མི་གཡོ་བ་རིགས་བཞིའི་རྫོགས་རིམ་ཆོས་དྲུག་གཏུམ་པོ་མཐིང་སེར་དམར་པོའི་ངག་འདོན།

From Khyentse Lineage - A Tsadra Foundation Project
JKW-KABUM-15-BA-006-009
Wylie title mi g.yo ba rigs bzhi'i rdzogs rim chos drug gtum po mthing ser dmar po'i ngag 'don JKW-KABUM-15-BA-006.pdf
Location mkhyen brtse'i bka' 'bum
Volume 15, sde tshan 6, Text 9, Pages 173-175 (Folios 24a2 to 25a3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation 'jam dbyangs mkhyen brtse'i dbang po. mi g.yo ba rigs bzhi'i rdzogs rim chos drug gtum po mthing ser dmar po'i ngag 'don. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 15: 173-175. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Completion Stage - rdzogs rim  ·  Liturgy - ngag 'don
Cycle མི་གཡོ་བ་བདུད་བཞི་ཟིལ་གནོན་ (mi g.yo ba bdud bzhi zil gnon)
Parent Cycle བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་ (bla ma'i thugs sgrub bar chad kun sel)
Deity mi g.yo ba

1 Texts in this Section (sde tshan or chos tshan)

[edit]
༄༅། །མི་གཡོ་བ་རིགས་བཞིའི་རྫོགས་རིམ་ཆོས་དྲུག་གི་གཏུམ་མོའི་སྐབས། གཏུམ་པོ་མཐིང་གའི་བླ་མའི་རྣལ་འབྱོར་བསྒོམ་པར་སྤྲོ་ན། ཨཿ རང་མདུན་ནམ་མཁར་འོད་ལྔའི་ཀློང་༔ པད་ཉི་ལྷ་བུའི་བདུད་ཀྱི་སྟེང་༔ བླ་མ་འོད་གསལ་མི་གཡོ་བ༔ ཨིནྡྲ་ནི་ལ་དྭངས་པའི་མདོག༔ ཞབས་གཡས་པུས་བཙུགས་གདན་ལ་རོལ༔ གཡོན་པ་བཞེངས་མ་སྟབས་སུ་བཞུགས༔ ཕྱག་གཉིས་རལ་གྲི་སྡིགས་མཛུབ་ལས༔ ཡེ་ཤེས་མེ་ལྕེ་དུམ་བུར་འཕྲོ༔ ཁྲོ་གཏུམ་བཟོད་དཀའི་གཟི་བྱིན་ཅན༔ དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན༔ ཆུ་ཟླ་འཇའ་ཚོན་ལྟ་བུ་ཡི༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཞེས་སོགས་སྦྱར། བཟླས་པའི་སྐབས། རྩ་བའི་མཚན་སྔགས་ཁོ་ནས་ཀྱང་རུང་མོད། སོ་སོར་བཟླ་བར་སྤྲོ་ན། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཙཎྜ་མ་ཧཱ་རོ་ཥ་ཎ་ཀཱ་མ་དེ་བ་མཱ་ར་སེ་ན་པྲ་མརྡྷ་ན་སྭཱ་ཧཱ། ཞེས་སྦྱར་རོ། །སྒྱུ་ལུས་སོགས་ཆོས་དྲུག་ལྷག་མ་རྣམས་ཀྱི་སྐབས། གཏུམ་པོ་སེར་པོའི་བླ་མའི་རྣལ་འབྱོར་ནི། ཨཿ རང་མདུན་ནམ་མཁར་འོད་ལྔའི་ཀློང་༔ པད་ཉི་ཕུང་པོའི་བདུད་ཀྱི་སྟེང་༔ བླ་མ་སྣང་སྟོང་མི་གཡོ་བ༔ གསེར་མདོག་ཁྲོ་གཏུམ་བརྗིད་པའི་ཉམས༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་སྐྲུང་བཞུགས༔ འོད་ཟེར་རབ་འབར་སྤྱན་གསུམ་པ༔ དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན༔ སྣང་བཞིན་སྟོང་ལ་སྟོང་བཞིན་སྣང་༔ མེ་ལོང་དྭངས་པར་གཟུགས་བརྙན་བཞིན༔ ཆུ་ཟླ་དང་ནི་འཇའ་ཚོན་ལྟར༔ རང་བཞིན་མ་གྲུབ་ཅིར་ཡང་གསལ༔ སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ཚུལ༔ ཡེ་ཤེས་མེ་ཕུང་འབར་བའི་ཀློང་༔ གསལ་འགྲིབ་བྲལ་བའི་ཕྱག་རྒྱར་ཤར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ སོགས་སྦྱར། སྔགས། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཙཎྜ་མ་ཧ་རོ་ཥ་ཎ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ༔ ཞེས་སོ། །ཐབས་ལམ་སྐབས་གཏུམ་པོ་དམར་པོའི་བླ་མའི་རྣལ་འབྱོར་ནི༔ ཨ༔ རང་མདུན་ནམ་མཁར་འོད་ལྔའི་ཀློང་༔ པད་ཉི་ཉོན་མོངས་བདུད་ཀྱི་སྟེང་༔ བླ་མ་བདེ་ཆེན་མི་གཡོ་བ༔ སྐུ་མདོག་དམར་གསལ་ཆགས་པའི་ཉམས༔ ཕྱག་གཡས་དབང་སྡུད་ཕྱག་རྒྱ་ཡིས༔ རྡོ་རྗེའི་གྲི་གུག་ནམ་མཁར་གདེང་༔ གཡོན་པའི་སྡིགས་མཛུབ་ཞགས་པ་བསྣམས༔ ཞབས་ཟུང་པུས་གཡོན་གདན་ལ་བཙུགས༔ གཡས་པ་བཞེང་ཚུལ་སྟབས་ཀྱིས་བཞུགས༔ དར་དང་རིན་ཆེན་སྦྲུལ་རྒྱན་བཅས༔ ཡེ་ཤེས་མེ་ཕུང་དབུས་ན་རོལ༔ སྣང་སྟོང་སྒྱུ་མའི་སྐུར་གསལ་བའི༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གི་མཚན༔ སོགས་དང་། སྔགས། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་སྦྱར་རོ། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། མི་གཡོ་བའི་སྔགས་ཡི་གེ་བཅུ་པ་མངྒ་ལཾ།། །། ༈

Footnotes

Other Information