JKCL-KABUM-10-THA-040

From Khyentse Lineage - A Tsadra Foundation Project

སྦས་གནས་འབྲས་མོ་ལྗོངས་ཀྱི་རྟོགས་བརྗོད་ཀུ་ཧུའི་མགྲིན་གླུ།
Wylie title sbas gnas 'bras mo ljongs kyi rtogs brjod ku hu'i mgrin glu JKCL-KABUM-10-THA-040.pdf
Location chos kyi blo gros bka' 'bum
Volume 10, Text 40, Pages 343-347 (Folios 1a1 to 3a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sbas gnas 'bras mo ljongs kyi rtogs brjod ku hu'i mgrin glu. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 343-347. Bir, H.P.: Khyentse Labrang, 2012.
Genre Place or Sacred Site Guides - gnas bshad - skor tshad  ·  Verses of Praise - bstod pa
Colophon

།ཅེས་པའང་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སམ། པདྨ་ཡེ་ཤེས་རྡོ་རྗེ་འཕགས་ཡུལ་གནས་བསྐོར་དུ་བགྲོད་ལམ་འབྲས་ལྗོངས་ལ་ཆེན་བརྒྱུད་འདོད་ཤོད་ཐང་དུ་ཞག་པར་སྡོད་སྐབས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།

/ces pa'ang mkhyen brtse'i sprul ming 'dzin pa 'jam dbyangs chos kyi blo gros sam/__pad+ma ye shes rdo rje 'phags yul gnas bskor du bgrod lam 'bras ljongs la chen brgyud 'dod shod thang du zhag par sdod skabs bris pa dge zhing bkra shis par gyur cig/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
སྦས་གནས་འབྲས་མོ་ལྗོངས་ཀྱི་རྟོགས་བརྗོད་ཀུ་ཧུའི་མགྲིན་གླུ་ཞེས་བྱ་བ། །ཨོཾ་སྭསྟི། ལྷ་དང་དྲང་སྲོང་གྲུབ་པ་རྣམས་ཀྱིས་ཉེར་བསྟེན་པ། །སྲས་བཅས་རྒྱལ་བ་དགྱེས་པའི་དགའ་ཚལ་སྣོད་མིན་གྱི། །སྤྱོད་ཡུལ་ལས་འདས་སྦས་པའི་གནས་མཆོག་འབྲས་མོ་ལྗོངས། །པདྨོ་འོད་ཀྱི་བཀོད་པ་ཡོངས་རྫོགས་བདེ་ལྡན་གནས། །རི་རྒྱལ་ཆུ་ཤེལ་ལྷུན་པོའི་རྡུལ་བརྩེགས་ནི། །མེས་པོ་ཏི་སེ་ཡན་ལག་འབྱུང་བསྟེན་པའི། །རྒྱུད་ལས་བྱུང་བའི་ཕྲེང་བ་དཔལ་དང་ལྡན། །ཕྱོགས་མཚམས་ཀུན་ནས་ཡོངས་སུ་བསྐོར་བས་མཛེས། །ལྷ་དང་དགེ་བསྙེན་ཤེལ་གྱི་གོ་ཟུ་དང་། །དུང་གི་ཡ་ལད་བསྒོས་ཤིང་གཟི་བརྗིད་ཀྱི། །ལྟ་ན་སྡུག་པ་བརྒྱ་བྱིན་སྲས་པོའི་ཚོགས། །ཚར་དུ་དངར་བས་འཇིག་རྟེན་སྣང་བར་བྱས། །ཚངས་པའི་སྲས་མོ་པད་དཀར་ལང་ཚོ་ཅན། །མཉེན་ལྕུགས་འཇོ་སྒེག་ལྡན་པའི་ཚོགས་དག་གིས། །མིག་གི་ཟུར་མདའ་འཕང་ཚེ་འཕགས་ཆེན་རྣམས། །ཐུགས་ཀྱི་བརྟན་པ་འཕྲོག་ན་གཞན་ལྟ་ཅི། །ནོར་བུའི་བ་གམ་བཀོད་ལེགས་མཛེས་པར་ལྷ་ཀླུའི་ཁྱད་ནོར་རྣམ་མང་དང་། །དར་ཟབ་དཀོར་ཆ་བསམ་མི་ཁྱབ་པས་འཛད་མེད་ཕྱུར་བུར་གཏམས་པ་ན། །རིན་ཆེན་ཁྲི་རྐང་ཟབ་ཆེན་འབོལ་དང་ལྷ་རྫས་གསར་པས་བཀབ་པའི་སྟེང་། །ལྷ་དབང་ཚོགས་རྣམས་བཙུན་མོའི་འཁོར་གྱི་དབུས་ན་དགའ་མགུར་རོལ་པས་རྩེ། །སྲས་བློན་སྤྲུལ་པའི་ཚོགས་རྣམས་ནི། །གཅིག་ཏུ་འདུན་ཞིང་ལ་ལ་དག །རྔམས་བརྗིད་ཁྲོས་པའི་སྡང་མིག་བགྲད། །ཕྱི་ནང་ལྷ་མིན་ཚོགས་རྣམས་འཇོམས། །སྔོན་བྱོན་འཆི་མེད་རིག་པ་འཛིན་པའི་རྗེ། །པདྨ་ལས་འཁྲུངས་ཡི་ཤེས་ཌཱ་ཀི་དང་། །རིག་པ་འཛིན་པའི་ཚོགས་བཅས་ལྗོངས་རྒྱུ་ཚེ། །རྡོ་རྗེའི་ཡེ་ཤེས་ཆེན་པོའི་བྱིན་ཆེན་དབབ། །ཆོས་ནོར་རྟེན་མཆོག་བགྲང་ལས་འདས་པ་ནི། །རི་བྲག་སུལ་དང་གཡུ་ཡི་མཚོ་རྣམས་ལ། །གཏེར་དུ་སྦས་ཏེ་གཏེར་བདག་མཐུ་རྩལ་ཅན། །སྲུང་མར་བསྐོས་ནས་དུས་བབས་ལས་ཅན་སྤྲོད། །མཐོང་བ་ཙམ་གྱིས་ཡིད་དགའ་ཞིང་། །ཀུན་ཏུ་རྒྱུ་ཚེ་རླུང་རིག་གི། རྙོགས་པ་ཐམས་ཅད་རབ་ཏུ་དྭངས། །བདེ་ཆེན་མི་རྟོག་ཡེ་ཤེས་བསྐྱེད། །རིན་ཆེན་སྣ་ཚོགས་ཁམས་ལས་གྲུབ་པ་ཡི། །བྲག་རིའི་བ་གམ་རྩེ་མོ་རྣོ་བ་སོགས། །དབྱིབས་དང་ཁ་དོག་སྣ་ཚོགས་ལྟ་ན་སྡུག །འཁོར་མོ་ཡུག་ཏུ་ལྕགས་རི་ལྟ་བུས་བསྐོར། །ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི། །ཆུ་གཏེར་ཆེ་ལས་དྲངས་པ་ཡི། །ལྷ་ཆབ་མུ་ཏིག་ཕྲེང་བའི་རྒྱུན། །རྦ་རླབས་ཆལ་ཆིལ་གཡོ་ཞིང་འཕྱར། །ཉོན་མོངས་མེད་པའི་ཅ་ཅོ་དང་ལྡན་ཞིང་། །ཀུན་ནས་ཕན་ཚུན་འགྲན་པ་ལྟ་བུར་ངོམ། །སྐལ་ལྡན་རྣམས་ལ་སྔགས་ཀྱི་སྒྲ་ལྡན་པས། །མ་བཟླས་པར་ཡང་སྔགས་ཀྱི་འཁོར་ལོར་རྫོགས། །ལྗོན་ཤིང་སྣ་ཚོགས་འཆི་མེད་སྐེད་ཕྲ་མ། །རིན་ཆེན་མེ་ཏོག་རྒྱན་གྱིས་སྤུད་པ་དང་། །རྐང་པས་གར་བསྒྱུར་མགོ་ལྕོག་ལྡེམ་ལྡེམ་བྱེད། །ཆགས་ལྡན་རྣམས་ལ་དབང་མེད་སིམ་པ་སྟེར། །གཅིག་ཏུ་མ་ངེས་སྣ་ཚོགས་པ། །གྲངས་མེད་ཕྱོགས་བཅུའི་ཞིང་རྣམས་ཀྱི། །ཤིང་དང་མེ་འབྲས་རིགས་མཐའ་དག །གནས་འདིར་བྱེད་པོས་སྤུངས་སམ་སྙམ། །ནེའུ་གསེང་གཡུ་ཡི་མཎྜལ་ལར། །ལྷ་ཡི་མེ་ཏོག་བརྡལ་བ་དང་། །སྨན་གྱི་རྣམ་པ་སྣ་ཚོགས་པས། །སྲིད་པའི་གཅོང་ནད་འབྱིན་པར་བྱེད། །སྤུ་སྡུག་མཛེས་པའི་བྱ་དང་རི་དྭགས་སྣ་ཚོགས་དང་། །འཇིགས་སུ་རུང་བའི་གཅན་གཟན་གཏུམ་པོས་ངར་སྐད་འབྱིན། །ཀླུ་ཆེན་རབ་འཁྱུག་ལྕེ་རྐྱོང་དམ་ཉམས་སྙིང་ལ་འབིག །དགའ་དང་སྐྱོ་བ་འཇིགས་ཤིང་བསྔངས་པ་དུས་གཅིག་སྟོན། །ལྷོ་མོན་སྨྱུག་མའི་ཚལ་དང་བསིལ་ལྡན་བོད། །ཕན་ཚུན་འགྲན་པར་ཆས་པ་ལྟ་བུ་ཡི། །བར་གྱི་སྦས་ཡུལ་རིན་ཆེན་འབྲས་མོ་གཤོངས། །ལུང་ཆེན་གསུམ་དང་ལུང་ཕྲན་བརྒྱ་ཉེར་ལྔ། །གཡུ་མཚོ་གཏན་འཁྱིལ་བརྒྱ་ཕྲག་བཞིར་ལྷག་པའི། །དབུས་ན་ནོར་བུ་ཆུ་ཤེལ་བྲག་རི་དཀར། །བཀྲ་ཤིས་སྡིངས་ཞེས་ས་འཛིན་ལྟེ་བ་ནི། །གེ་སར་རབ་ཏུ་རྒྱས་པའི་ཟེ་འབྲུར་མཚུངས། །དེ་དབུས་མཚོ་སྐྱེས་རྡོ་རྗེའི་དཀྱིལ་འཁོར་ཚོགས། །དགྱེས་པར་རོལ་པའི་མཚན་དཔེའི་གཟི་བརྗིད་འབར། །ཡོན་ཏན་བསམ་ཡས་བརྗོད་པའི་སྤོབས་པ་ལ། །རྡོ་རྗེའི་ལྗགས་ཀྱང་ངལ་བའི་ཚུལ་བསྟན་ན། །ཕལ་གྱིས་རོ་འཛིན་བསྐྱོད་པའི་ངང་ཚུལ་འདི། །བློ་གྲོས་ཆེ་རྣམས་གད་མོ་བགད་པའི་རྒྱུ། །རྡོ་རྗེའི་བྲག་སྐྱིབས་མཆོག་ཐུན་དངོས་གྲུབ་གནས། །མ་བཟོས་རང་བྱུང་གྲུབ་པའི་ཕུག་ཆེན་དང་། །ཡན་ལག་བརྒྱད་ལྡན་མཆོད་ཡོན་གཙང་མའི་ཆབ། །སྨན་ཤིང་མེ་ཏོག་དྲི་བསུང་དངར་པོ་འཐུལ། །དེ་ན་ལྷ་དང་དྲང་སྲོང་གྲུབ་པ་རིག་འཛིན་དཔའ་བོ་མཁའ་འགྲོ་རྣམས། །ཉིན་བཞིན་གསང་ཆེན་རྨད་བྱུང་གསང་བ་མཆོག་གི་དགའ་སྟོན་ལ་རོལ་ཞིང་། །ལྷ་ཡི་མེ་ཏོག་ཆར་དང་བཀྲ་ཤིས་སིལ་སྙན་གླུ་དབྱངས་སྣ་ཚོགས་སྒྲོགས། །དེ་ལྟའི་གནས་མཆོག་དེ་ཉིད་ན། །རྩ་གསུམ་རབ་འབྱམས་ཕྱག་རྒྱའི་གཟུགས། །གསང་བ་གསུམ་གྱི་བྱིན་རླབས་རྣམས། །བརྡ་རྟགས་ཡ་མཚན་ཅིར་ཡང་སྣང་། །མིང་ཅན་མིང་མེད་ཟབ་མོའི་གཏེར། །དྷུ་མ་ཐ་ལའི་གསང་མཛོད་བཞིན། །དཔག་ཏུ་མེད་པ་རྒྱུད་གསུམ་གྱི། །མཁའ་འགྲོ་དམ་ཅན་ཕྱག་ཏུ་འཛིན། །ཕལ་གྱི་འདྲེན་བྱེད་དག་གིས་ནི། །མཐོང་མིན་གྲོང་དང་གྲོང་བརྡལ་དང་། །འབྲོག་དང་ཡུལ་ཁྱིམ་གྲོང་ཁྱེར་དག །ཕུན་སུམ་ཚོགས་པའི་འབྱོར་པས་བརྒྱན། །འགའ་དང་འགའ་ཡང་སླད་ནས་མངོན། །དེ་ལྟར་ས་འཛིན་ཉམས་དགའ་ལྷ་ཡི་གནས། །ཆོས་ལྡན་རྒྱལ་པོས་ཉེ་བར་བསྟེན་པ་ཡི། །འབྲས་མོ་ལྗོངས་ཞེས་གྲགས་པའི་གནས་ཆེན་འདིར། །ཞུགས་པའི་རྣལ་འབྱོར་བདག་ནི་ཉམས་དགའ་འོ། །སྔོན་ཚེ་འདིར་བགྲོད་འཕེན་པ་ཡིས། །ཚེ་འདི་ལ་ཡང་རྩོལ་མེད་ཕྱིན། །ད་དུང་སྐྱེ་བ་གཞན་དག་ཏུ། །གནས་གཏེར་ཆོས་ལ་སྤྱོད་པར་ངེས། །ཕུན་སུམ་ཚོགས་པ་བརྒྱ་ཕྲག་འབྱུང་བའི་གཞིར་གྱུར་པ། །བཀྲ་ཤིས་དགེ་ལེགས་གཅིག་ཏུ་སྤུངས་པའི་རི་བོ་ཆེ། །འབྲས་དཀར་སཱ་ལུ་ཐང་མར་བརྡལ་བའི་ལྗོངས་ཆེན་གྱི། །རྟེན་དང་བརྟེན་པར་རྩ་གསུམ་རབ་འབྱམས་བཀྲ་ཤིས་སྩོལ། །ཅེས་པའང་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སམ། པདྨ་ཡེ་ཤེས་རྡོ་རྗེ་འཕགས་ཡུལ་གནས་བསྐོར་དུ་བགྲོད་ལམ་འབྲས་ལྗོངས་ལ་ཆེན་བརྒྱུད་འདོད་ཤོད་ཐང་དུ་ཞག་པར་སྡོད་སྐབས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །
[edit]

sbas gnas 'bras mo ljongs kyi rtogs brjod ku hu'i mgrin glu zhes bya ba/__/oM swasti/__lha dang drang srong grub pa rnams kyis nyer bsten pa/__/sras bcas rgyal ba dgyes pa'i dga' tshal snod min gyi/__/spyod yul las 'das sbas pa'i gnas mchog 'bras mo ljongs/__/pad+mo 'od kyi bkod pa yongs rdzogs bde ldan gnas/__/ri rgyal chu shel lhun po'i rdul brtsegs ni/__/mes po ti se yan lag 'byung bsten pa'i/__/rgyud las byung ba'i phreng ba dpal dang ldan/__/phyogs mtshams kun nas yongs su bskor bas mdzes/__/lha dang dge bsnyen shel gyi go zu dang /__/dung gi ya lad bsgos shing gzi brjid kyi/__/lta na sdug pa brgya byin sras po'i tshogs/__/tshar du dngar bas 'jig rten snang bar byas/__/tshangs pa'i sras mo pad dkar lang tsho can/__/mnyen lcugs 'jo sgeg ldan pa'i tshogs dag gis/__/mig gi zur mda' 'phang tshe 'phags chen rnams/__/thugs kyi brtan pa 'phrog na gzhan lta ci/__/nor bu'i ba gam bkod legs mdzes par lha klu'i khyad nor rnam mang dang /__/dar zab dkor cha bsam mi khyab pas 'dzad med phyur bur gtams pa na/__/rin chen khri rkang zab chen 'bol dang lha rdzas gsar pas bkab pa'i steng /__/lha dbang tshogs rnams btsun mo'i 'khor gyi dbus na dga' mgur rol pas rtse/__/sras blon sprul pa'i tshogs rnams ni/__/gcig tu 'dun zhing la la dag__/rngams brjid khros pa'i sdang mig bgrad/__/phyi nang lha min tshogs rnams 'joms/__/sngon byon 'chi med rig pa 'dzin pa'i rje/__/pad+ma las 'khrungs yi shes DA ki dang /__/rig pa 'dzin pa'i tshogs bcas ljongs rgyu tshe/__/rdo rje'i ye shes chen po'i byin chen dbab/__/chos nor rten mchog bgrang las 'das pa ni/__/ri brag sul dang g.yu yi mtsho rnams la/__/gter du sbas te gter bdag mthu rtsal can/__/srung mar bskos nas dus babs las can sprod/__/mthong ba tsam gyis yid dga' zhing /__/kun tu rgyu tshe rlung rig