དེའི་སཱཙྪ་སྒྲུབ་པའི་རབ་གནས་དང་ངག་འདོན་ལྡེབ།

From Khyentse Lineage - A Tsadra Foundation Project
Wylie title de'i sAts+tsha sgrub pa'i rab gnas dang ngag 'don ldeb JKW-KABUM-12-NA-014.pdf
Location mkhyen brtse'i bka' 'bum
Volume 12, sde tshan 14, Text 7, Pages 513-515 (Folios 17a1 to 18a6)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Gter bdag gling pa 'gyur med rdo rje)
Citation 'jam dbyangs mkhyen brtse'i dbang po. de'i sAts+tsha sgrub pa'i rab gnas dang ngag 'don ldeb. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 12: 513-515. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Consecration Rituals - rab gnas cho ga
Cycle དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་ (dpal rdo rje sems dpa' thugs kyi sgrub pa)
Deity rdo rje sems dpa'
Recension Link Other Versions on this site: རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ངག་འདོན་དང་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་བསྙེན་པའི་རིམ་པ་ངག་འདོན་ཆུ་འབབས་སུ་བཀོད་པ་སོགས།

1 Texts in this Section (sde tshan or chos tshan)

[edit]
དེ་ནས་སཱཙྪ་བསྒྲུབ་དུས་ཆོ་ག་གོང་གསལ་གཞིར་བཞག །དངོས་གཞི་སྒྲུབ་ལུགས་ངག་འདོན་ཟུར་དུ་བྲིས་པ་ལྟར་སོར་བཞག་བྱེད། འདི་སྐབས་སྔགས་གྲངས་ཡིག་བརྒྱ་འབུམ་ཐེར་ངེས་པར་འགྲོ་དགོས་ཀྱང་མ་གྲུབ་ན་ཡིག་དྲུག་འབུམ་ཐེར། ཡིག་བརྒྱ་ཁྲི། སོ་སོར་ཁ་སྐོང་བཅས་ལས་ཉུང་མི་ལོ། ཚོན་སོགས་ཚར་དུས་མ་བསྒྲུབས་གོང་རབ་གནས་བསྡུས་པ་ཞིག་ཅི་ནས་དགོས་རྒྱུ་རེད། ། ༈ གཤིན་པོ་རྗེས་འཛིན་སྐབས་དབང་བསྡུས་པར་མོས་ན། ཚེ་ལས་འདས་པ་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར། ཡིག་བརྒྱ་དང་། ཛྙཱ་ན་ཨཱ་བེ་ཤ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨ་ཧ་ཛྷཱེཾ་ཏིཥྛ་བཛྲ། ཞེས་ཡེ་ཤེས་པ་དབབ་ཅིང་བརྟན་པར་བྱ། སླར་ཡང་རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རིགས་ལྔ་སྲས་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་ནས་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཆོས་སྐུ་ནམ་མཁའ་སོགས་ཀྱིས་བསྟོད། །རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་གི་བྱ་བ་ལ་དགྱེས་ཤིང་མཆོད་པའི་རྣམ་རོལ་དུ་མ་དང་བཅས་པས་དབང་བསྐུར་བར་གྱུར། ཨོཾ། །དཔལ་ལྡན་སངས་རྒྱས་སྐུ་འཆང་བཿ རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ༔ དེང་འདིར་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་དབྱིག་ཏུ་དབང་བསྐུར་རོཿ ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾཿ ཨཱཿ དཔལ་ལྡན་སངས་རྒྱས་གསུང་འཆང་བཿ རྡོ་རྗེ་མི་ཕྱེད་གསུམ་གྱི་གསུངཿ དེང་འདིར་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་དབྱིག་ཏུ་དབང་བསྐུར་རོ༔ ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃཿ དཔལ་ལྡན་སངས་རྒྱས་ཐུགས་འཆང་བ༔ རྡོ་རྗེ་མི་ཕྱེད་གསུམ་གྱི་ཐུགས༔ དེང་འདིར་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ༔ ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃཿ ཞེས་གསུངས་ཤིང་ཡེ་ཤེས་ལྔའི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས། སྒོ་གསུམ་ཐ་མལ་དུ་འཛིན་པའི་དྲི་མ་སྦྱངས། རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་དུ་བྱས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོས་དབུར་བརྒྱན། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་སློབ་མ་ལ་ཐིམ་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་མེ་ཏོག་འཐོར།། །། ༈ རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཨོཾཿབསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། གཟུགས་སྒྲ་དྲི་རོ་རེག་ལྡན་པའིཿ འདོད་ཡོན་ཚོགས་ཀྱི་མཆོད་པ་ནིཿ གུས་པའི་བློ་ཡིས་འབུལ་ལགས་ནཿ དགྱེས་པའི་གར་གྱིས་བཞེས་སུ་གསོལཿ ག་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧིཿ ཐོག་མེད་དུས་ནས་ད་ལྟའི་བརཿ སྒོ་གསུམ་མི་ཤེས་བག་མེད་པས༔ ཉམས་ཆགས་འགལ་འཁྲུལ་ཅི་མཆིས་པཿ དེ་དག་ཐམས་ཅད་བཤགས་པར་བགྱིཿ ཞེས་དང་ཡིག་བརྒྱ་བཟླ། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀོ྅་ཧཾ། ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ སརྦ་དུཥྟན་མཱ་ར་ཡ་ཧཱུྃ་ཕཊ། དུག་ལྔས་གཟིར་ཞིང་མནར་བ་ཡི། །གདུག་ཅིང་གཏུམ་པའི་སེམས་ཅན་རྣམས། །བདག་མེད་དབྱིངས་སུ་བསྒྲལ་བའི་རྫས། །འདོད་ཡོན་དམ་ཚིག་ཆེན་པོར་འབུལ། མ་ཧཱ་མཾ་ས་རཀྟ་ཀེཾ་ནིརྟི་ཨམྲྀ་ཏ་པཱུ་ཛ་ཁཱ་ཧི། ཨོཾ་བཛྲ་ས་ཏྭ་ཨཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཨེ་ཨ་རལླི་ཧྲཱིང་ཧྲཱིང་ཛཿ ཧཱུྃཿསྔོན་ཚེ་ཞལ་བཞེས་དམ་བཅས་བཞིནཿ དཀྱིལ་འཁོར་ཆེན་པོའི་ཕྱི་ཉུལ་བའིཿ ལྷག་གཏོར་དབང་བའི་སྲུང་མ་རྣམསཿ འདི་བཞེས་བཅོལ་པའི་ཕྲིན་ལས་མཛོདཿ ཨོཾ་ཨུ་ཙྪིཥྟ་བ་ལིདྟ་ཁཱ་ཧིཿ ཧེ་རུ་ཀ་དཔལ་གྲོང་ཁྱེར་སོགས་ནས། ཤོག་བར་བརྗོད་དོ། །
[edit]

