DKR-KABUM-10-THA-001: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-001
No edit summary
No edit summary
Line 10: Line 10:
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealer=khyung sprul pad+ma dbang chen
|sourcerevealertib=ཁྱུང་སྤྲུལ་པདྨ་དབང་ཆེན་བསྟན་འཛིན་ཕྲིན་ལས་
|sourcerevealertib=ཁྱུང་སྤྲུལ་པདྨ་དབང་ཆེན་
|sourcerevealer=khyung sprul pad+ma dbang chen bstan 'dzin phrin las
|tibgenre=Lineage Supplications - brgyud 'debs
|tibgenre=Lineage Supplications - brgyud 'debs
|terma=Yes
|terma=Yes
|dkroutline=Three
|dkroutline=Three
|cycle=pad+ma kI la ya
|deity=pad+ma kI la ya
|cycletib=པདྨ་ཀཱི་ལ་ཡ་
|cycle=bla sgrub dwangs ma'i thig le
|cycletib=བླ་སྒྲུབ་དྭངས་མའི་ཐིག་ལེ་
|language=Tibetan
|language=Tibetan
|volumenumber=010
|volumenumber=010

Revision as of 10:33, 28 November 2022

པདྨ་ཀཱི་ལ་ཡའི་བརྒྱུད་པའི་གསོལ་འདེབས།
Wylie title pad+ma kI la ya'i brgyud pa'i gsol 'debs DKR-KABUM-10-THA-001.pdf
Location dil mgo mkhyen brtse bka' 'bum
Volume 10, Text 1, Pages 1 (Folios 1a1 to 1b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཁྱུང་སྤྲུལ་པདྨ་དབང་ཆེན་བསྟན་འཛིན་ཕྲིན་ལས་ (khyung sprul pad+ma dbang chen bstan 'dzin phrin las)
Citation Khyentse, Dilgo. Pad+ma kI la ya'i brgyud pa'i gsol 'debs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 1. Delhi: Shechen Publications, 1994.
Genre Lineage Supplications - brgyud 'debs
Cycle བླ་སྒྲུབ་དྭངས་མའི་ཐིག་ལེ་ (bla sgrub dwangs ma'i thig le)
Deity pad+ma kI la ya
Colophon

ཞེས་པ་འདི་ལྟར་པདྨ་ཧེ་རུ་ཀའི་གནས་མཆོག་ཟངས་བྲག་ཟླ་གམ་སྒོ་གཅིག་གི་མདུན་དུ་པདྨ་དབང་མཆོག་རྒྱལ་པོའམ་ཀུན་བཟང་མཁའ་ལྡིང་རྡོ་རྗེས་སྐད་ཅིག་ལ་བྲིས་པ་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག །དགེའོ།།

zhes pa 'di ltar pad+ma he ru ka'i gnas mchog zangs brag zla gam sgo gcig gi mdun du pad+ma dbang mchog rgyal po'am kun bzang mkha' lding rdo rjes skad cig la bris pa mi mthun phyogs las rnam par rgyal ba'i rgyur gyur cig__/dge'o//