gi/__rnyogs pa thams cad rab tu dwangs/__/bde chen mi rtog ye shes bskyed/__/rin chen sna tshogs khams las grub pa yi/__/brag ri'i ba gam rtse mo rno ba sogs/__/dbyibs dang kha dog sna tshogs lta na sdug__/'khor mo yug tu lcags ri lta bus bskor/__/klu rgyal gtsug na rin chen gyi/__/chu gter che las drangs pa yi/__/lha chab mu tig phreng ba'i rgyun/__/rba rlabs chal chil g.yo zhing 'phyar/__/nyon mongs med pa'i ca co dang ldan zhing /__/kun nas phan tshun 'gran pa lta bur ngom/__/skal ldan rnams la sngags kyi sgra ldan pas/__/ma bzlas par yang sngags kyi 'khor lor rdzogs/__/ljon shing sna tshogs 'chi med sked phra ma/__/rin chen me tog rgyan gyis spud pa dang /__/rkang pas gar bsgyur mgo lcog ldem ldem byed/__/chags ldan rnams la dbang med sim pa ster/__/gcig tu ma nges sna tshogs pa/__/grangs med phyogs bcu'i zhing rnams kyi/__/shing dang me 'bras rigs mtha' dag__/gnas 'dir byed pos spungs sam snyam/__/ne'u gseng g.yu yi maN+Dal lar/__/lha yi me tog brdal ba dang /__/sman gyi rnam pa sna tshogs pas/__/srid pa'i gcong nad 'byin par byed/__/spu sdug mdzes pa'i bya dang ri dwags sna tshogs dang /__/'jigs su rung ba'i gcan gzan gtum pos ngar skad 'byin/__/klu chen rab 'khyug lce rkyong dam nyams snying la 'big__/dga' dang skyo ba 'jigs shing bsngangs pa dus gcig ston/__/lho mon smyug ma'i tshal dang bsil ldan bod/__/phan tshun 'gran par chas pa lta bu yi/__/bar gyi sbas yul rin chen 'bras mo gshongs/__/lung chen gsum dang lung phran brgya nyer lnga/__/g.yu mtsho gtan 'khyil brgya phrag bzhir lhag pa'i/__/dbus na nor bu chu shel brag ri dkar/__/bkra shis sdings zhes sa 'dzin lte ba ni/__/ge sar rab tu rgyas pa'i ze 'brur mtshungs/__/de dbus mtsho skyes rdo rje'i dkyil 'khor tshogs/__/dgyes par rol pa'i mtshan dpe'i gzi brjid 'bar/__/yon tan bsam yas brjod pa'i spobs pa la/__/rdo rje'i ljags kyang ngal ba'i tshul bstan na/__/phal gyis ro 'dzin bskyod pa'i ngang tshul 'di/__/blo gros che rnams gad mo bgad pa'i rgyu/__/rdo rje'i brag skyibs mchog thun dngos grub gnas/__/ma bzos rang byung grub pa'i phug chen dang /__/yan lag brgyad ldan mchod yon gtsang ma'i chab/__/sman shing me tog dri bsung dngar po 'thul/__/de na lha dang drang srong grub pa rig 'dzin dpa' bo mkha' 'gro rnams/__/nyin bzhin gsang chen rmad byung gsang ba mchog gi dga' ston la rol zhing /__/lha yi me tog char dang bkra shis sil snyan glu dbyangs sna tshogs sgrogs/__/de lta'i gnas mchog de nyid na/__/rtsa gsum rab 'byams phyag rgya'i gzugs/__/gsang ba gsum gyi byin rlabs rnams/__/brda rtags ya mtshan cir yang snang /__/ming can ming med zab mo'i gter/__/d+hu ma tha la'i gsang mdzod bzhin/__/dpag tu med pa rgyud gsum gyi/__/mkha' 'gro dam can phyag tu 'dzin/__/phal gyi 'dren byed dag gis ni/__/mthong min grong dang grong brdal dang /__/'brog dang yul khyim grong khyer dag__/phun sum tshogs pa'i 'byor pas brgyan/__/'ga' dang 'ga' yang slad nas mngon/__/de ltar sa 'dzin nyams dga' lha yi gnas/__/chos ldan rgyal pos nye bar bsten pa yi/__/'bras mo ljongs zhes grags pa'i gnas chen 'dir/__/zhugs pa'i rnal 'byor bdag ni nyams dga' 'o/__/sngon tshe 'dir bgrod 'phen pa yis/__/tshe 'di la yang rtsol med phyin/__/da dung skye ba gzhan dag tu/__/gnas gter chos la spyod par nges/__/phun sum tshogs pa brgya phrag 'byung ba'i gzhir gyur pa/__/bkra shis dge legs gcig tu spungs pa'i ri bo che/__/'bras dkar sA lu thang mar brdal ba'i ljongs chen gyi/__/rten dang brten par rtsa gsum rab 'byams bkra shis stsol/__/ces pa'ang mkhyen brtse'i sprul ming 'dzin pa 'jam dbyangs chos kyi blo gros sam/__pad+ma ye shes rdo rje 'phags yul gnas bskor du bgrod lam 'bras ljongs la chen brgyud 'dod shod thang du zhag par sdod skabs bris pa dge zhing bkra shis par gyur cig/___/_

Footnotes

Other Information