ཡེ་ཤེས་སྐུ་མཆོག།

From Khyentse Lineage - A Tsadra Foundation Project
JKW-KABUM-14-PHA-005
Wylie title ye shes sku mchog JKW-KABUM-14-PHA-005.pdf
Location mkhyen brtse'i bka' 'bum
Volume 14, sde tshan 5, Pages 115 (Folios 1a1 to 1a6)
Author ཀརྨ་གླིང་པ་
Less details More details
Tertön ཀརྨ་གླིང་པ་ (karma gling pa)
Citation karma gling pa. ye shes sku mchog. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 14: 115. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Offerings and Praises - mchod bstod
Cycle ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ (zab chos zhi khro dgongs pa rang grol)
Deity zhi khro
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-GA-028

1 Texts in this Section (sde tshan or chos tshan)

[edit]
ཨོཾ༔ ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི༔ ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་༔ ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ ས་མ་ཡ་བཛྲ་ཨངྒུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་སྤྲུལ་པའི་སྐུ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ༔ ཕྱི་ནང་གསལ་བའི་མཆོད་པ་རྒྱ་མཚོས་མཆོད༔ ཨོཾ་ཨཱཿབཛྲ་པུཥྤེ་དྷཱུ་པྤེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱཱ་ཤབྡ་པཉྩ་ཀ་མ་གུ་ཎ་མ་ཧཱ་སུ་ཁ་པཱུ་ཛ་ཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧིཿ ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུས་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བསྟོད༔

Footnotes

Other Information