སྨན་བླའི་མདོ་ཆོག་དང་འབྲེལ་བའི་གཤིན་པོ་ལ་ཕན་གདགས་པའི་ཆོ་ག་རུས་སྦྱངས་དང་སཱཙྪའི་ངག་འདོན་ཉུང་ངུ་ཐར་པའི་ལྕགས་ཀྱུ།

From Khyentse Lineage - A Tsadra Foundation Project
Wylie title sman bla'i mdo chog dang 'brel ba'i gshin po la phan gdags pa'i cho ga rus sbyangs dang sAts+tsha'i ngag 'don nyung ngu thar pa'i lcags kyu JKCL-KABUM-07-JA-030.pdf
Location chos kyi blo gros bka' 'bum
Volume 7, Text 30, Pages 543-547 (Folios 1a1 to 3a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sman bla'i mdo chog dang 'brel ba'i gshin po la phan gdags pa'i cho ga rus sbyangs dang sAts+tsha'i ngag 'don nyung ngu thar pa'i lcags kyu. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 543-547. Bir, H.P.: Khyentse Labrang, 2012.
Genre Funerary Rituals - gnas lung - byang chog  ·  Liturgy - ngag 'don
Deity sman bla
Colophon

།ཅེས་པའང་སྐྱེ་རྒུ་དོན་གྲུབ་གླིང་གི་ཆོས་གྲྭ་ནས་དགེ་སློང་ཚེ་རྒྱལ་གྱིས་རྟེན་བཅས་གསུང་གིས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་འདིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །སརྦ་ཛ་ན་ཏཾ།།

/ces pa'ang skye rgu don grub gling gi chos grwa nas dge slong tshe rgyal gyis rten bcas gsung gis bskul ngor 'jam dbyangs chos kyi blo gros pas bris pa 'dis kyang sems can thams cad la phan pa rgya chen po 'byung bar gyur cig__/sarba dza na taM//

1 Texts in this Section (sde tshan or chos tshan)

[edit]
སྨན་བླའི་མདོ་ཆོག་དང་འབྲེལ་བའི་གཤིན་པོ་ལ་ཕན་གདགས་པའི་ཆོ་ག་རུས་སྦྱངས་དང་སཱཙྪའི་ངག་འདོན་ཉུང་ངུ་ཐར་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། མཚན་གྱི་ཆ་ཤས་ཐོས་པས་ཀྱང་། །ངན་འགྲོའི་གནས་ལས་སྒྲོལ་མཛད་པ། །བླ་མ་སྨན་པའི་རྒྱལ་པོ་ལ། །ཕྱག་བྱས་ཐར་པའི་ལྕགས་ཀྱུ་དབྱེ། །དེ་ལ་འདིར་སྨན་བླའི་མདོ་ཆོག་ལ་རྟེན་ནས་རུས་སྦྱངས་དང་། སཱཙྪ་སྒྲུབ་པར་འདོད་པས་རུས་བུའི་རྩར་ཕྱིན་ནས་རྡོ་རྗེ་བསྡུ་བའི་རྒྱ་དང་བཅས། ཨོཾ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿཞེས་མང་དུ་བརྗོད་ལ་རུས་བུ་བསྡུ། སྨན་མདོའི་ཆོ་གའི་དཀྱིལ་འཁོར་བཤམས་པའི་ཉེ་ལོགས་སྟེགས་དམའ་བར། རུས་བུ་བཞག་ནས་ཉེར་སྤྱོད་དང་། རང་གི་མདུན་དུ་བུམ་པ་གཅིག་བཤམས། ཏིང་ཤག །འཐོར་ནས། སྨན་བླའི་མདོ་ཆོག་མཎྜལ་ཡན་གྲུབ་ནས། གཟུངས་བུམ་སྒྲུབ་པ་ནི། རང་གི་གཟུངས་བཟླས་པས་དེ་ཡི་དུས་སུ་སྨན་བླ་མཆེད་བརྒྱད་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་ནས་བུམ་པའི་ནང་ཐམས་ཅད་གང་པར་མོས་པར་བརྟན་པོར་བྱས་ནས་གཟུངས་སྔགས་གོང་འོག་གསུམ་ཀ་ཅི་ནུས་དང་། གང་རུང་གཅིག་འབུམ་ཕྲག་ཏུ་ལོངས་པ་བཟླའོ། །དེ་ནས་ཁྲུས་སྣོད་ཀྱི་ཁར་རུས་བུ་རྣམས་ཁྲི་ལྟ་བུར་འཇོག་ནས། རུས་བུའི་སྟེང་དུ་ཟླ་བའི་དཀྱིལ་འཁོར༴སོགས་ནས་བྱང་ཞིང་དག་པར་བསམ་ལ། འདི་ནི་སྦྱིན་པའི༴སོགས་དང་། ས་ནི་དུག་གི༴སོགས་ཀྱི་བར་མཚམས་སུ་གཟུངས་རིང་ཐུང་གསུམ་ཀ་བཟླས་ལ་བཀྲུ། གང་སེར་མའི་བཀྲ་ཤིས་བརྗོད། དེ་ནས་མདོ་ཆོག་གཏོང་རག་མཆོད་བསྟོད་སོགས་རྗེས་ཀྱི་རིམ་པ་བྱའོ། །དེ་ནས་རུས་པ་ཞིབ་མོར་བཏགས་པ་སྨན་སྣ་དང་རིན་ཕྱེ་སྦྱར་བའི་འཇིམ་པར་བསྲེས་ཏེ། འཇིམ་པའི་གོང་བུར་བྱས་པའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སྨན་གཟུངས་ཚར་གཅིག་འཁོད་པར་མོས་ལ་ངག་ནས་འདོན། དེ་ལས་འོད་ཟེར་འཕྲོས་པས། རིན་པོ་ཆེའི་ཕུང་པོར་གྱུར་པར་མོས་ལ། གཟུངས་རིང་ཐུང་ཅི་ནུས་བཟླས། མཐར། ཚེ་ལས་འདས་པའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། །ཞེས་པས་བྱིན་བརླབ། སྨན་བླའི་གཟུངས་རིང་ཐུང་གང་ཡིན་ཀྱི་གཟུངས་འབུལ་དགོས་པས་སྭཱ་ཧཱའི་གོང་དུ། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ་བ་བཅུག་པའི་སཱཙྪ་ལྔ་ལས་མི་ཉུང་བ་སྨན་གཟུངས་བཟླ་བཞིན་བཏབ། ཚོན་རྩི་གདུགས་སོགས་ལེགས་པར་བྱས་ནས་སྟེགས་བུར་འབྲུ་སིལ་མ་བཀྲམ་པའི་ཁར་བཞག །ཉེར་སྤྱོད་མཆོད་པ་ཅི་མང་དང་གཏོར་མ་དཀར་ཟླུམ་གསུམ་བཤམས། ཞི་དྲག་སྦྱངས་ཆས་སོགས་བཀོད། མདོ་ཆོག་གི་བུམ་པ་སྒྲུབ་པ་ཡན་བཏང་། བུམ་བཟླས་ཀྱི་མཇུག་ཏུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ། ཉེར་གཅིག་ཙམ་བཟླ། དེ་ནས་སྦྱོངས་བ་རྣམས་རྟེན་ལ་བསྐོར་ཏེ། ཨོཾ་སརྦ་བིགྷྣཱན་སོགས། ལན་གསུམ་དང་། ན་མོ་རྗེ་བཙུན་སོགས་ནས་གཞན་ཕན་བདེ་འཇུག་གི་བྱང་ཆོག་ནས་འགྲེས་ཕུད། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་དེང་འདིར་བདེ་བར་གཤེགས་པའི་སོགས་དང་། བཀྲུ་ཞིང་སྐུ་ཕྱིའོ། །དེ་ནས་རྟེན་བསྐྱེད་པ་ནི། བུམ་ཆུ་གཏོར་ཏེ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང་། སྭཱ་བྷཱ་ཝས་སྦྱངས། སཱཙྪ་རྣམས་མི་དམིགས་ཏེ་སྟོང་པར་གྱུར། སོགས་ནས། ཆོས་སྐུའི་རང་བཞིན་ཅན་ལ་ཕྱག་འཚལ་ལོ། །སྟོན་མཆོག་དམ་པ་སོགས་ཀྱིས་བཀྲ་ཤིས་བྱའོ། །དེ་ནས་སཱཙྪ་སྒྲུབ་པ་དངོས་ལ་རྟེན་བསྐྱེད་པ་ནི། ཨ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན་ཡངས་ཤིང་རྒྱ་ཆེ་བ་སཱཙྪའི་གྲངས་དང་མཉམ་པའི་བུམ་པའི་ནང་དུ་དབུས་དང་གཡས་གཡོན་དང་། དེའི་ཕྱོགས་བཞིར་རིན་པོ་ཆེའི་ཁྲི་སོགས་ཀུན་འགྲུབ་ཤོག །དེ་ནས་ལྷ་རྣམས་ལ་དམིགས་ཏེ་གཟུངས་རིང་ཐུང་རྣམས་ཅི་ནུས་དང་། གཟུངས་གང་རུང་གཅིག་འབུམ་ཕྲག་གཉིས་སུ་བཟླ། གཟུངས་བཟླ་བའི་སྐབས་ལྷ་རྣམས་ཡང་ཡང་གསལ་གདབ་ཅིང་ལྷ་རྣམས་ལ་དམིགས་ཡུལ་གྱིས་ཐོག་དྲངས་པའི་སྡིག་སྒྲིབ་ཐམས་ཅད་སྦྱོང་བའི་ཕྲིན་ལས་མཛད་པར་བསམ་ལ་གཟུངས་བཟླ་བ་སྟེ། རྒྱུད་ལས། སྔགས་དང་ཕྱག་རྒྱས་བཏབ་ནས་ཀྱང་། །འབུམ་ཕྲག་གཉིས་ཀྱི་བར་དུ་བཟླ། །ཞེས་གྲངས་གིས་འབུམ་དང་། རབ་མཆོད་རྟེན་ལས་སྒྲ་དང་། དུ་བ་སོགས་ཀྱི་རྟགས་མ་བྱུང་བར་དུ་བཟླ་བར་ཡང་གསུངས་སོ། །ཐུན་བསྡུས་ན། བདག་དང་དམིགས་ཡུལ་ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། གཏོང་རག་གི་ཕྱག་མཆོད་ནས་བཟོད་གསོལ་ཡན་མདོ་ཆོག་ལྟར་ལ། མཆོད་རྟེན་ལྷ་དང་བཅས་པ་ཞུ་བ་ལས་སཱཙྪའི་རྣམ་པར་ཇི་ལྟ་བ་བཞིན་དུ་གྱུར། ཞེས་བརྗོད་ལ། མཆོད་པ་བྱིན་བརླབ་བྱས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། སྣ་ཚོགས་པདྨ་ཟླ་བའི་གདན་སྟེང་དུ། སོགས་བསྟོད་པ་ཅི་ཤེས་ཀྱིས་བསྟོད། དེ་ནས་མདོ་ཆོག་གི་ཚོགས་ཀྱི་ཞིང་གཤེགས་གསོལ་དང་། སྨོན་ལམ་བཀྲ་ཤིས་ཀྱིས་མཐར་བརྒྱན་པར་བྱའོ། །དེ་ལྟར་ལེགས་པར་སྒྲུབ་པ་དེ་ཉིད་གང་ཟག་མཆོག་རྣམས་ནི་རྟེན་གྲལ་དུ་འཇོག་པ་དང་། དམན་པ་རྣམས་རི་མཐོན་པོའི་རྩེའམ། དབེན་པར་འཇོག་པའམ། གཙོ་བོར་ཆུ་བོ་སྤྱན་འདྲེན་པ་སྟེ་དེ་ཡི་ཚུལ་ནི་གཞན་དུ་ཤེས་པར་བྱའོ། །འདི་འབད་དགེ་བའི་མཐུ་ཆེན་པོས། །ཚེ་འདས་བཻཌཱུར་འོད་ཞིང་དུ། དྲོངས་ནས་བྱང་ཆུབ་ལུང་བསྟན་བརྙེས། སྤངས་རