཚོན། ཀ་བ་དང་སྣ་ཚོགས་རྡོ་རྗེའི་རྭ་རྣམས་ཕྱོགས་མདོག །མུན་པ་དང་གླང་རྒྱབ་ནག་པོར་སྒོ་རྒྱན་བདུན་གྱིས་སྤྲས་པ། ཆོས་འཁོར་དང་རི་དྭགས་སེར་པོ། ཕྱི་ཁྱམས་ལྗང་ཁུ། པད་འདབ་སྣ་ཚོགས། དམ་ཅན་གྱི་གནས་ཁྲག་མཚོ། དུར་ཁྲོད་ནག་པོ་རི་མོ་སྣ་ཚོགས་བཀྲ་བ། རྡོ་ར་སེར་པོ། གཞི་ནག་པོ། མེ་རི་སྣ་ལྔ་ཚྭ་ཚྭ་འཕྲོ་བ་བྲིའོ། །སྟ་གོན་ཉིན་རྡུལ་ཚོན་བཏབ་མ་གྲུབ་ན། ཕྱི་ཉིན་ལ་བདག་བསྐྱེད་བཟླས་པ་དང་ཚོགས་སྐོང་བསྡུས་པ་ཙམ་མཛད་པའི་ཕྱག་སྲོལ་ཡོད། གལ་ཏེ་རྡུལ་ཚོན་མ་གྲུབ་པས། རས་བྲིས་ལ་བརྟེན་པའི་སྐབས་སུ་ཐིག་ཚོན་གྱི་བྱ་བ་བཞག་སྟེ་ཆག་ཆག་གདབ་གྲུབ་མཚམས་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པ་ཡིན་ཀྱང༌། ཕྱག་བཞེས་ཁ་གཅིག་ཏུ་རས་བྲིས་ལའང་ཐིག་གི་བྱ་བ་ཚང་བར་མཛད་པས། ཡེ་ཐིག་རྫོགས་པར་གདབ། ལས་ཐིག་ཐིག་ཆེན་བརྒྱད་ཙམ་བཏབ་སྟེ་རས་བྲིས་བཀྲམ་མཛད་པ་ཡང་ཡོད་གང་ལྟར་རས་བྲིས་སྐབས་འདི་མཚམས་ནས། རྟེན་སྒྲུབ་རྫས་རྣམས་སྦྱང་ཁྲུས་སོགས་ལ་འཇུག །རྡུལ་ཚོན་སྐབས་ཞག་གིས་ཆོད་ན་ཕྱི་ཉིན་ཐོག་མར་བདག་བསྐྱེད་ཀྱི་མཆོད་པ་དཔལ་གཏོར་དང་སྨན་རཀ་ཉེར་སྤྱོད་བཅས་གང་བདེར་བཤམ་ལ། བརྒྱུད་འདེབས་དང་བདག་བསྐྱེད་བསྙེན་པ་གྲུབ་མཚམས་སྟོང་ཚིག་མཆོད་བསྟོད་ཕུལ་ནས་དཀྱིལ་འཁོར་དང་ཕུར་ཁྲོམ་རྟེན་སྒྲུབ་རྫས་རྣམས་ལ་སྦྱང་བ་དང་ཁྲུས་གསོལ་མཛད་དོ། །དྲུག་པ་ཕུར་བུ་དགོད་པ་ནི། སྔར་ལྷག་གནས་ཀྱི་སྐབས་འདུ་བྱས་པའི་ཕུར་བུ་རྣམས་བྱུག་སོགས་གསུམ་གྱིས་གཟི་བྱིན་བསྐྱེད་ཕྱིར་གུ་གུལ་གྱིས་བདུག་པས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་ཨ་དྷི་ཏིཥྛ་རྨུག་རྨུག་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱོགས་མཱ་ར་ཡ་ཧཱུྃ་ཕཊ། ཡུངས་ཀར་གྱིས་བྲབ་ཅིང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་ཤ་ཏ་རཱ་ཙ་ཧཱུྃ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ། རཀྟས་བྱུག་ཅིང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་ཛྭ་ལ་མཎྜ་ལ་རཀྵ་རཀྵ་དགྲ་བགེགས་ཝཱ་ཤྃ་མཱ་ར་ཡ་ཧཱུྃ་ཕཊ། སྔགས་ཚན་གསུམ་བདུན་རེ་ཙམ་བརྗོད། དེ་ནས་སྲིད་པ་རྫས་ཀྱི་ཕུར་བུ་ཡེ་ཤེས་ཀྱི་ཁྲོ་བོར་སྒྲུབ་པ་ནི། སྒྲུབ་ཕུར་རྣམས། སྭ་བྷཱ་ཝས་སྦྱང༌། ཕུར་བུའི་རང་བཞིན་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་མཐིང་ནག་རེ་རེ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་རེ་རེ་གྱུར། གཙོ་བོ་ཡབ་ཡུམ། ཁྲོ་བཅུ་ཡབ་ཡུམ། ཕྲ་མེན་སྲས་མཆོག་ཉེར་གཅིག །རིགས་བཞི་ཀཱི་ལ་ཡ། སྒོ་མ་དམ་ཅན་དང་བཅས་པའི་སྔགས་ཚར་རེ་བརྗོད། གཙོ་ཕུར་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང༌། འཁོར་རྣམས་ཐམས་ཅད་རང་རང་གི་སྐུའི་རྣམ་པ་རྒྱན་ཆ་ལུགས་ཕྱག་མཚན་དང་བཅས་པ་སྨད་ཕུར་པའི་རྣམ་པ་ཅན་དུ་གྱུར། ཞེས་བརྗོད། བསྙེན་ཕུར་རྣམས་བསང་སྦྱང༌། སྟོང་པའི་ངང་ལས་ཨེ་ལས་ཕུར་གདན་གྲུ་གསུམ་མཐིང་ནག་འབར་བའི་དབུས་སུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་རང་གི་ཐུགས་ཀ་ནས་ཧཱུྃ་སྤྲོས། ཧཱུྃ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། ཕུར་བུ་དཔལ་ཆེན་པོ་སྒྲོལ་བྱེད་ཡཀྴ་ཀྲོ་དྷ་ཞལ་གསུམ་ཕྱག་དྲུག །སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་ཟུར་གསུམ་རྣོ་དབལ་ངར་དང་ལྡན་པ། མགར་གྱི་སོལ་མེ་ནས་བཏོན་པ་ལྟ་བུ་མེ་ཡི་ཚྭ་ཚྭ་འཕྲོ་བ། སྤྱི་བོར་དཔལ་ཆེན་པོ། རྒྱ་མདུད་གོང་མ་ཁྲོ་བཅུ། ཆང་བཟུང་ཟ་གསོད་ཉི་ཤུ། རྒྱ་མདུད་འོག་མ་སྒོ་སྲུང༌། དབལ་གསུམ་དམ་ཅན་སྲུང་མ་དང་བཅས་པའི་ཕོ་བྲང་དུ་གྱུར་པར་བསམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ྄། ལན་བདུན་ཙམ་བརྗོད་ལ་བསྙེན་ཕུར་གདན་དུ་བཀོད། རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས་བྱུང་བའི་འོད་ཟེར་རང་བཞིན་རྡོ་རྗེ་ཕུར་བུའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས་པས་སྲིད་པའི་ཕུར་བུ་གཟུགས་ཀྱི་སྐུ་གང་ལ་གང་འདུལ་གྱི་མོས་པ་དང་འཚམས་པར་སད་པར་བསམ་ལ། ཧཱུྃ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་བུའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། ཨོཾ་བཛྲ་ས་མཱ་ཛཿ སྤྱན་དྲངས་པ་ནི། ཧཱུྃ། སྲིད་པའི་ཕུར་བུ་སྒྲུབ་པ་དང༌། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཏིང་འཛིན་དཀྱིལ་འཁོར་འདི་ལ་དགོངས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ཧྱི་ཧི་བྷ་ག་ཝན་ས་མ་ཡ་ཛཿཛཿ ཞེས་པས། ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་ཏིང་འཛིན་གྱི་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པས་མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ། ཕྱག་བྱ་བ་ནི། ཧཱུྃ། སྲིད་གསུམ་གདུག་པ་འདུལ་བ་དང༌། །ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར། །རྡོ་རྗེ་སྲིན་པོའི་ལྷ་ཚོགས་ལ། །རྩེ་གཅིག་ཡིད་ཀྱིས་ཕྱག་འཚལ་ལོ། ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ དབང་ཞུ་བ་ནི། ཧཱུྃ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་བདག་སྩོལ་ཅིག །ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་སྭཱ་ཨཱྃ་ཧཱ། ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་ཀྱི་འཁོར་ལོའི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས། ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་རྣམས་འཕྲོས་དམ་ཚིག་གི་འཁོར་ལོའི་གནས་གསུམ་དུ་རྒྱས་བཏབ་པས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མེད་དུ་གྱུར་པ་ལ། སླར་ཡང་ཡེ་ཤེས་ལྔའི་རང་བཞིན་ས་བོན་བྱུང་བ་སྤྱི་བོར་གནས་པ་ཡོངས་སུ་གྱུར་པས་དབང་བསྐུར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བདག་ཉིད་རིགས་ལྔའི་ཅོད་པན་གྱིས་དབུ་བརྒྱན་པར་བསམ། དཀྱིལ་འཁོར་གྱི་ལྷ་གནས་རྣམས་སུ་གདན་གྲུ་གསུམ་པའི་གདན་དུ་རིམ་བཞིན་བཀོད། ལས་རྡོར་གྱི་སྔོན་དུ་སྤོས་ཕོར་ཁྱེར་དེ་ནས་རྡོ་རྗེ་སློབ་དཔོན་གྱིས་སྤོས་དྲིལ་ཐོགས་རྒྱལ་ཐེབས་སོགས་ཀྱིས་རྟེན་མཆོད་རྣམས་ཐོགས་ནས་དཀྱིལ་འཁོར་ལ་གཡས་སྐོར་ལན་གསུམ་མཛད་རྗེས་མདུན་དུ་བཞེངས་ནས། ཧཱུྃ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༌། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་བཅས། །ལྷ་ཆེན་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་ས་མ་ཡ་ཏིཥྛནྟུ། ཞེས་དབུས་སུ་གཙོ་ཕུར་ཞལ་ཤར་དུ་ཕྱོགས་ཡུམ་ཕུར་ཞལ་སྤྲོད་དུ་དགོད། ཧཱུྃ། ཕྱོགས་བཅུར་རང་བྱུང་གྲུབ་པའི་ལྷ། །ཁྲོ་རྒྱལ་ཡབ་ཡུམ་ཟ་གསོད་བཅས། །ཕྱོགས་སྐྱོང་ཕོ་མོའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཁྲོ་བཅུའི་རྩ་སྔགས་རེ་རེའི་མཐར་ས་མ་ཡ་ཏིཥྛནྟུ། ཞེས་བཏགས་པས་ཕྱོགས་མཚམས་བརྒྱད་སོ་སོའི་གནས་དང་སྟེང་འོག་གི་ཁྲོ་བོ་ཤར་ནུབ་ཀྱི་རིན་པོ་ཆེའི་ནང་ངོས་ཐོད་ཕྲེང་རྩར་བཅས་སུ་ཁྲོ་བོ་རྣམས་ཞལ་ནང་དུ་ཕྱོགས་ཡུམ་རྣམས་ཞལ་སྤྲོད་ཕྲ་མེན་སོ་སོ་གཡས་གཡོན་དུ་མ་འཆོལ་བ་དགོད་དོ། ཧཱུྃ། སྐུ་གསུང་ཐུགས་ལས་སྤྲུལ་པ་ཡི། །སྲས་མཆོག་ཉི་ཤུ་རྩ་གཅིག་ཀྱང༌། །ཟླ་གམ་ཨེ་ཡི་གདན་སྟེང་དུ། །དགྲ་བགེགས་གཟིར་ཞིང་དགྱེས་པར་བཞུགས། །སྙིང་པོའི་མཐར། ས་མ་ཡ་ཏིཥྛནྟུ། ཞེས་ཟླ་གམ་གསུམ་ལ་གཡས་སུ་སྐུ། གཡོན་དུ་གསུང༌། མདུན་དུ་ཐུགས་ཀྱི་སྲས་མཆོག་བདུན་བདུན་ཞལ་ནང་བསྟན་དུ་བཀོད། ཧཱུྃ། གྲུ་ཆད་བཞི་ཡི་ཕོ་བྲང་དུ། །ཕྲིན་ལས་རྣམ་བཞི་ལྷུན་གྲུབ་བཞུགས། །ཙ་ཏུར་ཀྲྀ་ཏ་ས་མ་ཡ་ཏིཥྛནྟུ། ཧཱུྃ། ཚད་མེད་བཞི་ལྡན་སྒོ་བཞི་རུ། །ཡེ་ཤེས་སྒོ་སྐྱོང་བརྟན་པར་བཞུགས། ཛཿཧཱུྃ་བྃ་ཧོཿས་མ་ཡ་ཏིཥྛནྟུ། ཞེས་སྒོ་མ་བཞི་ཞལ་ཕྱིར་ཕྱོགས་པ་བཀོད། ཧཱུྃ། དཀྱིལ་འཁོར་བར་ཁྱམས་ཕྱོགས་བཞི་རུ། །ཤྭ་ན་བདག་ཉིད་ས་བདག་ཚོགས། །བསེ་ལྕགས་དུང་གིང་གྱད་ཆེན་སོགས། །བསྟན་པ་སྲུང་ཕྱིར་དགྱེས་པར་བཞུགས། །མོ་ཧ་གྷཱ་ཏ་ཡ་མ་མ་ཤྲཱི་གྷྲྃ་ཀརྨ་ཀཱ་ར་ཡེ་ས་མ་ཡ་ཏིཥྛནྟུ། ཞེས་པས་ཁྲག་ཁྱམས་ཀྱི་ཕྱོགས་བཞིའི་དབུས་བཞིར་ཤྭ་ན་མ་བཞི། ཕྱོགས་སྟོད་བཞིར་བདག་ཉིད་མ་བཞི། ཕྱོགས་སྨད་བཞིར་ས་བདག་བཞི། དེ་རྣམས་ཞལ་ནང་དུ་ཕྱོགས་པའི་དབང་དུ་བྱས་པའི་གཡས་ངོས་རྣམས་སུ་སྐྱེས་བུ་བཅུ་གཉིས་པོ་རེ་རེ་བཀོད། མཐའ་སྐོར་དབང་ཕྱུག་ཉེར་བརྒྱད་རྣམས། སོ་སོའི་གནས་སུ་ཇི་ལྟ་བ་བཞིན་དགོད། སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་བཀོད་པ་ནི། ཧཱུྃ། ཡེ་ཤེས་ལྔ་ལྡན་བུམ་པ་འདི། །དཔལ་ཆེན་ཁྲག་འཐུང་འཁོར་བཅས་རྟེན། །ཆོས་ཀྱི་དབྱིངས་ནས་བཞེངས་ལ་འདིར། །དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ། །ཞེས་དཀྱིལ་འཁོར་སྟེང་གི་ཁྲིའུའི་རིམ་པ་དང་པོ་ལ་རང་གནས་སུ་སོ་སོའི་སྔགས་ཀྱི་བཀོད་ལ་གཟུངས་ཐག་གཙོ་ཕུར་དང་སྦྲེལ་བའི་སྣེ་མོ་གཉིས་སུ་འཐེན་པ། གཅིག་རྡོར་སློབ་དང༌། གཅིག་ཤོས་ཐུན་དཔོན་པའི་ཕྱག་ཏུ་སླེབས་པའི་ཚོད་བྱ། ཐོད་པ་རྣམས། ཧཱུྃ། འཆི་མེད་བདུད་རྩིའི་ཀ་པཱ་ལ། །དཔལ་ཆེན་ཁྲག་འཐུང་འཁོར་བཅས་རྟེན། །ཆོས་ཀྱི་དབྱིངས་ནས་བཞེངས་ལ་འདིར། །དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ། །ཞེས་པས་ཁྲིའུའི་ཁར་རིམ་པ་གཉིས་པ་ལ་བཀོད། དབང་རྫས་གཞན་རྣམས། ཧཱུྃ། གསང་གསུམ་བདག་ཉིད་སྔགས་ཀྱི་བརྡ། །དཔལ་ཆེན་ཁྲག་འཐུང་འཁོར་བཅས་རྟེན། །ཆོས་ཀྱི་དབྱིངས་ནས་བཞེངས་ལ་འདིར། །དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ། །ཞེས་པས་སྟེང་གི་རིམ་པ་ལ་ཐོད་སྐུ་དང༌། གསུང་རྟེན་སྔགས་བྱང་མཚལ་གྱིས་བྲིས་པའམ་རྒྱུད་ཀྱི་གླེགས་བམ། ཐུགས་རྟེན་རང་བྱུང་གི་ཤེལ་ཟུར་བརྒྱད། རྡོར་དྲིལ། ཚེ་འབྲང༌། ཚེ་རིལ་ཚེ་ཆང་ཚེ་མདའ་རྣམས་བཀོད། གཞན་ཡང༌། ཇི་ལྟར་འོས་པའི་གནས་རྣམས་སུ་རྟེན་གཏོར་དང་སྒྲུབ་གཏོར་སོགས་དགོད་པར་བྱའོ། །བདུན་པ་རྒྱན་རྫས་དགྲམ་པ་ནི། དཀྱིལ་འཁོར་གྱི་སྟེང་དུ་ཞིང་གི་བླ་རེ་དང་གདུགས་ཕུབ་ཅིང་ཁོར་ཡུག་རྣམས་སུ་ལྡ་ལྡི། བ་དན། རྒྱལ་མཚན། ཕྱེ་ཕུར། དར་གྱི་ཆུན་འཕྱང་སོགས་དང་དཔལ་གྱི་ཆས་གོས། རྒྱན་ཕྲེང་རྒྱུ་མ་དང་དོན་སྙིང་གི་འཕྱང་འཕྲུལ། གོ་མཚོན་སྤྱན་གཟིགས་སོགས་སྣ་ཚོགས་ཀྱིས་ཀུན་ཏུ་བཟང་པོའི་ཞིང་ལྟ་བུར་མཛེས་ཤིང་བརྗིད་ཆགས་པར་བྱས་ནས། བདུད་རྩི་ལྔ་དང་བཅས་པའི་དྲིས་དཀྱིལ་འཁོར་གྱི་མཐའ་རིམ་དུ་བྱུག་ཅིང༌། ཟུར་བཞི་མདའ་དར། ཕྱོགས་བཞིར་རལ་གྲི་བཞི། རྒྱལ་མཚན་བཞི། འཕན་བཞི་རྣམས་ཚོན་སྐུད་ཀྱི་དྲ་བས་སྦྲེལ་བ་སོགས་མཐོང་བརྒྱུད་ལྟར་ཚུལ་བཞིན་དུ་བཀོད་པའི་དཀྱིལ་འཁོར་གྱི་ཤར་དུ་ཆུ་གཉིས་ཉེར་སྤྱོད་ལྔ། ལྷོར་འདོད་ཡོན་ལྔ་རིན་པོ་ཆེ་བདུན། བཀྲ་ཤིས་པའི་རྫས་སོགས། ནུབ་ཏུ་བཟའ་བཅའ་བཏུང་བ་ལྡག་གཞིབ་མྱང་བའི་དཔལ་གྱི་གཏོར་མ་དར་ཚོན་གྱི་འཕུར་ལྡིང་གཡོ་བའི་གཡས་སུ་བདུད་རྩིའི་རིལ་བུ་དང་སྦྱར་བའི་སྨན་ཕུད། གཡོན་དུ་ཤ་ཆེན་དང་བཅས་པའི་རཀྟ། བྱང་དུ་ཁྲག་གི་ཨརྒྷྃ། དུག་ཆུའི་ཞབས་བསིལ། དབང་པོ་ལྔའི་མེ་ཏོག །ཤ་ཆེན་དང་འདྲེ་འཇིགས་ཀྱི་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པ་ལ་སོགས་པའི་དྲི་ཆུ། ཤ་ཁྲག་རུས་པ་སོགས་ཀྱི་ཞལ་ཟས། རྐང་གླིང་ཐོད་རྔ་སོགས་ཀྱི་རོལ་མོ། ཤར་ལྷོར་ལས་བཞིའི་འབྲང་རྒྱས་སོགས་དངོས་གྲུབ་ཀྱི་ཡོ་བྱད། ལྷོ་ནུབ་ཏུ་དྲག་པོའི་བྲུབ་ཁུང་ལིངྒ་ཐུན་རྫས། ནུབ་བྱང་དུ་དམ་ཅན་བཅུ་གཉིས་སོགས་བཀའ་སྲུང་གི་གཏོར་མ། བྱང་ཤར་དུ་བསྲེག་འཕང་མནན་པ་སོགས་མཐའ་སྡུད་ཀྱི་ཡོ་བྱད་འགོད་དགོས་པ་ཡིན་ཀྱང་སྟོད་ལས་ཀྱི་སྐབས་སུ་མདོར་བསྡུས་ཀྱིས་ཆོག །སྲུང་བའི་ཕུར་བུ་བཅུ་པོའང་དཀྱིལ་འཁོར་གྱི་མཐར་སྔར་བཏབ་པའི་གོ་རིམ་ལས་མ་འཆུག་པ་དང༌། མ་ཏྲཾ་ཡང་དེ་བཞིན་བཀོད། གཞན་ཡང་མཆོད་པར་འོས་པའི་རྫས་ཐམས་ཅད་ཀྱིས་བསྐོར་ལ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཕུན་སུམ་ཚོགས་པའི་མཆོད་སྤྲིན་རབ་ཏུ་སྤྲས། །དཔལ་ཆེན་འཁོར་བཅས་ཐུགས་དམ་གཉན་བསྐངས་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་དགྲམ་ཞིང་རྡོ་རྗེ། དྲིལ་བུ། ཅང་ཏེའུ། རྔ་བོ་ཆེ། སིལ་ཆོལ་སོགས་རོལ་མོའི་ཁྱད་པར་དང༌། གར་འཆམས་ཀྱི་ཡོ་བྱད་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །བརྒྱད་པ་ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་རྡོ་རྗེ་གསོར། ཨོཾ་བཛྲ་གནྡྷེ་རཱ་ཎི་ཏ་སོགས་བརྗོད་ཅིང་དྲིལ་བུ་བསིལ་བ་སོགས་རོལ་མོའི་སྒྲ་ཆེར་བསྒྲག་གོ །དེ་ནས་སྔར་ནས་སྟ་གོན་གྱི་ལྷ་ནམ་མཁར་བཏེགས་པ་རྣམས་ཀྱང་དཀྱིལ་འཁོར་ལ་བསྟིམས་ཏེ། ཧཱུྃ་ཧྲཱིཿ བདེ་ཆེན་དབྱིངས་ཀྱི་གཞལ་ཡས་དབུས༔ རང་སྣང་རིག་པའི་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བཞུགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ བརྡ་སྦྱར་བ་ནི། གདོད་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ཚད་མེད་བཞིའི་འཇུག་པས་ཞུགས་པར་བསམ་ལ། ཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་སོ་ཅོག༔ ཀུན་ཀྱང་ལྷག་པའི་ལྷའི་གྲོང་ཁྱེར༔ མ་བཅོས་དོན་གྱི་ལྷ་མཆོག་ལ༔ ཚད་མེད་སྒོ་བཞི་དབྱེ་བས་འཇུག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ྄༔ བརྡ་སྒོ་དབྱེ། ལྷ་དང་བླ་མ་མཆེད་ལྕམ་ཐམས་ཅད་ལ་རང་བཞིན་གཉིས་སུ་མེད་པར་རང་རིག་པའི་ཚུལ་གྱིས་ཕྱག་འཚལ་བར་མོས་ལ། ཧོ༔ ལྷ་དང་རང་སེམས་བཟང་ངན་བྲལ༔ གཉིས་མེད་རང་སྣང་སྤྱི་དཔལ་ཆེ༔ ཨེ་མ་ངོ་མཚར་རྨད་བྱུང་བ༔ རྡོ་རྗེ་ལྟ་བའི་ཕྱག་གིས་འདུད༔ ཨ་ལ་ལ་ཧོ༔ ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཐལ་སྦྱར་བཅས། ཡེ་ཤེས་སྐུ་མཆོག་ཚར་གཅིག་གི་མཇུག །ཡིག་བརྒྱ་བཟླས་པའི་ཚེ་སློབ་དཔོན་དྲིལ་བུ་འཁྲོལ་ཞིང་དཀྱིལ་འཁོར་ལན་གསུམ་བསྐོར་ལ་ལྷག་ཆད་ཁ་བསྐང༌། དགུ་པ་སྒྲུབ་པ་པོ་རྣམས་ལས་ལ་འཇུག་རུང་གི་བྱ་བ་ལ་བསྲེ་བསྣན་ནི། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། ཡུངས་ཐུན། བདུད་རྩི་སོགས་བཀོད། ལས་ཀྱི་རྡོ་རྗེས་སྒོའི་ཕྱི་རོལ་དུ་མཆེད་གསར་རྙིང་ཐམས་ཅད་ཁྲུས་ནས་དབྱུང༌། སློབ་དཔོན་གྱིས་བགེགས་གཏོར་སྦྱིན། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ འབྱུང་པོའི་ཚོགས་རྣམས་འདའ་བྱེད་པ༔ ཁྲོ་ཆེན་འབར་བའི་དཀྱིལ་འཁོར་ནས༔ ཁྲོ་ཆུང་འབར་བ་མཚོན་ཆའི་ཆར༔ མེ་ལྟར་འབར་ཞིང་རླུང་ལྟར་འཚུབས༔ བཀའ་འདས་རྡུལ་ཕྲན་བཞིན་དུ་བརླག༔ དེ་བས་མ་འདུག་ཕྱིར་དེངས་ཤིག༔ ཧཱུྃ་བཞིའི་ཤམ་བུར། བཛྲ་བཛྲ༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ ཧ་ན་ཧ་ན༔ ཨུཙྪ་ཊ་ཡ་ཕཊ༔ ཅེས་དྲག་སྔགས་རོལ་མོ་ཡུངས་ཐུན་གུ་གུལ་དུད་པས་བགེགས་བསྐྲད་ལ་མཆེད་རྙིང་པ་རྣམས་ནང་དུ་བཏང་ནས་གྲལ་ལ་འཁོད། སློབ་དཔོན་གྱིས་བསྐུལ་ཏེ། མདུན་གྱི་ནམ་མཁར་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་གཏིབས་པ་ལྟར་འཁོད་པར་གྱུར་པར་མོས་ལ། ཐམས་ཅད་ཀྱིས་ཇི་སྙེད་སུ་དག་སོགས་དང༌། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་རྒྱུན་བཤགས་ཡན་ལག་བརྒྱད་པ་བྱ། ལས་བྱང་ལྟར་བདུད་རྩི་བྱིན་རླབས་བྱ་ཞིང་སྨན་མཆོད་ཁཱ་ཧི་བཅས་རྐང་ཐོན་དུ་འབུལ། སྨན་གྱི་ལྷག་མ་སློབ་དཔོན་གྱིས། ཨོཾ་བཛྲ་ཡཀྴ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བཟླས་པས་དམ་ཆུར་བྱིན་གྱིས་བརླབས། མཆེད་གསར་པ་རྣམས་རྙིང་པ་ལ་བསྲེ་ཞིང་བསྣན་པའི་ཆོ་ག་དངོས་ནི། རྒྱལ་ཐེབས་གཙོ་བོ་ཞིག་སྒོའི་ཕྱིར་ཕྱིན་ནས། དད་པ་དང་ལྡན་པའི་རིགས་ཀྱི་བུ་རྣམས་དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གཉན་པོར་འཇུག་པར་སྤྲོ་ན་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ། ཀྱེ༔ དམ་ཚིག་ཆེན་པོའི་ཚུལ་སྟོན་པ༔ བདག་ཉིད་ཆེན་པོ་དེ་ཉིད་མཁྱེན༔ སྲོག་གི་ཕྱིར་ཡང་དམ་བསྲུངས་ན༔ དཀྱིལ་འཁོར་གཉན་པོར་འཇུག་ཏུ་གསོལ༔ ཞེས་ལན་གསུམ་ཞུ། རྒྱལ་ཐེབས་ཀྱིས། སྔོན་ལས་ཚོགས་གཉིས་མཐར་སོན་པའི༔ རྒྱལ་བའི་སྲས་སུ་འོས་ལགས་སམ༔ རྒྱུད་ངན་ལོག་པའི་བློ་ཅན་ནི༔ འཇུག་པའི་སྐབས་མེད་ཕྱིར་དེངས་ཤིག༔ ཅེས་དྲིས་པའི་ལན་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་གྱི་བཀའ་བཞིན་དུ་སྒྲུབ་བོ༔ བགྱིད་དོ༔ ལས་དང་སྐལ་པར་ལྡན་ལགས་སོ༔ རྒྱལ་ཐེབས་ཀྱིས། དེ་ལྟར་ཡིན་ན་འོས་སོ༔ རུང་ངོ༔ ལེགས་སོ༔ ཞེས་བརྗོད་ལ་ནང་དུ་བཏང༌། ཕྱག་གསུམ་གསུམ་འཚལ་དུ་གཞུག །དེ་དག་གི་གཙོ་བོ་ཞིག་ལ་མིག་དར་གཡོགས། མེ་ཏོག་གཏད་ལ། པྲ་ཏཱིཙྪ་ཧོཿ ཞེས་པས་དོར་བའི་ཚུལ་གྱིས་དཀྱིལ་འཁོར་མདུན་ཕྱོགས་སུ་བཞག་དཀྱིལ་འཁོར་ལ་ལན་གསུམ་བསྐོར་བར་མོས་ལ་བསྐོར་བ་གཅིག་ཙམ་བྱ། རྒྱལ་ཐེབས་ཀྱིས་གྲལ་གཤམ་ནས་ཕྱག་དང་བཅས་འདི་སྐད་ཞུ། ཧོཿ རྡོ་རྗེ་གསང་བའི་རིགས་ཅན་རྣམས༔ བྱང་ཆུབ་རྡོ་རྗེའི་ལམ་ལ་དྲངས༔ རྡོ་རྗེ་རྒྱལ་པོ་ཉིད་ལ་གཏད༔ ནམ་མཁའི་རྡོ་རྗེ་དེང་བདག་སྩོལ༔ སློབ་དཔོན་གྱིས། ཀྱེ༔ མི་ཤེས་དྲི་མ་དང་བྲལ་བ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ དག་པ་གསུམ་ལྡན་ཡེ་ཤེས་སྤྱན༔ དྲི་བྲལ་དོན་གྱི་སྤྱན་དབྱེའོ༔ ཨོཾ་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། སྔར་བཟླས་པའི་བདུད་རྩི་གསར་པ་རྣམས་ཀྱི་ལྕེ་ལ་བྱིན་ཏེ། བདུད་རྩི་འདི་ཉིད་ཡེ་ཤེས་སེམས་དཔའི་ངོ་བོ་ཧཱུྃ་མཐིང་ནག་རེར་གྱུར་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་གྱུར༔ ཧཱུྃ༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ ནམ་ཡང་འདའ་བར་མ་བྱེད་ཅིག༔ ཉེས་ན་ན་རཀ་སྤྱོད་པར་འགྱུར༔ དེ་ཕྱིར་ཚུལ་བཞིན་ཡང་དག་སྲུངས༔ ས་མ་ཡ་རཀྵ་སི་ཧཱུྃ༔ དམ་ཚིག་གི་གནས་ལ་ཚུལ་བཞིན་དུ་སློབ་བོ་སྙམ་པས་འདིའི་རྗེས་ཟློས་མཛོད༔ ས་མ་ཡ་ཨི་དནྟེ་ན་ར་ཀན༔ ཞེས་བྲོ་བོར། གསར་རྙིང་གཉིས་ཀ་གྲལ་བསྲེས་ཏེ་བཞུགས་པའི་ཐམས་ཅད་ཀྱི་ལྕེ་ལ་བདུད་རྩི་སྦྱིན་ཞིང༌། ཧཱུྃ༔ གསང་བ་ལས་ཀྱང་ཆེས་གསང་བའི༔ བླ་མེད་དཀྱིལ་འཁོར་ཆེན་པོ་འདིར༔ རྡོ་རྗེའི་མཆེད་ལྕམ་སྤུན་གྲོགས་རྣམས༔ དུས་འདིར་ལྟ་སྤྱོད་དམ་བསྲེས་ནས༔ ནམ་ཡང་མི་འབྲལ་རྡོ་རྗེའི་མཆེད༔ སྲོག་གི་ཕྱིར་ཡང་དམ་བསྲུང་ངོ༔ གནས་གསུམ་དུ་བདུད་རྩིའི་ཐིག་ལེའི་བཀོད་ཅིང༌། སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ སྙིང་གར་ཧཱུྃ་སྔོན་པོ༔ སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པའི་རང་བཞིན་དུ་གྱུར། ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ ས་མ་ཡ་ཧཱུྃ༔ དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་པ་མཉམ་པ་ཡིན་པས་གྲལ་གཅིག་ལ་འདུག་པས་ཆོག་པ་ཡིན་ནོ། །ཞེས་བརྡ་སྦྱར། ཧཱུྃ༔ རྡོ་རྗེ་འདུ་འབྲལ་མེད་པའི་གཟུངས་ཐག་ལ༔ དམ་ཚིག་སྲོག་གིས་བསྡུས་པའི་མཆེད་དང་ལྕམ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་བྱའི་ཕྱིར༔ ཐམས་ཅད་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ ཅེས་བརྗོད་དེ་དམ་ཚིག་གི་གནད་དཀྲོལ་ཏེ་བསླབ་བྱ་རྒྱས་པར་བཤད་དོ། །མངའ་གསོལ་ཞིང་གནས་སུ་འགོད་པ་ནི། ལས་རྡོར་གྱིས་ཐོད་ཆང་མར་ཟེགས་ཅན་དང་ཕུད་སྐྱོགས་ཐོགས། རྒྱལ་ཚབ་པའམ་རྒྱལ་ཐེབས་ཀྱི་གཙོ་བོ་ཞྭ་ཆོས་བཅས་གྲལ་གཤམ་དུ་བཞེངས་ཏེ། གཏོང་ཐུན་སྔོན་དུ་འགྲོ་བའི་དབྱངས་སྙན་བོར་ལེན་ཚུལ་གྱིས། ཧཱུྃ༔ རྡོ་རྗེ་རྒྱལ་པོ་ཚོགས་རྗེ་ཚོགས་ཀྱི་བདག༔ ཤེས་རབ་ཡུམ་མཆོག་གཙོ་བོའི་ཐུགས་དམ་སྐོང༔ སྲས་མཆོག་རྒྱལ་ཐེབ་ཀརྨ་འཆམས་གར་བཅས༔ གིང་དང་ལས་མཁན་སྤྱན་པ་དུས་འཛིན་དང༔ བརྡ་སྦྱོར་ཕྱག་ཚངས་རྡུལ་ཕྱགས་སྐྱེས་བུའི་ཚོགས༔ ཀུན་ཀྱང་དཀྱིལ་འཁོར་ཕོ་བྲང་གནས་འདི་རུ༔ ཕྲིན་ལས་མངའ་བརྙེས་བསྐོས་པའི་དོན་སྤྱོད་སྒྲུབ༔ སྐྱེ་བ་སྔོན་ནས་ཚོགས་གཉིས་ལམ་སྦྱངས་པས༔ དུས་འདིར་རླབས་ཆེན་སྤྱོད་པའི་ལམ་ལ་ཟིན༔ འཁོར་ལོས་སྒྱུར་རྒྱལ་རྣམས་ལ་མངའ་གསོལ་ལོ༔ ཞེས་པའི་ཚིག་སོ་སོ་དང་བསྟུན་རྡོ་རྗེ་རྒྱལ་པོ་ནས་སྦྱིན་བདག་གི་བར་བདུད་རྩིའི་སྐྱེམས་དྲངས། རྟགས་གདབ་པ་ནི། སྤྲོ་ན་གཏོང་ཐུན་སྔོན་དུ་འགྲོ་བའི་དབྱངས་བོར་ལེན་ཚུལ་གྱིས། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ མཁའ་འགྲོའི་ཚོགས་དང་དམ་ཚིག་གཅིག་པ་དང༔ སངས་རྒྱས་ས་གསུམ་དག་ལ་འགོད་བྱའི་ཕྱིར༔ སྨིན་མཚམས་ཐལ་ཆེན་ཚོམ་བུའི་མཚན་མས་གདབ༔ ཞེས་རྒྱལ་ཚབ་པས་རྡོ་རྗེ་སློབ་དཔོན་གྱི་སྨིན་མཚམས་དང་ཉྭ་སུལ་དུ་ཐལ་ཆེན་ཚོམ་བུ་རྩེ་གསུམ་རིས་བཀོད། སླར་སློབ་དཔོན་གྱིས་རྒྱལ་ཚབ་པར་དེ་བཞིན་དུ་གདབ། དེས་འགྲེས་ཏེ། ཚིག་བཅད་རྐང་པ་དང་པོ་གསུམ་འདྲ། རྐང་པ་ཐ་མའི་གནས་སུ། ལྐོག་མར་ཞག་གི་ཟོ་རིས་མཚན་མས་གདབ༔ ཅེས་ཨོཀ་ཀོ་དང་བྲང་ལ་ཞག་ཚོན་ཟོ་རིས་ཟླ་བ་ཕྱེད་པའི་དབྱིབས་གདབ། འབུར་བཞིར་ཁྲག་གི་ཐིག་ལེའི་མཚན་མས་གདབ༔ ཅེས་དཔྲལ་བ། འཁུར་ཚོས་གཉིས་མ་ནེ་སྟེ་འབུར་བཞིར་ཁྲག་ཆེན་གྱི་ཐིག་ལེ་གདབ། རྒྱལ་ཐེབ་རྣམས་ལ་རྒྱལ་ཚབ་པས་བཀོད། མཐར་ཞི་རོལ་རིང་པོའི་འོག ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་བྷསྨ། མ་ཧཱ་ཀིཾ་ནི་རི་ཏི། མ་ཧཱ་རཀྟ་ཧཱུྃ༔ ཞེས་པའི་སྔགས་བརྗོད་བཞིན་དུ་རྒྱལ་ཐེབས་རྣམས་ཀྱིས་འདུས་པ་ཐམས་ཅད་ལ་རྟགས་གདབ་བོ། །བཅུ་པ་བྱིན་དབབ་པ་ནི། སློབ་དཔོན་དང་རྒྱལ་ཐེབས་རྣམས་སྔགས་ཆས་ཀྱིས་དཀྱིལ་འཁོར་མདུན་དུ་གཡབ་དྲིལ་ཐོགས་པས་འཁོད། དེའང་རིག་འཛིན་བྱིན་འབེབས་ལ་གཡབ་དར་སྣ་ལྔ་དང་དམར་པོ། གཞུང་གི་བྱིན་འབེབས་ནམ་བྱུང་ལ་སློབ་དཔོན་གྱིས་ཞིང་ལྤགས་དང༌། གཞན་རྣམས་གཡབ་དར་ནག་པོ་ཁོ་ན་གཡབ། ལས་རྡོར་གྱིས་གཡབ་དར་སྣ་ལྔའི་གཡབ་མོ་དང༌། གཡོན་སྤོས་ཕོར་ཚིལ་ཆེན་གུལ་གུལ་སྦྱར་སྤོས་ཀྱི་དུད་པ་ཅན་ཐོགས་ནས་མདུན་བསུ། འདུས་པ་རྣམས་ཀྱང་ཞྭ་གོས་བསྟར་ཏེ་རོལ་མོ་དབྱངས་དང་བཅས་རིག་འཛིན་བྱིན་འབེབས་ཚར་གཅིག་སྔོན་དུ་བཏང་བ་ནི་ཕྱག་སྲོལ་སྣང༌། དངོས་ནི། བླ་མ་རིག་འཛིན་རྡོ་རྗེ་ཕུར་པའི་ལྷ་ཚོགས་སོགས་ནས་སྒྲུབ་གཞུང་རྩ་བའི་ཕྲིན་ལས་ལྟར་ཤར་ནས་བྱིན་དབབ་སྟེ་དཀྱིལ་འཁོར་ལ་བསྐོར་བ་གཅིག་བྱས་ཏེ། ལྷོར་འཁོད་ནས་བྱིན་དབབ་པ་སོགས་ཕྱོགས་བཞིར་ལན་བཞི་གྲུབ་པའི་མཐར་རྒྱུད་གསུམ་རོལ་མོ་ལ་ཕྱག་བཞེས་ལྟར་རྐང་གླིང་དང་བཤུགས་གླུ་གསུམ་བཏང་བའི་ཚེ་ལན་གཅིག་བསྐོར་ལ་རང་རང་གནས་སུ་བཞུགས་ནས་བདག་བསྐྱེད་བསྡུ་ལྡང་དགེ་སྔོ་ཤིས་བརྗོད་བཅས་ཀྱིས་སྔོན་འགྲོ་ནས་སྟ་གོན་དང་དཀྱིལ་འཁོར་རྒྱན་བཀོད་སོགས་ཀྱི་བྱ་བ་རྣམས་གྲུབ་པའོ། །གཉིས་པ་ལ་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་དང༌། དབང་བསྐུར་ཅིང་དངོས་གྲུབ་བླང་བ་གཉིས་ལས། དང་པོ་ནི། སློབ་དཔོན་ཁྲུས་བྱས་དྲི་ཞིམ་པོ་ལུས་ལ་བྱུགས་ནས་རྒྱན་གྱིས་བརྒྱན་ཏེ་སྒྲུབ་པའི་གྲོགས་དང་ལྷན་ཅིག་པས་དཀྱིལ་འཁོར་ལ་ཕྱོགས་པར་འདུག་ནས། བརྒྱུད་འདེབས་དང་སྐྱབས་སེམས་ནས་བཟུང་བསྟོད་པའི་བར་ལས་བྱང་གི་གཞུང་བཞིན་ལ་བྱིན་འབེབས་གོང་དུ་རྟགས་གདབ་ཉིན་ལྟར་སྦྱར་མཛད་སྲོལ་ཡོད། རྒྱས་པར་སྤྲོ་ན་བསྙེན་བཟླས་སྐབས་ཛཔ་སྐུལ་རྒྱས་པ་དང་ཁྲོ་བཅུ་ཡབ་ཡུམ། ཕྲ་ཕྱག །སྲས་མཆོག་ཉེར་གཅིག་བཅས་རྣམས་ཀྱི་རྩ་སྔགས་བཟླས་སྟོང་ཚིག་འབུལ་བ་རྣམས་ཞིབ་རྒྱས་སྦྱར་ཏེ་སྒྲུབ་གཞུང་རྩ་བའི་ཕྲིན་ལས་རང་གཞུང་བསྲང་བ་དང༌། དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པ་གཉིས་བྱ། སྤྲོས་པ་བསྡུས་ན་རྩ་བའི་ཕྲིན་ལས་ཁོ་ན་ལས་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པ་མ་སྦྱར་ཀྱང་ཆད་སྐྱོན་མི་འབྱུང༌། །ལས་གཞུང་དུས་བཞིར་བསྲང་ཞེས་པའི་དོན་ནི། ཐོ་རང་སྔ་དྲོ་དགོང་མོ་སྲོད་དང་བཞི་སྟེ། སྔོན་འགྲོའི་ཆོས་ཐུན་གྱི་ཐོག་མ་དང༌། རྗེས་ཀྱི་བྱ་བ་ཐུན་རྗེས་མ་ལ་བྱ་ཞིང༌། ཐུན་གཞན་ལ་ཏིང་འཛིན་གསུམ་ནས་བཟླས་པའི་བར་དང་རྩ་བའི་ཕྲིན་ལས་རྐྱང་པའི་སྐབས་གནས་ཡུལ་མ་མོ་དབང་ཕྱུག་ཉེར་བརྒྱད་རྣམས་ཀྱི་བསྙེན་བཟླས་སྦྱར་མི་དགོས་པ་འཕྲུལ་ཤེས་པར་བྱས་ཏེ། བཟླས་པ་བྱ་དུས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཆོས་ཉིད་ལ་དམིགས་པའི་ཛབ་དགོངས་གསུམ་པོ་ལྷ་ཐམས་ཅད་ལ་འགྲེ་བར་བཅས་གཙོ་བོ་བསྐྱེད་རྫོགས་ཉམས་ལེན་དམར་ཁྲིད་སོགས་ཁྲིད་དང་བརྒྱུད་ལྡན་བླ་མའི་ཞལ་ལས་ངེས་པར་རྟོགས་པ་བྱས་ལ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་ཕཊ་ཛཿ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་དབྱེ༔ མདུན་གྱི་ནམ་མཁར་བཞུགས་པ་ཡི༔ གཉིས་ཀའི་ཐུགས་སྲོག་ཡི་གེའི་མཐར༔ སྔགས་ཕྲེང་སྒྲར་བཅས་འཁོར་བ་ལས༔ འོད་ཟེར་དཔག་ཡས་འཕྲོ་བར་བསམ༔ ཞེས་བརྗོད་ཅིང་བསྒོམ་པའི་དཀྱིལ་འཁོར་ལས་མར་མེ་གཅིག་ལས་གཉིས་མཆེད་ཚུལ་གྱིས་མདུན་དུ་བཤམ་པའི་དཀྱིལ་འཁོར་གྱི་གོ་སར་དཀྱིལ་འཁོར་གཉིས་པ་གསལ་གདབ། ཛཔ་བསྐུལ་ནི། ཧཱུྃ། མཐིང་ནག་གྲུ་གསུམ་གཞལ་ཡས་སུ༔ ལྷ་ཆེན་ཉི་ཟླ་པདྨའི་སྟེང༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་གི་སྒྲ་སྒྲོག་ཀཱི་ལ་ཡ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་བཏང་ངོ༔ ཞེས་བསྐུལ་ལ། བདག་མདུན་ཐུགས་ཀར་ཡེ་ཤེས་སེམས༔ སོགས། ཐོག་མར་ཛཔ་དབྱངས་ལན་གསུམ་སྐབས་ལས་རྡོར་གྱིས་དཀྱིལ་འཁོར་ལ་མེ་ཏོག་ཕུལ་ཞིང་པད་ཀོར་བཅས་གཟུངས་ཐག་བླངས་ཏེ་སློབ་དཔོན་དང་རྒྱལ་ཚབ་ལ་ཕུལ་བ། དེ་དག་གིས་ཀྱང་དེ་ལྟར་བླངས་ཏེ་གཙོ་སྙེན་གྲུབ་ཉེ་བ་དང་བསྙེན་རྒྱུན་པ་རྣམས་ཀྱིས་ཛཔ་བླང༌། རྒྱལ་ཚབ་པའི་གཟུངས་ཐག་ཐུན་དཔོན་ལ་སྤྲད་དེ། དེ་ནས་བརྩམས་ཏེ་སྒྲུབ་པའི་བསྙེན་རྒྱུན་མ་གྲོལ་གྱི་བར་དུ་བསྙེན་རྒྱུན་མི་བཅད་ཅིང་གཟུངས་ཐག་སྟོང་པར་མ་བོར་བ་བྱ་དགོས། ཐུན་མཚམས་སུ་སྟོང་ཚིག་གི་མཆོད་པ་ནི། ཧཱུྃ། དཔལ་ཆེན་ཕུར་བུའི་ལྷ་ཚོགས་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆགས་བཤགས། །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ། །མ་ཧཱ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི། སྔགས་ཕྲེང་བདག་མདུན་ཞལ་དང་མཁའི༔ སོགས། ཧཱུྃ། དཔལ་ཆེན་སོགས་ཀྱིས་སྟོང་ཚིག་ཕུལ། ཀཱི་ལ་རིགས་བཞིའི་བཟླས་པའི་ཐོག་མར་ཛབ་བསྐུལ་ནི། ཧཱུྃ། ཞི་རྒྱས་དབང་དྲག་ཨེ་ཡི་ཀློང༔ དགྲ་བགེགས་ཉི་ཟླ་པདྨའི་སྟེང༔ རྡོ་རྗེ་རིན་ཆེན་པདྨ་དང༔ ཕྲིན་ལས་སྲས་མཆོག་རྣམ་པ་བཞི༔ སྐུ་ལ་སོགས། བཟླས་དམིགས་ནི། དཔལ་གྱི་ཐུགས་ཀའི་འོད་ཟེར་གྱིས༔ སོགས། ཧཱུྃ། དཔལ་ཆེན་སོགས། རིགས་བཞི་རེ་རེ་བཞིན་སྟོང་ཚིག་ཕུལ། སྲས་མཆོག་ཉེར་གཅིག་ཛཔ་བསྐུལ་ནི། ཧཱུྃ། ཟླ་གམ་ཨེ་ཡི་གདན་སྟེང་དུ༔ སྤྲུལ་པའི་སྲས་མཆོག་ཉི་ཤུ་གཅིག༔ སྐུ་ལ་སོགས། བཟླས་དམིགས་ནི། དཔལ་ཆེན་སྐུ་ཡི་གནས་གསུམ་ལས༔ སོགས། ཧཱུྃ། དཔལ་ཆེན་སོགས་སྟོང་ཚིག་ཕུལ། ཁྲོ་བཅུ་ཡབ་ཡུམ་ཕྲ་ཕྱག་བཅས་ཀྱི་ཛབ་བསྐུལ་རྒྱས་པ་ནི། ཧཱུྃ། སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ ཚངས་པ་ཉི་ཟླ་པདྨའི་སྟེང༔ ཁྲོ་བོ་ཧཱུྃ་ཀར་སྒྲ་འབྱིན་ཡུམ༔ སྤྲུལ་པ་ཕག་དང་རྨིགས་བུའི་མགོ༔ སྐུ་ལ་སོགས། ཡབ་བཅུའི་བཟླས་དམིགས་ནི། གཙོ་བོའི་འོད་ཀྱི་ཕྱོགས་མཚམས་སུ སོགས། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཧཱུྃ། དཔལ་ཆེན་ཕུར་པའི་སོགས་སྟོང་ཚིག་ཕུལ། འོག་ཏུ་ཁྲོ་བཅུ་རེ་རེ་བཞིན་དེ་ལྟར་སྦྱར་དགོས། ཧཱུྃ། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ དྲི་ཟ་ཉི་ཟླ་པདྨའི་སྟེང༔ རྣམ་པར་རྒྱལ་བ་སྙེམས་མ་ཡུམ༔ སྤྲུལ་པ་སྟག་དང་བྱ་རྒོད་མགོ༔ སྐུ་ལ་སོགས། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ལྷོ་འཁོར་ལོའི་རྩིབས་སྟེང་དུ༔ མེ་ལྷ་ཉི་ཟླ་པདྨའི་སྟེང༔ དབྱུག་པ་སྔོན་པོ་སྡེར་མོ་ཡུམ༔ སྤྲུལ་པ་གཡག་དང་བྱ་རོག་མགོ༔ སྐུ་ལ་སོགས། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ གཤིན་རྗེ་ཉི་ཟླ་པདྨའི་སྟེང༔ གཤིན་རྗེ་གཤེད་པོ་དུར་བདག་ཡུམ༔ སྤྲུལ་པ་ཤ་བ་འུག་པའི་མགོ༔ སྐུ་ལ་སོགས། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཧཱུྃཿ ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་དུ༔ སྲིན་པོ་ཉི་ཟླ་པདྨའི་སྟེང༔ ཁྲོ་བོ་མི་གཡོ་གཏུན་ཁུང་ཡུམ༔ སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ༔ སྐུ་ལ་སོགས། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙཱ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ ཀླུ་དབང་ཉི་ཟླ་པདྨའི་སྟེང༔ རྟ་མགྲིན་དབང་ཆེན་གཏུམ་མོ་ཡུམ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ སྐུ་ལ་སོགས། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་བྱང་འཁོར་ལོའི་རྩིབས་སྟེང་དུ༔ རླུང་ལྷ་ཉི་ཟླ་པདྨའི་སྟེང༔ འདོད་པའི་རྒྱལ་པོ་མདའ་སྙེམས་ཡུམ༔ སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ༔ སྐུ་ལ་སོགས། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄༔ ཧཱུྃ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ གནོད་སྦྱིན་ཉི་ཟླ་པདྨའི་སྟེང༔ བདུད་རྩི་འཁྱིལ་པ་རླུང་འབྱིན་ཡུམ༔ སྤྲུལ་པ་སེང་གེ་ཕ་ཝཾ་མགོ༔ སྐུ་ལ་སོགས། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཤར་འཁོར་ལོའི་རྩིབས་སྟེང་དུ༔ དབང་ལྡན་ཉི་ཟླ་པདྨའི་སྟེང༔ ཁམས་གསུམ་རྣམ་རྒྱལ་གསོད་བྱེད་ཡུམ༔ སྤྲུལ་པ་དོམ་དང་སྲེ་མོང་མགོ༔ སྐུ་ལ་སོགས། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཧཱུྃ༔ འོག་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ ས་བདག་ཉི་ཟླ་པདྨའི་སྟེང༔ ཁྲོ་བོ་སྟོབས་ཆེན་སྐྱོད་བྱེད་ཡུམ༔ སྤྲུལ་པ་དྲེད་དང་བྱི་བའི་མགོ༔ སྐུ་ལ་སོགས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ྄༔ ཧཱུྃ༔ དཔལ་ཆེན་སོགས། ཡུམ་བཅུའི་བཟླས་དམིགས་ནི། རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ སོགས་སྔགས་རྣམས་སོ་སོར་བཟླ། ཧཱུྃ༔ དཔལ་ཆེན་སོགས། ཐུན་རྗེས་མ་ལྟ་བུ་བསྡུ་ན། ཧཱུྃ༔ ཕྱོགས་བཅུ་དྲེགས་པའི་གདན་སྟེང་དུ༔ ཁྲོ་བཅུ་ཡབ་ཡུམ་ཕྲ་མེན་བཅས༔ སྐུ་ལ་སོགས། ཕྲ་མེན་ཉི་ཤུའི་བཟླས་དམིགས་ནི། གཙོ་མོའི་འོད་ཀྱིས་ཁྲོ་བཅུ་བསྐུལ༔ སོགས་སྔགས་རྣམས་སོ་སོར་བཟླ། ཧཱུྃ། དཔལ་ཆེན་སོགས་ཀྱིས་སྟོང་ཚིག་ཕུལ། གནས་ཡུལ་མ་མོའི་བཟླས་དམིགས་ནི། དཔལ་ཆེན་རྣམས་ཀྱི་སྦྱོར་མཚམས་ནས༔ སོགས་སྔགས་རྣམས་སོ་སོར་བཟླ་ཞིང༌། ཧཱུྃ༔ དཔལ་ཆེན་སོགས་ཀྱིས་སྟོང་ཚིག་ཕུལ། སྒོ་མ་བཞིའི་བཟླས་པ། ཧཱུྃ༔ འབར་བའི་ཕོ་བྲང་སྒོ་བཞི་ན༔ ཞིང་ཆེན་བཀྲམ་པའི་གདན་སྟེང་དུ༔ ལས་བཞིས་ཚར་གཅོད་རྗེས་འཛིན་པའི༔ སྒོ་མ་ཆེན་པོ་རྣམ་པ་བཞི༔ སྐུ་ལ་སོགས། བཟླས་དམིགས། ལྷ་ཚོགས་ཐུགས་ཀའི་འོད་ཟེར་གྱིས༔ སོགས་སྔགས་རྣམས་སོ་སོར་བཟླ། ཧཱུྃ། དཔལ་ཆེན་སོགས་ཀྱིས་སྟོང་ཚིག་ཕུལ། དབང་ཕྱུག་ཉེར་བརྒྱད་བཟླས་པ་ནི། ཧེ་རུ་ཀ་དཔལ་ཁྲག་འཐུང་ལྷའི༔ སོགས་ནས། མཱ་ར་ཡ་ཕཊ༔ ཀྱི་བར་སྔགས་བདུན་ཚན་རྣམས་སྦྲེལ་ཏེ་བཟླ། ཧཱུྃ། དཔལ་ཆེན་སོགས་ཀྱིས་སྟོང་ཚིག་ཕུལ། ཕུར་སྲུང་བཟླས་པ། ཧཱུྃ། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི། །སྒོ་བཞི་བར་ཁྱམས་ཁོར་ཡུག་ཏུ། །དགྲ་བགེགས་བསྣོལ་བའི་གདན་སྟེང་དུ། །སྒོ་སྐྱོང་སྲུང་མའི་ཚོགས་ཐམས་ཅད། །སྐུ་ལ་སོགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷཱ་ཏ་ཡ་མ་མ་ཤྲཱི་གྷྲྃ་ཀརྨ་ཀཱ་ར་ཡེ་ཧཱུྃ་ཕཊ༔ ཅེས་བཟླ། ཧཱུྃ། དཔལ་ཆེན་སོགས་ཀྱིས་སྟོང་ཚིག་ཕུལ། ལས་སྦྱོར་ནི། དཀྱིལ་འཁོར་བརྒྱ་བཅུ་གཉིས་པའི་སྐབས་འདི་མི་དགོས། མཆན། དཀྱིལ་འཁོར་གསུམ་ལས་འོད་ཟེར་ནི༔ སོགས། པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ ཅེས་བཟླ། ཐུན་མཐར་དབྱངས་གསལ་རྟེན་སྙིང་དང༌། ཧཱུྃ། བླ་མེད་སོགས་ཀྱིས་མཆོད། ཧཱུྃ། སྒེག་པ་སོགས་ཀྱིས་བསྟོད། ཡིག་བརྒྱ་བཟླ། བསྙེན་སྒྲུབ་ལས་གསུམ་གྱི་གྲངས་ཚད་ལས་གཞུང་དུ་གསལ་བ་ལྟར་ཤེས་པར་བྱའོ། །དེ་ནས་ཚོགས་ཀྱི་མཆོད་པ་སོགས་རྗེས་ཀྱི་བྱ་བ་རྣམས་ལས་བྱང་ལྟར་རོ། །སྐབས་དེ་དག་ཏུ་བར་ཆད་ཀྱི་མཚན་མ་བྱུང་ན་ཉུལ་ལེ་བསྐྲད་པའི་ཆོ་ག་བྱ་སྟེ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་དམ་སྲི་ཉུལ་ལེ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམས་ཐག་པའི་ལུས་ཅན་དུ་གྱུར། ཞེས་བྲུབ་ཁུང་བསྐྱེད། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ༴ གཞན་ཡང་སྙིང་པོ་ཕྱག་རྒྱ་གསང་སྔགས་རིག་སྔགས་གཟུངས་སྔགས་རྣམས་ཀྱི་བཀའ༴ ཁྱད་པར་དུ་ཡང་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས་ཀྱི་བཀའ༴ བཀའ་སྡོད་ཆོས་སྐྱོང་མ་མོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། དགྲ་བགེགས་གནོད་བྱེད་ཁྱད་པར་སྒྲུབ་པ་ཟབ་མོ་ལ་བར་དུ་གཅོད་པའི་དམ་སྲི་ཉུལ་ལེ་སྒབ་འདྲེ་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ ལན་གསུམ། གིང་པ་ལས་ཀྱི་ཕོ་ཉར་གསལ་བའི་ཐུགས་ལས་མཚོན་ཆའི་ཆར་ཕབ་པས་གནོད་བྱེད་རྡུལ་དུ་བརླག་པར་བསམ་ལ། ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་ཟད་ཁྲོ་གཏུམ་སྐུར་བསྟན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུའི་སྐུ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ ཕུར་པའི་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་ཟུང་ལ་ཕུར་པས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རྃ་རྃ་ཛྭ་ལ་རྃ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་ཕུར་བསྐོར་བཅས་པ་དང༌། ཁྱད་པར་དུ་གཞི་སྙིང་གཅིག་དྲིལ། ཁྲོ་བཅུའི་ཐུན་སྔགས་རྣམས་ཀྱིས་གདབ། སྤུ་གྲིའི་སྔགས་བརྗོད་ལ་ཊཱ་ཀི་རྣམས་ཀྱི་ཐུན་བྲབ། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་ཟླུམ་ཉི་མའི་ཟེར་ལྟར་འཕྲོ༔ སྨིན་མ་གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུག༔ བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམས་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་འབྲུག་སྟོང་སྒྲོགས༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལ་མེ་ཆེན་འབར༔ བ་སྤུ་གནམ་ལྕགས་ཞུན་མའི་རྡོ་རྗེ་འཁྲུག༔ སྨིན་མཚམས་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང༔ ཞབས་ཀྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབས༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཆངས་པར་བཅུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུགས་ཤིང་ཀླུ་སྲིན་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་མནན༔ བདུད་ལ་བབ་ན་སྙིང་ཁྲག་དྲོན་མོ་གསོལ༔ སྲིན་ལ་བབ་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབ་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབ་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ༔ དམ་ཉམས་དགྲ་དང་འབྱུང་པོ་བགེགས་ལ་སོགས༔ ཕུང་པོ་དུམ་བུར་གཏུབ་ལ་དོན་སྙིང་སྲེག༔ དམ་ཉམས་ཉུལ་ལེའི་བར་ཆད་རྡུལ་དུ་རློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ་གྲུ་བུ་གྲུ་ཨ་པ་ཙེ༔ རཱུ་པ་ཙེ༔ ན་ར་ཙེ༔ ཙ་མེ་ཐུན་ཐུན༔ ན་ཤ་སྟྭྃ་བྷ་ཡ༔ ཡཀྵ་བྱིན༔ ཡཀྵ་བྱིན༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཙིཏྟ་རྦད་ནན༔ ཨོཾ་སུཾ་བྷ་ནི་སོགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲཱ་མ་རཱ་ཛ་ཏྲིག་ནན༔ དྷ་ན་རཀྵ་རྦུད་ལིང༔ ཏྲིའུ་ཏྲིའུ་མ་མ་ན་ཡ་ཤོ་ན་ཛཿ མཱ་ར་ཡ༔ རྦད་རྦད༔ དྲག་སྔགས་དང་དང་ཁྱད་པར་གྱི་དབྱུག་པས་བསྡིགས་ཤིང་ཐུན་གྱིས་བྲབ་བོ། །ཐུན་སྔ་མ་རྣམས་ཀྱི་མཇུག་ཏུ་ཉུལ་ལེ་བསྐྲད་གཟིར་སྟབས་བདེ་བྱེད་ན། ཛཔ་ཀྱི་སྟོང་ཚིག་རྗེས་སུ་རྡོ་རྗེ་མཚམས་པས་གུ་གུལ་དུད་པ་དང་ཐུན་བྲབ་སྟེ་དཀྱིལ་འཁོར་བསྐོར་ལ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་སོགས་དྲག་སྔགས་སོ་ལྔ་པ་དང༌། སྤུ་གྲི་དང་སྡེར་མོའི་སྔགས་བཅས་ཀྱིས་ཐུན་བྲབ་ཅིང་ཚར་བཅད་ལ་སྲུང་འཁོར་བསྒོམ། དེ་མ་ཐག་དངོས་གྲུབ་སྟེར་བའི་ལྷ་རེ་འབྱུང་བས། སྒྲུབ་པ་པོ་རྣམས་རྒྱན་དང་ཆས་གོས་བསྟར་ནས་དཀྱིལ་འཁོར་ལ་བསྐོར་ཏེ། རོལ་མོ་སྣ་ཚོགས་པའི་སྒྲ་སྒྲོག་ཅིང་ཚིལ་ཆེན་དང་གུ་གུལ་བདུག །དར་ནག་དང་ལྕང་ལོ་མི་ལྤགས་ཀྱིས་གཡབ་ཅིང་ལས་བྱང་ལྟར་བྱིན་དབབ་པའི་མཐར་ཛཔ་དབྱངས་ལན་གསུམ་བྱས་པས་ཉིན་ཐུན་གྲུབ་བོ། །གཉིས་པ་ལ་གཞན་དོན་དུ་དབང་བསྐུར་བ་དང༌། རང་དོན་དུ་དངོས་གྲུབ་བླང་བ་གཉིས་ལས། དང་པོ་ནི། དབང་བསྐུར་རྒྱས་འབྲིང་གང་འོས་སྐབས་དང་བསྟུན་ཏེ་དབང་གཞུང་ལྟར་བྱའོ། །གཉིས་པ་ནི། སྒྲུབ་པའི་མཚན་མ་དགེ་བར་མཐོང་ན་སླར་ཡང་མཆོད་གཏོར་གསར་པ་བཟང་དུ་བཤམས་ཏེ། ཅུང་ཟད་སྔ་བར་འཚོགས་ལ། ལས་བྱང་སོགས་འདོན་བྱ་ཉིན་སྔ་མ་རྣམས་ལྟར་ལ་བསྙེན་བཟླས་སྐབས་ཐུན་དཔོན་གཟུངས་ཐག་རྒྱལ་ཚབ་པར་འབུལ་མཐར་ཐུན་པ་རྣམས་དང་ཆབས་ཅིག་ཁ་སྐོང་དང་སྟོང་ཚིག་བྱས་ལ་གཟུངས་ཐག་ལས་རྡོར་གྱིས་བསྡུ་ཞིང༌། ཐུན་པ་རྣམས་ཀྱིས་ཀཱི་ལ་ཡ་ལ་དངོས་གྲུབ་བླང་སྔགས་བཏགས་ལ་རྒྱུན། སྲུང་མའི་གཏོར་ཆོག་ཚོགས་སྐོང་རྒྱས་པར་བྱ། ཚོགས་ཐ་མའི་སྐབས་ཉུལ་ལེའི་ལིངྒ་མེར་བསྲེགས་པའི་ཐལ་བ་ཆོས་སྲུང་གཏོར་མར་བསྟབ། དེ་ནས་དངོས་གྲུབ་འཕྲོག་པའི་བགེགས་བསྐྲད་པ་ནི། སྒྲུབ་པ་པོ་རྣམས་ཞྭ་ཆོས་སོགས་གཟི་བྱིན་བསྐྱེད་ལ་བཀའ་བསྒོ་བ་ནི། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཞེས་སུམ་བྷ་ནིས་སྔགས་བཅས་དཀྱིལ་འཁོར་བསྐོར་ཞིང་བགེགས་བསྐྲད། མཚམས་བཅད་པ་ནི། ཧཱུྃ༔ མི་ཤིགས་མཚོན་ཆའི་གུར་དང་ས་གཞི་ལ༔ དམར་ནག་དམར་སྨུག་མེ་ཡི་འདུ་འཕྲོ་འཁྱིལ༔ ཡེ་ཤེས་ཁྲོ་བོ་བཅུ་ཡང་དབྱིངས་ནས་བཞེངས༔ ཁྲག་འཐུང་རོལ་པའི་ལྷ་ཚོགས་ནང་ན་བཞུགས༔ མཚམས་ཀྱི་དཀྱིལ་འཁོར་མ་ལུས་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ ཐུགས་ཀ་ནས་སྤྲུལ་པའི་ཁྲོ་ཚོགས་ཕུར་བུ་འབར་བའི་སྤྲིན་འཕྲོ་བ་རྣམས་ཀྱིས་བདུད་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཚར་བཅད་སླར་འདུས་ཏེ་རྡོ་རྗེ་སྲུང་བའི་འཁོར་ལོས་ཕྱོགས་ཐམས་ཅད་དུ་གཏམས་ནས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་སྲུང་བའི་མཚམས་བཅད་པར་བསམ་མོ། །ཞེས་སྲུང་འཁོར་བསྒོམ་ལ་ལས་རྡོར་གྱིས་སྤོས་གཡབ་དར་དང༌། རྒྱལ་ཚབ་པས་གཡབ་དྲིལ་ཐོགས་ལ་འདུས་པ་དང་དཀྱིལ་འཁོར་བསྐོར་ལ་གཞུང་གི་བྱིན་འབེབས་བརྗོད་ཅིང་བྱིན་དབབ། ཧཱུྃ། བཅོམ་ལྡན་བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ཚོགས། །ཆོས་སྐུ་རྣམ་དག་ལོངས་སྐུའི་དབྱིངས་ནས་ཤར། །སྤྲུལ་སྐུ་འགྲོ་དོན་རྫོགས་མཛད་ཕུར་བུའི་ལྷ། །རྡོ་རྗེ་གཞོན་ནུ་སྲས་འཁོར་མ་ལུས་དགོངས། །ཐོག་མེད་དུས་ནས་འཁོར་འདས་བདག་གཞན་ཚུལ། །ཆོས་རྣམས་མཉམ་ཡངས་སྤྲོས་བྲལ་ངང་ཉིད་ལས། །ལས་ཀྱི་དབང་གིས་ཐ་དད་སོ་སོར་བཟུང༌། །དོན་དམ་དབྱེར་མེད་ངང་དུ་མཐོལ་ལོ་བཤགས། མ་རིག་བག་ཉལ་རྣམ་རྟོག་རྐྱེན་དབང་གིས། །རྒྱལ་བའི་དགོངས་སྤྱོད་ཟབ་མོའི་གཏིང་མ་རྟོགས། །ཐབས་དང་ཤེས་རབ་ཡ་བྲལ་བླང་དོར་སྤྱོད། །བདེ་གཤེགས་བཀའ་དང་འགལ་སྤྱད་མཐོལ་ལོ་བཤགས། །ཐུན་མོང་ཁྱད་པར་རྩ་ལག་དམ་ཚིག་རྣམས། །ཇི་ལྟར་བཤད་པའི་གཞུང་བཞིན་མ་བསྲངས་པ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ། །གནོང་འགྱོད་དྲག་པོས་མཐོལ་བཤགས་ཚངས་པར་གསོལ། །ཞེས་པས་འཁོན་གཅུགས་དང་ཉམས་སྒྲིབ་བཤགས། ཡོན་ཏན་དངོས་གྲུབ་བླང་བ་ལ་དམིགས་པའི་ཛཔ་ནི། བདག་དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་གསང་གནས་ཟླ་བར་རྡོ་རྗེ་རྩེ་ལྔ་བུ་གར་ཨོཾ་གྱིས་མཚན་པ། ཡུམ་གྱི་མཁའ་པདྨ་འདབ་བརྒྱད་ལ་ཨེར་ཨཾ་གིས་མཚན་པར་བསམ་ལ་སྙོམས་པར་ཞུགས་པས་ཡུམ་གྱི་དུང་ཁང་ན་ཁྲག་འཐུང་རིགས་ལྔ་གནས་པ་རྣམས་བསྐུལ་སྙོམས་པར་ཞུགས་པས་ཡབ་ལྔའི་བྱང་སེམས་མུ་ཏིག་ལྟ་བུ། ཡུམ་ལྔའི་དྭངས་མ་མཚལ་ལྟ་བུ་དྷཱུ་ཏི་ནས་བྱུང༌། ཁམས་དཀར་དམར་འདྲེས་ནས་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བ་ཡི་གེ་གསུམ་དུ་གྱུར་པ་བདག་གི་རྡོ་རྗེའི་བུ་གར་རྔུབས་ནས་དྭངས་མའི་སྲོག་ལ་ཐིམ་པས་བདེ་སྟོང་འཛིན་མེད་རང་བྱུང་གི་ཡེ་ཤེས་འབར་བར་བསམ་ལ་དཀྱིལ་འཁོར་གསུམ་གྱི་ཛཔ་མཐར། ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཛཿཧཱུྃ་ཨཿ ཞེས་བཏགས་པ་ཅི་ནུས་སུ་བཟླས་ལ་སྙན་པའི་གདུང་དབྱངས་དྲག་པོའི་སྒྲ་དང་བཅས་པས། ཧཱུྃ། སྲིད་པའི་ཕུར་བུ་སྒྲུབ་པ་དང༌། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །གཉིས་མེད་དག་པའི་མཁའ་དབྱིངས་ནས། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ས་མ་ཡ་ཛཿཧཱུྃ་བྃ་ཧོཿ ཞེས་བསྐུལ་ལ་ཀ་པཱ་ལ་མཚན་ལྡན་དུ་ཁྲག་ཆང་ཨ་མྲྀ་ཏ་དང་མངར་གསུམ་སྦྱར་བ་བདུད་རྩིར་སྦར་བ་ཐོགས་ཏེ། ཧཱུྃ། འཆི་མེད་བདུད་རྩི་སྨན་གྱི་བཅུད། །ཉོན་མོངས་གདུང་བ་སེལ་བའི་མཆོག །ཛ་གད་རཀྟའི་མཆོད་པ་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཞེས་ཁྲག་ཆང་མཐེབ་སྲིན་གྱིས་འཐོར་ཞིང་སོ་སོའི་མཚན་དང་སྔགས་མཐར། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་བཏགས་པས་མཆོད། དངོས་གྲུབ་བསྡུ་བའི་ཛཔ་དབྱངས་དང་བཅས་པས་དཀྱིལ་འཁོར་ལ་བསྐོར་ཞིང༌། ཤར་དུ་འཁོད་པས་དངོས་གྲུབ་ཀྱི་རྫས་རྣམས་ཐོགས་ལ། ཧཱུྃ༔ དཔལ་ཆེན་འབར་བ་སོགས། ཕ་ལ་ཧཱུྃ་ཨ༔ ཞེས་ལས་བྱང་གི་དངོས་གྲུབ་བསྐུལ་ཚིག་བརྗོད་པས། ལྷ་དང་དངོས་གྲུབ་འོད་དུ་ཞུ། བདག་གི་ཐུགས་སྲོག་ལ་བསྡུ་ཞིང་དབྱེར་མེད་དུ་གྱུར་པར་བསམ་པ་རྣམས་དངོས་གཞིའི་ཆོ་གའོ། །སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ལ། ཕྲིན་ལས་ལ་སྦྱར་བ། གཏོར་མ་བཏང་བ། དཀྱིལ་འཁོར་བསྡུ་བ། མཚམས་དགྲོལ་བ། རྡུལ་ཚོན་གཤེགས་པ། བསྔོ་སྨོན་བྱ་བ། དགའ་སྟོན་དང་ཤིས་པར་བྱ་བའོ། །དང་པོ་ནི། བསྲེག་འཕང་མནན་པའི་ཆོ་ག་གསུམ་གྱིས་ལས་མཇུག་བསྡུས་ཏེ་སྒྲུབ་གཞུང་ཆེན་མོར་བལྟའོ། །བསྡུས་པར་ཟོར་རྣམས་ཕྱིར་བཏེགས། ལས་བྱང་གི་ཟོར་ལས་ཀྱི་དགྲ་ཕྱོགས་སུ་འཕངས་ནས་ཚེར་མ་ཅན་གྱི་ཧོམ་གྲུ་གསུམ་པར་མེ་ཉིད་རྡོ་རྗེ་སྲིན་པོའི་ལྷ་ཚོགས་སུ་གསལ་བའི་ཞལ་དུ་སྲེག་ལིང་ཞུན་མར་དང་བཅས་པ་སྤུ་གྲིའི་སྔགས་མཐར་སྲེག་སྔགས་བཏགས་པས་བསྲེག །མནན་རྫས་རྣམས་སྒོའི་ཕྱིར་དོང་གྲུ་གསུམ་བྲུས་པར་མནན་ལ་རོ་གཡམ་རྒྱ་གྲམ་བྲིས་པས་བཀབ། དམིགས་བྱ་གཤིན་རྗེའི་བཙོན་ཁང་དུ་ཚུད་པའི་སྟེང་དུ་རི་རབ་ཀྱིས་མནན་པར་བསམ་ལ་མནན་སྔགས་བརྗོད་ཅིང་བྲོ་བརྡུང་གཞུང་བཞིན་དུ་བྱའོ། །གཞན་ཡང་ཞི་བ་ལ་སོགས་པའི་ཕྲིན་ལས་རབ་འབྱམས་གང་གིས་སེམས་ཅན་གང་འདུལ་བ་དེ་དང་དེའི་མོས་བློས་དང་འཚམས་པའི་སྤྱོད་པ་ལ་འཇུག་པར་བྱའོ། །གཉིས་པ་གཏོར་མ་བཏང་བ་ནི། འཇིག་རྟེན་ལས་འདས་པའི་གཏོར་མ་རྣམས་དངོས་གྲུབ་ཀྱི་དོན་དུ་བཞག་ལ། དམ་ཅན་ལ་སོགས་པའི་འཕྲལ་གཏོར་རྣམས་རོལ་མོའི་སྒྲ་དང་བཅས་པས་ཡང་ཐོག་ཏུ་ཁྱེར་ལ་ཐ་ཚིག་བརྗོད་ཅིང་བརྟན་མ་བསྐྱངས་ཏེ་ཛ་གད་ཕུད་སྐྱེམས་དང་བཅས་པས་ཀྱང་མཆོད་དོ། །གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། རྒྱས་པ་དང་ཞི་བའི་སྦྱིན་སྲེག་ཆོ་ག་བཞིན་དུ་བྱ་ཞིང༌། གཏང་རག་གི་དོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕྱག་སྔོན་དུ་འགྲོ་བས་ཕྱི་ནང་གི་མཆོད་པ་འབུལ་ཞིང་བསྟོད་པ་བྱ། དེ་ནས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ་ཤར་གྱི་སྒོར་གཙོ་བོ་ལ་ཕྱོགས་པར་འདུག་ནས། ཧོཿ དཔལ་ཆེན་པོའི་ལྷ་ཚོགས་ཐམས་ཅད་དགོངས་སུ་གསོལ། སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ཞིང་མངོན་པར་འདོད་པའི་དོན་གྲུབ་པར་གསོལ་བ་གདབ་པ་ནི། ཨོཾ། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། ཅེས་སོགས་དང༌། བཛྲ་མུཿས། རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་གཤེགས། རྣམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བདག་ལ་བསྟིམ་སྟེ་ཉེར་བསྡུ་བཅས་ལས་གཞུང་བཞིན་བྱའོ། །བཞི་པ་མཚམས་དགྲོལ་བ་ནི། ཕྱི་རོལ་གྱི་ཤར་ལ་སོགས་པར་རིམ་པ་བཞིན་སོང་སྟེ། རྒྱལ་པོ་ཆེན་པོ་བཞི་དང༌། སྒོ་བའི་ཕྱི་ནང་གི་གཉིས་མེ་ཏོག་ལ་སོགས་པས་མཆོད་ཅིང་གཏོར་མ་ཕུལ་ནས་བསྟོད་པ་བྱ་བ་རྣམས་སྔར་བཞིན་དང༌། ཡེ་ཤེས་པ་སྐུ་གཟུགས་ཀྱི་བྱང་བུ་རྣམས་ལ་བསྟིམས་ཏེ་ལྷག་གནས་ཀྱི་མེ་ཏོག་འཐོར་ནས་ནང་དུ་ཞུགས་ལ། ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་ལྡན་པས། སུམ་བྷ་ནི། བརྗོད་ཅིང་ཕུར་བུ་རྣམས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུང་སྟེ། ཨོཾ་རུ་རུ་སྥུ་རུ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་ཕུར་རྩེ་བཀྲུ་ཞིང་འཐོར། ལྷ་རྣམས་ཀྱང་གཤེགས་ལ་ཁུང་བུ་དགང་ངོ༌། །ལྔ་པ་རྡུལ་ཚོན་བསྡུ་ཞིང་གཤེགས་པ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ། ཨ་ཀཱ་རོ་བརྗོད་བཞིན་པས་གཡས་པའི་རྡོ་རྗེས་ཤར་གྱི་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དབྱེ་ཞིང་ལྷག་མ་གཞན་རྣམས་རྗེས་མི་མངོན་པར་འཕྱག་ལ། དོན་དུ་གཉེར་བར་ཅུང་ཟད་བྱིན་ནས་གཞན་རྣམས་བུམ་པར་བླུགས་པ་སློབ་དཔོན་སློབ་མར་བཅས་པས་བཀྲ་ཤིས་པའི་གླུ་དང་རོལ་མོ་རྣམ་པར་བཀྲ་བའི་ལྟད་མོ་སྣ་ཚོགས་དང་བཅས་པའི་སྣ་དྲངས་བཀུར་བསྟི་དང་བཅས་ཏེ་རྒྱ་མཚོར་འབབ་པའི་ཆུ་བོའམ་མཚོ་དང་ཆུ་མིག་སོགས་སྐམ་པར་མི་འགྱུར་པར་རྒྱུན་དུ་གནས་པའི་ཆུ་འགྲམ་དུ་མཎྜལ་ལྟ་བུའི་གཞི་ལ་རྡུལ་ཚོན་དཀར་པོས་པདྨ་འདབ་བརྒྱད་འབྲི་བ་འམ་སྤར་དུ་བཏབ་པའི་དབུས་དང་འདབ་མ་ལ་མེ་ཏོག་གི་ཚོམ་བུ་བཀོད། མཐར་ཆུ་གཉིས་ཉེར་སྤྱོད་ལྔ། །ཀླུ་སྨན་བཏབ་པའི་འོ་མ་གཏོར་མ་དང་བཅས་པ་དང༌། དེའི་རྒྱབ་མདུན་གང་འོས་ཀྱི་སྟེགས་བུ་མཐོ་བ་ལ་རྡུལ་ཚོན་བཞུགས་སུ་གསོལ། མཆོད་པ་རྣམས། ཨ་མྲྀ་ཏས་བསང༌། སྭ་བྷཱ་བས་སྦྱངས། ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཞེས་པས་བྱིན་གྱིས་བརླབས་ནས་སླར་ཡར་རྟེན་བསངས་སྦྱངས། སྟོང་པའི་ངང་ལས་ཝཾ་ལས་བྱུང་བའི་རྒྱ་མཚོ་རིན་པོ་ཆེ་དང་མེ་ཏོག་གིས་གང་བའི་དབུས་སུ་པདྨ་ཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རང་སྣང་གི་ཡུམ་དང་བཅས་པའོ། །སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། འདབ་མ་བརྒྱད་ལ་འཁོད་པ་ནི། སྟོད་ལྷའི་ལུས་ཅན་ཐལ་མོ་སྦྱར་བ་སྦྲུལ་མགོའི་གདེངས་ཀ་དང་ལྡན་པ་སྨད་སྦྲུལ་མཇུག་ཏུ་འཁྱིལ་ཞིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་འཁོར་དང་བཅས་པར་གྱུར། ཨོཾ་བཛྲ་སཏྭ་ཨཱཥྚ་ནཱ་ག་ཨ་དྷི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང༌། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། ལག་གཡོན་གདེངས་ཀའི་ཚུལ་དང༌། གཡས་མཆོད་སྦྱིན་གྱི་རྒྱས། ཨོཾ། ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང༌། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་མོ་དང༌། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང༌། །སོག་མ་མེད་དང་ཧུ་ལུཎྜ། །དགའ་བོ་དང་ནི་ཉེར་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང༌། །ཚ་བ་ཚ་བ་ཆེན་པོ་དང༌། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང༌། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང༌། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང༌། །ཚི་ལེ་ཆེན་པོ་རྣམ་དག་གོ །ཨོཾ་བྷཀྵ་བྷཀྵ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུརྦྷུ་ཝ་ཕྲུཾ་ཕྲུཾ་སྭཱ་ཧཱ༔ ཞེས་པ་གསུམ་གྱིས་གཏོར་མ་ཕུལ་ནས། གོང་བཞིན་མཆོད་བསྟོད་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་དང༌། ཀླུ་ཡི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་རིན་པོ་ཆེའི་རང་བཞིན་འདི་རྣམས་བདག་གིར་མཛད་ནས་མཆོད་པ་དང༌། འཇིག་རྟེན་གྱི་ཁམས་སྤྱི་དང༌། ཁྱད་པར་ས་ཕྱོགས་འདི་དག་ཏུ་བདེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་སོགས་སྐབས་སུ་བབ་པའི་ཕྲིན་ལས་གསོལ་ནས། ཨོཾ། ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱིས་ཤིས་བརྗོད་དང༌། ཡིག་བརྒྱ་དང༌། མ་རྙེད་ཡོངས་སུ་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ཀྱི་མཐར། གཙྪ་གཙྪ་སྭ་བྷཱ་ཝ་ནཱཾ། ཨོཾ་ཨཱཿཧཱུྃ་མུ༔ ཞེས་པས་རོལ་མོའི་སྒྲ་དང་བཅས་པས་ཀླུ་རྣམས་གཤེགས། ཛཿཧཱུྃ་བྃ་ཧོཿས། རྡོ་རྗེ་སེམས་དཔའ་རང་ལ་བསྟིམ། རྡུལ་ཚོན་མཆོད་གཏོར་བསྡུས་རིམ་བཞིན་ཆུར་དོར། གཞིའི་མཎྜལ་གྱི་ཚོམ་བུ་རྣམས་ཆུར་གཤེགས་ཤིང་རེ་ཁཱ་ཡང་འཁྲུ། ཚོན་སྣོད་ཀྱི་བུམ་པ་ཆུ་གཙང་གིས་བཀང༌། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷནི་སྭཱ་ཧཱ༔ ཞེས་སྤྱན་མའི་སྔགས་བཟླས་བཞིན་དཀྱིལ་འཁོར་ཁང་པ་སོགས་ལ་བཀྲ་ཤིས་པའི་ཕྱིར་བསང་གཏོར་བྱ་ཞིང་ཕྱོགས་ཐམས་ཅད་དུ་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པར་བྱའོ། །དྲུག་པ་བསྔོ་སྨོན་ནི། ཧོཿ དགོངས་སུ་གསོལ་ལོ། སོགས་ལས་བྱང་ལྟར་དང༌། ཁྱད་པར་མར་མེའི་སྨོན་ལམ་ནི། དཔོན་སློབ་ཐམས་ཅད་ལག་བསྣོལ་བས་སྲིན་ལག་སྦྲེལ། གཡས་སུ་མར་མེ་ཐོགས། རྡོ་རྗེ་རྒྱལ་ཐེབས་ཀྱིས་སྣམ་སྦྱར་དང་བཅས་བཞེངས་ཏེ་གཏོང་ཐུན་སྔོན་དུ་འགྲོ་བས། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས། །འཁོར་བའི་གཡང་ས་ཆེན་པོར་མི་ལྷུང་ཞིང༌། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང༌། །ལོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིམ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་འཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང༌། །སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང༌། །གསུམ་པའི་དབང་གིས་སྦྲེལ་བའི་རིགས་མ་གསུམ། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེའི་དུས་བྱུང་ཚེ། །འཁོར་བའི་གཡང་སར་ལན་གཅིག་ལྷུང་སྲིད་ཀྱང༌། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །སྣང་བའི་སྒོ་འབྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡིས་ཤུལ་མཚོན་ཅིང༌། །ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་བསྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོར་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང༌། །རྡོ་རྗེ་ཁྲོ་རྒྱལ་ཁྱེད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང༌། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཅེས་བརྗོད། །བདུན་པ་དགའ་སྟོན་དང་ཤིས་པར་བྱ་བ་ནི། སླར་ཡང་བཟའ་བཅའ་དང་མྱང་བ་ལྡག་པ་དང་ཆང་ལ་སོགས་པའི་ལོངས་སྤྱོད་ཆེན་པོ་དང་ལྡན་པས་སྐྱེ་བོ་དམ་པའི་འདུས་པ་དང་དགའ་སྟོན་ཆེན་པོར་བྱ་ཞིང༌། ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་ཐོག་དྲངས། ལས་གཞུང་ནས་འབྱུང་བའི་བཀྲ་ཤིས་སོགས་རྒྱས་པར་བརྗོད་ཅིང་ཕྱོགས་ཐམས་ཅད་དུ་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པར་བྱའོ། །སྔ་འགྱུར་རིང་ལུགས་ཀུན་གསལ་མཛེས་རྒྱན་དུ། །བཀའ་གཏེར་ཕུར་པ་རྒྱུ་སྐར་ལྟར་བཀྲ་བ། །མཁས་གྲུབ་རིག་འཛིན་ལྷ་དབང་གིས་བསྟར་བའི། །ཆོས་སྐལ་མ་ཆད་ཙམ་དུ་ཡིན་རློམས་བགྱིད། །ཟབ་གསང་རྒྱུད་དོན་མན་ངག་དབྱིག་ཏུ་བསྡེབས། །ལས་ཅན་སྐལ་བཟང་ལང་ཚོའི་དགའ་སྟོན་དུ། །བསྟར་འདིའི་ལྔ་བདོའི་རྒུད་པ་རྒྱུན་ཆད་པའི། །ལྷག་བསམ་སོར་མོས་བསྟར་ལ་ནོངས་པ་ཅི། །མཁས་པས་དཔྱད་བཟོད་གྲུབ་པས་བསྔགས་འོས་སུ། །གཟུར་གནས་སྤྱན་བརྒྱའི་འབབ་སྟེགས་གྱུར་འདི་ཡང༌། །བརྒྱུད་པ་དགུ་ལྡན་བླ་མའི་ཕ་ཕོག་ཕྱིར། །སྦ་བར་མ་ནུས་འབད་པས་སྣང་བར་བྱས། །རྨད་བྱུང་རྣམ་དཀར་ཆུ་ཤེལ་འཛིན་མཚུངས་བདུད་རྩིའི་ཟིལ། །བསྟན་འགྲོའི་འོ་མཚོར་འཕོས་པས་ཕན་བདེའི་ཀུ་མུ་ཏའི། །དྲི་བསུང་མངར་འཐུལ་མཁའ་མཉམ་ཡིད་ཅན་སིམ་བྱས་པའི། །དགེ་མཚན་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་ཆོས་འདི་རང་སྐལ་དུ་བཞེས་པའི་འཁྲུལ་ཞིག་རྡོ་རྗེ་འཛིན་དབང་ངག་དབང་མདོ་སྔགས་བསྟན་འཛིན་དང༌། ལས་སྨོན་བཟང་པོའི་འབྲེལ་བའི་མཆོག་སྤྲུལ་པདྨ་དབང་རྒྱལ་དང༌། གྲུབ་སྲས་ཨོ་རྒྱན་སྟོབས་རྒྱལ་སོགས་ལས་ཅན་མང་པོས་ཡང་ཡང་བསྐུལ་ཀྱང་སྙོམས་ལས་རྒན་པོ་འདུ་འཛིའི་ཆུ་རླབས་ཀྱིས་ཁྱེར་བར་བརྩམས་པའི་ཚེ་རིགས་བརྒྱའི་ཁྱབ་བདག་འཇམ་མགོན་མཁྱེན་བརྩེའི་མཆོག་སྤྲུལ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་དང༌། རབ་འབྱམས་འགྱུར་མེད་ཆོས་ཀྱི་སེང་གེ་ཟུང་གི་ཐུགས་བསྐྱེད་གྲུ་གཟིངས་ལ་བསྟེན་ནས་གྲུབ་པའི་ཚེ། ཡི་གེ་འབྲི་རྩོལ་གྱི་མཐུན་སྦྱོར་རྟེན་མཆོག་འགྱུར་མེད་གླིང་གི་བྱང་འདྲེན་པདྨ་བཀྲ་ཤིས་དང༌། དད་གུས་རྣམ་དཔྱོད་གསལ་བ་སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས་གཉིས་ཀྱིས་མཛད་དེ་མཚོ་སྐྱེས་རྒྱལ་བ་གཉིས་པས་རྡོ་རྗེ་ཕུར་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་རླངས་ཆེན་དཔལ་གྱི་སེང་གེ་སོགས་ལས་ཅན་རྡོ་རྗེའི་འདུས་པ་སྨིན་པར་མཛད་ཅིང་གངས་ཅན་མཐའ་དབུས་ཆོས་ནོར་རྫས་གཏེར་གྱིས་གཏམས་པ་དང་ཆབས་ཅིག་ཡིད་སྲུབ་ཀྱི་རུ་མཚོན་བསྙིལ་ནས་ཐུབ་བསྟན་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ་ཡི་རྔ་གསང་འཁྲོལ་མཛད་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་མདུན་ལྷ་ཀླུ་ཀུན་ཏུ་དགའ་བའི་ནེའུ་གསེང་གི་སྐྱེད་ཚལ་དུ་བསྙེན་མཚམས་ཀྱི་ཐུན་གསེང་དུ་རས་དཀར་གྱི་ལྡིང་གུར་ལ་གནས་པའི་འཁོས་མེད་གྱི་ན་བ་པདྨ་མདོ་སྔགས་གླིང་པ་ཀློང་ཆེན་ནམ་མཁའ་འོད་གསལ་གྱིས་བྲིས་པས་མཉམ་མེད་ཤཱཀྱ་སེང་གེའི་བསྟན་པ་མཁའ་ཁྱབ་དུ་རྒྱས་པའི་རྒྱུར་གྱུར་ཅིག །དགེའོ།། །།}} | ||
</onlyinclude> | </onlyinclude> |
Revision as of 18:04, 12 December 2022
Wylie title | gnyags lugs rdo rje phur pa'i sgrub pa chen po'i las rim rin chen in+d+ra nI la'i chun 'phyang | |
---|---|---|
Location | dil mgo mkhyen brtse bka' 'bum Volume 21, Text 17, Pages 109-152 (Folios 1a to 44a5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra) | |
Citation | Khyentse, Dilgo. Gnyags lugs rdo rje phur pa'i sgrub pa chen po'i las rim rin chen in+d+ra nI la'i chun 'phyang. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 21: 109-152. Delhi: Shechen Publications, 1994. | |
Genre | Structural Arrangement for Ritual Practice - sgrub khog | |
Cycle | སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod) | |
Deity | rdo rje phur pa | |
Colophon |
།ཅེས་ཆོས་འདི་རང་སྐལ་དུ་བཞེས་པའི་འཁྲུལ་ཞིག་རྡོ་རྗེ་འཛིན་དབང་ངག་དབང་མདོ་སྔགས་བསྟན་འཛིན་དང༌། ལས་སྨོན་བཟང་པོའི་འབྲེལ་བའི་མཆོག་སྤྲུལ་པདྨ་དབང་རྒྱལ་དང༌། གྲུབ་སྲས་ཨོ་རྒྱན་སྟོབས་རྒྱལ་སོགས་ལས་ཅན་མང་པོས་ཡང་ཡང་བསྐུལ་ཀྱང་སྙོམས་ལས་རྒན་པོ་འདུ་འཛིའི་ཆུ་རླབས་ཀྱིས་ཁྱེར་བར་བརྩམས་པའི་ཚེ་རིགས་བརྒྱའི་ཁྱབ་བདག་འཇམ་མགོན་མཁྱེན་བརྩེའི་མཆོག་སྤྲུལ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་དང༌། རབ་འབྱམས་འགྱུར་མེད་ཆོས་ཀྱི་སེང་གེ་ཟུང་གི་ཐུགས་བསྐྱེད་གྲུ་གཟིངས་ལ་བསྟེན་ནས་གྲུབ་པའི་ཚེ། ཡི་གེ་འབྲི་རྩོལ་གྱི་མཐུན་སྦྱོར་རྟེན་མཆོག་འགྱུར་མེད་གླིང་གི་བྱང་འདྲེན་པདྨ་བཀྲ་ཤིས་དང༌། དད་གུས་རྣམ་དཔྱོད་གསལ་བ་སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས་གཉིས་ཀྱིས་མཛད་དེ་མཚོ་སྐྱེས་རྒྱལ་བ་གཉིས་པས་རྡོ་རྗེ་ཕུར་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་རླངས་ཆེན་དཔལ་གྱི་སེང་གེ་སོགས་ལས་ཅན་རྡོ་རྗེའི་འདུས་པ་སྨིན་པར་མཛད་ཅིང་གངས་ཅན་མཐའ་དབུས་ཆོས་ནོར་རྫས་གཏེར་གྱིས་གཏམས་པ་དང་ཆབས་ཅིག་ཡིད་སྲུབ་ཀྱི་རུ་མཚོན་བསྙིལ་ནས་ཐུབ་བསྟན་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ་ཡི་རྔ་གསང་འཁྲོལ་མཛད་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་མདུན་ལྷ་ཀླུ་ཀུན་ཏུ་དགའ་བའི་ནེའུ་གསེང་གི་སྐྱེད་ཚལ་དུ་བསྙེན་མཚམས་ཀྱི་ཐུན་གསེང་དུ་རས་དཀར་གྱི་ལྡིང་གུར་ལ་གནས་པའི་འཁོས་མེད་གྱི་ན་བ་པདྨ་མདོ་སྔགས་གླིང་པ་ཀློང་ཆེན་ནམ་མཁའ་འོད་གསལ་གྱིས་བྲིས་པས་མཉམ་མེད་ཤཱཀྱ་སེང་གེའི་བསྟན་པ་མཁའ་ཁྱབ་དུ་རྒྱས་པའི་རྒྱུར་གྱུར་ཅིག །དགེའོ།། | |
/ces chos 'di rang skal du bzhes pa'i 'khrul zhig rdo rje 'dzin dbang ngag dbang mdo sngags bstan 'dzin dang*/_las smon bzang po'i 'brel ba'i mchog sprul pad+ma dbang rgyal dang*/_grub sras o rgyan stobs rgyal sogs las can mang pos yang yang bskul kyang snyoms las rgan po 'du 'dzi'i chu rlabs kyis khyer bar brtsams pa'i tshe rigs brgya'i khyab bdag 'jam mgon mkhyen brtse'i mchog sprul thub bstan chos kyi rgya mtsho dang*/_rab 'byams 'gyur med chos kyi seng ge zung gi thugs bskyed gru gzings la bsten nas grub pa'i tshe/_yi ge 'bri rtsol gyi mthun sbyor rten mchog 'gyur med gling gi byang 'dren pad+ma bkra shis dang*/_dad gus rnam dpyod gsal ba sprul sku kun dga' bkra shis gnyis kyis mdzad de mtsho skyes rgyal ba gnyis pas rdo rje phur pa'i ye shes kyi dkyil 'khor du mkha' 'gro ye shes mtsho rgyal dang rlangs chen dpal gyi seng ge sogs las can rdo rje'i 'dus pa smin par mdzad cing gangs can mtha' dbus chos nor rdzas gter gyis gtams pa dang chabs cig yid srub kyi ru mtshon bsnyil nas thub bstan phyogs las rnam par rgyal ba'i lha yi rnga gsang 'khrol mdzad stag tshang seng ge bsam 'grub kyi mdun lha klu kun tu dga' ba'i ne'u gseng gi skyed tshal du bsnyen mtshams kyi thun gseng du ras dkar gyi lding gur la gnas pa'i 'khos med gyi na ba pad+ma mdo sngags gling pa klong chen nam mkha' 'od gsal gyis bris pas mnyam med shAkya seng ge'i bstan pa mkha' khyab du rgyas pa'i rgyur gyur cig_/dge'o//_ |