DKR-KABUM-21-ZHA-015: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=སྙན་བརྒྱུད་སྙིང་གི་གསང་མཛོད་ལས། གཉགས་ལུགས་རྡོ་རྗེ་ཕུར་པའི་བདག་འཇུག་རྡོ་རྗེའི་ཡེ་ཤེས་མཆོག་གི་དཔལ་སྐྱེད། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 21: . Delhi: Shechen Publications, 1994. | |fulltitle=snyan brgyud snying gi gsang mdzod las/ gnyags lugs rdo rje phur pa'i bdag 'jug rdo rje'i ye shes mchog gi dpal skyed | ||
|citation=[[Khyentse, Dilgo]]. ''Snyan brgyud snying gi gsang mdzod las gnyags lugs rdo rje phur pa'i bdag 'jug rdo rje'i ye shes mchog gi dpal skyed''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 21: 101-107. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|associatedpeople=gnyags dz+nyA na ku mA ra | |associatedpeople=gnyags dz+nyA na ku mA ra | ||
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | |associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | ||
|tibgenre= | |tibgenre=Self-Initiation - bdag 'jug | ||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
Line 21: | Line 20: | ||
|cycle=snyan brgyud snying gi gsang mdzod | |cycle=snyan brgyud snying gi gsang mdzod | ||
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | |cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | ||
|volumenumber=021 | |volumenumber=021 | ||
|volnumtib=༢༡ | |volnumtib=༢༡ | ||
|volyigtib=ཞ་ | |volyigtib=ཞ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=015 | |||
|pagenumbers=101-107 | |||
|totalpages=14 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=7b3 | ||
|totalfolios=7 | |||
|multivolumework=No | |||
|rectonotes=bdag 'jug | |||
|versonotes=gnyags lugs phur pa | |versonotes=gnyags lugs phur pa | ||
| | |colophontib=།ཅེས་པའང་ཕྲིན་ལས་ཕུར་པ་གྲུབ་པའི་རིག་འཛིན་ཆེན་པོ་གུ་རུ་རྡོ་རྗེ་ཐོད་ཕྲེང་གིས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཆེན་པོར་སྨིན་པར་མཛད་པའི་གནས་མོན་སྟག་ཚང་སེང་གེ་བསམ་གྲུབ་ཀྱི་ཀེའུ་ཚང་དང་གོང་ཕང་དང་གོས་ཀྱི་ཚུལ་དུ་འབྲེལ་བ་སྤ་གྲོ་སྐྱེར་ཆུའི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་དུ་ཚུལ་འདིས་སྒྲུབ་མཆོད་བགྱིས་པའི་སྐབས་མཁྱེན་ཡོན་རྨད་བྱུང་གནམ་མཚོ་དོ་སྐྱ་མཆོག་སྤྲུལ་འགྱུར་མེད་ཆོས་ཀྱི་ཉི་མ་དཔོན་སློབ་ནས་གསུང་བསྐུལ་བཞིན་ལམ་འདིའི་བཀའ་བབ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་བྲིས་པའི་ཡི་གེ་པ་ནི་བློ་གསལ་དད་མོས་དགེ་བ་འབྲུག་གྲྭ་ཡོན་ཏན་ཕུན་ཚོགས་ནས་བགྱིས་པ་འདིས་ཀྱང་ཕྲིན་ལས་རྡོ་རྗེ་གཞོན་ནུའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག། | ||
|colophonwylie=/ces pa'ang phrin las phur pa grub pa'i rig 'dzin chen po gu ru rdo rje thod phreng gis mkha' 'gro ye shes mtsho rgyal rdo rje phur pa'i dkyil 'khor chen por smin par mdzad pa'i gnas mon stag tshang seng ge bsam grub kyi ke'u tshang dang gong phang dang gos kyi tshul du 'brel ba spa gro skyer chu'i mtha' 'dul yang 'dul gyi gtsug lag khang du tshul 'dis sgrub mchod bgyis pa'i skabs mkhyen yon rmad byung gnam mtsho do skya mchog sprul 'gyur med chos kyi nyi ma dpon slob nas gsung bskul bzhin lam 'di'i bka' bab klong chen nam mkha' 'od gsal pad+ma mdo sngags gling pas bris pa'i yi ge pa ni blo gsal dad mos dge ba 'brug grwa yon tan phun tshogs nas bgyis pa 'dis kyang phrin las rdo rje gzhon nu'i go 'phang mngon du byed pa'i rgyur gyur cig/ | |||
|pdflink=File:DKR-KABUM-21-ZHA-015.pdf | |pdflink=File:DKR-KABUM-21-ZHA-015.pdf | ||
}} | }} | ||
Line 37: | Line 41: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །སྙན་བརྒྱུད་སྙིང་གི་གསང་མཛོད་ལས། གཉགས་ལུགས་རྡོ་རྗེ་ཕུར་པའི་བདག་འཇུག་རྡོ་རྗེའི་ཡེ་ཤེས་མཆོག་གི་དཔལ་སྐྱེད་ཅེས་བྱ་བ་བཞུགས།། | {{TibP|༄༅། །སྙན་བརྒྱུད་སྙིང་གི་གསང་མཛོད་ལས། གཉགས་ལུགས་རྡོ་རྗེ་ཕུར་པའི་བདག་འཇུག་རྡོ་རྗེའི་ཡེ་ཤེས་མཆོག་གི་དཔལ་སྐྱེད་ཅེས་བྱ་བ་བཞུགས།། | ||
