DKR-KABUM-11-DA-001: Difference between revisions
WikiBot2015 (talk | contribs) No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག་རིགས་གསུམ་འདུས་པའི་སྙིང་ཐིག་གི་བཀའ་སྲུང་མ་གཅིག་དུད་སོལ་ལྷ་མོའི་མཆོད་ཕྲིན་རྒྱས་པ་ཕྲིན་ལས་ཡོངས་འདུའི་དགའ་ཚལ། | |||
|fulltitle=zab mo rdzogs chen sde gsum gyi cha lag rigs gsum 'dus pa'i snying thig gi bka' srung ma gcig dud sol lha mo'i mchod phrin rgyas pa phrin las yongs 'du'i dga' tshal | |||
|citation=[[Khyentse, Dilgo]]. ''Zab mo rdzogs chen sde gsum gyi cha lag rigs gsum 'dus pa'i snying thig gi bka' srung ma gcig dud sol lha mo'i mchod phrin rgyas pa phrin las yongs 'du'i dga' tshal''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 11: 1-16. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Activity Manual - las byang, Protector Rituals - gsol mchod | |||
|terma=No | |||
|dkroutline=Three | |||
|deity=dud sol lha mo | |||
|parentcycle=dam chos rdzogs pa chen po sde gsum | |||
|cycle= rigs gsum snying thig | |||
|parentcycletib=དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ | |||
|cycletib= རིགས་གསུམ་སྙིང་ཐིག་ | |||
|language=Tibetan | |language=Tibetan | ||
| | |volumenumber=011 | ||
| | |volnumtib=༡༡ | ||
|volyigtib=ད་ | |||
|totalvolumes=25 | |||
|textnuminvol=001 | |textnuminvol=001 | ||
|pagenumbers=1-16 | |||
|totalpages=32 | |||
|beginfolioline=1a | |||
|endfolioline=16b6 | |||
|totalfolios=16 | |||
|multivolumework=No | |||
|rectonotes=mchod phrin | |||
|versonotes=rigs gsum snying thig dud sol ma | |||
|colophontib=།ཅེས་པའང་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་ཡེ་ཤེས་རྡོ་རྗེའི་ལྷ་མོ་འདི་ཉིད་ཀྱི་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ཡང་ཡང་གཟིགས་པའི་དགོས་པ་ཁྱད་པར་བ་དུ་མས་བསྐུལ་མདོ་ཁམས་ཀྱི་ནཱ་ལེནྡྲ་རྫོང་གསར་བཀྲ་ཤིས་ལྷ་རྩེ་ནས་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་གྲོལ་དགའ་སྟོན་ལྷུག་པར་བསྩལ་བའི་སྐབས་ལས་རིམ་འདི་ལྟར་བསྒྲིགས་དགོས་པར་དགྱེས་པའི་བཀའ་བཟང་དམིགས་སུ་བསྩལ་ཞིང་བཀའ་ཕེབས་ལྟར་ཞབས་ཏོག་ཞུས་པ་ཉིད་རྟེན་མཆོག་འགྱུར་མེད་གླིང་གི་མཆོག་གླིང་གསུམ་པའི་ཕྲིན་ལས་ཀྱི་རྒྱུན་ལའང་ཕན་པའི་མཚན་ལྟས་གསལ་པོར་གྱུར་པས་རྗེ་དེའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་སྤྲུལ་ཨོ་རྒྱན་སྟོབས་རྒྱལ་ནས་ཀྱང་ཡང་ཡང་གསུང་བསྐུལ་བཞིན་འཇུག་བདེའི་དོན་ཚང་གི་ཚུལ་དུ་རིག་འཛིན་རྩལ་འཆང་རྣམ་གསུམ་གྱི་རིང་ལུགས་ལ་རྒྱུ་མཚན་ཤེས་པའི་དད་བློ་ཅུང་ཟད་ཐོབ་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་པདྨ་གར་དབང་མདོ་སྔགས་གླིང་པས་སྤེལ་བ་འདིས་ཀྱང་བསྟན་འགྲོའི་དགེ་མཚན་གྱི་དཔལ་མཆོག་ཏུ་གྱུར་ཅིག། | |||
|colophonwylie=/ces pa'ang thub bstan yongs rdzogs kyi mnga' bdag 'jam mgon chos kyi rgyal po pad+ma ye shes rdo rje'i lha mo 'di nyid kyi phrin las sgrub pa'i rtags mtshan yang yang gzigs pa'i dgos pa khyad par ba du mas bskul mdo khams kyi nA len+d+ra rdzong gsar bkra shis lha rtse nas rin chen gter mdzod chen mo'i smin grol dga' ston lhug par bstsal ba'i skabs las rim 'di ltar bsgrigs dgos par dgyes pa'i bka' bzang dmigs su bstsal zhing bka' phebs ltar zhabs tog zhus pa nyid rten mchog 'gyur med gling gi mchog gling gsum pa'i phrin las kyi rgyun la'ang phan pa'i mtshan ltas gsal por gyur pas rje de'i sku gsung thugs kyi sras mchog sprul o rgyan stobs rgyal nas kyang yang yang gsung bskul bzhin 'jug bde'i don tshang gi tshul du rig 'dzin rtsal 'chang rnam gsum gyi ring lugs la rgyu mtshan shes pa'i dad blo cung zad thob pa 'gyur med theg mchog bstan pa'i rgyal mtshan pad+ma gar dbang mdo sngags gling pas spel ba 'dis kyang bstan 'gro'i dge mtshan gyi dpal mchog tu gyur cig/ | |||
|pdflink=File:DKR-KABUM-11-DA-001.pdf | |pdflink=File:DKR-KABUM-11-DA-001.pdf | ||
}} | }} | ||
Line 16: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག་རིགས་གསུམ་འདུས་པའི་སྙིང་ཐིག་གི་བཀའ་སྲུང་མ་གཅིག་དུད་སོལ་ལྷ་མོའི་མཆོད་ཕྲིན་རྒྱས་པ་ཕྲིན་ལས་ཡོངས་འདུའི་དགའ་ཚལ་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག་རིགས་གསུམ་འདུས་པའི་སྙིང་ཐིག་གི་བཀའ་སྲུང་མ་གཅིག་དུད་སོལ་ལྷ་མོའི་མཆོད་ཕྲིན་རྒྱས་པ་ཕྲིན་ལས་ཡོངས་འདུའི་དགའ་ཚལ་ཞེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །ན་མོ་གུ་ར་ཝེ། འཁོར་འདས་ཆོས་ཀུན་དབྱིངས་ཀྱི་མཁའ་རུ་སྡོམ། །བདེ་ཆེན་མེ་ལྕེའི་གཉིས་སྣང་བུད་ཤིང་བསྲེགས། །འཇིགས་བྱེད་གཏུམ་མོ་དུད་པའི་སོལ་བ་མར། །བཏུད་ནས་དེ་ཡི་མཆོད་ཆོག་གུས་པས་སྤྲོ། །དེ་ཡང་བསྟན་སྲུང་དབང་མོ་འདི་ཉིད་ཀྱི་སྲོག་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་མཆོད་སྤྲིན་དཀྱུས་མའི་ཚུལ་དུ་ཉམས་སུ་ལེན་པའི་ཚུལ་ལ། ཐོད་པ་མཚན་ལྡན་ལ་སོགས་པའི་སྣོད་བཟང་པོར་ལྷ་མོའི་དཔལ་བཤོས་ཟུར་གསུམ་མེ་རིའི་རྒྱན་ལྡན་ལ་མཐེབ་ཀྱུ་མང་པོའི་བསྐོར་ཞིང་དར་གདུགས་མཐིང་ནག་བཙུགས། ར་ནག་དང་བྱ་ནག་གཙོ་བོར་གྱུར་པའི་ཤ་ཁྲག་གི་འཕན་དར། ཡུངས་ཀར་གྱི་གོང་བུ་སོགས་ཀྱིས་བརྒྱན། ཁུར་བ་ཤིང་ཐོག་བྱེ་བྲག་བླུགས་ལ་མཉྫིའི་སྟེང་བཞག །ཕྱི་མཆོད་རྣམས་དང༌། སྨན་རཀ །གསེར་སྐྱེམས་སོགས་ཀྱིས་མཛེས་པར་བྱ། འབྱོར་ན་བདག་བསྐྱེད་ཀྱི་གཏོར་མ་དང༌། སྐུ་རྟེན་སོགས་བཤམས་པས་བརྒྱན་པར་བྱ། བདག་བསྐྱེད་རིགས་གསུམ་སྙིང་ཐིག་ལས་འབྱུང་བའི་གཤིན་རྗེ་ལྟ་བུ་བྱུང་ན་ལེགས་ཤིང༌། གཞན་དུ་གསང་ཐིག་ཕུར་པ། ཐུགས་སྒྲུབ་རྒྱུན་གྱི་བཀོལ་བྱང་རྣམས་གང་འོས་བཏང་ནས། ཐོག་མར་གནས་ཁང་དང་མཆོད་པའི་ཡོ་བྱད་བྱིན་གྱིས་བརླབས་པ་ནི། ཧཱུྃ༔ གནས་ཁང་དུར་ཁྲོད་ཆེན་པོའི་གཞལ་མེད་ཁང༔ ཡེ་ཤེས་བཀོད་པ་འབྱམས་ཀླས་འོད་འབར་དབུས༔ ཉེར་སྤྱོད་འདོད་ཡོན་དྲག་པོའི་ལོངས་སྤྱོད་ཀུན༔ བདེ་སྟོང་མཆོད་པའི་ཕྱག་རྒྱ་ཆེན་པོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པཉྩཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཨཱཿཧཱུྃ་ཞེས་ཕྱི་མཆོད་དང༌། སྨན་གཏོར་རཀྟ་གསུམ། རྃ་ཡྃ་ཁྃ་གིས་བསང༌། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་ལ་གནས་པའི་ཀཱ་པ་ལར་དམ་རྫས་ཤ་ལྔ་བདུད་རྩི་ལྔ་མེ་རླུང་གིས་སྦྱངས། ཡེ་ཤེས་ཀྱི་བདུད་རྩི་ཐིམ་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ཞེས་སོ་སོར་ལན་གསུམ་གསུམ་དང༌། ཨོཾ་ཨཱཿཧཱུྃ་མང་དུ་བརྗོད་པས་བྱིན་གྱིས་བརླབ། གཉིས་པ་ལྷ་མོའི་དམ་ཚིག་པ་བསྐྱེད་པ་ནི། མདུན་དུ་སྐད་ཅིག་གིས་ལྷ་མོ་དུད་པའི་སོལ་བ་མ་བཞུགས་པའི་སྙིང་ག་པད་མ་འདབ་བཞིའི་སྙིང་པོ་དང་བཅས་པའི་སྟེང་དུ་ཧཱུྃ་མེ་ལྟར་འབར་བས། སྡིག་པ་ཅན་གྱི་ལུས་བསྲེགས་ཐལ་བར་གྱུར་པའི་སྟེང་དུ་པད་མའི་སྙིང་པོའི་སྲོག་གི་རང་བཞིན་ཡི་གེ་ཨོཾ། ཨོཾ་དེའི་སྟེང་བྃ་ཡོངས་སུ་གྱུར་པ་ལས་བུམ་པ་དཀར་པོ་བདུད་རྩིས་གང་བ། དེ་ལས་བདུད་རྩི་ལུད་དེ་ཨོཾ་བཀྲུས་པས་འོད་ཟེར་དཀར་པོ་རབ་ཏུ་འབར་བར་གྱུར། ཨོཾ་མ་ཧཱ་ཀཱ་ལི་དེ་ཝཱི་ཀ་ར་ལམྦི་ད་ན་སཏྭ་ཀཱ་ལ་རཱ་ཏྲི་ཙཎྜ་རཱུ་པ་ཎི་ཧཱུྃ་ཕཊ། དེ་ཉིད་སྐད་ཅིག་གིས་དཔལ་ལྡན་ལྷ་མོའི་སྐུར་གྱུར་པ་ནི། སྐུ་མདོག་སྤྲིན་དང་བུང་བ་ལྟར་ཤིན་ཏུ་གནག་པ་རབ་ཏུ་སྐེམ་པ་ཀེང་རུས་ཀྱི་ལུས་ཅན། ཞལ་གཅིག་ཕྱག་བཞི་ཞབས་གཉིས་པ། གཡས་ཀྱི་དང་པོ་ན་རལ་གྲི། འོག་མ་ན་བྷན་དྷ་ཁྲག་གིས་བཀང་བ། གཡོན་གྱི་དང་པོ་ན་ཤཀྟི། འོག་མ་ན་ཏྲི་ཤཱུལ། མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་གཙིགས་ཤིང་སྤྱན་གསུམ་དམར་པོ་བཟློག་ནས་བལྟ་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང༌། །ལན་བུ་གཡོན་དུ་འཁྱིལ་བ། །དབུ་ལ་སྦྲུལ་དང་ཐོད་ཕྲེང་གིས་བརྒྱན་པ། །སྙན་ཆ་གཡས་ན་སྦྲུལ་འཁྱིལ་བའི་མགུལ་ནས་དྲིལ་བུ་འཁྲོལ་བ། །སྙན་ཆ་གཡོན་ན་སེང་གེའི་རལ་པ་དམར་བ། །རྣ་ལྟག་གཉིས་ན་མེ་ཏོག་དང་དར་ནག་པོའི་ཅོད་པན་འཕུར་བ། །ལྷ་མ་ཡིན་ལ་སོགས་པའི་ཐོད་པས་དོ་ཤལ་བྱས་པ། །གླང་པོ་ཆེའི་ཀོ་རློན་སྟོད་གཡོགས་སུ་གྱོན་པ། །བ་གླང་གི་ཀོ་རློན་རེ་ལྡེ་སེར་པོས་ཤམ་བུ་བཏགས་པས་སྨད་དཀྲིས་པ། །ཁྲག་དང་ཞག་གི་དུམ་བུར་བྲེས་པ་ཀླུའི་རྒྱལ་པོ་གཤིབས་པའི་སྐེ་རག་བྱས་པ། །ཞབས་གཉིས་ལྕག་སྒྲོག་གིས་བརྒྱན་པ་བོང་བུ་གྭ་པའི་སྟེང་ན་བཙན་སྐྱིལ་དུ་བཞུགས་པ། དུར་ཁྲོད་བརྒྱད་ཀྱི་དབུས་ན་སྐད་དུང་དང་འབྲུག་གི་སྒྲ་ལྟར་སྒྲོགས་ཤིང༌། མ་མོ་མཁའ་འགྲོ་དང་ཤ་ཟ་ཐམས་ཅད་དབང་དུ་སྡུད་པ། དེ་ལྟར་གསལ་བའི་དབུས་སུ་ཐུགས་ཀྱི་ཡེ་ཤེས་མར་མེ་ལྟར་འབར་བ་སྒོ་ངའི་དབྱིབས་ཅན་སོར་བཞི་པ། དེའི་དབུས་སུ་ཧཱུྃ་ཉི་ཟླ་ལ་གནས་པའི་སྟེང་དུ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཞེས་པས་བསྐོར་བར་གྱུར། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གཅིག་ཆད་དེ་བྷ་གར་ཐིམ། བཛྲ་ལཱ་སྱ་རཱ་ག་ཡ་མི། རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས། རང་བཞིན་གྱི་གྲུབ་པའི་གནས་ནས་དཔལ་ལྷ་མོ་ནག་མ་འཁོར་མ་མོ་ནག་མོ་གཅེར་བུ་རལ་པ་ཅན་ཐོད་པའི་ཕྲེང་བ་སེ་རལ་ཁར་བརྒྱན་པ། ལག་པ་གཡས་ན་མིའི་སྙིང༌། གཡོན་བྷནྡྷ་ཁྲག་གིས་གང་བ་འཛིན་པ། སྙིང་གི་དཀྱིལ་ན་བྷྱོ་ཡོད་པ་བསམ་གྱིས་མི་ཁྱབ་པ་དང་བཅས་སྟེ་ཨོཾ་བཛྲ་ས་མཱ་ཛཿ སྦྱར་བའི་སྤོས་བསྲེགས་དབྱངས་རོལ་དང་བཅས་ཏེ། ཧཱུྃ་བྷྱོཿ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་འདོད་ཁམས་དབང༔ གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ༔ ཧེ་རུ་ཀ་དཔལ་དགྱེས་སྡེ་མོ༔ བདེ་ཆེན་དུད་པའི་སོལ་བ་ཅན༔ གཙོ་འཁོར་བྲན་དང་ཡང་གཡོག་བཅས༔ སྣང་སྲིད་མ་གཤིན་བྱེ་བའི་ཚོགས༔ སངས་རྒྱས་བསྟན་པ་སྲུང་བ་དང༔ ཉམས་པའི་དགྲ་བགེགས་བསྒྲལ་བའི་ཕྱིར༔ གནས་འདིར་གདུང་བས་སྤྱན་འདྲེན་ན༔ ལས་ལ་མ་གཡེལ་ད་ཚུར་བྱོན༔ ཞེས་དང་རྒྱས་པར་སྤྲོ་ན་གུ་རུ་ཆོས་དབང་གཏེར་བྱོན་ཆོས་དྲུག་སྲས་མཁར་མ་ལས་སོ། མཆན། ཧཱུྃ། བདག་ནི་རིག་འཛིན་སྒྲུབ་པ་པོ༔ བདག་ནི་རྣལ་འབྱོར་དམ་ཚིག་ཅན༔ དམ་ལ་གནས་ཤིང་ལྷ་ལ་འཕྲེང༔ ཁྱོད་ནི་དབང་མོ་མཐུ་རྩལ་ཅན༔ སྔོན་ཚེ་དཔག་བསམ་ཤིང་གི་དྲུང༔ རྒྱལ་བ་ཤཱཀ་ཐུབ་སྤྱན་སྔ་རུ༔ བསྟན་པ་སྲུང་བར་ཞལ་བཞེས་པའི༔ ཁྱོད་ཀྱི་དམ་ཚིག་གཉན་པོ་འདི༔ ད་ལྟ་རྣལ་འབྱོར་རྗེས་བསྐུལ་ཏེ༔ སྒྲུབ་ཅིང་བསྐུལ་ཏེ་གཤེགས་སུ་གསོལ༔ མ་ཧཱ་ཀཱ་ལི་གཤེགས་སུ་གསོལ༔ ནག་མོ་ཆེན་མོ་གནས་འདིར་བྱོན༔ ནག་མོ་འབུམ་སྡེ་གནས་འདིར་བྱོན༔ བོས་སོ་ལྷ་མོ་སྙན་མ་སྲ༔ གཡབ་བོ་ནག་མོ་སྤྱན་མ་བརྟུལ༔ བརྟེན་ནོ་སྲུང་མ་རྒྱུན་མ་རིང༔ བསྒྲུབ་བོ་ནག་མོ་གོང་མ་གཡེལ༔ རྦད་དོ་ཆོས་སྐྱོང་མཐུ་མ་ཆུང༔ དོ་ནུབ་དམ་ཚིག་གནས་འདིར་བྱོན༔ དོ་ནུབ་ཆད་ལྟར་ཐོ་ལ་ཐོན༔ མ་ལྟར་བསྟེན་ནོ་བྱམས་པར་གྱིས༔ རྗེ་ལྟར་མཆོད་དོ་དབང་མ་ཆེ༔ བྲན་ལྟར་བསྐུལ་ལོ་རྒྱུད་མ་ངན༔ དམ་ཚིག་གཉེན་པོ་མ་གཡེལ་ཅིག༔ དཔལ་ལྡན་ལྷ་མོ་འཁོར་བཅས་ལ༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ དགའ་དང་གུས་པས་ཕྱག་འཚལ་ལོ༔ མོས་པའི་གདུང་བས་མཆོད་པ་འབུལ༔ སྤྱན་འདྲེན་རྒྱས་བསྡུས་གང་ལྟར་ཡང་མཐར་སྔགས། ཨོཾ་ཤྲཱི་དེ་ཝཱི་ཀཱ་ལི་ཀཱི་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་མ་མ་ཡ་མ་ས་པ་རི་ཝཱ་ར་ཨེ་ཨཱ་རལླི་ཧྲཱིཾཧྲཱིཾ་ཛཿཛཿ ཞེས་སྦྱར་བས་སྤྱན་དྲངས་པ་རྣམས། བཞི་པ་བཞུགས་སུ་གསོལ་བ་ནི། ཧེ་རུ་ཀ་དཔལ་དགྱེས་པའི་ཞིང༌། །གདོད་ནས་གྲུབ་པའི་དུར་ཁྲོད་ཆེ། །ཚོགས་བརྒྱད་དག་པའི་ཞིང་གི་དབུས། །ཁྲག་མཚོ་འཁྲུགས་ཀློང་དགྱེས་པར་བཞུགས། །ཛཿཧཱུྃ་བྃ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭྃ༔ ལྔ་པ་དམ་བསྒྲགས་ནི། ཧཱུྃ་བྷྱོ༔ རྡོ་རྗེ་འཆང་དབང་གཤིན་རྗེ་གཤེད༔ རྩ་བརྒྱུད་བླ་མས་གཉེར་གཏད་ལྟར༔ ཁྲག་འཐུང་ཆེན་མོ་འཁོར་བཅས་ཀྱིས༔ དམ་ཚིག་བདུད་རྩི་འདི་གསོལ་ལ༔ དགྱེས་པའི་ཞལ་སྟོན་གཟི་བྱིན་བསྐྱེད༔ གསལ་བའི་ལུང་སྩོལ་ནུས་པ་སྤོར༔ ཐུགས་ཀྱི་དགོངས་ལ་བདེ་ཆེན་སྒྲུབས༔ བཅོལ་བའི་ལས་ཀུན་མྱུར་དུ་མཛོད༔ བཛྲ་ཨ་མྲྀ་ཏ་ས་མ་ཡ་རཀྵན་ཏུ༔ ཞེས་ནང་མཆོད་འཐོར་བས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་པར་བསམ། དྲུག་པ་ཕྱག་གིས་བཏུད་པ་ནི། ཧཱུྃ་བྷྱོ༔ ཧེ་རུ་ཀ་ཡི་དབྱིངས་ཉིད་ལས༔ ཡེ་ཤེས་རོལ་པའི་མ་མོ་ཆེ༔ ཐབས་ཀྱི་སྐུར་བསྟན་རྫུ་འཕྲུལ་ཅན༔ མ་གཅིག་ལྷ་མོ་གུས་ཕྱག་འཚལ༔ ན་མོ་ན་མ་ཡེ༔ དམ་ཡེ་གཉིས་མེད་ལ་ཕྱག་གིས་བཏུད་ནས། ལྔ་པ་མཆོད་པ་ལ། རྒྱས་པར་སྤྲོ་ན་དང་པོ་ཕྱི་མཆོད་འབུལ་བ་ནི། ཧཱུྃ་བྷྱོ༔ ལྷན་སྐྱེས་དྷཱུ་ཏིའི་རིན་ཆེན་སྣོད་ཡངས་པར། །རྡོ་རྗེ་ཟླ་ཉི་བཞུ་བའི་མཆོད་ཡོན་བསྒྲེང༌། །དྭངས་མ་རླུང་གིས་འགྲེམ་པའི་ཞབས་བཀྲུའི་རྫིང༌། །དགའ་བཞིའི་མེ་ཏོག་བཞད་པའི་མནྡར། །འཕོ་མེད་སྡོམ་པའི་ཁྲིམས་ཀྱི་བདུག་སྤོས་ལྡང༌། །འོད་གསལ་གཏུམ་མོའི་སྣང་བྱེད་ཚར་དུ་དངར། །ཀུན་ཏུ་སིམ་བྱེད་རོ་བརྒྱའི་བདའ་བས་མྱོས། །བདེ་སྟོང་དཔྱིད་ཀྱི་གླུ་དང་གླིང་བུ་སོགས། །སྒྱུ་འཕྲུལ་རྡོ་རྗེ་མཚན་དཔེ་ཕྱི་ནང་གཞན། །ཕུང་ཁམས་དྭངས་མ་དྲ་བར་སྡོམ་པ་ཡི། །མཆོག་ཏུ་མི་འགྱུར་ཡེ་ཤེས་མཆོད་སྤྲིན་གྱིས། །མ་གཅིག་ལྷ་མོ་འཁོར་བཅས་མཉེས་གྱུར་ཅིག །ཨོཾ་མ་ཧཱ་ཀཱ་ལི་དེ་ཝི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ༔ གཉིས་པ་ནང་མཆོད་ནི། ཧཱུྃ་བྷྱོ༔ རྡོ་རྗེ་ཁྲོས་པའི་ཞེ་སྡང་མཚོན་ཆེན་གྱིས། །སྒོ་ལྔའི་འཁྲུལ་རྟོག་བསད་པའི་དབང་ལྔའི་གཟུགས། །གཟུང་འཛིན་ཚིལ་ཁྲག་ཞུ་བའི་ཞུན་ཆེན་སྤོས། །དཀར་དམར་བདེ་སྟོང་རླབས་འཁྲུགས་དྲི་བཟང་ཆབ། །ཟག་པ་དབྱིངས་སྒྲོལ་ཤ་རུས་ཞལ་གྱི་ཟས། །འབྱུང་ལྔ་དབྱིངས་ཐིམ་ཆོས་ཉིད་རང་སྒྲའི་དབྱངས། །རྟོག་བྲལ་དུར་ཁྲོད་ནང་གི་འདོད་ཡོན་སྤྲིན། །དབྱིངས་ཆེན་ལྷ་མོའི་ཚོགས་ལ་འབུལ་གྱིས་བཞེས། །ཨོཾ་ཤྨ་ཤཱ་ན་པ་ཏི་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་མ་ཧཱ་སུ་ཁ་པཱུ་ཛ་ཨཱཿཧཱུྃ། གསུམ་པ་གསང་མཆོད་ནི། ཧཱུྃ་བྷྱོ༔ མཆོག་ཏུ་མི་འགྱུར་བདེ་ཆེན་སྨན། །སྟོང་ཆེན་དབྱིངས་ཀྱི་རཀྟ་བསྐྱིལ། །ཟུང་འཇུག་རྡོ་རྗེའི་བ་ལིཾ་ཏ། །སྣང་བཅས་མྃ་སའི་རི་བོ་བརྩེགས། །ཆགས་ཆེན་ཁྲག་མཚོའི་རྦ་རླབས་འཕྱོ། །རྟོག་མེད་བ་སུ་ཏ་ཡི་ཕྲེང༌། །དཔལ་ཆེན་དགྱེས་པའི་ལོངས་སྤྱོད་ཀྱིས། །རྡོ་རྗེ་དགྱེས་མ་མཆོད་ཅིང་བསྙེན། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་མྃ་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཧཱུྃ་བྷྱོ༔ འོད་གསལ་དབྱིངས་སུ་ཆོས་ཀུན་སྦྱོར། །གློ་བུར་མེད་སྣང་འཁྲུལ་ཆོས་བསྒྲལ། །ཡེ་ཤེས་གཅིག་གི་ངོ་བོ་ལ། །མཆོད་དང་མཆོད་བྱ་འཁོར་གསུམ་བྲལ། །དྷརྨ་དྷཱ་ཏུ་ཨཱ། མཆོད་ཕྲེང་དེ་དག་བསྡུ་ན་གཏེར་གཞུང་རྡོ་རྗེའི་ཚིག་དངོས་ནི། ཧཱུྃ་བྷྱོ༔ སྟོང་ཉིད་དབྱིངས་ལས་བདེ་བའི་རྩལ༔ རྣམ་པ་དུ་མར་འཆར་བ་ཡི༔ ཕྱི་ནང་ཉེར་སྤྱོད་འདོད་ཡོན་ལྔ༔ སྨན་རཀ་གཏོར་ཚོགས་རྒྱ་མཚོས་མཆོད༔ མཐུན་རྫས་རྟེན་རྫས་སྒྲུབ་རྫས་ཀྱིས༔ ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས༔ གནས་སྐབས་མཐར་ཐུག་དངོས་གྲུབ་ཀྱི༔ འདོད་པའི་འབྲས་བུ་མཆིས་པར་མཛོད༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡས་རྦ་པཱུ་ཛ་ཧོ༔ མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་མྃ་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པ་ཁོ་ནས་ཕུལ་ཀྱང་རུང་ངོ༌། །བྱེ་བྲག་ཏུ་གཏོར་མ་འབུལ་བ་ནི། གཏོར་མའི་ནང་དུ་ཧ་སེར་པོ། ཧོ་དཀར་པོ། ཧྲཱིཿ སྔོན་པོ་དེ་རྣམས་ཀྱི་འོད་ཀྱིས་ཁ་དོག་དྲི་རོ་ངན་པ་བཅོམ་སྟེ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཧ་ཧོ་ཧྲཱིཿསྭཱ་ཧཱ། ལན་གསུམ་བརྗོད། ཨོཾ་ཧཱུྃ་ཤྲཱི་ཡ་དེ་བི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཨོཾ་མ་ཧཱ་མྃ་ས་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། ཨི་དམ་བ་ལིཾ་ཏ་གྲྀ་ཧྣ་གྲྀ་ཧྣ་པཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་བདུན་གྱིས་ཕུལ་བས་འཁོར་དང་བཅས་པས་གསོལ་བར་བསམ། བསྟོད་པ་ནི། མི་རྐང་གི་གླིང་བུ་བུད། ཐོད་རྔ་འཁྲོལ་བ་དང་བཅས་སྙན་པའི་དབྱངས་ཀྱིས་རྒྱ་གཞུང་གི་བསྟོད་པ་ཏིལ་མར་མ་དང༌། ལྷ་མོའི་རྒྱུད་ལས་བྱུང་བའི་བསྟོད་པ་ནི། ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ་དཔག་པར་དཀའ་བའི་དོན། །ཐབས་ཀྱི་ཆོ་འཕྲུལ་ནམ་མཁའི་མཐའ་ལ་སྤྱོད། །བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁྱོད་ཉིད་ལ། །སྒོ་གསུམ་རྡུལ་སྙེད་དབྱངས་ཀྱིས་ཕྱག་འཚལ་བསྟོད། །མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་གཅིག་སྟེ། །ནག་མོ་ཟ་བྱེད་རྔམས་པའི་མཆེ་བ་ཅན། །དཔལ་ལྡན་རེ་མ་ཏི་ལ་ཕྱག་འཚལ་ལོ། །གོང་མ་གོང་མའི་ས་ལ་རབ་གནས་ཀྱང༌། །དགེ་བཅུའི་རྟགས་ནི་དམན་པའི་ཞིང་དེར་བསྟན། །གདུག་པའི་ཚུལ་གྱིས་འགྲོ་བ་འདྲེན་མཛད་མ། །བསྟོད་པར་འོས་པ་ཁྱོད་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ས་ལ་སྨིན་པའི་སྨོན་ལམ་ཅན། །ས་བརྒྱད་ནོན་པའི་གཞོན་ནུའི་ཚུལ་འཆང་མ། །འགྲོ་བ་འདུལ་ཕྱིར་དྲག་མོའི་ཚུལ་སྟོན་ཅིང༌། །གདུག་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །གསང་སྔགས་རྣལ་འབྱོར་གྲུབ་པའི་བདག་ཉིད་མ། །ཡོན་ཏན་རྣམས་ཀྱི་སྐུ་མདོག་ཕྱག་མཚན་ནི། །དོན་དུ་སྣང་བ་མེད་ཀྱང་གདུལ་བྱའི་ཕྱིར། །རྟགས་ཀྱི་ཕྱག་རྒྱར་སྟོན་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ལྡན་སྤྲུལ་པ་རྒྱ་མཚོ་ལས། །དྲེགས་པ་བཅོམ་མཛད་བདུད་དཔུང་ཟིལ་གྱིས་གནོན། །འགྲོ་དྲུག་འཇོམས་མཛད་སེམས་ཅན་ཀུན་གྱི་མ། །བསྟན་པ་རྒྱས་མཛད་མ་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་ལྷ་མོ་གཉིས་སུ་མེད་པ་སྟེ། །དོན་དམ་སྤྲོས་བྲལ་ཆོས་ཉིད་འདི་ལས་བཙལ། །སྲིད་དང་རྣམ་གྲོལ་ཡང་དག་དོན་གཅིག་མ། །ཐམས་ཅད་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །ཁྱོད་ནི་རྒྱལ་བ་མང་པོའི་ཡོན་ཏན་སྡུད། །ཆོས་ཀྱི་དབྱིངས་སུ་རྒྱལ་བ་རྣམས་དང་མཇལ། །ཟབ་མོ་དབུ་མའི་རང་བཞིན་སྟོན་པའི་ཕྱིར། །མི་མཇེད་འཇིག་རྟེན་ཤིན་ཏུ་རྩུབ་པ་འདིར། །ཕྱི་རོལ་ཚུལ་གྱིས་ཐམས་ཅད་འདྲེན་མཛད་མ། །ཁྱོད་ནི་སྤྲོས་བྲལ་འོད་གསལ་ཞི་བའི་ངང༌། །ཐུགས་ཀྱི་ཐུགས་མཆོག་རྣམ་པར་བདེན་པའི་ཡུམ། །གདོད་ནས་གཉིས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་ལྷ་མོ་ནག་མོ་ཁྱོད་ལ་ནི། །ལྷར་བཅས་གཤིན་རྗེ་རྒྱལ་པོ་ཉིད་ཀྱིས་འདུད། །སྲིད་གསུམ་བརྟན་གཡོ་ལྟོ་བའི་དབུས་ན་འཆང༌། །མཚུངས་མེད་མ་གཅིག་ཁྱོད་ལ་བདག་ཕྱག་འཚལ། །མ་རྣམས་ནང་ནས་ཁྱོད་ནི་རྟག་མཆོག་སྟེ། །འཇིག་རྟེན་གསུམ་པོ་ཐམས་ཅད་ཁྱོད་ལ་བསྟོད། །ཡང་དག་ཡེ་ཤེས་གྱ་ནོམ་བཀྲ་ཤིས་པ། །ཡིད་བཞིན་ནོར་བུ་ཁྱོད་ལ་ཕྱག་འཚལ་བསྟོད། །བཀྲ་ཤིས་མཆོག་གྲུབ་སེམས་བདེ་གྲགས་ལྡན་མ། །མ་མར་གྲགས་ཤིང་འཇིག་རྟེན་རབ་ཏུ་སྐྱོང༌། །འཐབ་མོའི་གཡུལ་དུ་རྟག་པར་རྒྱུན་དུ་རྒྱལ། །ད་ལྟ་གཤིན་རྗེའི་སྲིང་མོ་ཆེན་མོར་གྱུར། །གོས་སུ་རྟག་པར་དར་གོས་སྔོན་པོ་གྱོན། །སྡུག་དང་མི་སྡུག་བྱད་བཞིན་ཀུན་ཀྱང་སྟོན། །སྤྱོད་མཆོག་དམ་པ་ཚད་མེད་འཇིག་རྟེན་འདས། །དད་ཅིང་སྐྱབས་སུ་སོང་བ་རྗེས་སུ་འཛིན། །རི་བྲག་ཟབ་མོ་ནགས་ཚལ་གཙང་པོའི་འགྲམས། །དུར་ཁྲོད་ལ་སོགས་གནས་སུ་རྒྱུ་བྱེད་ཅིང༌། །གང་གིས་དད་ཅིང་བསྟོད་པར་བྱེད་རྣམས་ལ། །ཇི་ལྟར་རེ་བའི་འབྲས་བུ་ངེས་པར་སྩོལ། །རྨ་བྱའི་སྒྲོ་ཡི་རྒྱལ་མཚན་བ་དན་ཕྱར། །དུས་སོ་ཅོག་ཏུ་འཇིག་རྟེན་སྐྱོང་བར་བྱེད། །རྡོ་རྗེའི་དྲིལ་ཆོག་སྒྲ་འབྱིན་ཏྲི་ཤུལ་འཛིན། །རེས་འགའ་གཡས་གཡོན་ཉི་ཟླའི་རུ་མཚོན་ཕྱར། །ཟླ་བ་མར་ངོའི་ཚེས་དགུ་བཅུ་གཅིག་ལ། །གང་གིས་མཆོད་པར་བྱེད་ལ་མཆོག་སྩོལ་ཞིང༌། །སེམས་ཅན་ཀུན་ལ་རྣམ་པར་གཟིགས་པ་ལ། །ལྷ་མོའི་མཆོག་ཏུ་གྱུར་ཏེ་དཔེ་མེད་པ། །ཞི་དང་ཁྲོ་བོ་སྣ་ཚོགས་ཚུལ་མཛད་མ། །སྲིད་གསུམ་གཙོ་བོ་ཀུན་ཀྱང་ཁྱོད་ལ་མཆོད། །ཕྱོགས་བཅུའི་འཇིག་རྟེན་དག་ཏུ་སྒྲོན་མེར་གྱུར། །གུས་པས་ཁྱོད་ལ་རེ་བ་དེ་ཀུན་སྐོང༌། །རྒྱུ་སྐར་ཕྲེང་བའི་དབུས་ན་ཟླ་བ་བཞིན། །ལྷ་རྣམས་ཀུན་གྱི་ནང་ནས་མཆོག་མཛེས་མ། །མཐོང་བས་འཇིག་རྟེན་གསུམ་གྱི་ཀུན་དགའ་འཕེལ། །ལྟེ་བར་རྫོང་བཅས་ལྷ་རྣམས་གཡུལ་ལས་རྒྱལ། །ངེས་དོན་སྲས་བཅས་རྒྱལ་བའི་ཕྲིན་ལས་མ། །སྣང་སྲིད་མ་མོའི་དཀྱིལ་འཁོར་ཡངས་པའི་རྗེ། །བསྟན་སྐྱོང་སྒྱུ་འཕྲུལ་དྲྭ་བའི་རོལ་རྩེད་ཅན། །དངོས་གྲུབ་གཉིས་ཀྱི་གཏེར་མཛོད་ཡེ་ཤེས་སྐུ། །གཡུལ་འགྱེད་འཇིག་གནས་རྒྱལ་པོའི་ཆད་པ་དང༌། །མེ་ཆུ་ཆོམས་རྐུན་ལ་སོགས་འཇིགས་པའི་ཚོགས། །རྩེ་གཅིག་སེམས་ཀྱིས་ཁྱོད་ལ་མངོན་ཕྱོགས་ན། །ངེས་པར་མྱ་ངན་སྡུག་བསྔལ་ཀུན་ལས་ཐར། །དགེ་སྡིག་མི་སྲུན་ཡོངས་སུ་སྐྱོབ་པའི་ཕྱིར། །བྱམས་དང་སྙིང་རྗེ་ཆེན་པོས་མདུན་ན་གནས། །དེ་ཕྱིར་བདག་གི་བསམ་པ་རྩེ་གཅིག་ཏུ། །ལྷ་མོ་ཆེ་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཞེས་གསོལ་ཕྲིན་རྒྱས་པའི་སྐབས་བསྟོད་ཆེན་གཉིས་ཀའམ་རེས་མོས་སུ་བཏང༌། བསྡུ་ན་གཏེར་གཞུང་དཀྱུས་ཀྱི་བསྟོད་པ་ནི། ཧཱུྃ་བྷྱོ༔ དབྱིངས་ཡུམ་ཤེས་རབ་ཕ་རོལ་ཕྱིན༔ རྡོ་རྗེ་དབྱངས་ཅན་དྲག་མོའི་ཚུལ༔ འཇིག་རྟེན་དྲེགས་པ་གཤིན་རྗེའི་ལྕམ༔ བདུད་ཀྱི་ཡུམ་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་ནག་མོ་ཀེང་རུས་གཟུགས༔ གཏུམ་མོ་གཙིགས་བྱེད་མི་རོ་ཟ༔ རལ་པ་དམར་པོ་སྤྱན་གསུམ་གཡོ༔ དམ་ཚིག་ཅན་ལ་ཕྱག་འཚལ་བསྟོད༔ ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས༔ རལ་གྲི་དང་ནི་མདུང་ཐུང་བསྣམས༔ འོག་མ་ཐུན་ཁྲག་རྩེ་གསུམ་ཕྱར༔ ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད༔ སྙན་གོང་དྲིལ་བུ་སེང་གེ་དང༔ སྐུ་ལ་ཐོད་སྦྲུལ་མེ་ཏོག་བརྒྱན༔ གླང་ཆེན་སྟོད་གཡོགས་བ་ལང་དང༔ རེ་སྡེའི་ཤམ་ཐབས་འཕྱང་ལ་བསྟོད༔ ཞབས་ཟུང་ལྕགས་སྒྲོག་སྒྲ་དང་བཅས༔ བོང་བུ་གྭ་པའི་སྟེང་ན་རོལ༔ དུར་ཁྲོད་མ་གཤིན་ཚོགས་ཀྱི་རྗེ༔ ཁྲག་འཐུང་ཆེན་མོར་ཕྱག་འཚལ་བསྟོད༔ ཐུགས་དང་མཐུན་པའི་གཏོར་མ་དང༔ སྨན་རཀ་ཕུད་མཆོད་འདི་བཞེས་ལ༔ འཁོར་སྲུང་རྐྱེན་བཟློག་བར་ཆད་སོལ༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ ཞེས་པ་འདི་རྒྱུན་གསོལ་སྐབས་གཏེར་གཞུང་གི་བསྟོད་པ་འདི་ཁོ་ནས་ཆོག་གོ །བཟླ་ས་པ་ནི། རང་གི་ཐུགས་སྲོག་འོད་ཟེར་གྱིས༔ མ་མོ་འཁོར་བཅས་ཐུགས་དམ་བསྐུལ༔ ཞི་དང་དགྱེས་ཆགས་དྲག་ཤུལ་གྱི༔ ལས་རྣམས་ཐམས་ཅད་འགྲུབ་པར་བསམ༔ གོང་ནོན་གྱི་བཟླས་པ་ཅུང་ཟད་སྔོན་དུ་འགྲོ་བས། ཨོཾ་རོ་རུ་རོ་རུ་བི་དྷིཥྛ་བ་དོཏྶིཀ་མ་ལ་རཀྴ་སཱི་ཧཱུྃ་བྷྱོ་ཧཱུྃ༔ ཤཱིནྟཾ་པུཥྚིཾ་བཱ་ཤཾ་མཱ་ར་ཡ་རྦད༔ ཅེས་དང་ཆོས་དྲུག་སྲས་མཁར་མའི་གཞུང་དུ། བདག་ཉིད་ལྷ་མོའི་སྐུར་བསྒོམ་པ་དང་མདུན་གྱི་མ་མོ་འཁོར་དང་བཅས་པ་མངོན་སུམ་དུ་གསལ་བའི་ཞལ་ནས་སྔགས་ཀྱི་སྒྲ་དིར་དིར་བྱུང་བར་བསམ། ཐུགས་ཀར་བྷྱོ་མཐར་ཡིག་འབྲུ་རྣམས་གསལ་བ་ལ་སེམས་རྩེ་གཅིག་ཏུ་གཏད། གཡེང་བ་དང་མི་ཚིག་གི་སྐྱོན་སྤངས་ཏེ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་ཧཱུྃ་བྷྱོ། ཨེ་ཨཱ་ར་ལླི་ཧྲཱིཾ་ཛཿ ཞེས་བསྙེན་པའི་སྔགས་དང༌། བསྙེན་སྔགས་ལ། དྲྀ་ཤྱ་ཛཿཧཱུྃ་བྃ་ཧོ༔ ས་མ་ཡ་སྟྭྃ་ས་མ་ཡ་ཧོ༔ ཞེས་ཤམ་བུ་སྦྱར་ན་ལྷ་མོ་དགུག་གཞུག་བཅིངས་པ་དང་དབང་དུ་བྱ་བའི་སྔགས་སྦྱར་བས་ཞལ་མངོན་སུམ་དུ་སྟོན་པ་དང༌། དེས་ཀྱང་སྦྱར་རྟགས་མ་བྱུང་ན། ཨོཾ་ཧཱུྃ་བྷྱོ་ཨེ་ཨཱ་རལླི་ཧྲཱིཾ་ཛཿ ཞེས་བཏགས་སྟོང་བཟླས་ཤིང་དམིགས་པ་གཟིར་བས་གཟུགས་སྟོན་པ་དང༌། ཅི་འདོད་པའི་ལས་བྱེད་པར་གསུངས། ཡང་བདག་མདུན་ལྷ་མོ་ལས་གསལ་བའི་ཐུགས་ཀའི་མར་མེའི་ནང་དུ་ཧཱུྃ་གི་འོད་ཟེར་ལས། ཛཿདམར་པོ་སྦྲེལ་མ་ཕྱོགས་བཅུར་འཕྲོས་འདུས་པ་ལས། ལྕགས་ཀྱི་སྦྱང་མོ་རལ་པ་ཅན་མང་པོ་སྤྲོས་ཏེ་དགྲ་བོའི་སྙིང་རྩ་དབུ་མའི་ནང་གི་ཁྲག་འཐུང་བར་བསམ་ལ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། མ་མ་ཤ་ཏྲཱུྃ་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཞེས་དང༌། ནད་གདོན་ཞི་བར་འདོད་པས། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་མ་ཧཱ་ཀཱ་ལི་ནད་གདོན་ཐམས་ཅད་ཤཱིནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླ་བར་གསུངས། བཟླས་པ་གྲུབ་པ་དང༌། ལག་པ་ཁུ་ཚུར་མཛུབ་མོ་གཉིས་བསྒྲེངས་ཏེ། ཁ་འགྲམ་གཡས་གཡོན་དུ་བཞག་ལ། ཨོཾ་བྷྱོཿབརྟ་ལི་བརྟ་ལི་ཚེ། ལན་གསུམ་གྱིས་གཏོར་མ་ལ་བདུད་རྩིའི་ཁ་ཕྲུ་བཏབ། བྷྱོཿ དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མ། །ཀཱི་ལིའི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚོགས་དབུས་སུ། །ཚོགས་དང་ཕོ་ཉ་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཞིག་བཞེངས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་གྲུབ་པར་གྱིས། །བདག་གི་ལས་ནི་ཅི་བྱེད་ཀྱང༌། །དེ་ལ་ཀུན་གྱིས་གྲོགས་གྱིས་ཤིག །ལྷ་མོ་ནག་མོ་མཐུ་མོ་ཆེ། །འཕགས་མ་ཁྱོད་ལ་བདག་བསྟོད་དོ། །བསྟན་ལ་གནོད་པའི་གདུག་པ་ཀུན། །མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད། །ཉིན་དང་མཚན་དུ་བྱ་ར་གྱིས། །བཅོལ་བའི་ལས་ནི་འགྲུབ་པར་མཛོད། །གྲྀ་ཧྞ་གྲྀ་ཧྞ་སརྦ་དུཥྚཾ་བྷཀྵ་བྷཀྵ། ཕྲེཾ་ཕྲུཾ་ཕྲིཾ་ཕྲོཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ་སེ་གོལ་གདབ། མཁའ་འགྲོ་མ་དུད་པའི་སོལ་བ་མ། འཁོར་ནག་མོ་འབུམ་སྡེ་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་ཁ་དོག་དྲི་རོ་རེག་བྱ་དམ་པ་དང་ལྡན་པ་འདི་གསོལ་ལ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ནད་རིགས་བཞི་བརྒྱ་རྩ་བཞི། གདོན་རིགས་སྟོང་ཕྲག་བརྒྱད་ཅུ། རྨི་ལྟས་མཚན་ངན་ཆག་ཆེ་ཉམ་ང་བཀྲ་མི་ཤིས་པ་ཐམས་ཅད་ཞི་ཞིང་བཟློག་པར་མཛད་དུ་གསོལ། བདག་གི་ལུས་དང་གྲིབ་མའི་ཚུལ་དུ་འགྲོགས་ལ་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །ཞེས་བཅོལ་བས་བཀའ་བཞིན་བགྱིའོ་ཞེས་ཞལ་གྱིས་བཞེས་པར་བསམ། ཐུགས་དམ་བསྐང་བའི་རིམ་པ་ལ། དང་པོ་བསྐང་རྫས་བྱིན་གྱིས་བརླབས་པ་ནི། སྔགས་ཀྱིས་བསངས་སྦྱངས། སྟོང་པའི་ངང་ལས་གནས་ཁང་དུར་ཁྲོད་དྲག་པོའི་བཀོད་པ་འཇིགས་སུ་རུང་བའི་དབུས་སུ། ཧཱུྃ་ཡིག་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི་ཕྱི་ནང་གསང་བའི་རྟེན་རྫས་སྒྲུབ་རྫས་སྐོང་རྫས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་འཇིག་རྟེན་གྱི་ཁམས་རྒྱས་པར་སྣང་ཞིང་རྒྱུན་མི་ཆད་པར་འབྱུང་བ་དང༌། སྨན་གཏོར་རཀྟ་དམ་ཡེ་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་ཤིང་ཟད་མི་ཤེས་པར་གྱུར། ཨོཾ་ཧ་ཧོཿཧྲཱིཿསྭཱ་ཧཱ། ལན་གསུམ། ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་སྤེལ་ལ། བཛྲ་སྥ་ར་ཎ་ཁཾ་ཞེས་བརྗོད་པས་རྒྱས་བཏབ་ལ། ཧཱུྃ་ཧྲཱིཿ ཆོས་ཉིད་དབྱིངས་ལས་བདེ་ཆེན་རྩལ། །མ་གཤིན་དྲེགས་པ་ཀུན་གྱི་རྗེ། །བསྟན་དང་བསྟན་འཛིན་ལེགས་སྐྱོངས་མཛོད། །ཀཾ་ཀ་ལི་ཡི་ཐུགས་དམ་བསྐང༌། །ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དང༌། །དྲི་མཆོག་ཞལ་ཟས་སྒྲ་སྙན་རོལ་མོའི་ཚོགས། །ནག་མོ་འཁོར་དང་བཅས་ལ་འབུལ། །ཁྱད་པར་མཐུན་པའི་དམ་རྫས་ནི། །དཔལ་གྱི་གཏོར་མ་ཟུར་གསུམ་ལ། །ཙིཏྟ་སྙིང་གི་རྒྱལ་མཚན་བཙུགས། །གསེར་སྐྱེམས་བདུད་རྩིས་བྲན་པ་འདིས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང༌། །དམར་ཆེན་ཨརྒྷས་ཐུགས་དམ་བསྐང༌། །བྷ་ལིཾ་གཏོར་མས་ཐུགས་དམ་བསྐང༌། །འདོད་ཡོན་ལྔ་ཡིས་ཐུགས་དམ་བསྐང༌། །ཚོགས་ཀྱི་འཁོར་ལོས་ཐུགས་དམ་བསྐང༌། །རྔ་གླིང་དབྱངས་སྙན་རོལ་མོའི་སྒྲས། །དཔལ་གྱི་ལྷ་མོའི་ཐུགས་དམ་བསྐང༌། །སྤྲུལ་པའི་ལྷ་མོའི་ཐུགས་དམ་བསྐང༌། །ལས་ཀྱི་ལྷ་མོའི་ཐུགས་དམ་བསྐང༌། །མ་གཅིག་དཔལ་ལྡན་དུད་སོལ་ནི། །འཁོར་དུ་ནག་མོ་འབུམ་སྡེས་བསྐོར། །གཙོ་འཁོར་མ་ལུས་ཐུགས་དམ་བསྐང༌། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །བསྐང་བསྡུས་གྲངས་བསགས་ན་འདི་ཡན་བསགས་པས་རུང་སྙམ། གཙོ་མོ་ཆེན་མོ་དུད་སོལ་མ། །ཁྱོད་ཀྱི་གཡས་ན་སྤྲུལ་པའི་ལས་མཁན་ནི། །དམར་མོ་སྤྱན་གསུམ་ལྕགས་ཀྱི་རལ་པ་ཅན། །ཕྱག་གཡས་ལྕགས་ཀྱུས་དགྲ་བོའི་སྙིང་ནས་འགུགས། །དམ་ཉམས་འཆིང་བྱེད་ཞགས་པ་གཡོན་ན་ཐོགས། །སྟོང་གསུམ་རྒྱུ་ཕྱིར་ཆིབས་སུ་བོང་བུ་ཆིབས། །དྲག་མོ་འགུགས་བྱེད་གསུམ་གྱི་ཐུགས་དམ་བསྐང༌། །ཁྱོད་ཀྱི་གཡོན་ནས་སྤྲུལ་པའི་ལས་མཁན་ནི། །ནག་མོ་སྤྱན་གསུམ་ཁྲག་གི་རལ་པ་ཅན། །མ་རུང་གསོད་བྱེད་ཕྱག་གཡས་རལ་གྲི་འཛིན། །གཙོ་ལ་སྟོབ་ཕྱིར་ཙིཏྟ་གཡོན་ན་ཐོགས། །དུར་ཁྲོད་ཆས་བརྒྱད་ཆིབས་སུ་བོང་བུ་ཆིབས། །དགྲ་བགེགས་གསོད་བྱེད་གསུམ་གྱི་ཐུགས་དམ་བསྐང༌། །ཁྱོད་ཀྱི་མདུན་ནས་སྤྲུལ་པའི་ལས་མཁན་ནི། །གཅེར་བུ་སྤྱན་གསུམ་དུང་གི་མཆེ་བ་ཅན། །གསོད་བྱེད་སུན་འབྱིན་ཕྱག་གཡས་དགྲ་སྙིང་ཐོགས། །གདུག་པ་སྐྲག་མཛད་གཡོན་ན་ཐོད་ཁྲག་འཛིན། །མཁའ་ལ་འགྱུ་ཕྱིར་རླུང་གི་བོང་བུ་ཆིབས། །དམར་མོ་ཙ་མུན་ཏི་ཡི་ཐུགས་དམ་བསྐང༌། །ཁྱོད་ཀྱི་རྒྱབ་ནས་སྤྲུལ་པའི་ལས་མཁན་ནི། །དམར་ནག་ཕུར་པའི་ལྷ་མོ་རེ་མ་ཏི། །སྤྱན་གསུམ་མཆེ་གཙིགས་གཏུམ་དྲག་དྲེའུ་ཞོན། །ཕྱག་གཡས་རལ་གྲིས་དམ་ཉམས་སྲོག་རྩ་གཅོད། །གཡོན་པ་ལྕགས་ཕུར་དགྲ་བོའི་སྙིང་ནས་འདེབས། །ནག་མོ་ཐུན་ཁྲག་འདེབས་ཀྱི་ཐུགས་དམ་བསྐང༌། །ཐུགས་ལས་སྤྲུལ་པའི་མཁའ་འགྲོ་ཕོ་ཉ་ནི། །སྐུ་མདོག་དཀར་སེར་བོང་བུ་ཆིབས། །ཕྱག་གཡས་གྲི་གུག་གཡོན་ན་ཐོད་ཁྲག་འཛིན། །ཕྲིན་ལས་སྒྲུབ་མཛད་བཞི་ཡི་ཐུགས་དམ་བསྐང༌། །ཁྲག་འཐུང་ནག་མོའི་སྤྱན་སྔར་ཁས་བླང་བའི། །ཤར་ནས་དཀར་མོ་ཞལ་གཅིག་སེང་གེའི་གདོང༌། །ལྷོ་ནས་དམར་ནག་ཞལ་གཅིག་སྟག་གི་གདོང༌། །ནུབ་ནས་སྔོ་ནག་ཞལ་གཅིག་སྤྱང་ཀིའི་གདོང༌། །བྱང་ནས་མཐིང་ནག་ཞལ་གཅིག་ཕག་གི་གདོང༌། །ཁྱེད་རྣམས་རྒྱན་དང་ཆ་ལུགས་གཅིག་པ་སྟེ། །དུར་ཁྲོད་ཆས་བརྒྱན་དྲིལ་ནག་རྐང་གསུམ་ཆིབས། །ཕྱག་གཡས་གྲི་གུག་གཡོན་པ་ཐོད་ཁྲག་འཛིན། །དགྲ་བགེགས་འཇོམས་ཤིང་ཤ་དང་ཁྲག་ལ་རྔམས། །དགྲ་ཤ་ཟ་ཞིང་འབྱུང་པོའི་ཤ་ལ་རོལ། །ཕྱོགས་བཞི་ལྷ་མོ་བཞི་ཡི་ཐུགས་དམ་བསྐང༌། །བྱང་ཤར་མཚམས་ནས་སྨུག་ནག་བྱ་རོག་གདོང༌། །ཤར་ལྷོའི་མཚམས་ནས་མུན་མདོག་ལྕུང་ཀའི་གདོང༌། །ལྷོ་ནུབ་མཚམས་ནས་ཁྲག་མདོག་དུར་བྱའི་གདོང༌། །ནུབ་བྱང་མཚམས་ནས་དུད་མདོག་བྱ་རོག་གདོང༌། །སྐུ་མདོག་སོ་སོའི་ཆ་ལུགས་གཅིག་པ་སྟེ། །དུར་ཁྲོད་ཆས་བརྒྱན་ཆིབས་སུ་དྲིལ་རྟ་ཆིབས། །མཆོངས་ཤིང་རོལ་པས་དམ་ཉམས་སྲོག་དང་འབྲལ། །དགོད་ཅིང་འཇོམས་དང་ལྡིང་ཞིང་རོལ་ལ་སོགས། །མཚམས་བཞི་ལྷ་མོ་བཞི་ཡི་ཐུགས་དམ་བསྐང༌། །ཕྱོགས་བཞི་མཚམས་ན་བཞུགས་པ་ཡི། །ཕྲ་མེན་བརྒྱད་ཀྱི་ཐུགས་དམ་བསྐང༌། །ལས་མཁན་ཕོ་ཉ་ནག་མོ་ཀང་ཀའི་གདོང༌། །ཀུན་ཀྱང་མདའ་གཞུ་སྤུ་གྲི་བྷནྡྷ་དང༌། །སྦྲུལ་ཞགས་རྒྱུ་ཞགས་ནད་ཀྱི་རྐྱལ་པ་བསྣམས། །མ་རུངས་གསོད་བྱེད་ཁྱོད་ཀྱི་ཐུགས་དམ་བསྐང༌། །དམ་ཉམས་འདུལ་བྱེད་ཁྱོད་ཀྱི་ཐུགས་དམ་བསྐང༌། །དགྲ་བགེགས་སྒྲོལ་བྱེད་ཁྱོད་ཀྱི་ཐུགས་དམ་བསྐང༌། །གཞན་ཡང་ལས་བྱེད་མ་མོ་འབུམ་སྡེ་དང༌། །མ་མོ་མཁའ་འགྲོ་བདུད་མོ་བྱེ་བའི་ཚོགས། །ནག་མོ་གཅེར་བུ་འཇིགས་ཤིང་སྐྲ་བཤལ་བ། །ཞལ་གཅིག་ཕྱག་གཉིས་གྲི་དང་ཐོད་པ་འཛིན། །སྟོང་གསུམ་མ་ལུས་སྤྲིན་གྱི་ཚོགས་ལྟར་གཏིབས། །སྲིད་གསུམ་གཡོ་མཛད་ཁྱོད་ཀྱི་ཐུགས་དམ་བསྐང༌། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང༌། །དམར་ཆེན་ཨརྒྷཾ་ཐུགས༴ དམར་ཆེན་གཏོར་མས་ཐུགས༴ མཆོད་པ་རྣམ་ལྔས་ཐུགས༴ འདོད་ཡོན་ལྔ་ཡིས་ཐུགས༴ རྔ་གཤང་རོལ་མོས་ཐུགས༴ དབྱངས་སྙན་བསྟོད་པས་ཐུགས༴ དཔལ་ལྡན་ལྷ་མོས་ཐུགས༴ སྲིད་གསུམ་ལྷ་མོས་ཐུགས༴ འགུགས་གསོད་ཐུན་ཁྲག་འབེབས་པ་དང༌། །གཅེར་བུ་སྤྱན་གསུམ་ཁྱེད་རྣམས་ཐུགས་དམ་བསྐང༌། །རིགས་བཞིའི་ལྷ་མོས་ཐུགས༴ ཕྲ་མེན་བརྒྱད་ཀྱིས་ཐུགས༴ ཀང་ཀ་མ་བཞིའི་ཐུགས༴ ནག་མོ་འབུམ་སྡེའི་ཐུགས༴ མ་མོ་མཁའ་འགྲོའི་ཐུགས༴ བདུད་མོ་བྱེ་བའི་ཐུགས༴ ཁྱོད་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ། །སྲིད་གསུམ་ལྷ་མོའི་ཐུགས་དམ་བསྐང༌། །གཙོ་འཁོར་མ་ལུས་ཐུགས༴ སྲིད་གསུམ་དག་ན་ཁྱོད་འདྲའི་མགོན་མེད་པ། །མ་ལས་བྱམས་ཤིང་སྲིང་བས་བརྩེ། །མ་སྲིང་ཐུགས་དམ་གཉན་པོ་བསྐང༌། །དོ་ནུབ་མཉེས་པའི་ཚོགས་མཆོད་འབུལ། །དོ་ནུབ་མཉེས་པའི་གཏང་རག་གཏོང༌། །དོ་ནུབ་ཕྱི་མའི་ཞུ་བ་འབུལ། །དོ་ནུབ་ཁྱེད་རྣམས་དགོངས་སུ་གསོལ། །སྔོན་ཚེ་སངས་རྒྱས་སྤྱན་སྔ་རུ། །ཁས་བླངས་དམ་བཅས་མ་གཡེལ་ཅིག །གསོལ་ལོ་མཆོད་དོ་དུད་སོལ་མ། །རིག་འཛིན་རྣལ་འབྱོར་བདག་ཅག་དང༌། །བཀའ་སྲུང་ལྷ་མོ་དུད་སོལ་གཉིས། །བསྐལ་པ་ཞིག་ཀྱང་མི་འབྲལ་ལོ། །བླ་མའི་སྐུ་ལ་བརྡོ་བ་དང༌། །སངས་རྒྱས་བསྟན་ལ་གནོད་པ་དང༌། །བདག་ལ་སྡང་བའི་དགྲ་བྱུང་ན། །ཞག་གསུམ་ཁོང་དུ་དགྲ་རྩ་ཆོད། །དུས་ལས་མ་འདའ་ས་མ་ཡ། །དོ་ནུབ་ལྷ་ལ་སེམས་འཁོན་སྦྱོང༌། །རྩ་བའི་སློབ་དཔོན་མ་བཀུར་དང༌། །རྡོ་རྗེ་སྤུན་ལ་མཁོན་བཙུགས་དང༌། །རྩ་བའི་དམ་ཚིག་མ་ཐུབ་དང༌། །དམ་རྫས་གཉན་པོ་མ་ཚང་དང༌། །གཏོར་མ་དུས་སུ་མ་ཐོན་དང༌། །སྐུ་གསུང་ཐུགས་ལས་འགལ་བ་རྣམས། །དོ་ནུབ་ཉམས་ཆགས་མ་ལུས་བསྐང༌། །བདག་གིས་ཚོར་བ་མ་ཉམས་ཀྱང༌། །འཁྲུལ་པའི་དབང་གིས་ཉམས་སྲིད་པས། །དམ་ཅན་ཐུགས་དམ་འགལ་སྲིད་པས། །ཉེས་པ་མཆིས་ན་ལྷ་ལ་མཐོལ། །ཕྱིན་ཆད་ཉམས་པ་མི་བགྱིད་དེ། །རྣལ་འབྱོར་དམ་ཚིག་ཉམས་པ་བསྐང༌། །ཉམས་ཆགས་ཐམས་ཅད་ད་བསྐང་ངོ༌། །བསྐང་ངོ་བཤགས་སོ་ཐུགས་དམ་ཅན། །ཞེས་དང༌། མ་མོའི་འཁྲུགས་སྐོང་སྦྱར་བར་སྤྲོ་ན། ཀུན་གཟིགས་མི་ཕམ་རིན་པོ་ཆེའི་གསུང༌། བྷྱོཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །སྲིད་པའི་བདེ་སྡུག་མ་མོས་བྱེད། །སྣ་ཚོགས་ལོངས་སྤྱོད་ལ་བརྟེན་ནས། །མ་མོ་མཁའ་འགྲོ་འཁྲུགས་པ་ལས། །ཁ་རླངས་སྣ་ཚོགས་སྤྲིན་དུ་ཆགས། །བུད་མེད་སྣ་ཚོགས་སྟོང་ཁམས་གང༌། །ནད་དང་མི་བདེ་ཆར་ལྟར་འབེབས། །ཁྱད་པར་དམར་མོའི་ཚོགས་འབྱུང་བས། །མི་རྣམས་འདོད་ཆགས་མེ་ལྟར་འབར། །རྟག་ཏུ་བུད་མེད་སེམས་བྱེད་ཅིང༌། །རང་དབང་མེད་པར་མོ་དབང་འགྲོ། །ཚིམ་པ་མེད་པར་འདོད་པས་གདུང༌། །མཁའ་ལ་ཁྲག་གི་འོད་ཟེར་འབར། །ས་ལ་ཤ་འུད་ཆུ་གནོད་མང༌། །ཀུན་ཀྱང་མ་མོའི་ཆོ་འཕྲུལ་ཏེ། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །དུས་ཀྱི་འཁྲུགས་པ་སློང་བྱེད་མ། །མཚོན་གྱི་སྐལ་པས་འཇིགས་བྱེད་མ། །བསྐལ་པའི་དུས་སྲིད་བདག་མོ་ཁྱོད། །སྤྱི་བདུད་ནད་ཀྱི་ཁ་ལོ་བསྒྱུར། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །དམ་རྫས་བདུད་རྩི་གཏོར་མ་དང༌། །ཁྲག་ཆས་བྱ་ནག་སྒོ་ང་སོགས། །རྟེན་རྫས་སྒྲུབ་རྫས་བསྐང་རྫས་ཀྱིས། །འཁྲུགས་པའི་མ་མོའི་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་བསྒྱུར། །ཁྲམ་ཁ་ཕྱིས་ལ་ཤྭ་རྡེལ་སྤོས། །ནད་གདོན་བར་ཆད་བསྒྱུར་དུ་གསོལ། །ནད་ཁ་མི་འཚལ་མ་ཉིད་བཞེས། །རིམས་ཁ་མི་འཚལ་མ་ཉིད་བཞེས། །ཕྱི་རུ་རྐྱེན་ངན་སྣ་ཚོགས་དང༌། །ནང་དུ་དུག་ལྔ་རྣམ་རྟོག་གདོན། །ཁྱད་པར་ཆགས་སྲེད་འཕེལ་བ་ཡི། །བསྐལ་སྲིད་དུས་ཀྱི་འཚུབ་འགྱུར་རྣམས། །མཁའ་ལ་སྤྲིན་དང་ཆུ་རླབས་བཞིན། །མ་ཉིད་ཞལ་གྱི་དབྱིངས་སུ་བསྟིམ། །ཕོ་བདུད་དལ་ཁ་གཡས་སུ་བསྒྱུར། །མོ་བདུད་དལ་ཁ་གཡོན་དུ་བསྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར། །ཟློག་བསྒྱུར་ཆེན་མོའི་དུས་ལ་བབས། །དུས་ལ་བབ་བོ་ས་མ་ཡ། །དབྱིངས་ཀྱི་རྒྱལ་མོ་མུ་ཁ་ལ། །སྣང་སྲིད་ཀུན་ཏུ་བཟང་མོ་ཡི། །བྷ་ག་བདེ་ཀློང་ཡངས་པ་རུ། །བསྐལ་སྲིད་དུས་ཀྱི་ཁུག་པ་ཡི། །རྐྱེན་སྣང་ཀུན་རྟོག་རང་གྲོལ་ནས། །བསྐལ་པ་ཆ་སྙོམས་འབྱུང་བ་དང༌། །སྐྱེ་དགུ་བདེ་ཞིང་ལྷ་འདྲེ་བྱམས། །ཀུན་ཀྱང་ཐེག་མཆོག་ཆོས་ལ་སྤྱོད། །རྣལ་འབྱོར་སྒྲུབ་པ་པོ་རྣམས་ཀྱིས། །གདོད་མའི་རང་ཞལ་མཐོང་བ་དང༌། །གནས་སྐབས་ཡིད་ལ་རེ་བ་ཡི། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་དང་ཡི་གེ་བརྒྱ་པ་བཟླས་པས་ཉམས་ཆག་བཤགས། ཕྲིན་ལས་བཅོལ་བ་ནི། ཧཱུྃ་བྷྱོཿ འགྲོ་བའི་དོན་དུ་སྐུ་མདོག་འཇིགས་པ་ལ། །མ་ལུས་ཁྱབ་པར་གསལ་བར་མཛད་པ་ཡིས། །ང་རྒྱལ་དྲེགས་པ་ཅན་རྣམས་འཇོམས་མཛད་པའི། །ཡོན་ཏན་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཏི་ལས་སྐྱེས་པའི་བོང་བུ་ནི། །ཞིང་ཆེན་རུས་པའི་ཐོད་དུ་བྱས། །སྲིན་པོའི་ཡ་འགལ་སྔ་རུ་ལ། །མ་འགལ་དག་གི་ཕྱི་རུ་བྱས། །ཞིང་ཆེན་སྒ་སྟན་ཞིང་ཆུང་ནི། །གོང་སྨད་སྦྲུལ་ནག་ཆུན་པོས་བྱས། །རུ་ཏྲའི་ཕྲུག་གུའི་སྒ་གཡོགས་བྱས། །དེ་སྟེང་ལྷ་མོ་དུད་སོལ་མ། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་ཁྲོས། །གཡས་པ་རལ་གྲི་བྷནྡྷ་བསྣམས། །གཡོན་གཉིས་ཤཀྟི་ཏྲི་ཤུལ་བསྣམས། །ཞབས་གཉིས་བཙན་སྐྱིལ་བརྐྱང་བསྐུམ་བཞུགས། །རལ་པའི་ཐོར་ཚུགས་གཡོན་དུ་འཁྱིལ། །བོང་བུའི་སྟེང་ནས་ཕྱོགས་བཅུར་གཟིགས། །བསྟན་སྲུང་བཀའ་ཡི་བྱ་ར་མཛད། །དམ་ཚིག་ཅན་ལ་ཕྱག་འཚལ་ལོ། །ཁྱོད་ལས་དངོས་གྲུབ་ཞུ་བ་ནི། །རྒྱལ་པོ་ཀླུ་བདུད་ལ་སོགས་པའི། །གདོན་གྱི་རིགས་རྣམས་ཞི་བར་མཛོད། །རླུང་མཁྲིས་བད་ཀན་ལ་སོགས་པའི། །ནད་ཀྱི་རིགས་རྣམས་ཞི་བར་མཛོད། །འཇིག་རྟེན་ལས་འདས་དངོས་གྲུབ་ནི། །ཚེ་དབང་རྒྱས་དང་ལོངས་སྤྱོད་འཕེལ། །ཟང་ཟིང་ནོར་དང་འབྲུ་ཡི་ཕུང་པོ་དང༌། །རིན་ཆེན་རྐང་འགྲོས་ཕྱུགས་རྣམས་འཕེལ་བར་མཛོད། །དཔལ་དང་གྲགས་དང་ལྡན་པ་ཡི། །ལོངས་སྤྱོད་དམ་པ་བསྩལ་དུ་གསོལ། །མ་གཅིག་ཕྲིན་ལས་བཅོལ་བ་ནི། ནད་གཏོང་མ་མོ་འཁོར་བཅས་རྣམས། །དམར་ཆེན་གཏོར་མ་འདི་གསོལ་ལ། །རིམ་ཁ་ཆོད་ལ་དལ་ཁ་བསྒྱུར། །མ་མོའི་དལ་ཡམས་དགྲ་ལ་བསྒྱུར། །གློ་བུར་ཡེ་འདྲོགས་དགྲ་ལ་བསྒྱུར། །རྡོ་རྗེ་སློབ་དཔོན་མཆེད་ལྕམ་དང༌། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །རྐྱེན་ངན་བཟློག་ལ་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཞུ། །རྒྱལ་བའི་བསྟན་པ་སྲུང་ཞིང་སྤེལ། །བསྟན་འཛིན་བཞེད་པའི་དོན་ཀུན་སྒྲུབ། །རྣལ་འབྱོར་ལམ་གྱི་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །འགྲོ་ཀུན་བདེ་སྐྱིད་དཔལ་དང་ལྡན། །རྣམ་དཀར་ལས་ལ་ངང་གིས་འདུན། །དོན་གཉིས་འབད་མེད་ལྷུན་གྲུབ་པའི། །དགེ་ལེགས་དཔལ་ཡོན་རྒྱས་པར་མཛོད། །སྣང་སྲིད་ཐམས་ཅད་བདེ་བ་ཆེ། །ཆོས་དབྱིངས་རང་བྱུང་ཡུམ་གྱི་མཁར། །རྟག་ཏུ་འཕོ་འགྱུར་མེད་པའི་དབྱིངས། །ཞི་བ་ཆེན་པོའི་ཕྲིན་ལས་མཛོད། །དྲག་པོའི་ལས་ལ་བསྐུལ་བ་ནི། བྷྱོཿ མ་གཡེལ་མ་གཡེལ་དམ་ཅན་ཚོགས། །བོས་པའི་ཚེ་ན་སྙན་མ་སྲ། །བསྟེན་པའི་ཚེ་ན་རྒྱང་མ་རིང༌། །རྦད་པའི་ཚེ་ན་མཐུ་མ་ཆུང༌། །ཤ་ཁྲག་གཟན་དུ་བོར་ནས་ཁྱོད་སྒྲུབ་བོ། །ལུས་སྲོག་འབེན་དུ་བཙུགས་ནས་ཁྱོད་སྒྲུབ་བོ། །དམ་རྫས་རྟེན་དུ་བཙུགས་ནས་ཁྱོད་སྒྲུབ་བོ། །ཕུག་པ་ཞྭ་ལྟར་གྱོན་ནས་ཁྱོད་སྒྲུབ་བོ། །རྣལ་འབྱོར་བུ་ནི་གཙང་ཤོད་ཉ་བཞིན་ཉུལ། །དམ་ཉམས་དགྲ་ནི་གངས་སྟོད་སེང་བཞིན་རྒྱུ། །ས་སྟེང་འདི་ལ་བདག་ནི་མགོན་མེད་པས། །མ་གཅིག་དམ་ཅན་ཐུགས་རྗེའི་མི་དགོངས་སམ། །འཁོར་གྱི་ཚོགས་ལ་བཀའ་ནན་མི་མཛད་དམ། །དམ་ཉམས་དགྲ་ལ་ཕྲིན་ལས་མི་མཛད་དམ། །ལྷ་མོ་མི་ཕམ་ཡི་དམ་སྲོག་གི་ལྷ། །རྣལ་འབྱོར་ཀུན་གྱི་དགྲ་ལྷ་མོ། །ནག་མོ་ཆེན་མོ་ཆར་སྤྲིན་མདོག །དཔལ་ལྡན་ལྷ་མོ་ཐུགས་དམ་ཅན། །རྡོ་རྗེའི་ལྕམ་གཅིག་ལས་མཁན་མ། །སྲོག་གཅོད་ནད་གཏོང་བོང་ཞོན་མ། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །དམ་ཉམས་ཀུན་གྱི་བདུད་གཅོད་མ། །དམ་ཚིག་ཅན་གྱི་ཚེ་འཛིན་མ། །ལེགས་ཉེས་ཀུན་གྱི་སྟངས་འཛིན་མ། །འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། །རྒྱལ་བའི་སྤྱན་སྔར་ཞལ་བཞེས་བཞིན། །ཐུགས་དམ་གཉན་པོ་མ་བསྙེལ་པར། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བསམ་པ་ཡིད་བཞིན་བསྒྲུབ་པར་མཛོད། །རྣལ་འབྱོར་དམ་ཚིག་ལྡན་པ་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ནད་གདོན་སྡུག་བསྔལ་ཞི་བ་དང༌། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །ཁམས་གསུམ་དབང་དུ་སྡུད་པ་དང༌། །དགྲ་བགེགས་གནོད་བྱེད་བརླག་པར་མཛོད། །འཁོར་རྣམས་ཕོ་ཉར་ད་ཐོངས་ལ། །བསྟན་པ་བཤིག་པའི་དམ་ཉམས་འདི། །བདུན་བརྒྱུད་རྩད་ནས་ཆོད་ལ་ཤོག །ལོ་དང་ཟླ་བར་མ་བཞག་པར། །ཞག་དང་ཟ་མ་ཉིད་དུ་སྒྲོལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བླ་མར་སྨོད་ཅིང་དཀོན་མཆོག་དབུ་འཕང་སྨད། །བདག་གི་དགེ་བའི་བར་ཆད་བྱེད་པའི་དགྲ། །བསྟན་དང་འགྲོ་ལ་འཚེ་བའི་ལས་ངན་འདི། །ཁྱོད་ཀྱི་ཁོང་ནས་དུག་གི་རླུང་བུས་ལ། །འདུ་བ་རྣམ་བཞིའི་ནད་རྣམས་ཁོང་ནས་སློང༌། །པགས་བཞི་ལྷུ་རྣམས་ས་ལ་རྡེབ་ཏུ་ཆུག །དོན་སྙིང་རྣམ་ལྔའི་ཁོང་ཁྲག་སྐྱུག་ཏུ་ཆུག །ལས་ངན་འཁོར་བཅས་བྲང་ཆེན་བརྡུང་དུ་ཆུག །སྨྲེ་ངག་ཆོ་ངེ་གནམ་ལ་འབོད་དུ་ཆུག །འཆི་བའི་དུས་འདས་སྨྱོ་འབོག་བསད་པར་མཛོད། །གཅན་གཟན་མཁའ་ལྡིང་ལ་སོགས་ལྟས་ངན་ཐོང༌། །བསྟན་པ་སྲུང་བའི་ལས་རྣམས་འགྲུབ་པར་མཛོད། །ཅེས་བརྗོད་ལ་ཐུན་གཏོར་དགྲ་ཕྱོགས་སུ་འཕང་ངོ༌། །རྗེས་རིམ་ནི། གཏོར་ཆོག་ཙམ་ལ། གོང་གི་ཕྲིན་བཅོལ་གྱི་རྗེས། ནོངས་བཤགས་དང༌། བཛྲ་ལཱ་སྱ་རཱ་ག་ཡ་མི་ཧཱུྃ། དམ་ཡེ་གཉིས་སུ་མེད་པའི་ལྷ་མོའི་རྟེན་རྫས་དང་སྐུའི་ཐུགས་ཀར་བསྡུས་ཀྱང་རུང་ངོ༌། །ཟབ་གཏེར་རྡོ་རྗེའི་ཚིག་གི་ལྟེ་བ་ལ། །གྲུབ་བརྙེས་གསུང་གི་གསེར་སྦྱངས་རྩིབས་སྟོང་བཀྲ། །གསང་ཆེན་བསྟན་པའི་མཁའ་དབྱིངས་རྒྱུ་བ་དང༌། །འདོད་དགུའི་ཕྲིན་ལས་མངའ་ཐང་རྒྱས་གྱུར་ཅིག །ཅེས་པའང་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་ཡེ་ཤེས་རྡོ་རྗེའི་ལྷ་མོ་འདི་ཉིད་ཀྱི་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ཡང་ཡང་གཟིགས་པའི་དགོས་པ་ཁྱད་པར་བ་དུ་མས་བསྐུལ་མདོ་ཁམས་ཀྱི་ནཱ་ལེནྡྲ་རྫོང་གསར་བཀྲ་ཤིས་ལྷ་རྩེ་ནས་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་གྲོལ་དགའ་སྟོན་ལྷུག་པར་བསྩལ་བའི་སྐབས་ལས་རིམ་འདི་ལྟར་བསྒྲིགས་དགོས་པར་དགྱེས་པའི་བཀའ་བཟང་དམིགས་སུ་བསྩལ་ཞིང་བཀའ་ཕེབས་ལྟར་ཞབས་ཏོག་ཞུས་པ་ཉིད་རྟེན་མཆོག་འགྱུར་མེད་གླིང་གི་མཆོག་གླིང་གསུམ་པའི་ཕྲིན་ལས་ཀྱི་རྒྱུན་ལའང་ཕན་པའི་མཚན་ལྟས་གསལ་པོར་གྱུར་པས་རྗེ་དེའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་སྤྲུལ་ཨོ་རྒྱན་སྟོབས་རྒྱལ་ནས་ཀྱང་ཡང་ཡང་གསུང་བསྐུལ་བཞིན་འཇུག་བདེའི་དོན་ཚང་གི་ཚུལ་དུ་རིག་འཛིན་རྩལ་འཆང་རྣམ་གསུམ་གྱི་རིང་ལུགས་ལ་རྒྱུ་མཚན་ཤེས་པའི་དད་བློ་ཅུང་ཟད་ཐོབ་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་པདྨ་གར་དབང་མདོ་སྔགས་གླིང་པས་སྤེལ་བ་འདིས་ཀྱང་བསྟན་འགྲོའི་དགེ་མཚན་གྱི་དཔལ་མཆོག་ཏུ་གྱུར་ཅིག། །།}} | ༄༅། །ན་མོ་གུ་ར་ཝེ། འཁོར་འདས་ཆོས་ཀུན་དབྱིངས་ཀྱི་མཁའ་རུ་སྡོམ། །བདེ་ཆེན་མེ་ལྕེའི་གཉིས་སྣང་བུད་ཤིང་བསྲེགས། །འཇིགས་བྱེད་གཏུམ་མོ་དུད་པའི་སོལ་བ་མར། །བཏུད་ནས་དེ་ཡི་མཆོད་ཆོག་གུས་པས་སྤྲོ། །དེ་ཡང་བསྟན་སྲུང་དབང་མོ་འདི་ཉིད་ཀྱི་སྲོག་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་མཆོད་སྤྲིན་དཀྱུས་མའི་ཚུལ་དུ་ཉམས་སུ་ལེན་པའི་ཚུལ་ལ། ཐོད་པ་མཚན་ལྡན་ལ་སོགས་པའི་སྣོད་བཟང་པོར་ལྷ་མོའི་དཔལ་བཤོས་ཟུར་གསུམ་མེ་རིའི་རྒྱན་ལྡན་ལ་མཐེབ་ཀྱུ་མང་པོའི་བསྐོར་ཞིང་དར་གདུགས་མཐིང་ནག་བཙུགས། ར་ནག་དང་བྱ་ནག་གཙོ་བོར་གྱུར་པའི་ཤ་ཁྲག་གི་འཕན་དར། ཡུངས་ཀར་གྱི་གོང་བུ་སོགས་ཀྱིས་བརྒྱན། ཁུར་བ་ཤིང་ཐོག་བྱེ་བྲག་བླུགས་ལ་མཉྫིའི་སྟེང་བཞག །ཕྱི་མཆོད་རྣམས་དང༌། སྨན་རཀ །གསེར་སྐྱེམས་སོགས་ཀྱིས་མཛེས་པར་བྱ། འབྱོར་ན་བདག་བསྐྱེད་ཀྱི་གཏོར་མ་དང༌། སྐུ་རྟེན་སོགས་བཤམས་པས་བརྒྱན་པར་བྱ། བདག་བསྐྱེད་རིགས་གསུམ་སྙིང་ཐིག་ལས་འབྱུང་བའི་གཤིན་རྗེ་ལྟ་བུ་བྱུང་ན་ལེགས་ཤིང༌། གཞན་དུ་གསང་ཐིག་ཕུར་པ། ཐུགས་སྒྲུབ་རྒྱུན་གྱི་བཀོལ་བྱང་རྣམས་གང་འོས་བཏང་ནས། ཐོག་མར་གནས་ཁང་དང་མཆོད་པའི་ཡོ་བྱད་བྱིན་གྱིས་བརླབས་པ་ནི། ཧཱུྃ༔ གནས་ཁང་དུར་ཁྲོད་ཆེན་པོའི་གཞལ་མེད་ཁང༔ ཡེ་ཤེས་བཀོད་པ་འབྱམས་ཀླས་འོད་འབར་དབུས༔ ཉེར་སྤྱོད་འདོད་ཡོན་དྲག་པོའི་ལོངས་སྤྱོད་ཀུན༔ བདེ་སྟོང་མཆོད་པའི་ཕྱག་རྒྱ་ཆེན་པོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པཉྩཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཨཱཿཧཱུྃ་ཞེས་ཕྱི་མཆོད་དང༌། སྨན་གཏོར་རཀྟ་གསུམ། རྃ་ཡྃ་ཁྃ་གིས་བསང༌། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་ལ་གནས་པའི་ཀཱ་པ་ལར་དམ་རྫས་ཤ་ལྔ་བདུད་རྩི་ལྔ་མེ་རླུང་གིས་སྦྱངས། ཡེ་ཤེས་ཀྱི་བདུད་རྩི་ཐིམ་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ཞེས་སོ་སོར་ལན་གསུམ་གསུམ་དང༌། ཨོཾ་ཨཱཿཧཱུྃ་མང་དུ་བརྗོད་པས་བྱིན་གྱིས་བརླབ། གཉིས་པ་ལྷ་མོའི་དམ་ཚིག་པ་བསྐྱེད་པ་ནི། མདུན་དུ་སྐད་ཅིག་གིས་ལྷ་མོ་དུད་པའི་སོལ་བ་མ་བཞུགས་པའི་སྙིང་ག་པད་མ་འདབ་བཞིའི་སྙིང་པོ་དང་བཅས་པའི་སྟེང་དུ་ཧཱུྃ་མེ་ལྟར་འབར་བས། སྡིག་པ་ཅན་གྱི་ལུས་བསྲེགས་ཐལ་བར་གྱུར་པའི་སྟེང་དུ་པད་མའི་སྙིང་པོའི་སྲོག་གི་རང་བཞིན་ཡི་གེ་ཨོཾ། ཨོཾ་དེའི་སྟེང་བྃ་ཡོངས་སུ་གྱུར་པ་ལས་བུམ་པ་དཀར་པོ་བདུད་རྩིས་གང་བ། དེ་ལས་བདུད་རྩི་ལུད་དེ་ཨོཾ་བཀྲུས་པས་འོད་ཟེར་དཀར་པོ་རབ་ཏུ་འབར་བར་གྱུར། ཨོཾ་མ་ཧཱ་ཀཱ་ལི་དེ་ཝཱི་ཀ་ར་ལམྦི་ད་ན་སཏྭ་ཀཱ་ལ་རཱ་ཏྲི་ཙཎྜ་རཱུ་པ་ཎི་ཧཱུྃ་ཕཊ། དེ་ཉིད་སྐད་ཅིག་གིས་དཔལ་ལྡན་ལྷ་མོའི་སྐུར་གྱུར་པ་ནི། སྐུ་མདོག་སྤྲིན་དང་བུང་བ་ལྟར་ཤིན་ཏུ་གནག་པ་རབ་ཏུ་སྐེམ་པ་ཀེང་རུས་ཀྱི་ལུས་ཅན། ཞལ་གཅིག་ཕྱག་བཞི་ཞབས་གཉིས་པ། གཡས་ཀྱི་དང་པོ་ན་རལ་གྲི། འོག་མ་ན་བྷན་དྷ་ཁྲག་གིས་བཀང་བ། གཡོན་གྱི་དང་པོ་ན་ཤཀྟི། འོག་མ་ན་ཏྲི་ཤཱུལ། མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་གཙིགས་ཤིང་སྤྱན་གསུམ་དམར་པོ་བཟློག་ནས་བལྟ་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང༌། །ལན་བུ་གཡོན་དུ་འཁྱིལ་བ། །དབུ་ལ་སྦྲུལ་དང་ཐོད་ཕྲེང་གིས་བརྒྱན་པ། །སྙན་ཆ་གཡས་ན་སྦྲུལ་འཁྱིལ་བའི་མགུལ་ནས་དྲིལ་བུ་འཁྲོལ་བ། །སྙན་ཆ་གཡོན་ན་སེང་གེའི་རལ་པ་དམར་བ། །རྣ་ལྟག་གཉིས་ན་མེ་ཏོག་དང་དར་ནག་པོའི་ཅོད་པན་འཕུར་བ། །ལྷ་མ་ཡིན་ལ་སོགས་པའི་ཐོད་པས་དོ་ཤལ་བྱས་པ། །གླང་པོ་ཆེའི་ཀོ་རློན་སྟོད་གཡོགས་སུ་གྱོན་པ། །བ་གླང་གི་ཀོ་རློན་རེ་ལྡེ་སེར་པོས་ཤམ་བུ་བཏགས་པས་སྨད་དཀྲིས་པ། །ཁྲག་དང་ཞག་གི་དུམ་བུར་བྲེས་པ་ཀླུའི་རྒྱལ་པོ་གཤིབས་པའི་སྐེ་རག་བྱས་པ། །ཞབས་གཉིས་ལྕག་སྒྲོག་གིས་བརྒྱན་པ་བོང་བུ་གྭ་པའི་སྟེང་ན་བཙན་སྐྱིལ་དུ་བཞུགས་པ། དུར་ཁྲོད་བརྒྱད་ཀྱི་དབུས་ན་སྐད་དུང་དང་འབྲུག་གི་སྒྲ་ལྟར་སྒྲོགས་ཤིང༌། མ་མོ་མཁའ་འགྲོ་དང་ཤ་ཟ་ཐམས་ཅད་དབང་དུ་སྡུད་པ། དེ་ལྟར་གསལ་བའི་དབུས་སུ་ཐུགས་ཀྱི་ཡེ་ཤེས་མར་མེ་ལྟར་འབར་བ་སྒོ་ངའི་དབྱིབས་ཅན་སོར་བཞི་པ། དེའི་དབུས་སུ་ཧཱུྃ་ཉི་ཟླ་ལ་གནས་པའི་སྟེང་དུ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཞེས་པས་བསྐོར་བར་གྱུར། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གཅིག་ཆད་དེ་བྷ་གར་ཐིམ། བཛྲ་ལཱ་སྱ་རཱ་ག་ཡ་མི། རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས། རང་བཞིན་གྱི་གྲུབ་པའི་གནས་ནས་དཔལ་ལྷ་མོ་ནག་མ་འཁོར་མ་མོ་ནག་མོ་གཅེར་བུ་རལ་པ་ཅན་ཐོད་པའི་ཕྲེང་བ་སེ་རལ་ཁར་བརྒྱན་པ། ལག་པ་གཡས་ན་མིའི་སྙིང༌། གཡོན་བྷནྡྷ་ཁྲག་གིས་གང་བ་འཛིན་པ། སྙིང་གི་དཀྱིལ་ན་བྷྱོ་ཡོད་པ་བསམ་གྱིས་མི་ཁྱབ་པ་དང་བཅས་སྟེ་ཨོཾ་བཛྲ་ས་མཱ་ཛཿ སྦྱར་བའི་སྤོས་བསྲེགས་དབྱངས་རོལ་དང་བཅས་ཏེ། ཧཱུྃ་བྷྱོཿ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་འདོད་ཁམས་དབང༔ གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ༔ ཧེ་རུ་ཀ་དཔལ་དགྱེས་སྡེ་མོ༔ བདེ་ཆེན་དུད་པའི་སོལ་བ་ཅན༔ གཙོ་འཁོར་བྲན་དང་ཡང་གཡོག་བཅས༔ སྣང་སྲིད་མ་གཤིན་བྱེ་བའི་ཚོགས༔ སངས་རྒྱས་བསྟན་པ་སྲུང་བ་དང༔ ཉམས་པའི་དགྲ་བགེགས་བསྒྲལ་བའི་ཕྱིར༔ གནས་འདིར་གདུང་བས་སྤྱན་འདྲེན་ན༔ ལས་ལ་མ་གཡེལ་ད་ཚུར་བྱོན༔ ཞེས་དང་རྒྱས་པར་སྤྲོ་ན་གུ་རུ་ཆོས་དབང་གཏེར་བྱོན་ཆོས་དྲུག་སྲས་མཁར་མ་ལས་སོ། མཆན། ཧཱུྃ། བདག་ནི་རིག་འཛིན་སྒྲུབ་པ་པོ༔ བདག་ནི་རྣལ་འབྱོར་དམ་ཚིག་ཅན༔ དམ་ལ་གནས་ཤིང་ལྷ་ལ་འཕྲེང༔ ཁྱོད་ནི་དབང་མོ་མཐུ་རྩལ་ཅན༔ སྔོན་ཚེ་དཔག་བསམ་ཤིང་གི་དྲུང༔ རྒྱལ་བ་ཤཱཀ་ཐུབ་སྤྱན་སྔ་རུ༔ བསྟན་པ་སྲུང་བར་ཞལ་བཞེས་པའི༔ ཁྱོད་ཀྱི་དམ་ཚིག་གཉན་པོ་འདི༔ ད་ལྟ་རྣལ་འབྱོར་རྗེས་བསྐུལ་ཏེ༔ སྒྲུབ་ཅིང་བསྐུལ་ཏེ་གཤེགས་སུ་གསོལ༔ མ་ཧཱ་ཀཱ་ལི་གཤེགས་སུ་གསོལ༔ ནག་མོ་ཆེན་མོ་གནས་འདིར་བྱོན༔ ནག་མོ་འབུམ་སྡེ་གནས་འདིར་བྱོན༔ བོས་སོ་ལྷ་མོ་སྙན་མ་སྲ༔ གཡབ་བོ་ནག་མོ་སྤྱན་མ་བརྟུལ༔ བརྟེན་ནོ་སྲུང་མ་རྒྱུན་མ་རིང༔ བསྒྲུབ་བོ་ནག་མོ་གོང་མ་གཡེལ༔ རྦད་དོ་ཆོས་སྐྱོང་མཐུ་མ་ཆུང༔ དོ་ནུབ་དམ་ཚིག་གནས་འདིར་བྱོན༔ དོ་ནུབ་ཆད་ལྟར་ཐོ་ལ་ཐོན༔ མ་ལྟར་བསྟེན་ནོ་བྱམས་པར་གྱིས༔ རྗེ་ལྟར་མཆོད་དོ་དབང་མ་ཆེ༔ བྲན་ལྟར་བསྐུལ་ལོ་རྒྱུད་མ་ངན༔ དམ་ཚིག་གཉེན་པོ་མ་གཡེལ་ཅིག༔ དཔལ་ལྡན་ལྷ་མོ་འཁོར་བཅས་ལ༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ དགའ་དང་གུས་པས་ཕྱག་འཚལ་ལོ༔ མོས་པའི་གདུང་བས་མཆོད་པ་འབུལ༔ སྤྱན་འདྲེན་རྒྱས་བསྡུས་གང་ལྟར་ཡང་མཐར་སྔགས། ཨོཾ་ཤྲཱི་དེ་ཝཱི་ཀཱ་ལི་ཀཱི་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་མ་མ་ཡ་མ་ས་པ་རི་ཝཱ་ར་ཨེ་ཨཱ་རལླི་ཧྲཱིཾཧྲཱིཾ་ཛཿཛཿ ཞེས་སྦྱར་བས་སྤྱན་དྲངས་པ་རྣམས། བཞི་པ་བཞུགས་སུ་གསོལ་བ་ནི། ཧེ་རུ་ཀ་དཔལ་དགྱེས་པའི་ཞིང༌། །གདོད་ནས་གྲུབ་པའི་དུར་ཁྲོད་ཆེ། །ཚོགས་བརྒྱད་དག་པའི་ཞིང་གི་དབུས། །ཁྲག་མཚོ་འཁྲུགས་ཀློང་དགྱེས་པར་བཞུགས། །ཛཿཧཱུྃ་བྃ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭྃ༔ ལྔ་པ་དམ་བསྒྲགས་ནི། ཧཱུྃ་བྷྱོ༔ རྡོ་རྗེ་འཆང་དབང་གཤིན་རྗེ་གཤེད༔ རྩ་བརྒྱུད་བླ་མས་གཉེར་གཏད་ལྟར༔ ཁྲག་འཐུང་ཆེན་མོ་འཁོར་བཅས་ཀྱིས༔ དམ་ཚིག་བདུད་རྩི་འདི་གསོལ་ལ༔ དགྱེས་པའི་ཞལ་སྟོན་གཟི་བྱིན་བསྐྱེད༔ གསལ་བའི་ལུང་སྩོལ་ནུས་པ་སྤོར༔ ཐུགས་ཀྱི་དགོངས་ལ་བདེ་ཆེན་སྒྲུབས༔ བཅོལ་བའི་ལས་ཀུན་མྱུར་དུ་མཛོད༔ བཛྲ་ཨ་མྲྀ་ཏ་ས་མ་ཡ་རཀྵན་ཏུ༔ ཞེས་ནང་མཆོད་འཐོར་བས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་པར་བསམ། དྲུག་པ་ཕྱག་གིས་བཏུད་པ་ནི། ཧཱུྃ་བྷྱོ༔ ཧེ་རུ་ཀ་ཡི་དབྱིངས་ཉིད་ལས༔ ཡེ་ཤེས་རོལ་པའི་མ་མོ་ཆེ༔ ཐབས་ཀྱི་སྐུར་བསྟན་རྫུ་འཕྲུལ་ཅན༔ མ་གཅིག་ལྷ་མོ་གུས་ཕྱག་འཚལ༔ ན་མོ་ན་མ་ཡེ༔ དམ་ཡེ་གཉིས་མེད་ལ་ཕྱག་གིས་བཏུད་ནས། ལྔ་པ་མཆོད་པ་ལ། རྒྱས་པར་སྤྲོ་ན་དང་པོ་ཕྱི་མཆོད་འབུལ་བ་ནི། ཧཱུྃ་བྷྱོ༔ ལྷན་སྐྱེས་དྷཱུ་ཏིའི་རིན་ཆེན་སྣོད་ཡངས་པར། །རྡོ་རྗེ་ཟླ་ཉི་བཞུ་བའི་མཆོད་ཡོན་བསྒྲེང༌། །དྭངས་མ་རླུང་གིས་འགྲེམ་པའི་ཞབས་བཀྲུའི་རྫིང༌། །དགའ་བཞིའི་མེ་ཏོག་བཞད་པའི་མནྡར། །འཕོ་མེད་སྡོམ་པའི་ཁྲིམས་ཀྱི་བདུག་སྤོས་ལྡང༌། །འོད་གསལ་གཏུམ་མོའི་སྣང་བྱེད་ཚར་དུ་དངར། །ཀུན་ཏུ་སིམ་བྱེད་རོ་བརྒྱའི་བདའ་བས་མྱོས། །བདེ་སྟོང་དཔྱིད་ཀྱི་གླུ་དང་གླིང་བུ་སོགས། །སྒྱུ་འཕྲུལ་རྡོ་རྗེ་མཚན་དཔེ་ཕྱི་ནང་གཞན། །ཕུང་ཁམས་དྭངས་མ་དྲ་བར་སྡོམ་པ་ཡི། །མཆོག་ཏུ་མི་འགྱུར་ཡེ་ཤེས་མཆོད་སྤྲིན་གྱིས། །མ་གཅིག་ལྷ་མོ་འཁོར་བཅས་མཉེས་གྱུར་ཅིག །ཨོཾ་མ་ཧཱ་ཀཱ་ལི་དེ་ཝི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ༔ གཉིས་པ་ནང་མཆོད་ནི། ཧཱུྃ་བྷྱོ༔ རྡོ་རྗེ་ཁྲོས་པའི་ཞེ་སྡང་མཚོན་ཆེན་གྱིས། །སྒོ་ལྔའི་འཁྲུལ་རྟོག་བསད་པའི་དབང་ལྔའི་གཟུགས། །གཟུང་འཛིན་ཚིལ་ཁྲག་ཞུ་བའི་ཞུན་ཆེན་སྤོས། །དཀར་དམར་བདེ་སྟོང་རླབས་འཁྲུགས་དྲི་བཟང་ཆབ། །ཟག་པ་དབྱིངས་སྒྲོལ་ཤ་རུས་ཞལ་གྱི་ཟས། །འབྱུང་ལྔ་དབྱིངས་ཐིམ་ཆོས་ཉིད་རང་སྒྲའི་དབྱངས། །རྟོག་བྲལ་དུར་ཁྲོད་ནང་གི་འདོད་ཡོན་སྤྲིན། །དབྱིངས་ཆེན་ལྷ་མོའི་ཚོགས་ལ་འབུལ་གྱིས་བཞེས། །ཨོཾ་ཤྨ་ཤཱ་ན་པ་ཏི་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་མ་ཧཱ་སུ་ཁ་པཱུ་ཛ་ཨཱཿཧཱུྃ། གསུམ་པ་གསང་མཆོད་ནི། ཧཱུྃ་བྷྱོ༔ མཆོག་ཏུ་མི་འགྱུར་བདེ་ཆེན་སྨན། །སྟོང་ཆེན་དབྱིངས་ཀྱི་རཀྟ་བསྐྱིལ། །ཟུང་འཇུག་རྡོ་རྗེའི་བ་ལིཾ་ཏ། །སྣང་བཅས་མྃ་སའི་རི་བོ་བརྩེགས། །ཆགས་ཆེན་ཁྲག་མཚོའི་རྦ་རླབས་འཕྱོ། །རྟོག་མེད་བ་སུ་ཏ་ཡི་ཕྲེང༌། །དཔལ་ཆེན་དགྱེས་པའི་ལོངས་སྤྱོད་ཀྱིས། །རྡོ་རྗེ་དགྱེས་མ་མཆོད་ཅིང་བསྙེན། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་མྃ་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཧཱུྃ་བྷྱོ༔ འོད་གསལ་དབྱིངས་སུ་ཆོས་ཀུན་སྦྱོར། །གློ་བུར་མེད་སྣང་འཁྲུལ་ཆོས་བསྒྲལ། །ཡེ་ཤེས་གཅིག་གི་ངོ་བོ་ལ། །མཆོད་དང་མཆོད་བྱ་འཁོར་གསུམ་བྲལ། །དྷརྨ་དྷཱ་ཏུ་ཨཱ། མཆོད་ཕྲེང་དེ་དག་བསྡུ་ན་གཏེར་གཞུང་རྡོ་རྗེའི་ཚིག་དངོས་ནི། ཧཱུྃ་བྷྱོ༔ སྟོང་ཉིད་དབྱིངས་ལས་བདེ་བའི་རྩལ༔ རྣམ་པ་དུ་མར་འཆར་བ་ཡི༔ ཕྱི་ནང་ཉེར་སྤྱོད་འདོད་ཡོན་ལྔ༔ སྨན་རཀ་གཏོར་ཚོགས་རྒྱ་མཚོས་མཆོད༔ མཐུན་རྫས་རྟེན་རྫས་སྒྲུབ་རྫས་ཀྱིས༔ ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས༔ གནས་སྐབས་མཐར་ཐུག་དངོས་གྲུབ་ཀྱི༔ འདོད་པའི་འབྲས་བུ་མཆིས་པར་མཛོད༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡས་རྦ་པཱུ་ཛ་ཧོ༔ མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་མྃ་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པ་ཁོ་ནས་ཕུལ་ཀྱང་རུང་ངོ༌། །བྱེ་བྲག་ཏུ་གཏོར་མ་འབུལ་བ་ནི། གཏོར་མའི་ནང་དུ་ཧ་སེར་པོ། ཧོ་དཀར་པོ། ཧྲཱིཿ སྔོན་པོ་དེ་རྣམས་ཀྱི་འོད་ཀྱིས་ཁ་དོག་དྲི་རོ་ངན་པ་བཅོམ་སྟེ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཧ་ཧོ་ཧྲཱིཿསྭཱ་ཧཱ། ལན་གསུམ་བརྗོད། ཨོཾ་ཧཱུྃ་ཤྲཱི་ཡ་དེ་བི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཨོཾ་མ་ཧཱ་མྃ་ས་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། ཨི་དམ་བ་ལིཾ་ཏ་གྲྀ་ཧྣ་གྲྀ་ཧྣ་པཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་བདུན་གྱིས་ཕུལ་བས་འཁོར་དང་བཅས་པས་གསོལ་བར་བསམ། བསྟོད་པ་ནི། མི་རྐང་གི་གླིང་བུ་བུད། ཐོད་རྔ་འཁྲོལ་བ་དང་བཅས་སྙན་པའི་དབྱངས་ཀྱིས་རྒྱ་གཞུང་གི་བསྟོད་པ་ཏིལ་མར་མ་དང༌། ལྷ་མོའི་རྒྱུད་ལས་བྱུང་བའི་བསྟོད་པ་ནི། ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ་དཔག་པར་དཀའ་བའི་དོན། །ཐབས་ཀྱི་ཆོ་འཕྲུལ་ནམ་མཁའི་མཐའ་ལ་སྤྱོད། །བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁྱོད་ཉིད་ལ། །སྒོ་གསུམ་རྡུལ་སྙེད་དབྱངས་ཀྱིས་ཕྱག་འཚལ་བསྟོད། །མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་གཅིག་སྟེ། །ནག་མོ་ཟ་བྱེད་རྔམས་པའི་མཆེ་བ་ཅན། །དཔལ་ལྡན་རེ་མ་ཏི་ལ་ཕྱག་འཚལ་ལོ། །གོང་མ་གོང་མའི་ས་ལ་རབ་གནས་ཀྱང༌། །དགེ་བཅུའི་རྟགས་ནི་དམན་པའི་ཞིང་དེར་བསྟན། །གདུག་པའི་ཚུལ་གྱིས་འགྲོ་བ་འདྲེན་མཛད་མ། །བསྟོད་པར་འོས་པ་ཁྱོད་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ས་ལ་སྨིན་པའི་སྨོན་ལམ་ཅན། །ས་བརྒྱད་ནོན་པའི་གཞོན་ནུའི་ཚུལ་འཆང་མ། །འགྲོ་བ་འདུལ་ཕྱིར་དྲག་མོའི་ཚུལ་སྟོན་ཅིང༌། །གདུག་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །གསང་སྔགས་རྣལ་འབྱོར་གྲུབ་པའི་བདག་ཉིད་མ། །ཡོན་ཏན་རྣམས་ཀྱི་སྐུ་མདོག་ཕྱག་མཚན་ནི། །དོན་དུ་སྣང་བ་མེད་ཀྱང་གདུལ་བྱའི་ཕྱིར། །རྟགས་ཀྱི་ཕྱག་རྒྱར་སྟོན་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ལྡན་སྤྲུལ་པ་རྒྱ་མཚོ་ལས། །དྲེགས་པ་བཅོམ་མཛད་བདུད་དཔུང་ཟིལ་གྱིས་གནོན། །འགྲོ་དྲུག་འཇོམས་མཛད་སེམས་ཅན་ཀུན་གྱི་མ། །བསྟན་པ་རྒྱས་མཛད་མ་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་ལྷ་མོ་གཉིས་སུ་མེད་པ་སྟེ། །དོན་དམ་སྤྲོས་བྲལ་ཆོས་ཉིད་འདི་ལས་བཙལ། །སྲིད་དང་རྣམ་གྲོལ་ཡང་དག་དོན་གཅིག་མ། །ཐམས་ཅད་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །ཁྱོད་ནི་རྒྱལ་བ་མང་པོའི་ཡོན་ཏན་སྡུད། །ཆོས་ཀྱི་དབྱིངས་སུ་རྒྱལ་བ་རྣམས་དང་མཇལ། །ཟབ་མོ་དབུ་མའི་རང་བཞིན་སྟོན་པའི་ཕྱིར། །མི་མཇེད་འཇིག་རྟེན་ཤིན་ཏུ་རྩུབ་པ་འདིར། །ཕྱི་རོལ་ཚུལ་གྱིས་ཐམས་ཅད་འདྲེན་མཛད་མ། །ཁྱོད་ནི་སྤྲོས་བྲལ་འོད་གསལ་ཞི་བའི་ངང༌། །ཐུགས་ཀྱི་ཐུགས་མཆོག་རྣམ་པར་བདེན་པའི་ཡུམ། །གདོད་ནས་གཉིས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་ལྷ་མོ་ནག་མོ་ཁྱོད་ལ་ནི། །ལྷར་བཅས་གཤིན་རྗེ་རྒྱལ་པོ་ཉིད་ཀྱིས་འདུད། །སྲིད་གསུམ་བརྟན་གཡོ་ལྟོ་བའི་དབུས་ན་འཆང༌། །མཚུངས་མེད་མ་གཅིག་ཁྱོད་ལ་བདག་ཕྱག་འཚལ། །མ་རྣམས་ནང་ནས་ཁྱོད་ནི་རྟག་མཆོག་སྟེ། །འཇིག་རྟེན་གསུམ་པོ་ཐམས་ཅད་ཁྱོད་ལ་བསྟོད། །ཡང་དག་ཡེ་ཤེས་གྱ་ནོམ་བཀྲ་ཤིས་པ། །ཡིད་བཞིན་ནོར་བུ་ཁྱོད་ལ་ཕྱག་འཚལ་བསྟོད། །བཀྲ་ཤིས་མཆོག་གྲུབ་སེམས་བདེ་གྲགས་ལྡན་མ། །མ་མར་གྲགས་ཤིང་འཇིག་རྟེན་རབ་ཏུ་སྐྱོང༌། །འཐབ་མོའི་གཡུལ་དུ་རྟག་པར་རྒྱུན་དུ་རྒྱལ། །ད་ལྟ་གཤིན་རྗེའི་སྲིང་མོ་ཆེན་མོར་གྱུར། །གོས་སུ་རྟག་པར་དར་གོས་སྔོན་པོ་གྱོན། །སྡུག་དང་མི་སྡུག་བྱད་བཞིན་ཀུན་ཀྱང་སྟོན། །སྤྱོད་མཆོག་དམ་པ་ཚད་མེད་འཇིག་རྟེན་འདས། །དད་ཅིང་སྐྱབས་སུ་སོང་བ་རྗེས་སུ་འཛིན། །རི་བྲག་ཟབ་མོ་ནགས་ཚལ་གཙང་པོའི་འགྲམས། །དུར་ཁྲོད་ལ་སོགས་གནས་སུ་རྒྱུ་བྱེད་ཅིང༌། །གང་གིས་དད་ཅིང་བསྟོད་པར་བྱེད་རྣམས་ལ། །ཇི་ལྟར་རེ་བའི་འབྲས་བུ་ངེས་པར་སྩོལ། །རྨ་བྱའི་སྒྲོ་ཡི་རྒྱལ་མཚན་བ་དན་ཕྱར། །དུས་སོ་ཅོག་ཏུ་འཇིག་རྟེན་སྐྱོང་བར་བྱེད། །རྡོ་རྗེའི་དྲིལ་ཆོག་སྒྲ་འབྱིན་ཏྲི་ཤུལ་འཛིན། །རེས་འགའ་གཡས་གཡོན་ཉི་ཟླའི་རུ་མཚོན་ཕྱར། །ཟླ་བ་མར་ངོའི་ཚེས་དགུ་བཅུ་གཅིག་ལ། །གང་གིས་མཆོད་པར་བྱེད་ལ་མཆོག་སྩོལ་ཞིང༌། །སེམས་ཅན་ཀུན་ལ་རྣམ་པར་གཟིགས་པ་ལ། །ལྷ་མོའི་མཆོག་ཏུ་གྱུར་ཏེ་དཔེ་མེད་པ། །ཞི་དང་ཁྲོ་བོ་སྣ་ཚོགས་ཚུལ་མཛད་མ། །སྲིད་གསུམ་གཙོ་བོ་ཀུན་ཀྱང་ཁྱོད་ལ་མཆོད། །ཕྱོགས་བཅུའི་འཇིག་རྟེན་དག་ཏུ་སྒྲོན་མེར་གྱུར། །གུས་པས་ཁྱོད་ལ་རེ་བ་དེ་ཀུན་སྐོང༌། །རྒྱུ་སྐར་ཕྲེང་བའི་དབུས་ན་ཟླ་བ་བཞིན། །ལྷ་རྣམས་ཀུན་གྱི་ནང་ནས་མཆོག་མཛེས་མ། །མཐོང་བས་འཇིག་རྟེན་གསུམ་གྱི་ཀུན་དགའ་འཕེལ། །ལྟེ་བར་རྫོང་བཅས་ལྷ་རྣམས་གཡུལ་ལས་རྒྱལ། །ངེས་དོན་སྲས་བཅས་རྒྱལ་བའི་ཕྲིན་ལས་མ། །སྣང་སྲིད་མ་མོའི་དཀྱིལ་འཁོར་ཡངས་པའི་རྗེ། །བསྟན་སྐྱོང་སྒྱུ་འཕྲུལ་དྲྭ་བའི་རོལ་རྩེད་ཅན། །དངོས་གྲུབ་གཉིས་ཀྱི་གཏེར་མཛོད་ཡེ་ཤེས་སྐུ། །གཡུལ་འགྱེད་འཇིག་གནས་རྒྱལ་པོའི་ཆད་པ་དང༌། །མེ་ཆུ་ཆོམས་རྐུན་ལ་སོགས་འཇིགས་པའི་ཚོགས། །རྩེ་གཅིག་སེམས་ཀྱིས་ཁྱོད་ལ་མངོན་ཕྱོགས་ན། །ངེས་པར་མྱ་ངན་སྡུག་བསྔལ་ཀུན་ལས་ཐར། །དགེ་སྡིག་མི་སྲུན་ཡོངས་སུ་སྐྱོབ་པའི་ཕྱིར། །བྱམས་དང་སྙིང་རྗེ་ཆེན་པོས་མདུན་ན་གནས། །དེ་ཕྱིར་བདག་གི་བསམ་པ་རྩེ་གཅིག་ཏུ། །ལྷ་མོ་ཆེ་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཞེས་གསོལ་ཕྲིན་རྒྱས་པའི་སྐབས་བསྟོད་ཆེན་གཉིས་ཀའམ་རེས་མོས་སུ་བཏང༌། བསྡུ་ན་གཏེར་གཞུང་དཀྱུས་ཀྱི་བསྟོད་པ་ནི། ཧཱུྃ་བྷྱོ༔ དབྱིངས་ཡུམ་ཤེས་རབ་ཕ་རོལ་ཕྱིན༔ རྡོ་རྗེ་དབྱངས་ཅན་དྲག་མོའི་ཚུལ༔ འཇིག་རྟེན་དྲེགས་པ་གཤིན་རྗེའི་ལྕམ༔ བདུད་ཀྱི་ཡུམ་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་ནག་མོ་ཀེང་རུས་གཟུགས༔ གཏུམ་མོ་གཙིགས་བྱེད་མི་རོ་ཟ༔ རལ་པ་དམར་པོ་སྤྱན་གསུམ་གཡོ༔ དམ་ཚིག་ཅན་ལ་ཕྱག་འཚལ་བསྟོད༔ ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས༔ རལ་གྲི་དང་ནི་མདུང་ཐུང་བསྣམས༔ འོག་མ་ཐུན་ཁྲག་རྩེ་གསུམ་ཕྱར༔ ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད༔ སྙན་གོང་དྲིལ་བུ་སེང་གེ་དང༔ སྐུ་ལ་ཐོད་སྦྲུལ་མེ་ཏོག་བརྒྱན༔ གླང་ཆེན་སྟོད་གཡོགས་བ་ལང་དང༔ རེ་སྡེའི་ཤམ་ཐབས་འཕྱང་ལ་བསྟོད༔ ཞབས་ཟུང་ལྕགས་སྒྲོག་སྒྲ་དང་བཅས༔ བོང་བུ་གྭ་པའི་སྟེང་ན་རོལ༔ དུར་ཁྲོད་མ་གཤིན་ཚོགས་ཀྱི་རྗེ༔ ཁྲག་འཐུང་ཆེན་མོར་ཕྱག་འཚལ་བསྟོད༔ ཐུགས་དང་མཐུན་པའི་གཏོར་མ་དང༔ སྨན་རཀ་ཕུད་མཆོད་འདི་བཞེས་ལ༔ འཁོར་སྲུང་རྐྱེན་བཟློག་བར་ཆད་སོལ༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ ཞེས་པ་འདི་རྒྱུན་གསོལ་སྐབས་གཏེར་གཞུང་གི་བསྟོད་པ་འདི་ཁོ་ནས་ཆོག་གོ །བཟླ་ས་པ་ནི། རང་གི་ཐུགས་སྲོག་འོད་ཟེར་གྱིས༔ མ་མོ་འཁོར་བཅས་ཐུགས་དམ་བསྐུལ༔ ཞི་དང་དགྱེས་ཆགས་དྲག་ཤུལ་གྱི༔ ལས་རྣམས་ཐམས་ཅད་འགྲུབ་པར་བསམ༔ གོང་ནོན་གྱི་བཟླས་པ་ཅུང་ཟད་སྔོན་དུ་འགྲོ་བས། ཨོཾ་རོ་རུ་རོ་རུ་བི་དྷིཥྛ་བ་དོཏྶིཀ་མ་ལ་རཀྴ་སཱི་ཧཱུྃ་བྷྱོ་ཧཱུྃ༔ ཤཱིནྟཾ་པུཥྚིཾ་བཱ་ཤཾ་མཱ་ར་ཡ་རྦད༔ ཅེས་དང་ཆོས་དྲུག་སྲས་མཁར་མའི་གཞུང་དུ། བདག་ཉིད་ལྷ་མོའི་སྐུར་བསྒོམ་པ་དང་མདུན་གྱི་མ་མོ་འཁོར་དང་བཅས་པ་མངོན་སུམ་དུ་གསལ་བའི་ཞལ་ནས་སྔགས་ཀྱི་སྒྲ་དིར་དིར་བྱུང་བར་བསམ། ཐུགས་ཀར་བྷྱོ་མཐར་ཡིག་འབྲུ་རྣམས་གསལ་བ་ལ་སེམས་རྩེ་གཅིག་ཏུ་གཏད། གཡེང་བ་དང་མི་ཚིག་གི་སྐྱོན་སྤངས་ཏེ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་ཧཱུྃ་བྷྱོ། ཨེ་ཨཱ་ར་ལླི་ཧྲཱིཾ་ཛཿ ཞེས་བསྙེན་པའི་སྔགས་དང༌། བསྙེན་སྔགས་ལ། དྲྀ་ཤྱ་ཛཿཧཱུྃ་བྃ་ཧོ༔ ས་མ་ཡ་སྟྭྃ་ས་མ་ཡ་ཧོ༔ ཞེས་ཤམ་བུ་སྦྱར་ན་ལྷ་མོ་དགུག་གཞུག་བཅིངས་པ་དང་དབང་དུ་བྱ་བའི་སྔགས་སྦྱར་བས་ཞལ་མངོན་སུམ་དུ་སྟོན་པ་དང༌། དེས་ཀྱང་སྦྱར་རྟགས་མ་བྱུང་ན། ཨོཾ་ཧཱུྃ་བྷྱོ་ཨེ་ཨཱ་རལླི་ཧྲཱིཾ་ཛཿ ཞེས་བཏགས་སྟོང་བཟླས་ཤིང་དམིགས་པ་གཟིར་བས་གཟུགས་སྟོན་པ་དང༌། ཅི་འདོད་པའི་ལས་བྱེད་པར་གསུངས། ཡང་བདག་མདུན་ལྷ་མོ་ལས་གསལ་བའི་ཐུགས་ཀའི་མར་མེའི་ནང་དུ་ཧཱུྃ་གི་འོད་ཟེར་ལས། ཛཿདམར་པོ་སྦྲེལ་མ་ཕྱོགས་བཅུར་འཕྲོས་འདུས་པ་ལས། ལྕགས་ཀྱི་སྦྱང་མོ་རལ་པ་ཅན་མང་པོ་སྤྲོས་ཏེ་དགྲ་བོའི་སྙིང་རྩ་དབུ་མའི་ནང་གི་ཁྲག་འཐུང་བར་བསམ་ལ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། མ་མ་ཤ་ཏྲཱུྃ་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཞེས་དང༌། ནད་གདོན་ཞི་བར་འདོད་པས། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་མ་ཧཱ་ཀཱ་ལི་ནད་གདོན་ཐམས་ཅད་ཤཱིནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླ་བར་གསུངས། བཟླས་པ་གྲུབ་པ་དང༌། ལག་པ་ཁུ་ཚུར་མཛུབ་མོ་གཉིས་བསྒྲེངས་ཏེ། ཁ་འགྲམ་གཡས་གཡོན་དུ་བཞག་ལ། ཨོཾ་བྷྱོཿབརྟ་ལི་བརྟ་ལི་ཚེ། ལན་གསུམ་གྱིས་གཏོར་མ་ལ་བདུད་རྩིའི་ཁ་ཕྲུ་བཏབ། བྷྱོཿ དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མ། །ཀཱི་ལིའི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚོགས་དབུས་སུ། །ཚོགས་དང་ཕོ་ཉ་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཞིག་བཞེངས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་གྲུབ་པར་གྱིས། །བདག་གི་ལས་ནི་ཅི་བྱེད་ཀྱང༌། །དེ་ལ་ཀུན་གྱིས་གྲོགས་གྱིས་ཤིག །ལྷ་མོ་ནག་མོ་མཐུ་མོ་ཆེ། །འཕགས་མ་ཁྱོད་ལ་བདག་བསྟོད་དོ། །བསྟན་ལ་གནོད་པའི་གདུག་པ་ཀུན། །མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད། །ཉིན་དང་མཚན་དུ་བྱ་ར་གྱིས། །བཅོལ་བའི་ལས་ནི་འགྲུབ་པར་མཛོད། །གྲྀ་ཧྞ་གྲྀ་ཧྞ་སརྦ་དུཥྚཾ་བྷཀྵ་བྷཀྵ། ཕྲེཾ་ཕྲུཾ་ཕྲིཾ་ཕྲོཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ་སེ་གོལ་གདབ། མཁའ་འགྲོ་མ་དུད་པའི་སོལ་བ་མ། འཁོར་ནག་མོ་འབུམ་སྡེ་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་ཁ་དོག་དྲི་རོ་རེག་བྱ་དམ་པ་དང་ལྡན་པ་འདི་གསོལ་ལ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ནད་རིགས་བཞི་བརྒྱ་རྩ་བཞི། གདོན་རིགས་སྟོང་ཕྲག་བརྒྱད་ཅུ། རྨི་ལྟས་མཚན་ངན་ཆག་ཆེ་ཉམ་ང་བཀྲ་མི་ཤིས་པ་ཐམས་ཅད་ཞི་ཞིང་བཟློག་པར་མཛད་དུ་གསོལ། བདག་གི་ལུས་དང་གྲིབ་མའི་ཚུལ་དུ་འགྲོགས་ལ་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །ཞེས་བཅོལ་བས་བཀའ་བཞིན་བགྱིའོ་ཞེས་ཞལ་གྱིས་བཞེས་པར་བསམ། ཐུགས་དམ་བསྐང་བའི་རིམ་པ་ལ། དང་པོ་བསྐང་རྫས་བྱིན་གྱིས་བརླབས་པ་ནི། སྔགས་ཀྱིས་བསངས་སྦྱངས། སྟོང་པའི་ངང་ལས་གནས་ཁང་དུར་ཁྲོད་དྲག་པོའི་བཀོད་པ་འཇིགས་སུ་རུང་བའི་དབུས་སུ། ཧཱུྃ་ཡིག་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི་ཕྱི་ནང་གསང་བའི་རྟེན་རྫས་སྒྲུབ་རྫས་སྐོང་རྫས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་འཇིག་རྟེན་གྱི་ཁམས་རྒྱས་པར་སྣང་ཞིང་རྒྱུན་མི་ཆད་པར་འབྱུང་བ་དང༌། སྨན་གཏོར་རཀྟ་དམ་ཡེ་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་ཤིང་ཟད་མི་ཤེས་པར་གྱུར། ཨོཾ་ཧ་ཧོཿཧྲཱིཿསྭཱ་ཧཱ། ལན་གསུམ། ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་སྤེལ་ལ། བཛྲ་སྥ་ར་ཎ་ཁཾ་ཞེས་བརྗོད་པས་རྒྱས་བཏབ་ལ། ཧཱུྃ་ཧྲཱིཿ ཆོས་ཉིད་དབྱིངས་ལས་བདེ་ཆེན་རྩལ། །མ་གཤིན་དྲེགས་པ་ཀུན་གྱི་རྗེ། །བསྟན་དང་བསྟན་འཛིན་ལེགས་སྐྱོངས་མཛོད། །ཀཾ་ཀ་ལི་ཡི་ཐུགས་དམ་བསྐང༌། །ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དང༌། །དྲི་མཆོག་ཞལ་ཟས་སྒྲ་སྙན་རོལ་མོའི་ཚོགས། །ནག་མོ་འཁོར་དང་བཅས་ལ་འབུལ། །ཁྱད་པར་མཐུན་པའི་དམ་རྫས་ནི། །དཔལ་གྱི་གཏོར་མ་ཟུར་གསུམ་ལ། །ཙིཏྟ་སྙིང་གི་རྒྱལ་མཚན་བཙུགས། །གསེར་སྐྱེམས་བདུད་རྩིས་བྲན་པ་འདིས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང༌། །དམར་ཆེན་ཨརྒྷས་ཐུགས་དམ་བསྐང༌། །བྷ་ལིཾ་གཏོར་མས་ཐུགས་དམ་བསྐང༌། །འདོད་ཡོན་ལྔ་ཡིས་ཐུགས་དམ་བསྐང༌། །ཚོགས་ཀྱི་འཁོར་ལོས་ཐུགས་དམ་བསྐང༌། །རྔ་གླིང་དབྱངས་སྙན་རོལ་མོའི་སྒྲས། །དཔལ་གྱི་ལྷ་མོའི་ཐུགས་དམ་བསྐང༌། །སྤྲུལ་པའི་ལྷ་མོའི་ཐུགས་དམ་བསྐང༌། །ལས་ཀྱི་ལྷ་མོའི་ཐུགས་དམ་བསྐང༌། །མ་གཅིག་དཔལ་ལྡན་དུད་སོལ་ནི། །འཁོར་དུ་ནག་མོ་འབུམ་སྡེས་བསྐོར། །གཙོ་འཁོར་མ་ལུས་ཐུགས་དམ་བསྐང༌། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །བསྐང་བསྡུས་གྲངས་བསགས་ན་འདི་ཡན་བསགས་པས་རུང་སྙམ། གཙོ་མོ་ཆེན་མོ་དུད་སོལ་མ། །ཁྱོད་ཀྱི་གཡས་ན་སྤྲུལ་པའི་ལས་མཁན་ནི། །དམར་མོ་སྤྱན་གསུམ་ལྕགས་ཀྱི་རལ་པ་ཅན། །ཕྱག་གཡས་ལྕགས་ཀྱུས་དགྲ་བོའི་སྙིང་ནས་འགུགས། །དམ་ཉམས་འཆིང་བྱེད་ཞགས་པ་གཡོན་ན་ཐོགས། །སྟོང་གསུམ་རྒྱུ་ཕྱིར་ཆིབས་སུ་བོང་བུ་ཆིབས། །དྲག་མོ་འགུགས་བྱེད་གསུམ་གྱི་ཐུགས་དམ་བསྐང༌། །ཁྱོད་ཀྱི་གཡོན་ནས་སྤྲུལ་པའི་ལས་མཁན་ནི། །ནག་མོ་སྤྱན་གསུམ་ཁྲག་གི་རལ་པ་ཅན། །མ་རུང་གསོད་བྱེད་ཕྱག་གཡས་རལ་གྲི་འཛིན། །གཙོ་ལ་སྟོབ་ཕྱིར་ཙིཏྟ་གཡོན་ན་ཐོགས། །དུར་ཁྲོད་ཆས་བརྒྱད་ཆིབས་སུ་བོང་བུ་ཆིབས། །དགྲ་བགེགས་གསོད་བྱེད་གསུམ་གྱི་ཐུགས་དམ་བསྐང༌། །ཁྱོད་ཀྱི་མདུན་ནས་སྤྲུལ་པའི་ལས་མཁན་ནི། །གཅེར་བུ་སྤྱན་གསུམ་དུང་གི་མཆེ་བ་ཅན། །གསོད་བྱེད་སུན་འབྱིན་ཕྱག་གཡས་དགྲ་སྙིང་ཐོགས། །གདུག་པ་སྐྲག་མཛད་གཡོན་ན་ཐོད་ཁྲག་འཛིན། །མཁའ་ལ་འགྱུ་ཕྱིར་རླུང་གི་བོང་བུ་ཆིབས། །དམར་མོ་ཙ་མུན་ཏི་ཡི་ཐུགས་དམ་བསྐང༌། །ཁྱོད་ཀྱི་རྒྱབ་ནས་སྤྲུལ་པའི་ལས་མཁན་ནི། །དམར་ནག་ཕུར་པའི་ལྷ་མོ་རེ་མ་ཏི། །སྤྱན་གསུམ་མཆེ་གཙིགས་གཏུམ་དྲག་དྲེའུ་ཞོན། །ཕྱག་གཡས་རལ་གྲིས་དམ་ཉམས་སྲོག་རྩ་གཅོད། །གཡོན་པ་ལྕགས་ཕུར་དགྲ་བོའི་སྙིང་ནས་འདེབས། །ནག་མོ་ཐུན་ཁྲག་འདེབས་ཀྱི་ཐུགས་དམ་བསྐང༌། །ཐུགས་ལས་སྤྲུལ་པའི་མཁའ་འགྲོ་ཕོ་ཉ་ནི། །སྐུ་མདོག་དཀར་སེར་བོང་བུ་ཆིབས། །ཕྱག་གཡས་གྲི་གུག་གཡོན་ན་ཐོད་ཁྲག་འཛིན། །ཕྲིན་ལས་སྒྲུབ་མཛད་བཞི་ཡི་ཐུགས་དམ་བསྐང༌། །ཁྲག་འཐུང་ནག་མོའི་སྤྱན་སྔར་ཁས་བླང་བའི། །ཤར་ནས་དཀར་མོ་ཞལ་གཅིག་སེང་གེའི་གདོང༌། །ལྷོ་ནས་དམར་ནག་ཞལ་གཅིག་སྟག་གི་གདོང༌། །ནུབ་ནས་སྔོ་ནག་ཞལ་གཅིག་སྤྱང་ཀིའི་གདོང༌། །བྱང་ནས་མཐིང་ནག་ཞལ་གཅིག་ཕག་གི་གདོང༌། །ཁྱེད་རྣམས་རྒྱན་དང་ཆ་ལུགས་གཅིག་པ་སྟེ། །དུར་ཁྲོད་ཆས་བརྒྱན་དྲིལ་ནག་རྐང་གསུམ་ཆིབས། །ཕྱག་གཡས་གྲི་གུག་གཡོན་པ་ཐོད་ཁྲག་འཛིན། །དགྲ་བགེགས་འཇོམས་ཤིང་ཤ་དང་ཁྲག་ལ་རྔམས། །དགྲ་ཤ་ཟ་ཞིང་འབྱུང་པོའི་ཤ་ལ་རོལ། །ཕྱོགས་བཞི་ལྷ་མོ་བཞི་ཡི་ཐུགས་དམ་བསྐང༌། །བྱང་ཤར་མཚམས་ནས་སྨུག་ནག་བྱ་རོག་གདོང༌། །ཤར་ལྷོའི་མཚམས་ནས་མུན་མདོག་ལྕུང་ཀའི་གདོང༌། །ལྷོ་ནུབ་མཚམས་ནས་ཁྲག་མདོག་དུར་བྱའི་གདོང༌། །ནུབ་བྱང་མཚམས་ནས་དུད་མདོག་བྱ་རོག་གདོང༌། །སྐུ་མདོག་སོ་སོའི་ཆ་ལུགས་གཅིག་པ་སྟེ། །དུར་ཁྲོད་ཆས་བརྒྱན་ཆིབས་སུ་དྲིལ་རྟ་ཆིབས། །མཆོངས་ཤིང་རོལ་པས་དམ་ཉམས་སྲོག་དང་འབྲལ། །དགོད་ཅིང་འཇོམས་དང་ལྡིང་ཞིང་རོལ་ལ་སོགས། །མཚམས་བཞི་ལྷ་མོ་བཞི་ཡི་ཐུགས་དམ་བསྐང༌། །ཕྱོགས་བཞི་མཚམས་ན་བཞུགས་པ་ཡི། །ཕྲ་མེན་བརྒྱད་ཀྱི་ཐུགས་དམ་བསྐང༌། །ལས་མཁན་ཕོ་ཉ་ནག་མོ་ཀང་ཀའི་གདོང༌། །ཀུན་ཀྱང་མདའ་གཞུ་སྤུ་གྲི་བྷནྡྷ་དང༌། །སྦྲུལ་ཞགས་རྒྱུ་ཞགས་ནད་ཀྱི་རྐྱལ་པ་བསྣམས། །མ་རུངས་གསོད་བྱེད་ཁྱོད་ཀྱི་ཐུགས་དམ་བསྐང༌། །དམ་ཉམས་འདུལ་བྱེད་ཁྱོད་ཀྱི་ཐུགས་དམ་བསྐང༌། །དགྲ་བགེགས་སྒྲོལ་བྱེད་ཁྱོད་ཀྱི་ཐུགས་དམ་བསྐང༌། །གཞན་ཡང་ལས་བྱེད་མ་མོ་འབུམ་སྡེ་དང༌། །མ་མོ་མཁའ་འགྲོ་བདུད་མོ་བྱེ་བའི་ཚོགས། །ནག་མོ་གཅེར་བུ་འཇིགས་ཤིང་སྐྲ་བཤལ་བ། །ཞལ་གཅིག་ཕྱག་གཉིས་གྲི་དང་ཐོད་པ་འཛིན། །སྟོང་གསུམ་མ་ལུས་སྤྲིན་གྱི་ཚོགས་ལྟར་གཏིབས། །སྲིད་གསུམ་གཡོ་མཛད་ཁྱོད་ཀྱི་ཐུགས་དམ་བསྐང༌། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང༌། །དམར་ཆེན་ཨརྒྷཾ་ཐུགས༴ དམར་ཆེན་གཏོར་མས་ཐུགས༴ མཆོད་པ་རྣམ་ལྔས་ཐུགས༴ འདོད་ཡོན་ལྔ་ཡིས་ཐུགས༴ རྔ་གཤང་རོལ་མོས་ཐུགས༴ དབྱངས་སྙན་བསྟོད་པས་ཐུགས༴ དཔལ་ལྡན་ལྷ་མོས་ཐུགས༴ སྲིད་གསུམ་ལྷ་མོས་ཐུགས༴ འགུགས་གསོད་ཐུན་ཁྲག་འབེབས་པ་དང༌། །གཅེར་བུ་སྤྱན་གསུམ་ཁྱེད་རྣམས་ཐུགས་དམ་བསྐང༌། །རིགས་བཞིའི་ལྷ་མོས་ཐུགས༴ ཕྲ་མེན་བརྒྱད་ཀྱིས་ཐུགས༴ ཀང་ཀ་མ་བཞིའི་ཐུགས༴ ནག་མོ་འབུམ་སྡེའི་ཐུགས༴ མ་མོ་མཁའ་འགྲོའི་ཐུགས༴ བདུད་མོ་བྱེ་བའི་ཐུགས༴ ཁྱོད་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ། །སྲིད་གསུམ་ལྷ་མོའི་ཐུགས་དམ་བསྐང༌། །གཙོ་འཁོར་མ་ལུས་ཐུགས༴ སྲིད་གསུམ་དག་ན་ཁྱོད་འདྲའི་མགོན་མེད་པ། །མ་ལས་བྱམས་ཤིང་སྲིང་བས་བརྩེ། །མ་སྲིང་ཐུགས་དམ་གཉན་པོ་བསྐང༌། །དོ་ནུབ་མཉེས་པའི་ཚོགས་མཆོད་འབུལ། །དོ་ནུབ་མཉེས་པའི་གཏང་རག་གཏོང༌། །དོ་ནུབ་ཕྱི་མའི་ཞུ་བ་འབུལ། །དོ་ནུབ་ཁྱེད་རྣམས་དགོངས་སུ་གསོལ། །སྔོན་ཚེ་སངས་རྒྱས་སྤྱན་སྔ་རུ། །ཁས་བླངས་དམ་བཅས་མ་གཡེལ་ཅིག །གསོལ་ལོ་མཆོད་དོ་དུད་སོལ་མ། །རིག་འཛིན་རྣལ་འབྱོར་བདག་ཅག་དང༌། །བཀའ་སྲུང་ལྷ་མོ་དུད་སོལ་གཉིས། །བསྐལ་པ་ཞིག་ཀྱང་མི་འབྲལ་ལོ། །བླ་མའི་སྐུ་ལ་བརྡོ་བ་དང༌། །སངས་རྒྱས་བསྟན་ལ་གནོད་པ་དང༌། །བདག་ལ་སྡང་བའི་དགྲ་བྱུང་ན། །ཞག་གསུམ་ཁོང་དུ་དགྲ་རྩ་ཆོད། །དུས་ལས་མ་འདའ་ས་མ་ཡ། །དོ་ནུབ་ལྷ་ལ་སེམས་འཁོན་སྦྱོང༌། །རྩ་བའི་སློབ་དཔོན་མ་བཀུར་དང༌། །རྡོ་རྗེ་སྤུན་ལ་མཁོན་བཙུགས་དང༌། །རྩ་བའི་དམ་ཚིག་མ་ཐུབ་དང༌། །དམ་རྫས་གཉན་པོ་མ་ཚང་དང༌། །གཏོར་མ་དུས་སུ་མ་ཐོན་དང༌། །སྐུ་གསུང་ཐུགས་ལས་འགལ་བ་རྣམས། །དོ་ནུབ་ཉམས་ཆགས་མ་ལུས་བསྐང༌། །བདག་གིས་ཚོར་བ་མ་ཉམས་ཀྱང༌། །འཁྲུལ་པའི་དབང་གིས་ཉམས་སྲིད་པས། །དམ་ཅན་ཐུགས་དམ་འགལ་སྲིད་པས། །ཉེས་པ་མཆིས་ན་ལྷ་ལ་མཐོལ། །ཕྱིན་ཆད་ཉམས་པ་མི་བགྱིད་དེ། །རྣལ་འབྱོར་དམ་ཚིག་ཉམས་པ་བསྐང༌། །ཉམས་ཆགས་ཐམས་ཅད་ད་བསྐང་ངོ༌། །བསྐང་ངོ་བཤགས་སོ་ཐུགས་དམ་ཅན། །ཞེས་དང༌། མ་མོའི་འཁྲུགས་སྐོང་སྦྱར་བར་སྤྲོ་ན། ཀུན་གཟིགས་མི་ཕམ་རིན་པོ་ཆེའི་གསུང༌། བྷྱོཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །སྲིད་པའི་བདེ་སྡུག་མ་མོས་བྱེད། །སྣ་ཚོགས་ལོངས་སྤྱོད་ལ་བརྟེན་ནས། །མ་མོ་མཁའ་འགྲོ་འཁྲུགས་པ་ལས། །ཁ་རླངས་སྣ་ཚོགས་སྤྲིན་དུ་ཆགས། །བུད་མེད་སྣ་ཚོགས་སྟོང་ཁམས་གང༌། །ནད་དང་མི་བདེ་ཆར་ལྟར་འབེབས། །ཁྱད་པར་དམར་མོའི་ཚོགས་འབྱུང་བས། །མི་རྣམས་འདོད་ཆགས་མེ་ལྟར་འབར། །རྟག་ཏུ་བུད་མེད་སེམས་བྱེད་ཅིང༌། །རང་དབང་མེད་པར་མོ་དབང་འགྲོ། །ཚིམ་པ་མེད་པར་འདོད་པས་གདུང༌། །མཁའ་ལ་ཁྲག་གི་འོད་ཟེར་འབར། །ས་ལ་ཤ་འུད་ཆུ་གནོད་མང༌། །ཀུན་ཀྱང་མ་མོའི་ཆོ་འཕྲུལ་ཏེ། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །དུས་ཀྱི་འཁྲུགས་པ་སློང་བྱེད་མ། །མཚོན་གྱི་སྐལ་པས་འཇིགས་བྱེད་མ། །བསྐལ་པའི་དུས་སྲིད་བདག་མོ་ཁྱོད། །སྤྱི་བདུད་ནད་ཀྱི་ཁ་ལོ་བསྒྱུར། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །དམ་རྫས་བདུད་རྩི་གཏོར་མ་དང༌། །ཁྲག་ཆས་བྱ་ནག་སྒོ་ང་སོགས། །རྟེན་རྫས་སྒྲུབ་རྫས་བསྐང་རྫས་ཀྱིས། །འཁྲུགས་པའི་མ་མོའི་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་བསྒྱུར། །ཁྲམ་ཁ་ཕྱིས་ལ་ཤྭ་རྡེལ་སྤོས། །ནད་གདོན་བར་ཆད་བསྒྱུར་དུ་གསོལ། །ནད་ཁ་མི་འཚལ་མ་ཉིད་བཞེས། །རིམས་ཁ་མི་འཚལ་མ་ཉིད་བཞེས། །ཕྱི་རུ་རྐྱེན་ངན་སྣ་ཚོགས་དང༌། །ནང་དུ་དུག་ལྔ་རྣམ་རྟོག་གདོན། །ཁྱད་པར་ཆགས་སྲེད་འཕེལ་བ་ཡི། །བསྐལ་སྲིད་དུས་ཀྱི་འཚུབ་འགྱུར་རྣམས། །མཁའ་ལ་སྤྲིན་དང་ཆུ་རླབས་བཞིན། །མ་ཉིད་ཞལ་གྱི་དབྱིངས་སུ་བསྟིམ། །ཕོ་བདུད་དལ་ཁ་གཡས་སུ་བསྒྱུར། །མོ་བདུད་དལ་ཁ་གཡོན་དུ་བསྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར། །ཟློག་བསྒྱུར་ཆེན་མོའི་དུས་ལ་བབས། །དུས་ལ་བབ་བོ་ས་མ་ཡ། །དབྱིངས་ཀྱི་རྒྱལ་མོ་མུ་ཁ་ལ། །སྣང་སྲིད་ཀུན་ཏུ་བཟང་མོ་ཡི། །བྷ་ག་བདེ་ཀློང་ཡངས་པ་རུ། །བསྐལ་སྲིད་དུས་ཀྱི་ཁུག་པ་ཡི། །རྐྱེན་སྣང་ཀུན་རྟོག་རང་གྲོལ་ནས། །བསྐལ་པ་ཆ་སྙོམས་འབྱུང་བ་དང༌། །སྐྱེ་དགུ་བདེ་ཞིང་ལྷ་འདྲེ་བྱམས། །ཀུན་ཀྱང་ཐེག་མཆོག་ཆོས་ལ་སྤྱོད། །རྣལ་འབྱོར་སྒྲུབ་པ་པོ་རྣམས་ཀྱིས། །གདོད་མའི་རང་ཞལ་མཐོང་བ་དང༌། །གནས་སྐབས་ཡིད་ལ་རེ་བ་ཡི། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་དང་ཡི་གེ་བརྒྱ་པ་བཟླས་པས་ཉམས་ཆག་བཤགས། ཕྲིན་ལས་བཅོལ་བ་ནི། ཧཱུྃ་བྷྱོཿ འགྲོ་བའི་དོན་དུ་སྐུ་མདོག་འཇིགས་པ་ལ། །མ་ལུས་ཁྱབ་པར་གསལ་བར་མཛད་པ་ཡིས། །ང་རྒྱལ་དྲེགས་པ་ཅན་རྣམས་འཇོམས་མཛད་པའི། །ཡོན་ཏན་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཏི་ལས་སྐྱེས་པའི་བོང་བུ་ནི། །ཞིང་ཆེན་རུས་པའི་ཐོད་དུ་བྱས། །སྲིན་པོའི་ཡ་འགལ་སྔ་རུ་ལ། །མ་འགལ་དག་གི་ཕྱི་རུ་བྱས། །ཞིང་ཆེན་སྒ་སྟན་ཞིང་ཆུང་ནི། །གོང་སྨད་སྦྲུལ་ནག་ཆུན་པོས་བྱས། །རུ་ཏྲའི་ཕྲུག་གུའི་སྒ་གཡོགས་བྱས། །དེ་སྟེང་ལྷ་མོ་དུད་སོལ་མ། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་ཁྲོས། །གཡས་པ་རལ་གྲི་བྷནྡྷ་བསྣམས། །གཡོན་གཉིས་ཤཀྟི་ཏྲི་ཤུལ་བསྣམས། །ཞབས་གཉིས་བཙན་སྐྱིལ་བརྐྱང་བསྐུམ་བཞུགས། །རལ་པའི་ཐོར་ཚུགས་གཡོན་དུ་འཁྱིལ། །བོང་བུའི་སྟེང་ནས་ཕྱོགས་བཅུར་གཟིགས། །བསྟན་སྲུང་བཀའ་ཡི་བྱ་ར་མཛད། །དམ་ཚིག་ཅན་ལ་ཕྱག་འཚལ་ལོ། །ཁྱོད་ལས་དངོས་གྲུབ་ཞུ་བ་ནི། །རྒྱལ་པོ་ཀླུ་བདུད་ལ་སོགས་པའི། །གདོན་གྱི་རིགས་རྣམས་ཞི་བར་མཛོད། །རླུང་མཁྲིས་བད་ཀན་ལ་སོགས་པའི། །ནད་ཀྱི་རིགས་རྣམས་ཞི་བར་མཛོད། །འཇིག་རྟེན་ལས་འདས་དངོས་གྲུབ་ནི། །ཚེ་དབང་རྒྱས་དང་ལོངས་སྤྱོད་འཕེལ། །ཟང་ཟིང་ནོར་དང་འབྲུ་ཡི་ཕུང་པོ་དང༌། །རིན་ཆེན་རྐང་འགྲོས་ཕྱུགས་རྣམས་འཕེལ་བར་མཛོད། །དཔལ་དང་གྲགས་དང་ལྡན་པ་ཡི། །ལོངས་སྤྱོད་དམ་པ་བསྩལ་དུ་གསོལ། །མ་གཅིག་ཕྲིན་ལས་བཅོལ་བ་ནི། ནད་གཏོང་མ་མོ་འཁོར་བཅས་རྣམས། །དམར་ཆེན་གཏོར་མ་འདི་གསོལ་ལ། །རིམ་ཁ་ཆོད་ལ་དལ་ཁ་བསྒྱུར། །མ་མོའི་དལ་ཡམས་དགྲ་ལ་བསྒྱུར། །གློ་བུར་ཡེ་འདྲོགས་དགྲ་ལ་བསྒྱུར། །རྡོ་རྗེ་སློབ་དཔོན་མཆེད་ལྕམ་དང༌། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །རྐྱེན་ངན་བཟློག་ལ་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཞུ། །རྒྱལ་བའི་བསྟན་པ་སྲུང་ཞིང་སྤེལ། །བསྟན་འཛིན་བཞེད་པའི་དོན་ཀུན་སྒྲུབ། །རྣལ་འབྱོར་ལམ་གྱི་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །འགྲོ་ཀུན་བདེ་སྐྱིད་དཔལ་དང་ལྡན། །རྣམ་དཀར་ལས་ལ་ངང་གིས་འདུན། །དོན་གཉིས་འབད་མེད་ལྷུན་གྲུབ་པའི། །དགེ་ལེགས་དཔལ་ཡོན་རྒྱས་པར་མཛོད། །སྣང་སྲིད་ཐམས་ཅད་བདེ་བ་ཆེ། །ཆོས་དབྱིངས་རང་བྱུང་ཡུམ་གྱི་མཁར། །རྟག་ཏུ་འཕོ་འགྱུར་མེད་པའི་དབྱིངས། །ཞི་བ་ཆེན་པོའི་ཕྲིན་ལས་མཛོད། །དྲག་པོའི་ལས་ལ་བསྐུལ་བ་ནི། བྷྱོཿ མ་གཡེལ་མ་གཡེལ་དམ་ཅན་ཚོགས། །བོས་པའི་ཚེ་ན་སྙན་མ་སྲ། །བསྟེན་པའི་ཚེ་ན་རྒྱང་མ་རིང༌། །རྦད་པའི་ཚེ་ན་མཐུ་མ་ཆུང༌། །ཤ་ཁྲག་གཟན་དུ་བོར་ནས་ཁྱོད་སྒྲུབ་བོ། །ལུས་སྲོག་འབེན་དུ་བཙུགས་ནས་ཁྱོད་སྒྲུབ་བོ། །དམ་རྫས་རྟེན་དུ་བཙུགས་ནས་ཁྱོད་སྒྲུབ་བོ། །ཕུག་པ་ཞྭ་ལྟར་གྱོན་ནས་ཁྱོད་སྒྲུབ་བོ། །རྣལ་འབྱོར་བུ་ནི་གཙང་ཤོད་ཉ་བཞིན་ཉུལ། །དམ་ཉམས་དགྲ་ནི་གངས་སྟོད་སེང་བཞིན་རྒྱུ། །ས་སྟེང་འདི་ལ་བདག་ནི་མགོན་མེད་པས། །མ་གཅིག་དམ་ཅན་ཐུགས་རྗེའི་མི་དགོངས་སམ། །འཁོར་གྱི་ཚོགས་ལ་བཀའ་ནན་མི་མཛད་དམ། །དམ་ཉམས་དགྲ་ལ་ཕྲིན་ལས་མི་མཛད་དམ། །ལྷ་མོ་མི་ཕམ་ཡི་དམ་སྲོག་གི་ལྷ། །རྣལ་འབྱོར་ཀུན་གྱི་དགྲ་ལྷ་མོ། །ནག་མོ་ཆེན་མོ་ཆར་སྤྲིན་མདོག །དཔལ་ལྡན་ལྷ་མོ་ཐུགས་དམ་ཅན། །རྡོ་རྗེའི་ལྕམ་གཅིག་ལས་མཁན་མ། །སྲོག་གཅོད་ནད་གཏོང་བོང་ཞོན་མ། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །དམ་ཉམས་ཀུན་གྱི་བདུད་གཅོད་མ། །དམ་ཚིག་ཅན་གྱི་ཚེ་འཛིན་མ། །ལེགས་ཉེས་ཀུན་གྱི་སྟངས་འཛིན་མ། །འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། །རྒྱལ་བའི་སྤྱན་སྔར་ཞལ་བཞེས་བཞིན། །ཐུགས་དམ་གཉན་པོ་མ་བསྙེལ་པར། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བསམ་པ་ཡིད་བཞིན་བསྒྲུབ་པར་མཛོད། །རྣལ་འབྱོར་དམ་ཚིག་ལྡན་པ་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ནད་གདོན་སྡུག་བསྔལ་ཞི་བ་དང༌། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །ཁམས་གསུམ་དབང་དུ་སྡུད་པ་དང༌། །དགྲ་བགེགས་གནོད་བྱེད་བརླག་པར་མཛོད། །འཁོར་རྣམས་ཕོ་ཉར་ད་ཐོངས་ལ། །བསྟན་པ་བཤིག་པའི་དམ་ཉམས་འདི། །བདུན་བརྒྱུད་རྩད་ནས་ཆོད་ལ་ཤོག །ལོ་དང་ཟླ་བར་མ་བཞག་པར། །ཞག་དང་ཟ་མ་ཉིད་དུ་སྒྲོལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བླ་མར་སྨོད་ཅིང་དཀོན་མཆོག་དབུ་འཕང་སྨད། །བདག་གི་དགེ་བའི་བར་ཆད་བྱེད་པའི་དགྲ། །བསྟན་དང་འགྲོ་ལ་འཚེ་བའི་ལས་ངན་འདི། །ཁྱོད་ཀྱི་ཁོང་ནས་དུག་གི་རླུང་བུས་ལ། །འདུ་བ་རྣམ་བཞིའི་ནད་རྣམས་ཁོང་ནས་སློང༌། །པགས་བཞི་ལྷུ་རྣམས་ས་ལ་རྡེབ་ཏུ་ཆུག །དོན་སྙིང་རྣམ་ལྔའི་ཁོང་ཁྲག་སྐྱུག་ཏུ་ཆུག །ལས་ངན་འཁོར་བཅས་བྲང་ཆེན་བརྡུང་དུ་ཆུག །སྨྲེ་ངག་ཆོ་ངེ་གནམ་ལ་འབོད་དུ་ཆུག །འཆི་བའི་དུས་འདས་སྨྱོ་འབོག་བསད་པར་མཛོད། །གཅན་གཟན་མཁའ་ལྡིང་ལ་སོགས་ལྟས་ངན་ཐོང༌། །བསྟན་པ་སྲུང་བའི་ལས་རྣམས་འགྲུབ་པར་མཛོད། །ཅེས་བརྗོད་ལ་ཐུན་གཏོར་དགྲ་ཕྱོགས་སུ་འཕང་ངོ༌། །རྗེས་རིམ་ནི། གཏོར་ཆོག་ཙམ་ལ། གོང་གི་ཕྲིན་བཅོལ་གྱི་རྗེས། ནོངས་བཤགས་དང༌། བཛྲ་ལཱ་སྱ་རཱ་ག་ཡ་མི་ཧཱུྃ། དམ་ཡེ་གཉིས་སུ་མེད་པའི་ལྷ་མོའི་རྟེན་རྫས་དང་སྐུའི་ཐུགས་ཀར་བསྡུས་ཀྱང་རུང་ངོ༌། །ཟབ་གཏེར་རྡོ་རྗེའི་ཚིག་གི་ལྟེ་བ་ལ། །གྲུབ་བརྙེས་གསུང་གི་གསེར་སྦྱངས་རྩིབས་སྟོང་བཀྲ། །གསང་ཆེན་བསྟན་པའི་མཁའ་དབྱིངས་རྒྱུ་བ་དང༌། །འདོད་དགུའི་ཕྲིན་ལས་མངའ་ཐང་རྒྱས་གྱུར་ཅིག །ཅེས་པའང་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་ཡེ་ཤེས་རྡོ་རྗེའི་ལྷ་མོ་འདི་ཉིད་ཀྱི་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ཡང་ཡང་གཟིགས་པའི་དགོས་པ་ཁྱད་པར་བ་དུ་མས་བསྐུལ་མདོ་ཁམས་ཀྱི་ནཱ་ལེནྡྲ་རྫོང་གསར་བཀྲ་ཤིས་ལྷ་རྩེ་ནས་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་གྲོལ་དགའ་སྟོན་ལྷུག་པར་བསྩལ་བའི་སྐབས་ལས་རིམ་འདི་ལྟར་བསྒྲིགས་དགོས་པར་དགྱེས་པའི་བཀའ་བཟང་དམིགས་སུ་བསྩལ་ཞིང་བཀའ་ཕེབས་ལྟར་ཞབས་ཏོག་ཞུས་པ་ཉིད་རྟེན་མཆོག་འགྱུར་མེད་གླིང་གི་མཆོག་གླིང་གསུམ་པའི་ཕྲིན་ལས་ཀྱི་རྒྱུན་ལའང་ཕན་པའི་མཚན་ལྟས་གསལ་པོར་གྱུར་པས་རྗེ་དེའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་སྤྲུལ་ཨོ་རྒྱན་སྟོབས་རྒྱལ་ནས་ཀྱང་ཡང་ཡང་གསུང་བསྐུལ་བཞིན་འཇུག་བདེའི་དོན་ཚང་གི་ཚུལ་དུ་རིག་འཛིན་རྩལ་འཆང་རྣམ་གསུམ་གྱི་རིང་ལུགས་ལ་རྒྱུ་མཚན་ཤེས་པའི་དད་བློ་ཅུང་ཟད་ཐོབ་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་པདྨ་གར་དབང་མདོ་སྔགས་གླིང་པས་སྤེལ་བ་འདིས་ཀྱང་བསྟན་འགྲོའི་དགེ་མཚན་གྱི་དཔལ་མཆོག་ཏུ་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> | ||
Line 25: | Line 48: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-11-DA]] | [[Category:DKR-KABUM-Volume-11-DA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Revision as of 15:29, 30 November 2022
Wylie title | zab mo rdzogs chen sde gsum gyi cha lag rigs gsum 'dus pa'i snying thig gi bka' srung ma gcig dud sol lha mo'i mchod phrin rgyas pa phrin las yongs 'du'i dga' tshal | |
---|---|---|
Location | dil mgo mkhyen brtse bka' 'bum Volume 11, Text 1, Pages 1-16 (Folios 1a to 16b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. Zab mo rdzogs chen sde gsum gyi cha lag rigs gsum 'dus pa'i snying thig gi bka' srung ma gcig dud sol lha mo'i mchod phrin rgyas pa phrin las yongs 'du'i dga' tshal. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 1-16. Delhi: Shechen Publications, 1994. | |
Genre | Activity Manual - las byang · Protector Rituals - gsol mchod | |
Cycle | རིགས་གསུམ་སྙིང་ཐིག་ (rigs gsum snying thig) | |
Parent Cycle | དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ (dam chos rdzogs pa chen po sde gsum) | |
Deity | dud sol lha mo | |
Colophon |
།ཅེས་པའང་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་ཡེ་ཤེས་རྡོ་རྗེའི་ལྷ་མོ་འདི་ཉིད་ཀྱི་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ཡང་ཡང་གཟིགས་པའི་དགོས་པ་ཁྱད་པར་བ་དུ་མས་བསྐུལ་མདོ་ཁམས་ཀྱི་ནཱ་ལེནྡྲ་རྫོང་གསར་བཀྲ་ཤིས་ལྷ་རྩེ་ནས་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་གྲོལ་དགའ་སྟོན་ལྷུག་པར་བསྩལ་བའི་སྐབས་ལས་རིམ་འདི་ལྟར་བསྒྲིགས་དགོས་པར་དགྱེས་པའི་བཀའ་བཟང་དམིགས་སུ་བསྩལ་ཞིང་བཀའ་ཕེབས་ལྟར་ཞབས་ཏོག་ཞུས་པ་ཉིད་རྟེན་མཆོག་འགྱུར་མེད་གླིང་གི་མཆོག་གླིང་གསུམ་པའི་ཕྲིན་ལས་ཀྱི་རྒྱུན་ལའང་ཕན་པའི་མཚན་ལྟས་གསལ་པོར་གྱུར་པས་རྗེ་དེའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་སྤྲུལ་ཨོ་རྒྱན་སྟོབས་རྒྱལ་ནས་ཀྱང་ཡང་ཡང་གསུང་བསྐུལ་བཞིན་འཇུག་བདེའི་དོན་ཚང་གི་ཚུལ་དུ་རིག་འཛིན་རྩལ་འཆང་རྣམ་གསུམ་གྱི་རིང་ལུགས་ལ་རྒྱུ་མཚན་ཤེས་པའི་དད་བློ་ཅུང་ཟད་ཐོབ་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་པདྨ་གར་དབང་མདོ་སྔགས་གླིང་པས་སྤེལ་བ་འདིས་ཀྱང་བསྟན་འགྲོའི་དགེ་མཚན་གྱི་དཔལ་མཆོག་ཏུ་གྱུར་ཅིག། | |
/ces pa'ang thub bstan yongs rdzogs kyi mnga' bdag 'jam mgon chos kyi rgyal po pad+ma ye shes rdo rje'i lha mo 'di nyid kyi phrin las sgrub pa'i rtags mtshan yang yang gzigs pa'i dgos pa khyad par ba du mas bskul mdo khams kyi nA len+d+ra rdzong gsar bkra shis lha rtse nas rin chen gter mdzod chen mo'i smin grol dga' ston lhug par bstsal ba'i skabs las rim 'di ltar bsgrigs dgos par dgyes pa'i bka' bzang dmigs su bstsal zhing bka' phebs ltar zhabs tog zhus pa nyid rten mchog 'gyur med gling gi mchog gling gsum pa'i phrin las kyi rgyun la'ang phan pa'i mtshan ltas gsal por gyur pas rje de'i sku gsung thugs kyi sras mchog sprul o rgyan stobs rgyal nas kyang yang yang gsung bskul bzhin 'jug bde'i don tshang gi tshul du rig 'dzin rtsal 'chang rnam gsum gyi ring lugs la rgyu mtshan shes pa'i dad blo cung zad thob pa 'gyur med theg mchog bstan pa'i rgyal mtshan pad+ma gar dbang mdo sngags gling pas spel ba 'dis kyang bstan 'gro'i dge mtshan gyi dpal mchog tu gyur cig/ |