de'i sAts+tsha sgrub pa'i rab gnas dang ngag 'don ldeb/ de nas sAts+tsha bsgrub dus cho ga gong gsal gzhir bzhag__/dngos gzhi sgrub lugs ngag 'don zur du bris pa ltar sor bzhag byed/__'di skabs sngags grangs yig brgya 'bum ther nges par 'gro dgos kyang ma grub na yig drug 'bum ther/__yig brgya khri/__so sor kha skong bcas las nyung mi lo/__tshon sogs tshar dus ma bsgrubs gong rab gnas bsdus pa zhig ci nas dgos rgyu red/__/_!_gshin po rjes 'dzin skabs dbang bsdus par mos na/__tshe las 'das pa skad cig gis dpal rdo rje sems dpa'i skur gyur/__yig brgya dang /__dz+nyA na A be sha ya ra ra ra ra tsA la ya tsA la ya hU~M a ha dz+hA+eM tiSh+Tha badz+ra/__zhes ye shes pa dbab cing brtan par bya/__slar yang rang gi snying ga'i hU~M gi 'od zer gyis de bzhin gshegs pa rigs lnga sras dang bcas pa badz+ra sa mA dzaH__oM sarba ta thA ga ta badz+ra ar+g+haM nas shap+da pra tIts+tsha swA hA'i bar gyis mchod/__chos sku nam mkha' sogs kyis bstod/__/rdo rje can gyi sangs rgyas la/__/'gro ba skyob pa'i ched du dbang /__/yon tan 'byung gnas ji ltar stsal/__/de ltar 'di la stsal du gsol/__zhes gsol ba btab pas nam mkhar bzhugs pa'i de bzhin gshegs pa rnams kyis dbang gi bya ba la dgyes shing mchod pa'i rnam rol du ma dang bcas pas dbang bskur bar gyur/__oM/__/dpal ldan sangs rgyas sku 'chang baH__rdo rje mi phyed gsum gyi sku:__deng 'dir sangs rgyas thams cad kyi:__sku yi dbyig tu dbang bskur roH__kA ya badz+ra a b+hi Shiny+tsa oMH___AH__dpal ldan sangs rgyas gsung 'chang baH__rdo rje mi phyed gsum gyi gsungaH__deng 'dir sangs rgyas thams cad kyi:__gsung gi dbyig tu dbang bskur ro:__wA ka badz+ra a b+hi Shiny+tsa AH__hU~MH__dpal ldan sangs rgyas thugs 'chang ba:__rdo rje mi phyed gsum gyi thugs:__deng 'dir sangs rgyas thams cad kyi:__thugs kyi dbyig tu dbang bskur ro:__tsit+ta badz+ra a b+hi Shiny+tsa hU~MH__zhes gsungs shing ye shes lnga'i bdud rtsi'i chu rgyun gyis dbang bskur bas/__sgo gsum tha mal du 'dzin pa'i dri ma sbyangs/__rdo rje gsum gyi ye shes mngon du byas/__chu'i lhag ma spyi bor 'khyil ba las rigs kyi bdag pos dbur brgyan/__nam mkhar bzhugs pa'i dbang gi lha rnams kyang slob ma la thim par gyur/__oM su pra tiSh+Tha badz+rA ya swA hA/__zhes me tog 'thor//_//__!_ra~M ya~M kha~M/__oM AHhU~M ha ho hrIH__oMHbsod nams ye shes tshogs rdzogs shing /__/rang rig mtha' dbus med pa'i dkyil/__/ye shes bzhi 'phro 'khor lo'i tshul/__/tshogs mchog dkyil 'khor gshegs su gsol/__oM e h+ye hi ma hA ka ru Ni ka dr-i sh+ya hoH__sa ma ya hoH__sa ma ya s+t+waM/_gzugs sgra dri ro reg ldan pa'iH_'dod yon tshogs kyi mchod pa niH_gus pa'i blo yis 'bul lags naH_dgyes pa'i gar gyis bzhes su gsolaH__ga Na tsa kra pU dza khA hiH__thog med dus nas da lta'i b.raH__sgo gsum mi shes bag med pas:__nyams chags 'gal 'khrul ci mchis paH__de dag thams cad bshags par bgyiH__zhes dang yig brgya bzla/__badz+ra ma hA shrI he ru ka ko\u0f85 haM/__nr-i tri badz+ra ang+ku sha dzaH__dzaHhU~M ba~M hoH__sarba duSh+tan mA ra ya hU~M phaT/__dug lngas gzir zhing mnar ba yi/__/gdug cing gtum pa'i sems can rnams/__/bdag med dbyings su bsgral ba'i rdzas/__/'dod yon dam tshig chen por 'bul/__ma hA maM sa rak+ta keM nirti amr-i ta pU dza khA hi/__oM badz+ra sa twa aH__oM AHhU~M ha ho hrIH__e a ral+li hrIng hrIng dzaH__hU~MHsngon tshe zhal bzhes dam bcas bzhinaH__dkyil 'khor chen po'i phyi nyul ba'iH__lhag gtor dbang ba'i srung ma rnamasaH__'di bzhes bcol pa'i phrin las mdzodaH__oM u ts+tshiSh+ta ba lid+ta khA hiH__he ru ka dpal grong khyer sogs nas/__shog bar brjod do/_/

Footnotes

Other Information