སྨན་བླའི་སྒོམ་བཟླས་འཚོ་བྱེད་བདེ་ལམ།

From Khyentse Lineage - A Tsadra Foundation Project
JLKO-KABUM-08-NYA-010
Wylie title sman bla'i sgom bzlas 'tsho byed bde lam
Location 'jigs gling bka' 'bum
Volume 8, Text 10, Pages 261 (Folios 1a1 to 1a6)
Author འཇིགས་མེད་གླིང་པ་
Less details More details
Citation 'jigs med gling pa. Sman bla'i sgom bzlas 'tsho byed bde lam. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 8: 261. New Delhi: Shechen Publications, 2025.
Genre Daily Practice - rgyun khyer
Deity sman bla
Colophon

ཞེས་པའང་མདོ་ཁམས་ཡིད་ལྷུང་པ་འཇིགས་མེད་རི་རྒྱལ་གྱི་ངོར་རྒྱལ་བའི་མྱུ་གུ་རང་བྱུང་རྡོ་རྗེས་སོ།།

zhes pa'ang mdo khams yid lhung pa 'jigs med ri rgyal gyi ngor rgyal ba'i myu gu rang byung rdo rjes so//

[edit]
༄༅། །སྨན་བླའི་སྒོམ་བཟླས་འཚོ་བྱེད་བདེ་ལམ་བཞུགས། སྐྱབས་སེམས་སྔོན་དུ་འགྲོ་བས། སྣང་སྲིད་ཐམས་ཅད་བཻ་ཌཱུརྱའི་རང་བཞིན། །འོད་སྣང་ལས་གྲུབ་ཞིང་ཁམས་བཀོད་པའི་དབུས། །པད་ཟླའི་གདན་ལ་ཨ་ཡིག་ཡོངས་གྱུར་ལས། །འགྲོ་བའི་དོན་མཛད་སངས་རྒྱས་སྨན་གྱི་བླ། །ས་གནོན་མཉམ་གཞག་བཻ་ཌཱུརྱ་ཡི་མདངས། །རོ་དྲུག་ནུས་པ་བརྒྱད་ལྡན་རྣམ་རྒྱལ་འཛིན། །མ་རིག་རྒྱུ་ལས་རྣམ་པར་གྱུར་བའི་ནད། །བཞི་བརྒྱ་རྩ་བཞིའི་སྡུག་བསྔལ་སེལ་མཛད་ཅིང་། །རྣམ་པར་མ་གྱུར་བདེ་ལ་སྦྱོར་མཛད་པ། །ཁྱོད་ལ་སྐྱབས་མཆི་ཕྱག་འཚལ་མཆོད་པ་འབུལ། །ཉེས་པ་མི་འཆབ་དགེ་ལ་རྗེས་ཡི་རང་། །མ་རིག་ནད་ལས་དབུགས་འབྱིན་ཆོས་འཁོར་བསྐོར། །བསྐལ་པར་འཚོ་གཞེས་དགེ་བ་རྫོགས་བྱང་བསྔོ། །མགོན་པོ་ཁྱོད་ཀྱི་ཐུགས་དང་རོ་གཅིག་ཤོག །ཅེས་བརྗོད་ཅིང་སྙིང་གར་ཟླ་གདན་ཨ་ཡིག་གི་མཐར་བྷཻ་ཥ་ཛྱེས་བསྐོར་བ་ལ་སེམས་གཏད་ནས་འོད་ཟེར་སྤྲོ་བསྡུས་འགྲོ་བའི་དུག་གསུམ་གྱི་ནད་ལས་གྲོལ་བར་བསམས་ལ་བཟླས་པ་ཅི་ནུས་མཐར། འཁོར་གསུམ་མི་དམིགས་པའི་ངང་དུ་མཉམ་པར་འཇོག་ཅིང་དགེ་བ་བསྔོའོ། །ཞེས་པའང་མདོ་ཁམས་ཡིད་ལྷུང་པ་འཇིགས་མེད་རི་རྒྱལ་གྱི་ངོར་རྒྱལ་བའི་མྱུ་གུ་རང་བྱུང་རྡོ་རྗེས་སོ།།