[edit]
༄༅། །པདྨ་ཀཱི་ལ་ཡའི་བརྒྱུད་པའི་གསོལ་འདེབས་བཞུགས་སོ།། འུྃ༔ ཨོཾ་ཨཱཿཧཱུྃ༔ མཁའ་དབྱིངས་བདེ་ཆེན་དག་པའི་ཕོ་བྲང་ནས༔ གསུང་གི་རྡོ་རྗེ་ཀུན་བཟང་འོད་དཔག་མེད༔ དྲག་པོར་ཁྲོས་པ་དབང་ཆེན་རྟ་མགྲིན་རྒྱལ༔ རིགས་ལྔ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལ༔ གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ༔ བྱིན་རླབས་དབང་དངོས་གྲུབ་བསྩལ་དུ་གསོལ༔ བདེ་ཆེན་འགྱུར་བ་མེད་པའི་དཀྱིལ་འཁོར་དུ༔ རིགས་ཀུན་ཁྱབ་བདག་པདྨ་གར་གྱི་དབང༔ གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིན༔ རིགས་ལྔ་སེམས་དཔའ་ཐུབ་དྲུག་སངས་རྒྱས་སྟོང༔ གང་འདུལ་བཀོད་པ་སྣ་ཚོགས་མ་ལུས་ལ༔ གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ༔ ཟུང་འཇུག་འཕོ་འགྱུར་མེད་པའི་ཀློང་ཡངས་ནས༔ དབང་གི་རྒྱལ་པོ་པདྨ་འབྱུང་གནས་ཆེ༔ ཐོད་ཕྲེང་སྡེ་ལྔ་མཚན་བརྒྱད་བཀོད་པ་སོགས༔ གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ལ༔ གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ༔ དབང་ཆེན་གྲུབ་པ་ནཱ་གརྗུ་ན་དང༔ རྒྱལ་བ་མཆོག་དབྱངས་བར་དུ་བྱིན་བརླབས་པའི༔ པདྨ་ཧེ་རུ་ཀ་ལ་གསོལ་བ་འདེབས༔ ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས༔ མི་འགྱུར་ཀ་དག་ཞི་བའི་ངང་ཉིད་ལས༔ ལྷུན་གྲུབ་རྫོགས་སྐུ་པདྨ་ཀཱི་ལ་ཡར༔ བསྐྱེད་རྫོགས་དབྱེར་མེད་ངང་ནས་གསོལ་བ་འདེབས༔ དཀྱིལ་འཁོར་ཡོངས་སུ་རྫོགས་པར་བྱིན་གྱིས་རློབས༔ སྣང་སྲིད་ཐམས་ཅད་དྲག་པོའི་དཀྱིལ་འཁོར་རྫོགས༔ གཟུགས་སྣང་མ་ལུས་པདྨ་དྲག་པོའི་ལྷ༔ སྒྲ་གྲགས་སྔགས་ལ་ཧཱུྃ་དབྱངས་བསྒྲགས་པའི་མཐུས༔ དྲན་རྟོག་ཐམས་ཅད་སྐུ་གསུམ་ངང་ལ་རྫོགས༔ ཀུན་རྫོབ་འཁྲུལ་སྣང་དག་དང་མ་དག་པར༔ ཐུགས་རྗེ་ཐབས་མཁས་རོལ་པའི་སྒྱུ་འཕྲུལ་ལས༔ ཞི་རྒྱས་དབང་དང་དྲག་པོའི་ལས་སྦྱོར་རྣམས༔ ཐོགས་མེད་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས༔ འདི་བཟུང་ཚེ་རབས་བླ་མ་ལྷག་པའི་ལྷས༔ རྗེས་བཟུང་ཀ་དག་ལྷུན་གྲུབ་སྣང་བཞིའི་ལམ༔ ཚེ་འདི་མངོན་སུམ་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པ་འདི་ལྟར་པདྨ་ཧེ་རུ་ཀའི་གནས་མཆོག་ཟངས་བྲག་ཟླ་གམ་སྒོ་གཅིག་གི་མདུན་དུ་པདྨ་དབང་མཆོག་རྒྱལ་པོའམ་ཀུན་བཟང་མཁའ་ལྡིང་རྡོ་རྗེས་སྐད་ཅིག་ལ་བྲིས་པ་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག །དགེའོ།།
[edit]

@#/__/pad+ma kI la ya'i brgyud pa'i gsol 'debs bzhugs so//

'u~M:___oM AHhU~M:_mkha' dbyings bde chen dag pa'i pho brang nas:_gsung gi rdo rje kun bzang 'od dpag med:_drag por khros pa dbang chen rta mgrin rgyal:_rigs lnga sgyu 'phrul drwa ba'i dkyil 'khor la:_gsol ba 'debs so 'gal rkyen bar chad sol:_byin rlabs dbang dngos grub bstsal du gsol:_bde chen 'gyur ba med pa'i dkyil 'khor du:_rigs kun khyab bdag pad+ma gar gyi dbang:_gsang ba mi zad rgyan gyi 'khor lo'i sprin:_rigs lnga sems dpa' thub drug sangs rgyas stong:_gang 'dul bkod pa sna tshogs ma lus la:_gsol ba 'debs so 'gal rkyen bar chad sol:_zung 'jug 'pho 'gyur med pa'i klong yangs nas:_dbang gi rgyal po pad+ma 'byung gnas che:_thod phreng sde lnga mtshan brgyad bkod pa sogs:_gang 'dul sgyu 'phrul drwa ba'i rol mo la:_gsol ba 'debs so 'gal rkyen bar chad sol:_dbang chen grub pa nA garju na dang:_rgyal ba mchog dbyangs bar du byin brlabs pa'i:_pad+ma he ru ka la gsol ba 'debs:_phyi nang bar chad zhi bar byin gyis rlobs:_mi 'gyur ka dag zhi ba'i ngang nyid las:_lhun grub rdzogs sku pad+ma kI la yar:_bskyed rdzogs dbyer med ngang nas gsol ba 'debs:_dkyil 'khor yongs su rdzogs par byin gyis rlobs:_snang srid thams cad drag po'i dkyil 'khor rdzogs:_gzugs snang ma lus pad+ma drag po'i lha:_sgra grags sngags la hU~M dbyangs bsgrags pa'i mthus:_dran rtog thams cad sku gsum ngang la rdzogs:_kun rdzob 'khrul snang dag dang ma dag par:_thugs rje thabs mkhas rol pa'i sgyu 'phrul las:_zhi rgyas dbang dang drag po'i las sbyor rnams:_thogs med myur du 'grub par byin gyis rlobs:_'di bzung tshe rabs bla ma lhag pa'i lhas:_rjes bzung ka dag lhun grub snang bzhi'i lam:_tshe 'di mngon sum 'grub par byin gyis rlobs:_zhes pa 'di ltar pad+ma he ru ka'i gnas mchog zangs brag zla gam sgo gcig gi mdun du pad+ma dbang mchog rgyal po'am kun bzang mkha' lding rdo rjes skad cig la bris pa mi mthun phyogs las rnam par rgyal ba'i rgyur gyur cig__/dge'o//

Footnotes

Other Information