<br> | |||
༄༅། །རྒྱལ་ཀུན་ཕྲིན་ལས་དཔལ་གྱི་མཚོན། །འཇུག་ཕྱིར་རྡོ་རྗེ་བཞིའི་ཡེ་ཤེས། སྐྱེད་བྱེད་ཐབས་ཀྱི་གསང་ལམ་མཆོག །སྐལ་བཟང་འཇུག་བདེའི་བཙས་སུ་སྤེལ། །རྡོ་རྗེ་ཐེག་པའི་དབང་གི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་དུ་བྱེད་པའི་ཐབས་ཀྱི་གསེང་ལམ་རྨད་དུ་བྱུང་བ། འགལ་རྐྱེན་ཉམས་ཆག་སྦྱོང་ཞིང་བར་ཆད་མཐའ་དག་སེལ་ཞིང་མཐུན་རྐྱེན་ཐུན་མོང་དང་ཐུན་མིན་གྱི་དངོས་གྲུབ་བདེ་བླག་ཏུ་ཐོབ་པའི་གསང་བ་རྨད་དུ་བྱུང་བ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཆེན་པོ་བཞི་རུ་བདག་ཉིད་འཇུག་ཅིང༌། རྡོ་རྗེ་ཕུར་པ་སྒྲུབ་ཚུལ་བཞི་ཡི་སྣོད་རུང་དུ་བྱེད་པའི་ཚུལ་འཆད་པ་ལ། རབ་རྡུལ་ཚོན། འབྲིང་རས་བྲིས་ཀྱི་དཀྱིལ་འཁོར་གཞུང་མཐུན་ནམ་ཚོམ་བུ་ལ་བརྟེན་པའི་དཀྱིལ་འཁོར་དུ་དབང་རྫས་བུམ་པ། དབུ་རྒྱན། རྡོ་རྗེ། དྲིལ་བུ། རྡོར་དྲིལ་བསྣོལ་མ། གསང་ཐོད། རིག་ཙཀ །ཤེལ་རྡོ། དཀྱིལ་འཁོར་ཡོངས་རྫོགས་ཀྱི་ལྷ་ཙཀ །སྒྲོལ་ཕུར་བཅས་ཕྱག་ལེན་ལྟར་དུ་འགོད། ཉེར་སྤྱོད་དང་སྨན་རཀ་གཏོར་མ། བཀའ་སྲུང་གཏོར་འབུལ། དཀར་བགེགས་བཅས་དང༌། རང་གི་མདུན་དུ་ལས་བུམ། ཌཱ་མ་རུ་རྡོར་དྲིལ་སོགས་འདུ་བྱས་ལ། བརྒྱུད་འདེབས་ནས་བརྩམས། བསྙེན་སྒྲུབ་ཀྱི་བཟླས་པ་དང༌། བུམ་པ་བྷྲཱུཾ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཞེས་བརྗོད་ཅིང་བསམ་ལ། གཟུངས་ཐག་ནས་བཟུང་ཏེ་བསྙེན་སྒྲུབ་ལས་ཀྱི་བཟླས་པ་ཁྱུག་ཙམ་བྱ། ལས་བུམ་དུ་སྐད་ཅིག་གིས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་གུ་གཡས་རྒྱ་གྲམ་དང་གཡོན་ཞགས་པ་ཐོགས་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་བབ་པས་བུམ་པ་གང་བར་བསམ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཅེས་བཟླས་མཐར། དབྱངས་གསལ་རྟེན་སྙིང་ལན་གསུམ། བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་བསྒྲལ་བསྟབ་བར་གཞུང་བཞིན་བཏང་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། སུམྦྷ་ནིས་བགེགས་བསྐྲད། བཛྲ་ཛྙཱ་ན་རཀྵས་སྲུང་འཁོར་བསྒོམ། ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱས་མིག་རས་འཆིང༌། ཨ་ཁཾ་ཝི་ར་ཧཱུྃ་གིས་མེ་ཏོག་བཟུང༌། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ཕྲིན་ལས་སྟོབས་རྫོགས་ཀཱི་ལ་ཡ༔ དཔལ་ཆེན་ཀརྨ་ཧེ་རུ་ཀའི༔ དཀྱིལ་འཁོར་གཉན་པོར་འཇུག་པར་འཚལ༔ ལན་གསུམ། ན་མོ༔ བདག་སོགས་འགྲོ་ཀུན་སོགས་ཀྱིས་སྐྱབས་འགྲོ་ལན་གསུམ། མཁའ་མཉམ་སེམས་ཅན་སོགས་ཀྱིས་སེམས་བསྐྱེད་ལན་གསུམ། བདག་དང་མཐའ་ཡས་སེམས་ཅན་རྣམས༔ རྡོ་རྗེ་སློབ་དཔོན་སོགས་ཀྱིས་བསགས་སྦྱངས། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང༌། །རིག་འཛིན་མཁའ་འགྲོ་རྒྱ་མཚོ་དཔག་མེད་ཀྱིས། །སྡོམ་པ་མཐའ་ཡས་རྒྱ་མཚོ་བཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་བཟུང་བར་བགྱི། །ལན་གསུམ་གྱིས་སྡོམ་པ་བཟུང༌། བྷྲཱུཾཔྲ་བེ་ཤ་ཡ་ཕཊ་ཀྱིས་སྒོ་དབྱེ། ཛཿཧཱུྃ་བྃ་ཧོཿས་ནང་དུ་བཇུག །འདི་ནི་རྡོ་རྗེ་བདུད་རྩིའི་ཆུ༔ ཧེ་རུ་ཀ་དཔལ་ཉིད་ཡིན་ཏེ༔ བསྲུང་ན་དངོས་གྲུབ་སེམས་དཔའ་སྩོལ༔ མ་བསྲུང་ངེས་པར་འཚིག་སྟེ་བརླག༔ ས་མ་ཡ་ཨི་དཾ་ཏོ་ད་ཀ་ཋ་ཋ་ཋ་ཧཱུྃ༔ ཞེས་དམ་ཆུ་བཏུང༌། ཡེ་ཤེས་དབབ་པ་ནི། སྣོད་ནི་འོག་མིན་སྟུག་པོ་བཀོད། །བཅུད་ཀྱི་རྟོག་པ་ཀཱི་ལ་ཡ། །མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད། །གཡས་དཀར་གཡོན་དམར་དབུས་མཐིང་ནག །དེ་སྟེང་ཞལ་གསུམ་ལྗང་སེར་ནག །དེ་སྟེང་ཞལ་གསུམ་སྨུག་མཐིང་དམར། །གཡས་དགུ་དང་པོས་རྡོ་རྗེ་གདེངས། །འཁོར་ལོ་དགྲ་སྟྭ་རལ་གྲི་མདུང༌། །ཐོ་བ་ལྕགས་ཀྱུ་གསལ་ཤིང་བསྣམས། །གཡོན་དགུས་མེ་དཔུང་ཁཊྭཱཾ་ག །རི་རབ་ཞགས་པ་བྷནྡྷ་དམར། །སྡིག་མཛུབ་མདའ་དང་བདུད་བཞིའི་མགོ། །ཐ་མས་རི་རབ་ཕུར་བུ་འདྲིལ། །རང་འོད་ཡུམ་དང་མཉམ་སྦྱོར་བའི། །ཐུགས་སྲོག་ཧཱུྃ་ལ་སེམས་བཟུང་ཞིང༌། །སྙོམས་འཇུག་སྒྲ་དང་འོད་ཟེར་སྤྲིན། །གདུང་བའི་གླུ་ཡིས་ཐུགས་དམ་བསྐུལ། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །ཆར་བཞིན་བབ་སྟེ་དབྱེར་མེད་ཐིམ། །ཡེ་ཤེས་ཆེན་པོའི་བྱིན་ཐོབ་གྱུར། །སྤོས་རོལ་བཅས་ལས་བྱང་གི་བྱིན་འབེབས་བཏང་ལ་དབབ། རྡོ་རྗེ་སྤྱི་བོར་བཞག ཏིཥྛ་བཛྲས་བརྟན་པར་བྱ། བོ་དྷི་ཙིཏྟ་ཨ་པྲ་ཏི་པཱུ་ཛ་ཧོཿས་མེ་ཏོག་དོར། པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལས་སླར་སྤྱི་བོར་བཅིངས། བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ྄་ཀྱིས་མིག་དར་བསལ་བས། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་བདག་ཉིད་རྩ་བ། ཕྱོགས་བཅུ་ཁྲོ་བོ་ཡབ་ཡུམ་ཕྲ་ཐབས་བཅས། སྲས་མཆོག་ཕུར་བུའི་དཀྱིལ་འཁོར་གསུམ་དང༌། སྒོ་མ་བཀའ་སྡོད་ཆོས་སྐྱོང་དང་བཅས་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་གསལ་བར་གྱུར། དེས་སྔོན་འགྲོ་འཇུག་པའི་ཆོས་རྣམས་སོང་ནས། དངོས་གཞིའི་ཆེད་དུ་མཎྜལ་ཕུལ། ཧེ་རུ་ཀ་དཔལ་བླ་མ་དགོངས༔ བདག་ཅག་རྡོ་རྗེའི་རིགས་ཅན་དུ༔ སྒྲུབ་པ་སྐལ་པ་ཤིན་ཏུ་བཟང༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ ལན་གསུམ་གྱིས་གསོལ་བ་གདབ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་ནས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་དགྱེས་བཞིན་དུ་བུམ་པའི་ཆུས་དབང་བསྐུར་བར་གྱུར། ཧཱུྃ༔ ཞེ་སྡང་བདུད་འཇོམས་ཧེ་རུ་ཀ༔ བཛྲ་སྤྱི་དཔལ་མེ་ལོང་གི༔ ཡེ་ཤེས་བུམ་ཆུས་དབང་བསྐུར་བས༔ སྒྲིབ་དག་སྐལ་པ་མཆོག་ལྡན་ཤོག༔ ཨོཾ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་མི་བསྐྱོད་པ་ཆུས་དབང་བསྐུར་བས་ཉོན་མོངས་པ་ཞེ་སྡང་དག །མེ་ལོང་ཡེ་ཤེས་མངོན་དུ་གྱུར། ཐུགས་རྡོ་རྗེ་མི་བསྐྱོད་པ་དང་སྐལ་པ་མཉམ་པར་གྱུར། དབུ་རྒྱན་ཐོགས་ལ། ཏྲཱྃ༔ ང་རྒྱལ་བདུད་འཇོམས་ཧེ་རུ་ཀ༔ རཏྣ་སྤྱི་དཔལ་ཡེ་ཤེས་ཀྱི༔ ཕྱག་རྒྱ་དབུ་རྒྱན་དབང་བསྐུར་བས༔ མཉམ་ཉིད་རྟོགས་པའི་དབང་ཐོབ་ཤོག༔ རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྃ༔ ཞེས་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱིས་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་དག །མཉམ་ཉིད་ཡེ་ཤེས་མངོན་དུ་གྱུར། ཡོན་ཏན་རིན་ཆེན་འབྱུང་ལྡན་དང་སྐལ་པ་མཉམ་པར་གྱུར། རྡོ་རྗེ་ལག་གཡས་སུ་ཐོགས་ལ། ཧྲཱིཿ འདོད་ཆགས་བདུད་འཇོམས་ཧེ་རུ་ཀ༔ པདྨ་སྤྱི་དཔལ་སོར་རྟོག་གི༔ ཡེ་ཤེས་རྡོ་རྗེས་དབང་བསྐུར་བས༔ རྗེས་ཆགས་དབང་གི་དོན་རྟོགས་ཤོག༔ བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་སྣང་བ་མཐའ་ཡས་རྡོ་རྗེས་དབང་བསྐུར་བས་ཉོན་མོངས་པ་འདོད་ཆགས་དག །སོར་རྟོག་ཡེ་ཤེས་མངོན་དུ་གྱུར། གསུང་སྣང་བ་མཐའ་ཡས་དང་སྐལ་པ་མཉམ་པར་གྱུར། དྲིལ་བུ་དཀྲོལ་ཞིང་ལག་གཡོན་དུ་ཐོགས། ཨཱཿ ཕྲག་དོག་བདུད་འཇོམས་ཧེ་རུ་ཀ༔ ཀརྨ་སྤྱི་དཔལ་བྱ་བ་གྲུབ༔ ཤེས་རབ་དྲིལ་བུས་དབང་བསྐུར་བས༔ དོན་གཉིས་རྫོགས་པའི་གནས་ཐོབ་ཤོག༔ ཀརྨ་གཎྜེ་ཨ་བྷི་ཥིཉྩ་ཨཱཿ ཞེས་དོན་ཡོད་གྲུབ་པ་དྲིལ་བུས་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་དག །བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར། ཕྲིན་ལས་དོན་ཡོད་གྲུབ་པ་དང་སྐལ་པ་མཉམ་པར་གྱུར། རྡོར་དྲིལ་བསྣོལ་མ་སྤྱི་བོར་བཟུང་སྟེ་དཀྲོལ་ལ། ཨོཾ༔ གཏི་མུག་བདུད་འཇོམས་ཧེ་རུ་ཀ༔ བུདྡྷ་སྤྱི་དཔལ་ཆོས་ཀྱི་དབྱིངས༔ རྡོ་རྗེའི་མིང་གིས་དབང་བསྐུར་བས༔ རིགས་ཀྱི་འཁོར་ལོར་ངེས་པར་ཤོག༔ ཀྱཻ་བཻ་རོ་ཙ་ན་ཨོཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རྣམ་པར་སྣང་མཛད་མིང་གིས་དབང་བསྐུར་བས་ཉོན་མོངས་པ་གཏི་མུག་དག །ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར། སྐུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་དང་སྐལ་པ་མཉམ་པར་གྱུར། དབང་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་རྣམ་པར་རྒྱལ་བའི་བུམ་པ་དཀྱིལ་འཁོར་ཡོངས་སུ་རྫོགས་པས་དབང་བསྐུར་བར་གྱུར། རྣམ་བུམ་བཏེགས་ལ། ཧཱུྃ༔ བུམ་པ་རང་བྱུང་གཞལ་ཡས་ཁང༔ ནང་བཅུད་རིགས་ལྔའི་ཧེ་རུ་ཀ༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་དབང་བསྐུར་བས་བདུད་རྩིས་ལུས་ཀྱི་ནང་གང༌། དྲི་མ་ཐམས་ཅད་དག །ཐོབ་བྱའི་ཡོན་ཏན་མ་ལུས་པ་ཡོངས་སུ་རྫོགས། ཆུ་ལྷག་ཡར་ལུད་པ་ལས་རིགས་ཀྱི་ཁྱབ་བདག་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། བུམ་དབང་གི་མཐའ་རྟེན་རྡོ་རྗེ་གསུམ་གྱིས་ནང་ནུས་པ་འཇུག་པའི་དབང་བསྐུར་བ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་སྤྲོས་ནས་རང་གི་དཔྲལ་བ་ནས་ཐིམ་པས་སྣང་སྟོང་སྐུ་རྡོ་རྗེའི་བྱིན་རླབས་ཁྱད་པར་ཅན་ཐོབ་པར་མོས་ཤིག །སྐུ་ཙཀ་རྣམས་ཀྱིས་རིམ་བཞིན་དབང་བསྐུར་ལ། ཧཱུྃ༔ དབུས་ཕྱོགས་གྲུ་གསུམ་གཞལ་ཡས་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་སྦྱོར༔ སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི་བཅས༔ སྤྲུལ་པ་ཁྲོ་བཅུ་སྲས་མཆོག་སྤྲོ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔལ་ཆེན་པོ་དང་གཉིས་མེད་ཤོག༔ རྩ་སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། ཕྱོགས་བཅུའི་འཁོར་ལོའི་རྩིབས་སྟེང་ནས། །བདུད་འདུལ་ཁྲོ་བོ་ཡབ་ཡུམ་བཅུ། །སྤྲུལ་པ་ཕྲ་ཕྱག་ཉི་ཤུ་ཡིས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །ཕྱོགས་བཅུའི་གདོན་འདུལ་མཐུ་ཐོབ་ཤོག །རང་སྔགས། ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། ཟླ་གམ་གསུམ་དུ་སྐུ་གསུང་ཐུགས། །སྤྲུལ་པའི་སྲས་གསུམ་རིགས་བཞི་ཡིས། རིགས་ཀྱི་བུ་ལ་དབང་བསྐུར་བས། །ཁམས་གསུམ་འདུལ་བའི་དབང་ཐོབ་ཤོག །རྩ་སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། དཀྱིལ་འཁོར་སྒོ་བཞིའི་འཁོར་ཡུག་ནས། །སྒོ་མ་དབང་ཕྱུག་ཕུར་སྲུང་གིས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །ཕྲིན་ལས་རྣམ་བཞི་མཐར་ཕྱིན་ཤོག །རྩ་སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་གསལ་བརྟན་དག་གསུམ་དང་ལྡན་པའི་བསྐྱེད་རིམ་གྱད་དུ་གྱུར་པས་བདུད་བཞིས་ཀྱང་བསྐྱོད་དུ་མེད་པའི་གདེང་ཐོབ་པར་གྱིས་ཤིག །ལྷ་ཚོགས་རྣམས་ཀྱི་ཞལ་ནས་སྔགས་ཀྱི་ཕྲེང་བ་བྱུང་རང་གི་ངག་ལ་ཐིམ་པས་དྲག་སྔགས་ནུས་པའི་མཐུ་དབང་ཐོབ་པར་མོས་ལ་རྗེས་ཟློས་མཛོད། བསྙེན་སྒྲུབ་ཀྱི་སྔགས་ལན་གསུམ་དང་སྤུ་གྲིའི་སྔགས་ལན་གཅིག་བཟླ། དེང་ནས་བཟླས་པ་ཆུ་བོའི་རྒྱུན་ལྟར་བརྩོན་པས་ཕྲིན་ལས་མཐའ་དག་ཐོགས་མེད་དུ་འགྲུབ་པར་གྱིས་ཤིག །བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཐུགས་ཀ་ནས་སྤྲོས་ཤིང་སྙིང་དབུས་སུ་ཐིམ་པས་ཟུང་འཇུག་འོད་གསལ་རང་བྱུང་གི་དགོངས་པ་མངོན་དུ་གྱིས་ཤིག ཕུར་པ་ཐོགས་ལ། ཧཱུྃ༔ རྡོ་རྗེ་སྟོང་པ་ཉིད་ཀྱི་དབྱིངས༔ གཞོན་ནུ་ཡེ་ཤེས་རིག་པའི་སྐུ༔ མཚོན་བྱེད་དཔལ་གྱི་ཕྱག་མཚན་འདི༔ སྐལ་ལྡན་བུ་ལ་སྦྱིན་གྱིས་ལོངས༔ ཨོཾ་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ནས་བཟུང་སྟེ་རིག་སྟོང་ཡེ་ཤེས་ཆེན་པོའི་ངང་ལ་མཉམ་པར་བཞག་པ་ལས་མ་གཡོས་པས་རྟོག་ཚོགས་ཐམས་ཅད་དགོངས་པ་མི་འགྱུར་བའི་གཟེར་དང་འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར་ཐེབ་པར་གྱིས་ཤིག །དེ་ལྟར་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྙེན་པའི་རྣལ་འབྱོར་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསང་དབང་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པས་རང་འོད་ཀྱི་ཡུམ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་གྱུར། བྷནྡྷའི་བདུད་རྩི་ལྕེ་ཐོག་ཏུ་བཞག་ལ། ཨེ་མ་ཧོཿ སངས་རྒྱས་ཀུན་གྱི་གསང་བ་ནི༔ ལྷག་པའི་བྱང་ཆུབ་སེམས་ཆེན་པོ༔ དེ་རིང་བུ་ལ་སྦྱིན་པར་བྱ༔ རྟོག་པ་བྲལ་བས་རོལ་ཅིག་བུ༔ བདུད་རྩི་མྱངས་ཏེ། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་རྗེས་ཟློས་བྱ། དེ་ལྟར་ན་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་ཉེ་བསྙེན་རྩ་རླུང་གཏུམ་མོ་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཤེར་དབང་ནི། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་གཞོན་ནུའི་སྐུར་གསལ་བ་ལ་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རིགས་དང་ལང་ཚོ་རྫོགས་པའི་རིག་མ་འཁོར་ལོ་རྒྱས་འདེབས་ཀྱི་ངོ་བོ་ཅན་རེ་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་གྱུར། རིག་ཙཀ་ཐོགས་ལ། ཨེ་མ་བདེ་བ་ཐམས་ཅད་ཀྱི༔ འབྱུང་གནས་རྡོ་རྗེ་སྣ་ཚོགས་གཟུགས༔ བདེ་མཆོག་སྐྱེད་བྱེད་དེང་གཏད་པས༔ རྟོག་པ་བྲལ་བས་རོལ་ཅིག་བུ༔ མ་ཧཱ་མུ་དྲ་ཧོཿ རང་དང་རིག་མ་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་དགའ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་རྒྱུད་ལ་སྐྱེས་པར་གྱུར། འཁྱུད་རྒྱ་བྱ། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་སྒྲུབ་པ་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །དབང་བཞི་པ་ནི། རྡོ་རྗེ་སེམས་དཔའི་མེ་ལོང་དང་འཇའ་ཤེལ་བཟུང་ལ། ཨཿ ད་ལྟའི་ཤེས་པ་བློ་བྲལ་འདི༔ ཟང་ཐལ་ཀུན་ཁྱབ་ས་ལེ་བ༔ རིག་སྟོང་ཆོས་སྐུའི་དགོངས་པ་འདི༔ ངེས་དོན་རྡོ་རྗེ་གཞོན་ནུ་ཡིན༔ ཨ་ཨ་ཨ་དྷརྨ་དྷཱ་ཏུ་ཨ་ཧོཿ ཞེས་དཔེའི་བརྡ་ཐབས་ཀྱིས་མཚོན་ཏེ། ཨ། ལྟ་བ་བློ་འདས་གདོད་མའི་བབ། །སྒོམ་པ་མ་བཅོས་ལྷུག་པར་བཞག །སྤྱོད་པ་རང་གྲོལ་གཉུག་མའི་ངང༌། །འབྲས་བུ་གཞིར་སྣང་ཆེན་པོར་རྫོགས། ཨ་ཨ་ཨ། ཞེས་དགོངས་པ་བསྐྱང༌། དེ་ལྟར་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་དག །ལམ་སྒྲུབ་པ་ཆེན་པོ་དབྱིངས་རིག་ཟུང་འཇུག་སྒོམ་པ་ལ་དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་རྗེས། གཙོ་བོས་ཇི་ལྟར་སོགས་དང་མཎྜལ། དེང་ནས་བརྩམས་ཏེ་སོགས་སྤྱི་ལྟར་དགེ་བསྔོ་བྱས་པས་གྲུབ་བོ། །ལས་གཞུང་གི་ཚོགས་ལ་རོལ་ཞིང་ལྷག་མ་སོགས་མཐར་དབྱུང་བར་བྱའོ། །ལྷག་པའི་ཏིང་འཛིན་དཀྱིལ་འཁོར་དུ། །ཞུགས་པས་ཡེ་ཤེས་མཆོག་བསྐྱེད་ནས། །སྐུ་བཞིའི་གྲོང་ཁྱེར་ཉམས་དགའ་བར། །འཇུག་པའི་སྐལ་བཟང་མངོན་གྱུར་ཅིག །ཅེས་པའང་ཕྲིན་ལས་ཕུར་པ་གྲུབ་པའི་རིག་འཛིན་ཆེན་པོ་གུ་རུ་རྡོ་རྗེ་ཐོད་ཕྲེང་གིས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཆེན་པོར་སྨིན་པར་མཛད་པའི་གནས་མོན་སྟག་ཚང་སེང་གེ་བསམ་གྲུབ་ཀྱི་ཀེའུ་ཚང་དང་གོང་ཕང་དང་གོས་ཀྱི་ཚུལ་དུ་འབྲེལ་བ་སྤ་གྲོ་སྐྱེར་ཆུའི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་དུ་ཚུལ་འདིས་སྒྲུབ་མཆོད་བགྱིས་པའི་སྐབས་མཁྱེན་ཡོན་རྨད་བྱུང་གནམ་མཚོ་དོ་སྐྱ་མཆོག་སྤྲུལ་འགྱུར་མེད་ཆོས་ཀྱི་ཉི་མ་དཔོན་སློབ་ནས་གསུང་བསྐུལ་བཞིན་ལམ་འདིའི་བཀའ་བབ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་བྲིས་པའི་ཡི་གེ་པ་ནི་བློ་གསལ་དད་མོས་དགེ་བ་འབྲུག་གྲྭ་ཡོན་ཏན་ཕུན་ཚོགས་ནས་བགྱིས་པ་འདིས་ཀྱང་ཕྲིན་ལས་རྡོ་རྗེ་གཞོན་ནུའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག། །།}} | ༄༅། །རྒྱལ་ཀུན་ཕྲིན་ལས་དཔལ་གྱི་མཚོན། །འཇུག་ཕྱིར་རྡོ་རྗེ་བཞིའི་ཡེ་ཤེས། སྐྱེད་བྱེད་ཐབས་ཀྱི་གསང་ལམ་མཆོག །སྐལ་བཟང་འཇུག་བདེའི་བཙས་སུ་སྤེལ། །རྡོ་རྗེ་ཐེག་པའི་དབང་གི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་དུ་བྱེད་པའི་ཐབས་ཀྱི་གསེང་ལམ་རྨད་དུ་བྱུང་བ། འགལ་རྐྱེན་ཉམས་ཆག་སྦྱོང་ཞིང་བར་ཆད་མཐའ་དག་སེལ་ཞིང་མཐུན་རྐྱེན་ཐུན་མོང་དང་ཐུན་མིན་གྱི་དངོས་གྲུབ་བདེ་བླག་ཏུ་ཐོབ་པའི་གསང་བ་རྨད་དུ་བྱུང་བ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཆེན་པོ་བཞི་རུ་བདག་ཉིད་འཇུག་ཅིང༌། རྡོ་རྗེ་ཕུར་པ་སྒྲུབ་ཚུལ་བཞི་ཡི་སྣོད་རུང་དུ་བྱེད་པའི་ཚུལ་འཆད་པ་ལ། རབ་རྡུལ་ཚོན། འབྲིང་རས་བྲིས་ཀྱི་དཀྱིལ་འཁོར་གཞུང་མཐུན་ནམ་ཚོམ་བུ་ལ་བརྟེན་པའི་དཀྱིལ་འཁོར་དུ་དབང་རྫས་བུམ་པ། དབུ་རྒྱན། རྡོ་རྗེ། དྲིལ་བུ། རྡོར་དྲིལ་བསྣོལ་མ། གསང་ཐོད། རིག་ཙཀ །ཤེལ་རྡོ། དཀྱིལ་འཁོར་ཡོངས་རྫོགས་ཀྱི་ལྷ་ཙཀ །སྒྲོལ་ཕུར་བཅས་ཕྱག་ལེན་ལྟར་དུ་འགོད། ཉེར་སྤྱོད་དང་སྨན་རཀ་གཏོར་མ། བཀའ་སྲུང་གཏོར་འབུལ། དཀར་བགེགས་བཅས་དང༌། རང་གི་མདུན་དུ་ལས་བུམ། ཌཱ་མ་རུ་རྡོར་དྲིལ་སོགས་འདུ་བྱས་ལ། བརྒྱུད་འདེབས་ནས་བརྩམས། བསྙེན་སྒྲུབ་ཀྱི་བཟླས་པ་དང༌། བུམ་པ་བྷྲཱུཾ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཞེས་བརྗོད་ཅིང་བསམ་ལ། གཟུངས་ཐག་ནས་བཟུང་ཏེ་བསྙེན་སྒྲུབ་ལས་ཀྱི་བཟླས་པ་ཁྱུག་ཙམ་བྱ། ལས་བུམ་དུ་སྐད་ཅིག་གིས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་གུ་གཡས་རྒྱ་གྲམ་དང་གཡོན་ཞགས་པ་ཐོགས་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་བབ་པས་བུམ་པ་གང་བར་བསམ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཅེས་བཟླས་མཐར། དབྱངས་གསལ་རྟེན་སྙིང་ལན་གསུམ། བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་བསྒྲལ་བསྟབ་བར་གཞུང་བཞིན་བཏང་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། སུམྦྷ་ནིས་བགེགས་བསྐྲད། བཛྲ་ཛྙཱ་ན་རཀྵས་སྲུང་འཁོར་བསྒོམ། ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱས་མིག་རས་འཆིང༌། ཨ་ཁཾ་ཝི་ར་ཧཱུྃ་གིས་མེ་ཏོག་བཟུང༌། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ཕྲིན་ལས་སྟོབས་རྫོགས་ཀཱི་ལ་ཡ༔ དཔལ་ཆེན་ཀརྨ་ཧེ་རུ་ཀའི༔ དཀྱིལ་འཁོར་གཉན་པོར་འཇུག་པར་འཚལ༔ ལན་གསུམ། ན་མོ༔ བདག་སོགས་འགྲོ་ཀུན་སོགས་ཀྱིས་སྐྱབས་འགྲོ་ལན་གསུམ། མཁའ་མཉམ་སེམས་ཅན་སོགས་ཀྱིས་སེམས་བསྐྱེད་ལན་གསུམ། བདག་དང་མཐའ་ཡས་སེམས་ཅན་རྣམས༔ རྡོ་རྗེ་སློབ་དཔོན་སོགས་ཀྱིས་བསགས་སྦྱངས། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང༌། །རིག་འཛིན་མཁའ་འགྲོ་རྒྱ་མཚོ་དཔག་མེད་ཀྱིས། །སྡོམ་པ་མཐའ་ཡས་རྒྱ་མཚོ་བཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་བཟུང་བར་བགྱི། །ལན་གསུམ་གྱིས་སྡོམ་པ་བཟུང༌། བྷྲཱུཾཔྲ་བེ་ཤ་ཡ་ཕཊ་ཀྱིས་སྒོ་དབྱེ། ཛཿཧཱུྃ་བྃ་ཧོཿས་ནང་དུ་བཇུག །འདི་ནི་རྡོ་རྗེ་བདུད་རྩིའི་ཆུ༔ ཧེ་རུ་ཀ་དཔལ་ཉིད་ཡིན་ཏེ༔ བསྲུང་ན་དངོས་གྲུབ་སེམས་དཔའ་སྩོལ༔ མ་བསྲུང་ངེས་པར་འཚིག་སྟེ་བརླག༔ ས་མ་ཡ་ཨི་དཾ་ཏོ་ད་ཀ་ཋ་ཋ་ཋ་ཧཱུྃ༔ ཞེས་དམ་ཆུ་བཏུང༌། ཡེ་ཤེས་དབབ་པ་ནི། སྣོད་ནི་འོག་མིན་སྟུག་པོ་བཀོད། །བཅུད་ཀྱི་རྟོག་པ་ཀཱི་ལ་ཡ། །མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད། །གཡས་དཀར་གཡོན་དམར་དབུས་མཐིང་ནག །དེ་སྟེང་ཞལ་གསུམ་ལྗང་སེར་ནག །དེ་སྟེང་ཞལ་གསུམ་སྨུག་མཐིང་དམར། །གཡས་དགུ་དང་པོས་རྡོ་རྗེ་གདེངས། །འཁོར་ལོ་དགྲ་སྟྭ་རལ་གྲི་མདུང༌། །ཐོ་བ་ལྕགས་ཀྱུ་གསལ་ཤིང་བསྣམས། །གཡོན་དགུས་མེ་དཔུང་ཁཊྭཱཾ་ག །རི་རབ་ཞགས་པ་བྷནྡྷ་དམར། །སྡིག་མཛུབ་མདའ་དང་བདུད་བཞིའི་མགོ། །ཐ་མས་རི་རབ་ཕུར་བུ་འདྲིལ། །རང་འོད་ཡུམ་དང་མཉམ་སྦྱོར་བའི། །ཐུགས་སྲོག་ཧཱུྃ་ལ་སེམས་བཟུང་ཞིང༌། །སྙོམས་འཇུག་སྒྲ་དང་འོད་ཟེར་སྤྲིན། །གདུང་བའི་གླུ་ཡིས་ཐུགས་དམ་བསྐུལ། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །ཆར་བཞིན་བབ་སྟེ་དབྱེར་མེད་ཐིམ། །ཡེ་ཤེས་ཆེན་པོའི་བྱིན་ཐོབ་གྱུར། །སྤོས་རོལ་བཅས་ལས་བྱང་གི་བྱིན་འབེབས་བཏང་ལ་དབབ། རྡོ་རྗེ་སྤྱི་བོར་བཞག ཏིཥྛ་བཛྲས་བརྟན་པར་བྱ། བོ་དྷི་ཙིཏྟ་ཨ་པྲ་ཏི་པཱུ་ཛ་ཧོཿས་མེ་ཏོག་དོར། པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལས་སླར་སྤྱི་བོར་བཅིངས། བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊ྄་ཀྱིས་མིག་དར་བསལ་བས། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་བདག་ཉིད་རྩ་བ། ཕྱོགས་བཅུ་ཁྲོ་བོ་ཡབ་ཡུམ་ཕྲ་ཐབས་བཅས། སྲས་མཆོག་ཕུར་བུའི་དཀྱིལ་འཁོར་གསུམ་དང༌། སྒོ་མ་བཀའ་སྡོད་ཆོས་སྐྱོང་དང་བཅས་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་གསལ་བར་གྱུར། དེས་སྔོན་འགྲོ་འཇུག་པའི་ཆོས་རྣམས་སོང་ནས། དངོས་གཞིའི་ཆེད་དུ་མཎྜལ་ཕུལ། ཧེ་རུ་ཀ་དཔལ་བླ་མ་དགོངས༔ བདག་ཅག་རྡོ་རྗེའི་རིགས་ཅན་དུ༔ སྒྲུབ་པ་སྐལ་པ་ཤིན་ཏུ་བཟང༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ ལན་གསུམ་གྱིས་གསོལ་བ་གདབ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་ནས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་དགྱེས་བཞིན་དུ་བུམ་པའི་ཆུས་དབང་བསྐུར་བར་གྱུར། ཧཱུྃ༔ ཞེ་སྡང་བདུད་འཇོམས་ཧེ་རུ་ཀ༔ བཛྲ་སྤྱི་དཔལ་མེ་ལོང་གི༔ ཡེ་ཤེས་བུམ་ཆུས་དབང་བསྐུར་བས༔ སྒྲིབ་དག་སྐལ་པ་མཆོག་ལྡན་ཤོག༔ ཨོཾ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་མི་བསྐྱོད་པ་ཆུས་དབང་བསྐུར་བས་ཉོན་མོངས་པ་ཞེ་སྡང་དག །མེ་ལོང་ཡེ་ཤེས་མངོན་དུ་གྱུར། ཐུགས་རྡོ་རྗེ་མི་བསྐྱོད་པ་དང་སྐལ་པ་མཉམ་པར་གྱུར། དབུ་རྒྱན་ཐོགས་ལ། ཏྲཱྃ༔ ང་རྒྱལ་བདུད་འཇོམས་ཧེ་རུ་ཀ༔ རཏྣ་སྤྱི་དཔལ་ཡེ་ཤེས་ཀྱི༔ ཕྱག་རྒྱ་དབུ་རྒྱན་དབང་བསྐུར་བས༔ མཉམ་ཉིད་རྟོགས་པའི་དབང་ཐོབ་ཤོག༔ རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྃ༔ ཞེས་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱིས་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་དག །མཉམ་ཉིད་ཡེ་ཤེས་མངོན་དུ་གྱུར། ཡོན་ཏན་རིན་ཆེན་འབྱུང་ལྡན་དང་སྐལ་པ་མཉམ་པར་གྱུར། རྡོ་རྗེ་ལག་གཡས་སུ་ཐོགས་ལ། ཧྲཱིཿ འདོད་ཆགས་བདུད་འཇོམས་ཧེ་རུ་ཀ༔ པདྨ་སྤྱི་དཔལ་སོར་རྟོག་གི༔ ཡེ་ཤེས་རྡོ་རྗེས་དབང་བསྐུར་བས༔ རྗེས་ཆགས་དབང་གི་དོན་རྟོགས་ཤོག༔ བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་སྣང་བ་མཐའ་ཡས་རྡོ་རྗེས་དབང་བསྐུར་བས་ཉོན་མོངས་པ་འདོད་ཆགས་དག །སོར་རྟོག་ཡེ་ཤེས་མངོན་དུ་གྱུར། གསུང་སྣང་བ་མཐའ་ཡས་དང་སྐལ་པ་མཉམ་པར་གྱུར། དྲིལ་བུ་དཀྲོལ་ཞིང་ལག་གཡོན་དུ་ཐོགས། ཨཱཿ ཕྲག་དོག་བདུད་འཇོམས་ཧེ་རུ་ཀ༔ ཀརྨ་སྤྱི་དཔལ་བྱ་བ་གྲུབ༔ ཤེས་རབ་དྲིལ་བུས་དབང་བསྐུར་བས༔ དོན་གཉིས་རྫོགས་པའི་གནས་ཐོབ་ཤོག༔ ཀརྨ་གཎྜེ་ཨ་བྷི་ཥིཉྩ་ཨཱཿ ཞེས་དོན་ཡོད་གྲུབ་པ་དྲིལ་བུས་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་དག །བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར། ཕྲིན་ལས་དོན་ཡོད་གྲུབ་པ་དང་སྐལ་པ་མཉམ་པར་གྱུར། རྡོར་དྲིལ་བསྣོལ་མ་སྤྱི་བོར་བཟུང་སྟེ་དཀྲོལ་ལ། ཨོཾ༔ གཏི་མུག་བདུད་འཇོམས་ཧེ་རུ་ཀ༔ བུདྡྷ་སྤྱི་དཔལ་ཆོས་ཀྱི་དབྱིངས༔ རྡོ་རྗེའི་མིང་གིས་དབང་བསྐུར་བས༔ རིགས་ཀྱི་འཁོར་ལོར་ངེས་པར་ཤོག༔ ཀྱཻ་བཻ་རོ་ཙ་ན་ཨོཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རྣམ་པར་སྣང་མཛད་མིང་གིས་དབང་བསྐུར་བས་ཉོན་མོངས་པ་གཏི་མུག་དག །ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར། སྐུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་དང་སྐལ་པ་མཉམ་པར་གྱུར། དབང་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་རྣམ་པར་རྒྱལ་བའི་བུམ་པ་དཀྱིལ་འཁོར་ཡོངས་སུ་རྫོགས་པས་དབང་བསྐུར་བར་གྱུར། རྣམ་བུམ་བཏེགས་ལ། ཧཱུྃ༔ བུམ་པ་རང་བྱུང་གཞལ་ཡས་ཁང༔ ནང་བཅུད་རིགས་ལྔའི་ཧེ་རུ་ཀ༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་དབང་བསྐུར་བས་བདུད་རྩིས་ལུས་ཀྱི་ནང་གང༌། དྲི་མ་ཐམས་ཅད་དག །ཐོབ་བྱའི་ཡོན་ཏན་མ་ལུས་པ་ཡོངས་སུ་རྫོགས། ཆུ་ལྷག་ཡར་ལུད་པ་ལས་རིགས་ཀྱི་ཁྱབ་བདག་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། བུམ་དབང་གི་མཐའ་རྟེན་རྡོ་རྗེ་གསུམ་གྱིས་ནང་ནུས་པ་འཇུག་པའི་དབང་བསྐུར་བ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་སྤྲོས་ནས་རང་གི་དཔྲལ་བ་ནས་ཐིམ་པས་སྣང་སྟོང་སྐུ་རྡོ་རྗེའི་བྱིན་རླབས་ཁྱད་པར་ཅན་ཐོབ་པར་མོས་ཤིག །སྐུ་ཙཀ་རྣམས་ཀྱིས་རིམ་བཞིན་དབང་བསྐུར་ལ། ཧཱུྃ༔ དབུས་ཕྱོགས་གྲུ་གསུམ་གཞལ་ཡས་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་སྦྱོར༔ སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི་བཅས༔ སྤྲུལ་པ་ཁྲོ་བཅུ་སྲས་མཆོག་སྤྲོ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔལ་ཆེན་པོ་དང་གཉིས་མེད་ཤོག༔ རྩ་སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། ཕྱོགས་བཅུའི་འཁོར་ལོའི་རྩིབས་སྟེང་ནས། །བདུད་འདུལ་ཁྲོ་བོ་ཡབ་ཡུམ་བཅུ། །སྤྲུལ་པ་ཕྲ་ཕྱག་ཉི་ཤུ་ཡིས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །ཕྱོགས་བཅུའི་གདོན་འདུལ་མཐུ་ཐོབ་ཤོག །རང་སྔགས། ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། ཟླ་གམ་གསུམ་དུ་སྐུ་གསུང་ཐུགས། །སྤྲུལ་པའི་སྲས་གསུམ་རིགས་བཞི་ཡིས། རིགས་ཀྱི་བུ་ལ་དབང་བསྐུར་བས། །ཁམས་གསུམ་འདུལ་བའི་དབང་ཐོབ་ཤོག །རྩ་སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། དཀྱིལ་འཁོར་སྒོ་བཞིའི་འཁོར་ཡུག་ནས། །སྒོ་མ་དབང་ཕྱུག་ཕུར་སྲུང་གིས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །ཕྲིན་ལས་རྣམ་བཞི་མཐར་ཕྱིན་ཤོག །རྩ་སྔགས་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་གསལ་བརྟན་དག་གསུམ་དང་ལྡན་པའི་བསྐྱེད་རིམ་གྱད་དུ་གྱུར་པས་བདུད་བཞིས་ཀྱང་བསྐྱོད་དུ་མེད་པའི་གདེང་ཐོབ་པར་གྱིས་ཤིག །ལྷ་ཚོགས་རྣམས་ཀྱི་ཞལ་ནས་སྔགས་ཀྱི་ཕྲེང་བ་བྱུང་རང་གི་ངག་ལ་ཐིམ་པས་དྲག་སྔགས་ནུས་པའི་མཐུ་དབང་ཐོབ་པར་མོས་ལ་རྗེས་ཟློས་མཛོད། བསྙེན་སྒྲུབ་ཀྱི་སྔགས་ལན་གསུམ་དང་སྤུ་གྲིའི་སྔགས་ལན་གཅིག་བཟླ། དེང་ནས་བཟླས་པ་ཆུ་བོའི་རྒྱུན་ལྟར་བརྩོན་པས་ཕྲིན་ལས་མཐའ་དག་ཐོགས་མེད་དུ་འགྲུབ་པར་གྱིས་ཤིག །བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཐུགས་ཀ་ནས་སྤྲོས་ཤིང་སྙིང་དབུས་སུ་ཐིམ་པས་ཟུང་འཇུག་འོད་གསལ་རང་བྱུང་གི་དགོངས་པ་མངོན་དུ་གྱིས་ཤིག ཕུར་པ་ཐོགས་ལ། ཧཱུྃ༔ རྡོ་རྗེ་སྟོང་པ་ཉིད་ཀྱི་དབྱིངས༔ གཞོན་ནུ་ཡེ་ཤེས་རིག་པའི་སྐུ༔ མཚོན་བྱེད་དཔལ་གྱི་ཕྱག་མཚན་འདི༔ སྐལ་ལྡན་བུ་ལ་སྦྱིན་གྱིས་ལོངས༔ ཨོཾ་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ནས་བཟུང་སྟེ་རིག་སྟོང་ཡེ་ཤེས་ཆེན་པོའི་ངང་ལ་མཉམ་པར་བཞག་པ་ལས་མ་གཡོས་པས་རྟོག་ཚོགས་ཐམས་ཅད་དགོངས་པ་མི་འགྱུར་བའི་གཟེར་དང་འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར་ཐེབ་པར་གྱིས་ཤིག །དེ་ལྟར་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྙེན་པའི་རྣལ་འབྱོར་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསང་དབང་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པས་རང་འོད་ཀྱི་ཡུམ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་གྱུར། བྷནྡྷའི་བདུད་རྩི་ལྕེ་ཐོག་ཏུ་བཞག་ལ། ཨེ་མ་ཧོཿ སངས་རྒྱས་ཀུན་གྱི་གསང་བ་ནི༔ ལྷག་པའི་བྱང་ཆུབ་སེམས་ཆེན་པོ༔ དེ་རིང་བུ་ལ་སྦྱིན་པར་བྱ༔ རྟོག་པ་བྲལ་བས་རོལ་ཅིག་བུ༔ བདུད་རྩི་མྱངས་ཏེ། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་རྗེས་ཟློས་བྱ། དེ་ལྟར་ན་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་ཉེ་བསྙེན་རྩ་རླུང་གཏུམ་མོ་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཤེར་དབང་ནི། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་གཞོན་ནུའི་སྐུར་གསལ་བ་ལ་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རིགས་དང་ལང་ཚོ་རྫོགས་པའི་རིག་མ་འཁོར་ལོ་རྒྱས་འདེབས་ཀྱི་ངོ་བོ་ཅན་རེ་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་གྱུར། རིག་ཙཀ་ཐོགས་ལ། ཨེ་མ་བདེ་བ་ཐམས་ཅད་ཀྱི༔ འབྱུང་གནས་རྡོ་རྗེ་སྣ་ཚོགས་གཟུགས༔ བདེ་མཆོག་སྐྱེད་བྱེད་དེང་གཏད་པས༔ རྟོག་པ་བྲལ་བས་རོལ་ཅིག་བུ༔ མ་ཧཱ་མུ་དྲ་ཧོཿ རང་དང་རིག་མ་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་དགའ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་རྒྱུད་ལ་སྐྱེས་པར་གྱུར། འཁྱུད་རྒྱ་བྱ། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་སྒྲུབ་པ་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །དབང་བཞི་པ་ནི། རྡོ་རྗེ་སེམས་དཔའི་མེ་ལོང་དང་འཇའ་ཤེལ་བཟུང་ལ། ཨཿ ད་ལྟའི་ཤེས་པ་བློ་བྲལ་འདི༔ ཟང་ཐལ་ཀུན་ཁྱབ་ས་ལེ་བ༔ རིག་སྟོང་ཆོས་སྐུའི་དགོངས་པ་འདི༔ ངེས་དོན་རྡོ་རྗེ་གཞོན་ནུ་ཡིན༔ ཨ་ཨ་ཨ་དྷརྨ་དྷཱ་ཏུ་ཨ་ཧོཿ ཞེས་དཔེའི་བརྡ་ཐབས་ཀྱིས་མཚོན་ཏེ། ཨ། ལྟ་བ་བློ་འདས་གདོད་མའི་བབ། །སྒོམ་པ་མ་བཅོས་ལྷུག་པར་བཞག །སྤྱོད་པ་རང་གྲོལ་གཉུག་མའི་ངང༌། །འབྲས་བུ་གཞིར་སྣང་ཆེན་པོར་རྫོགས། ཨ་ཨ་ཨ། ཞེས་དགོངས་པ་བསྐྱང༌། དེ་ལྟར་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་དག །ལམ་སྒྲུབ་པ་ཆེན་པོ་དབྱིངས་རིག་ཟུང་འཇུག་སྒོམ་པ་ལ་དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་རྗེས། གཙོ་བོས་ཇི་ལྟར་སོགས་དང་མཎྜལ། དེང་ནས་བརྩམས་ཏེ་སོགས་སྤྱི་ལྟར་དགེ་བསྔོ་བྱས་པས་གྲུབ་བོ། །ལས་གཞུང་གི་ཚོགས་ལ་རོལ་ཞིང་ལྷག་མ་སོགས་མཐར་དབྱུང་བར་བྱའོ། །ལྷག་པའི་ཏིང་འཛིན་དཀྱིལ་འཁོར་དུ། །ཞུགས་པས་ཡེ་ཤེས་མཆོག་བསྐྱེད་ནས། །སྐུ་བཞིའི་གྲོང་ཁྱེར་ཉམས་དགའ་བར། །འཇུག་པའི་སྐལ་བཟང་མངོན་གྱུར་ཅིག །ཅེས་པའང་ཕྲིན་ལས་ཕུར་པ་གྲུབ་པའི་རིག་འཛིན་ཆེན་པོ་གུ་རུ་རྡོ་རྗེ་ཐོད་ཕྲེང་གིས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཆེན་པོར་སྨིན་པར་མཛད་པའི་གནས་མོན་སྟག་ཚང་སེང་གེ་བསམ་གྲུབ་ཀྱི་ཀེའུ་ཚང་དང་གོང་ཕང་དང་གོས་ཀྱི་ཚུལ་དུ་འབྲེལ་བ་སྤ་གྲོ་སྐྱེར་ཆུའི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་དུ་ཚུལ་འདིས་སྒྲུབ་མཆོད་བགྱིས་པའི་སྐབས་མཁྱེན་ཡོན་རྨད་བྱུང་གནམ་མཚོ་དོ་སྐྱ་མཆོག་སྤྲུལ་འགྱུར་མེད་ཆོས་ཀྱི་ཉི་མ་དཔོན་སློབ་ནས་གསུང་བསྐུལ་བཞིན་ལམ་འདིའི་བཀའ་བབ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་བྲིས་པའི་ཡི་གེ་པ་ནི་བློ་གསལ་དད་མོས་དགེ་བ་འབྲུག་གྲྭ་ཡོན་ཏན་ཕུན་ཚོགས་ནས་བགྱིས་པ་འདིས་ཀྱང་ཕྲིན་ལས་རྡོ་རྗེ་གཞོན་ནུའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> |
Revision as of 17:55, 12 December 2022
Wylie title | snyan brgyud snying gi gsang mdzod las/ gnyags lugs rdo rje phur pa'i bdag 'jug rdo rje'i ye shes mchog gi dpal skyed | |
---|---|---|
Location | dil mgo mkhyen brtse bka' 'bum Volume 21, Text 15, Pages 101-107 (Folios 1a to 7b3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra) | |
Citation | Khyentse, Dilgo. Snyan brgyud snying gi gsang mdzod las gnyags lugs rdo rje phur pa'i bdag 'jug rdo rje'i ye shes mchog gi dpal skyed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 21: 101-107. Delhi: Shechen Publications, 1994. | |
Genre | Self-Initiation - bdag 'jug | |
Cycle | སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod) | |
Deity | rdo rje phur pa | |
Colophon |
།ཅེས་པའང་ཕྲིན་ལས་ཕུར་པ་གྲུབ་པའི་རིག་འཛིན་ཆེན་པོ་གུ་རུ་རྡོ་རྗེ་ཐོད་ཕྲེང་གིས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཆེན་པོར་སྨིན་པར་མཛད་པའི་གནས་མོན་སྟག་ཚང་སེང་གེ་བསམ་གྲུབ་ཀྱི་ཀེའུ་ཚང་དང་གོང་ཕང་དང་གོས་ཀྱི་ཚུལ་དུ་འབྲེལ་བ་སྤ་གྲོ་སྐྱེར་ཆུའི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་དུ་ཚུལ་འདིས་སྒྲུབ་མཆོད་བགྱིས་པའི་སྐབས་མཁྱེན་ཡོན་རྨད་བྱུང་གནམ་མཚོ་དོ་སྐྱ་མཆོག་སྤྲུལ་འགྱུར་མེད་ཆོས་ཀྱི་ཉི་མ་དཔོན་སློབ་ནས་གསུང་བསྐུལ་བཞིན་ལམ་འདིའི་བཀའ་བབ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་བྲིས་པའི་ཡི་གེ་པ་ནི་བློ་གསལ་དད་མོས་དགེ་བ་འབྲུག་གྲྭ་ཡོན་ཏན་ཕུན་ཚོགས་ནས་བགྱིས་པ་འདིས་ཀྱང་ཕྲིན་ལས་རྡོ་རྗེ་གཞོན་ནུའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག། | |
/ces pa'ang phrin las phur pa grub pa'i rig 'dzin chen po gu ru rdo rje thod phreng gis mkha' 'gro ye shes mtsho rgyal rdo rje phur pa'i dkyil 'khor chen por smin par mdzad pa'i gnas mon stag tshang seng ge bsam grub kyi ke'u tshang dang gong phang dang gos kyi tshul du 'brel ba spa gro skyer chu'i mtha' 'dul yang 'dul gyi gtsug lag khang du tshul 'dis sgrub mchod bgyis pa'i skabs mkhyen yon rmad byung gnam mtsho do skya mchog sprul 'gyur med chos kyi nyi ma dpon slob nas gsung bskul bzhin lam 'di'i bka' bab klong chen nam mkha' 'od gsal pad+ma mdo sngags gling pas bris pa'i yi ge pa ni blo gsal dad mos dge ba 'brug grwa yon tan phun tshogs nas bgyis pa 'dis kyang phrin las rdo rje gzhon nu'i go 'phang mngon du byed pa'i rgyur gyur cig/ |