JKCL-KABUM-12-NA-009

From Khyentse Lineage - A Tsadra Foundation Project

ཀཿཐོག་དགེ་སྤྲུལ་རིན་པོ་ཆེའི་མདུན་ནས་བདུད་ཕུར་གྱི་བསྙེན་ཡིག་དང་སྒྲུབ་ཁོག་མཛད་པ་རྩོལ་གནང་སྐབས་ཀྱི་ཞུས་ལན།
Wylie title kaH thog dge sprul rin po che'i mdun nas bdud phur gyi bsnyen yig dang sgrub khog mdzad pa rtsol gnang skabs kyi zhus lan JKCL-KABUM-12-NA-009.pdf
Location chos kyi blo gros bka' 'bum
Volume 12, Text 9, Pages 37-42 (Folios 1a1 to 3b6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. kaH thog dge sprul rin po che'i mdun nas bdud phur gyi bsnyen yig dang sgrub khog mdzad pa rtsol gnang skabs kyi zhus lan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 37-42. Bir, H.P.: Khyentse Labrang, 2012.
Genre Replies to Questions - dris lan

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
ཀཿཐོག་དགེ་སྤྲུལ་རིན་པོ་ཆེའི་མདུན་ནས་བདུད་ཕུར་གྱི་བསྙེན་ཡིག་དང་སྒྲུབ་ཁོག་མཛད་པ་རྩོལ་གནང་སྐབས་ཀྱི་ཞུ་ལན། །ཇི་ལྟ་ཇི་སྙེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །ཡེ་ཤེས་ཐུགས་རྗེའི་འོད་ཟེར་བྱེ་བ་འགྱེད། །མཐའ་ཡས་བསྟན་འགྲོའི་སྨག་རུམ་སེལ་མཛད་པ། །ཀུན་གཟིགས་སྨྲ་བའི་སེངྒེ་༧ཞབས་དྲུང་དུ། །གུས་ལྡན་ལུས་ཀྱི་ལྗོན་པ་རབ་བཏུད་ཅིང་། །སྙན་ཚིག་སྨྲ་ལ་སྤོབས་པ་ཆེས་ཕྲ་ཡང་། །དད་དགའི་ཡལ་འདབས་ཕྱོགས་བཅུར་གྲོལ་བ་ལས། །བྱུང་བའི་དད་གསུམ་མེ་ཏོག་འབྲས་བུའི་ལྕི། །སྔ་འགྱུར་བསྟན་པའི་ཧི་མ་ལ་ཡི་སྤོར། །ནང་རྒྱུད་སྡེ་གསུམ་ལུས་སྟོབས་རབ་རྒྱས་ཤིང་། །བསྐྱེད་རྫོགས་ཤིན་ཏུ་རྣལ་འབྱོར་རྩལ་གསུམ་ལྡན། །ཀུན་མཁྱེན་གདོང་ལྔའི་དབང་པོ་ཁྱེད་ཅིག་པུ། །སྙིགས་མ་ལྔ་བདོའི་ནགས་ཀླུངས་སྟུག་པོའི་ཀློངས། །བཤེས་གཉེན་དམ་པས་མ་ཟིན་དམུས་ལོང་རྣམས། །རྣམ་པར་འཁྱམས་པའི་འགྲོ་རྣམས་སྐྱོབ་པའི་ཕྱིར། །ཐར་དང་ཐམས་ཅད་མཁྱེན་པའི་མིག་སྦྱིན་མཛོད། །ཤིན་ཏུ་དྲེགས་པའི་ལྟ་བ་ངན་པ་ཡི། །ལུས་བསྐྱིངས་ལྷ་མིན་གླང་པོའི་སྡེ་ཚོགས་ཀྱི། །གཙུག་སུམ་འགེམ་ལ་ཐོགས་པ་མེད་ལྡན་པ། །ཆོས་ཀྱི་གྲགས་པ་སླར་ཡང་སྣང་བར་གྱུར། །འཕུར་འགྲོའི་སློབ་དཔོན་པདྨ་ལས་གྲོལ་གྱི། །ཐུགས་ཀྱི་ཏི་ཀ་ཟབ་གཏེར་སྙིང་པོའི་བཅུད། །ཕྲིན་ལས་ཐོགས་མེད་བཛྲ་ཀཱི་ལ་ཡའི། །སྒྲུབ་ཐབས་གནམ་ལྕགས་སྤུ་གྲི་འགྲན་ཟླས་དབེན། །དེ་ཡི་ཁོག་དབུབ་སྒྲུབ་ཆེན་ལས་རིམ་དང་། །བསྙེན་སྒྲུབ་གསལ་བྱེད་བདུད་རྩིའི་འོད་དཀར་ནི། །རྟོག་གེ་ངན་པའི་དུག་ཆུས་མ་བསླད་པའི། །རིག་འཛིན་བརྒྱུད་པའི་ཞལ་ལུང་འདི་ཁོ་ན། །དཔྱད་གསུམ་རྣམ་པར་དག་པའི་བསྟན་བཅོས་ནི། །མཁའ་དབྱིངས་དག་པའི་ཉི་དང་ཟླ་བཞིན་གསལ། །པདྨའི་བསྟན་ལ་དོ་ཟླ་སྤངས་པ་ཡི། །མཆོག་གི་ཕྲིན་ལས་རྨད་བྱུང་ཁྱད་པར་འཕགས། །རིང་ནས་གུས་པས་གསོལ་བ་བཏབས་པ་ཡི། །དོན་གྱི་འབྲས་བཟང་མངོན་སུམ་སྨིན་པ་ལ། །རྩ་གསུམ་དགྱེས་པའི་ཞལ་རས་ངོམ་ཞིང་མཛེས། །བྱང་ཆུབ་བར་དུ་བཀའ་དྲིན་རྗེས་སུ་དྲན། །ཞེས་འདོད་དོན་ཡིད་བཞིན་མངོན་སུམ་དུ་ཐོབ་པའི་མཆོག་གི་ལེགས་གསུང་ལེའུ་ཚན་གཉིས་བཀའ་དྲིན་ཆེན་པོས་བསྐྱངས་པ་རིང་མིན་གཅིག་ལས་དུ་མར་འཕྲུལ་བའི་སྤར་དུ་ངེས་པར་འཁོད་པ་ཞུ་ཆོག་པ་དང་། སླད་ཀྱི་ཆར་ཡང་། རྒྱལ་བ་གཉིས་པ་ཀུན་མཁྱེན་ཀཿཐོག་པའི། །བསྟན་པ་འཛིན་ལ་མཁས་དང་གྲུབ་པ་ཡི། །རྣམ་ཐར་ལྐོགས་གྱུར་མ་ཡིན་མངོན་དུ་མཐོང་། །དེང་དུས་སྔ་འགྱུར་བསྟན་པའི་གཙུག་ནོར་མཆོག །སྐུ་ལ་བསྙུན་མེད་བགྲེས་རྒུད་དང་བྲལ་ཞིང་། །ཞབས་ཟུང་རྡོ་རྗེའི་མདུད་པ་དམ་པོར་བཅིངས། །གསུང་གསང་ཟབ་རྒྱས་གདམས་པའི་བདུད་རྩི་ཡིས། །བདག་སོགས་བློ་ཡི་བུམ་བཟང་ཁེངས་བར་མཛོད། །ལྔ་བརྒྱ་ཐ་མའི་འགྲོ་རྣམས་སྐྱོབས་པའི་སླད། །ཐུགས་རྗེས་གདུགས་དཀར་ཡངས་པས་ཁེབས་པ་དང་། །མདོ་སྔགས་ཆོས་ཀྱི་རྔ་ཆེན་སྒྲོགས་བཞིན་དུ། །འཇིགས་མེད་རྡོ་རྗེའི་ཁྲི་ལ་བཞུགས་གསོལ་འདེབས། །བདག་ཀྱང་བྱང་ཆེན་བར་དུ་ཕྱག་གིས་བཟུང་། །བརྩེ་བ་ཆེན་པོས་རྟག་ཏུ་བསྐྱང་བ་དང་། །མཚན་དཔེའི་དགྱེས་ཞལ་མིག་གི་བདུད་རྩིར་གྱུར། །ཚངས་པའི་དབྱངས་ཀྱིས་ལེགས་པར་འདོམ་དུ་གསོལ། །དེ་སྐད་རྟེན་འབྱུང་སྒྲིབ་མེད་གསལ་བ་ཡི། །ཞུ་མཆིད་བུང་བ་རྒན་པོའི་གླུ་དབྱངས་ནི། །དྲང་སྲོང་ཆེན་པོ་དགྱེས་ཕྱིར་འབུལ་ལགས་ན། །ཐུགས་ཀྱི་བསྙེལ་བ་མི་གནང་མཁྱེན་པར་འཚལ། །ཞུ་འདེགས་ལྷ་རྫས་རབ་དཀར་བཀྲ་ཤིས་པའི་རི་མོས་སྤྲས་པ། །གསང་གསུམ་རྡོ་རྗེའི་རང་བཞིན་དུ་བཞུགས་མཚོན་བཛྲ་གནྜེ། སྐུ་ཚེའི་བཅུད་ལེན་རིལ་བུ། རིན་ཆེན་སྨན་གྱི་ནོར་བུ་བཀྲ་ཤིས་པའི་གྲངས་ལྡན། བཞུགས་སྟན་གམ་གྲུམ་གདན་ནར། རིན་ཆེན་དཀར་པའི་འཁོར་ལོ་དབང་བཅུའི་གྲངས་ལྡན་བཅས་ཟླ་ཚེས་དགེ་བར་ཆོས་ཀྱི་བློ་གྲོས་པས་གུས་པ་ཆེན་པོས་ཕུལ་ཞུས། གསེར་སྙན་རིན་པོ་ཆེར། གུས་ཞུ། བདུད་འདུལ་ཕུར་པ་ལ་མེད་ན་ཐབས་ཆགས་བའི་སྒྲུབ་ཁོག་དང་། བསྙེན་ཡིག་ལེགས་བཤད་རྨད་དུ་བྱུང་བའི་དཔེ་བཀའ་དྲིན་སྩལ་བ་ཚར་གཅིག་མཇལ་བས་གུས་ཤིང་སྤྲོ་བ་རབ་དགའི་བསམ་གཏན་གྱིས་མཚོན་དུ་མེད་པ་ཐོབ་ཅིང་ཇི་ལྟར་བསམ་པ་བཞིན་དུ་བྱུང་འདུག་པ་དང་། སྒྲུབ་ཆེན་ཁོག་དབུས་དང་ཛབ་བསྐུལ་རིགས་མཐུན་སྦྱར་བདེ་ཞིག་འོས་མིན་འགབ་ཚེ་ཕྱག་བྲིས་ཚིག་མཚམས་མཛུད་ཆོག་ཁ་གསལ་ཅན་གནོང་གྲུབ་དང་། དེ་འདྲ་སྦྱར་རྒྱུ་སྟབས་མི་བདེ་ན། འདི་ལས་ལྷག་པ་ཅིའང་མི་འདུག་ཞེ་བློ་བདེ་ངེས་བྱུང་ཞིང་བཀའ་དྲིན་ཤིན་ཏུ་ཆེ་བ་ཁ་ཙམ་མིན་པར་སྙིང་ནས་ཞུ་བ་ལགས། ། ༈ མཁས་དང་གྲུབ་པ་རྒྱ་མཚོའི་གཙུག་གཏོར་རྩེར། །ཞབས་སེན་རྡུལ་འོད་བཀོད་ལ་བསྙེངས་བྲལ་ཞིང་། །སྔ་འགྱུར་བསྟན་པའི་ཆུ་གཏེར་གདེངས་ཅན་བདག །རྒྱལ་སྲས་བསྟན་པའི་ཉི་མའི་ཞབས་པདྨོར། །རབ་དྭངས་རྫིང་བུར་ཞུགས་པ་ཡི། །དད་གསུམ་གཤོག་ཡངས་ངང་མོ་དཀར། །མགྲིན་གླུ་དར་དིར་སྒྲོག་པ་ལ། །གསེར་སྙན་ཅུང་ཟད་གཡར་བར་རིགས། ༡ །མགོན་ཁྱོད་ཐུགས་བསྐྱེད་རྩ་ལག་བརྟན་པ་ལས། །ཕན་བདེའི་བྱང་ཆུབ་ལྗོན་ཤིང་ཡལ་འདབས་རྒྱས། །རྣམ་གྲོལ་ཡོན་ཏན་རྒྱ་མཚོའི་འབྲས་བཟང་ནི། །ངང་གིས་གྲུབ་པ་ལྷ་ཡི་ལྷར་གྱུར་གང་། ༢ །མཁས་དང་གྲུབ་པའི་རིགས་ཀྱི་དཔྱིད་ཐིག་ལས། །མཚན་དཔེའི་ཟླ་གཞོན་གསར་བའི་ལང་ཚོ་ཅན། །མཁྱེན་དང་བརྩེ་བའི་འོད་ཟེར་སྟོང་འབར་བས། །ས་གསུམ་བློ་ཡི་མུན་པ་སེལ་བའི་གཉེན། ༣ །སྔ་འགྱུར་བཀའ་གཏེར་འོ་མའི་རྒྱ་མཚོ་ལ། །ཅི་དགར་སྤྱོད་པའི་སྔོན་སྨོན་མཐུ་གྲུབ་ཅིང་། །བསྟན་པའི་སྣང་བྱེད་སྐྱ་རེངས་གསར་པ་ཡི། །ཉེར་དྲངས་རྒྱལ་སྲས་འཇམ་དཔལ་གཞོན་ནུ་རྒྱལ། ༤ །གསང་གསུམ་མཐོང་ན་མི་མཐུན་མེད་པ་ཡི། །ལྷར་བཅས་མངོན་པར་དགའ་བའི་རྒྱལ་མཚན་ཆེ། །མཐའ་ཀླས་སྐྱེ་རྒུའི་མགོན་དུ་སྣང་བ་འདི། །རྟག་ཏུ་བཀྲ་ཤིས་མི་ནུབ་བརྟན་གྱུར་ཅིག༥། ཅེས་ཤིས་པའི་ཏམྦུ་ར་ཉུང་ངུས་དྲངས་ཏེ། དེང་སྨྱོས་གདུང་རྒྱལ་སྲས་ཆེན་པོ་མཆོག་ཉིད་མདོ་སྨད་ས་ཡི་ཐིག་ལེར་ཕྱག་ཕེབས་ནས་འདིར་ཡང་ཐུགས་བརྩེ་ནང་མའི་གཟིགས་པ་ཆེན་པོས་ཞབས་རྟེན་བཀྲ་ཤིས་ཀྱི་འཁོར་ལོ་བསྒྱུར་ཏེ། དངོས་པོའི་གནད་སྐྱེས་སྔ་རྗེས་རྒྱ་ཆེར་སྩལ་ཞིང་། ཆོས་ཀྱི་བདུད་རྩིའི་སྐྱེས་བཞེས་པ་དང་། རིང་འཚོའི་ཚེ་ཡི་དབང་བསྐུར་སྩལ་བ་སོགས་བཀའ་དྲིན་བརྗོད་ལས་འདས་ཤིང་། ལེགས་འབུལ་མཎྜལ་མཚོན་བྱེད། བཀྲ་ཤིས་པའི་ལྷ་རེག །གསང་གསུམ་འགྱུར་མེད་རྡོ་རྗེའི་ངོ་བོར་བཞུགས་མཚོན་སྐུ་གསུང་ཐུགས་རྟེན། བཟང་གོས་སྨུག་ཁ་བཅུ། ད་ཕྲུག་དར་ཁ། རྒྱ་ཐེར་སྐུ་གཟན་རྒྱུ། གསེར་དངུལ་ཕྲ་མའི་དེ་མཐང་ཅན་གྱི་གའུ། སྲམ། གཟིག་བཅས་ཀྱི་ལྤགས་ཤུན། རྟ་ཕོ་གཅིག །བཞུགས་གདན་ཟི་གྲུམ་ནར་མ། མཐའ་རྟེན་རས་དཀར་བཅས་འབུལ་ལམ་ཞུ་ན་དངོས་རྫས་ཆུ་ཐིག་གི་ཟེགས་མ་ཙམ་ལས་མི་བདོག་ཀྱང་དགྱེས་བཞེས་གྲུབ་པ་ནས། སླད་ཀྱི་ཆར་ཡང་། མཚུངས་ཟླ་སྤངས་པའི་མཁྱེན་རབ་གློ་མཆོག་ནོར་བུ་ཡི། །སྒྲོན་མེའི་འོད་ཀྱི་སྔ་འགྱུར་བསྟན་པའི་གསེར་གླིང་ནི། །ས་ལ་སྤྱོད་པའི་འོག་མིན་སྨིན་གྲོལ་རྒྱལ་ཁབ་ཆེ། །སྲིད་མཐར་ཉམ་མེད་ཐུགས་བསྐྱེད་རི་ལྟར་བརྟན་བཞུགས་གསོལ། ༡ །སྐུ་ལ་བགྲེས་རྒུད་དང་བྲལ་ཞིང་། །གསུང་དབྱངས་ཆོས་ཀྱི་སྒྲ་ཆེན་སྒྲོགས། །ཐུགས་ལ་སྐྱེ་འཆིའི་རྟོག་པ་བྲལ། །གཞོམ་གཞིག་མེད་པར་བརྟན་བཞུགས་གསོལ། ༢ །འབྱུང་འགྱུར་དུས་སུའང་ཐུགས་ཡིད་གཅིག་འདྲེས་ཀྱི། །དམ་ཚིག་རྡོ་རྗེའི་མདུད་པ་མ་ལྷོད་པས། །ཡང་ཡང་མཚན་དཔེའི་གསེར་ཞལ་མཇལ་བ་དང་། །ཐེག་མཆོག་ཆོས་ཀྱི་བསྒྲོ་བས་དུས་འདའ་སྨོན། ༣ །བཀྲ་ཤིས་ལྗོངས་འདིར་རྟག་ཁྱབ་ཅིང་། །བཀྲ་ཤིས་ཆོས་ཀྱི་དུང་སྒྲ་ཡི། །དུས་རྣམས་ཀུན་ཏུ་བཀྲ་ཤིས་ཤོག༤སརྦ་དཱ་སུ་ཤྲེ་ཡོ་བྷ་ཝ་ཏུ།། །།
[edit]

kaHthog dge sprul rin po che'i mdun nas bdud phur gyi bsnyen yig dang sgrub khog mdzad pa rtsol gnang skabs kyi zhu lan/__/ji lta ji snyed mkhyen pa'i dkyil 'khor rgyas/__/ye shes thugs rje'i 'od zer bye ba 'gyed/__/mtha' yas bstan 'gro'i smag rum sel mdzad pa/__/kun gzigs smra ba'i seng+ge 7zhabs drung du/__/gus ldan lus kyi ljon pa rab btud cing /__/snyan tshig smra la spobs pa ches phra yang /__/dad dga'i yal 'dabs phyogs bcur grol ba las/__/byung ba'i dad gsum me tog 'bras bu'i lci/__/snga 'gyur bstan pa'i hi ma la yi spor/__/nang rgyud sde gsum lus stobs rab rgyas shing /__/bskyed rdzogs shin tu rnal 'byor rtsal gsum ldan/__/kun mkhyen gdong lnga'i dbang po khyed cig pu/__/snyigs ma lnga bdo'i nags klungs stug po'i klongs/__/bshes gnyen dam pas ma zin dmus long rnams/__/rnam par 'khyams pa'i 'gro rnams skyob pa'i phyir/__/thar dang thams cad mkhyen pa'i mig sbyin mdzod/__/shin tu dregs pa'i lta ba ngan pa yi/__/lus bskyings lha min glang po'i sde tshogs kyi/__/gtsug sum 'gem la thogs pa med ldan pa/__/chos kyi grags pa slar yang snang bar gyur/__/'phur 'gro'i slob dpon pad+ma las grol gyi/__/thugs kyi ti ka zab gter snying po'i bcud/__/phrin las thogs med badz+ra kI la ya'i/__/sgrub thabs gnam lcags spu gri 'gran zlas dben/__/de yi khog dbub sgrub chen las rim dang /__/bsnyen sgrub gsal byed bdud rtsi'i 'od dkar ni/__/rtog ge ngan pa'i dug chus ma bslad pa'i/__/rig 'dzin brgyud pa'i zhal lung 'di kho na/__/dpyad gsum rnam par dag pa'i bstan bcos ni/__/mkha' dbyings dag pa'i nyi dang zla bzhin gsal/__/pad+ma'i bstan la do zla spangs pa yi/__/mchog gi phrin las rmad byung khyad par 'phags/__/ring nas gus pas gsol ba btabs pa yi/__/don gyi 'bras bzang mngon sum smin pa la/__/rtsa gsum dgyes pa'i zhal ras ngom zhing mdzes/__/byang chub bar du bka' drin rjes su dran/__/zhes 'dod don yid bzhin mngon sum du thob pa'i mchog gi legs gsung le'u tshan gnyis bka' drin chen pos bskyangs pa ring min gcig las du mar 'phrul ba'i spar du nges par 'khod pa zhu chog pa dang /__slad kyi char yang /__rgyal ba gnyis pa kun mkhyen kaHthog pa'i/__/bstan pa 'dzin la mkhas dang grub pa yi/__/rnam thar lkogs gyur ma yin mngon du mthong /__/deng dus snga 'gyur bstan pa'i gtsug nor mchog__/sku la bsnyun med bgres rgud dang bral zhing /__/zhabs zung rdo rje'i mdud pa dam por bcings/__/gsung gsang zab rgyas gdams pa'i bdud rtsi yis/__/bdag sogs blo yi bum bzang khengs bar mdzod/__/lnga brgya tha ma'i 'gro rnams skyobs pa'i slad/__/thugs rjes gdugs dkar yangs pas khebs pa dang /__/mdo sngags chos kyi rnga chen sgrogs bzhin du/__/'jigs med rdo rje'i khri la bzhugs gsol 'debs/__/bdag kyang byang chen bar du phyag gis bzung /__/brtse ba chen pos rtag tu bskyang ba dang /__/mtshan dpe'i dgyes zhal mig gi bdud rtsir gyur/__/tshangs pa'i dbyangs kyis legs par 'dom du gsol/__/de skad rten 'byung sgrib med gsal ba yi/__/zhu mchid bung ba rgan po'i glu dbyangs ni/__/drang srong chen po dgyes phyir 'bul lags na/__/thugs kyi bsnyel ba mi gnang mkhyen par 'tshal/__/zhu 'degs