JKCL-KABUM-12-NA-010

From Khyentse Lineage - A Tsadra Foundation Project

ཨོཾ་སྭསྟི། སྲིད་དང་ཞི་བར་གདུགས་ཟླ་མེད་པའི་ཕུལ་སོགས་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེའི་སྐུ་མཆེད་རྒྱལ་སྲས་བྱང་ཆུབ་སེམས་དཔའ་འགྱུར་མེད་ཀུན་དགའ་གཞན་ཕན་དགེ་ལེགས་འཕེལ་རྒྱས་ལ།
Wylie title oM swasti/ srid dang zhi bar gdugs zla med pa'i phul sogs zhe chen rgyal tshab rin po che'i sku mched rgyal sras byang chub sems dpa' 'gyur med kun dga' gzhan phan dge legs 'phel rgyas la JKCL-KABUM-12-NA-010.pdf
Location chos kyi blo gros bka' 'bum
Volume 12, Text 10, Pages 43-44 (Folios 1a1 to 1b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. oM swasti srid dang zhi bar gdugs zla med pa'i phul sogs zhe chen rgyal tshab rin po che'i sku mched rgyal sras byang chub sems dpa' 'gyur med kun dga' gzhan phan dge legs 'phel rgyas la. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 43-44. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog
Colophon

ཞེས་པའི་སྤྲིངས་ཡིག་སྡེ་དགེ་རྫོང་གསར་དགོན་གྱི་ཆོས་གྲྭ་ནས་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་པས་ཕུལ་བ་དགེ།

zhes pa'i springs yig sde dge rdzong gsar dgon gyi chos grwa nas 'jam dbyangs mkhyen brtse'i sprul ming pas phul ba dge/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
ཨོཾ་སྭསྟི། སྲིད་དང་ཞི་བར་གདུགས་ཟླ་མེད་པའི་ཕུལ། །འགྲོ་བའི་བླ་མ་ཤཱཀྱ་སེངྒེ་དང་། །དེ་སྲས་འཇམ་དབྱངས་ཕྱག་ན་པདྨོ་སོགས། །སྲས་བཅས་རྒྱལ་བས་ཤིས་པའི་མེ་ཏོག་སྩོལ། །ཁྱད་པར་བྱིན་རླབས་དངོས་གྲུབ་རྒྱ་མཚོའི་གཏེར། །པདྨ་ལས་གྲོལ་རྒྱལ་དབང་ཐོད་ཕྲེང་རྩལ། །དངོས་ཅིག་ཡེ་ཤེས་སྒྱུ་མའི་གར་བསྒྱུར་བ། །རིག་འཛིན་བརྒྱུད་པར་བཅས་པས་དགེ་ལེགས་སྩོལ། །བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་ཕྲིན་ལས་ནི། །རྒྱུ་དང་མི་རྒྱུའི་ཁོངས་སུ་རབ་འཇུག་པ། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པས་ན། །སྙིགས་མའི་དུས་འདིར་འབྱུང་བའང་ཆོས་ཉིད་གཤིས། །རྒྱལ་པའི་མྱུ་གུ་དམ་པའི་ངང་ཚུལ་ཅན། །རྒྱལ་སྲས་སྤྱོད་པའི་གྲུ་གཟིངས་ལ་ཞུགས་ནས། །རྒྱལ་བས་བསྐྱངས་བའི་འགྲོ་རྣམས་སྲིད་མཚོ་ལས། །རྒྱལ་བས་སྒྲོལ་བཞིན་བྱང་ཆུབ་གླིང་དུ་དགོད། །དེ་ལ་རྩ་གསུམ་རབ་འབྱམས་ཀྱི། །ཐུགས་རྗེས་བདེན་པའི་སྟོབས་ཤུགས་ཀྱིས། །བར་ཆད་བདུད་ཀྱིས་མི་ཚུགས་པར། །དོན་རྣམས་འབད་མེད་གྲུབ་གྱུར་ཅིག །ཅེས་ཤིས་པའི་ཚིག་གི་དགེ་ལེགས་སུ་བྱས་ཏེ། སྔ་འགྱུར་བསྟན་པའི་གཞི་མ་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེའི་སྐུ་མཆེད་རྒྱལ་སྲས་བྱང་ཆུབ་སེམས་དཔའ་འགྱུར་མེད་ཀུན་དགའ་གཞན་ཕན་དགེ་ལེགས་འཕེལ་རྒྱས་འདི་ཉིད་བོད་དང་བོད་ཆེན་གྱི་ལྗོངས་མཐའ་དག་ལ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་འགྲོ་དོན་མཁའ་ཁྱབ་ཏུ་སྤེལ་བའི་སླད་དུ་འབྱོན་པར། ཕྱོགས་བྲལ་ཡངས་པའི་རྒྱལ་ཁམས་ཀུན་ནས་རང་གཞན་གྱི་དགེ་ཚོགས་བརླབ་ཆེན་འཕེལ་ཞིང་བྱང་ཆུབ་ཀྱི་ཁང་བཟང་ཉམས་དགའ་བར་བསྒྲོད་པའི་ཕྱིར་དུ་དགེ་ཆོས་ཀྱི་མཐུན་རྐྱེན་གྲོགས་ངན་དང་དགེ་སྒྲུབ་སྡིག་སྤང་གི་ཁས་ལེན་གང་གཟབ་རེ་བྱས་ན་འདི་ཕྱི་གཉིས་ཀར་དོན་ཆེ་བས་ཐུགས་གཞུགས་འཚལ། ཞེས་པའི་སྤྲིངས་ཡིག་སྡེ་དགེ་རྫོང་གསར་དགོན་གྱི་ཆོས་གྲྭ་ནས་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་པས་ཕུལ་བ་དགེ། །།
[edit]

oM swasti/__srid dang zhi bar gdugs zla med pa'i phul/__/'gro ba'i bla ma shAkya seng+ge dang /__/de sras 'jam dbyangs phyag na pad+mo sogs/__/sras bcas rgyal bas shis pa'i me tog stsol/__/khyad par byin rlabs dngos grub rgya mtsho'i gter/__/pad+ma las grol rgyal dbang thod phreng rtsal/__/dngos cig ye shes sgyu ma'i gar bsgyur ba/__/rig 'dzin brgyud par bcas pas dge legs stsol/__/byang chub sems dpa'i thugs bskyed phrin las ni/__/rgyu dang mi rgyu'i khongs su rab 'jug pa/__/nam mkha' bzhin du kun la khyab pas na/__/snyigs ma'i dus 'dir 'byung ba'ang chos nyid gshis/__/rgyal pa'i myu gu dam pa'i ngang tshul can/__/rgyal sras spyod pa'i gru gzings la zhugs nas/__/rgyal bas bskyangs ba'i 'gro rnams srid mtsho las/__/rgyal bas sgrol bzhin byang chub gling du dgod/__/de la rtsa gsum rab 'byams kyi/__/thugs rjes bden pa'i stobs shugs kyis/__/bar chad bdud kyis mi tshugs par/__/don rnams 'bad med grub gyur cig__/ces shis pa'i tshig gi dge legs su byas te/__snga 'gyur bstan pa'i gzhi ma zhe chen rgyal tshab rin po che'i sku mched rgyal sras byang chub sems dpa' 'gyur med kun dga' gzhan phan dge legs 'phel rgyas 'di nyid bod dang bod chen gyi ljongs mtha' dag la 'phags mchog thugs rje chen po'i 'gro don mkha' khyab tu spel ba'i slad du 'byon par/__phyogs bral yangs pa'i rgyal khams kun nas rang gzhan gyi dge tshogs brlab chen 'phel zhing byang chub kyi khang bzang nyams dga' bar bsgrod pa'i phyir du dge chos kyi mthun rkyen grogs ngan dang dge sgrub sdig spang gi khas len gang gzab re byas na 'di phyi gnyis kar don che bas thugs gzhugs 'tshal/__zhes pa'i springs yig sde dge rdzong gsar dgon gyi chos grwa nas 'jam dbyangs mkhyen brtse'i sprul ming pas phul ba dge/__//

Footnotes

Other Information