lha rdzas rab dkar bkra shis pa'i ri mos spras pa/__/gsang gsum rdo rje'i rang bzhin du bzhugs mtshon badz+ra gan+De/__sku tshe'i bcud len ril bu/__rin chen sman gyi nor bu bkra shis pa'i grangs ldan/__bzhugs stan gam grum gdan nar/__rin chen dkar pa'i 'khor lo dbang bcu'i grangs ldan bcas zla tshes dge bar chos kyi blo gros pas gus pa chen pos phul zhus/__gser snyan rin po cher/__gus zhu/__bdud 'dul phur pa la med na thabs chags ba'i sgrub khog dang /__bsnyen yig legs bshad rmad du byung ba'i dpe bka' drin stsal ba tshar gcig mjal bas gus shing spro ba rab dga'i bsam gtan gyis mtshon du med pa thob cing ji ltar bsam pa bzhin du byung 'dug pa dang /__sgrub chen khog dbus dang dzab bskul rigs mthun sbyar bde zhig 'os min 'gab tshe phyag bris tshig mtshams mdzud chog kha gsal can gnong grub dang /__de 'dra sbyar rgyu stabs mi bde na/__'di las lhag pa ci'ang mi 'dug zhe blo bde nges byung zhing bka' drin shin tu che ba kha tsam min par snying nas zhu ba lags/__/_!__mkhas dang grub pa rgya mtsho'i gtsug gtor rtser/__/zhabs sen rdul 'od bkod la bsnyengs bral zhing /__/snga 'gyur bstan pa'i chu gter gdengs can bdag__/rgyal sras bstan pa'i nyi ma'i zhabs pad+mor/__/rab dwangs rdzing bur zhugs pa yi/__/dad gsum gshog yangs ngang mo dkar/__/mgrin glu dar dir sgrog pa la/__/gser snyan cung zad g.yar bar rigs/__1_/mgon khyod thugs bskyed rtsa lag brtan pa las/__/phan bde'i byang chub ljon shing yal 'dabs rgyas/__/rnam grol yon tan rgya mtsho'i 'bras bzang ni/__/ngang gis grub pa lha yi lhar gyur gang /__2_/mkhas dang grub pa'i rigs kyi dpyid thig las/__/mtshan dpe'i zla gzhon gsar ba'i lang tsho can/__/mkhyen dang brtse ba'i 'od zer stong 'bar bas/__/sa gsum blo yi mun pa sel ba'i gnyen/__3_/snga 'gyur bka' gter 'o ma'i rgya mtsho la/__/ci dgar spyod pa'i sngon smon mthu grub cing /__/bstan pa'i snang byed skya rengs gsar pa yi/__/nyer drangs rgyal sras 'jam dpal gzhon nu rgyal/__4_/gsang gsum mthong na mi mthun med pa yi/__/lhar bcas mngon par dga' ba'i rgyal mtshan che/__/mtha' klas skye rgu'i mgon du snang ba 'di/__/rtag tu bkra shis mi nub brtan gyur cig5/__ces shis pa'i tam+bu ra nyung ngus drangs te/__deng smyos gdung rgyal sras chen po mchog nyid mdo smad sa yi thig ler phyag phebs nas 'dir yang thugs brtse nang ma'i gzigs pa chen pos zhabs rten bkra shis kyi 'khor lo bsgyur te/__dngos po'i gnad skyes snga rjes rgya cher stsal zhing /__chos kyi bdud rtsi'i skyes bzhes pa dang /__ring 'tsho'i tshe yi dbang bskur stsal ba sogs bka' drin brjod las 'das shing /__legs 'bul maN+Dal mtshon byed/__bkra shis pa'i lha reg__/gsang gsum 'gyur med rdo rje'i ngo bor bzhugs mtshon sku gsung thugs rten/__bzang gos smug kha bcu/__da phrug dar kha/__rgya ther sku gzan rgyu/__gser dngul phra ma'i de mthang can gyi ga'u/__sram/__gzig bcas kyi lpags shun/__rta pho gcig__/bzhugs gdan zi grum nar ma/__mtha' rten ras dkar bcas 'bul lam zhu na dngos rdzas chu thig gi zegs ma tsam las mi bdog kyang dgyes bzhes grub pa nas/__slad kyi char yang /__mtshungs zla spangs pa'i mkhyen rab glo mchog nor bu yi/__/sgron me'i 'od kyi snga 'gyur bstan pa'i gser gling ni/__/sa la spyod pa'i 'og min smin grol rgyal khab che/__/srid mthar nyam med thugs bskyed ri ltar brtan bzhugs gsol/__1_/sku la bgres rgud dang bral zhing /__/gsung dbyangs chos kyi sgra chen sgrogs/__/thugs la skye 'chi'i rtog pa bral/__/gzhom gzhig med par brtan bzhugs gsol/__2_/'byung 'gyur dus su'ang thugs yid gcig 'dres kyi/__/dam tshig rdo rje'i mdud pa ma lhod pas/__/yang yang mtshan dpe'i gser zhal mjal ba dang /__/theg mchog chos kyi bsgro bas dus 'da' smon/__3_/bkra shis ljongs 'dir rtag khyab cing /__/bkra shis chos kyi dung sgra yi/__/dus rnams kun tu bkra shis shog4sarba dA su shre yo b+ha wa tu//___//

Footnotes

Other Information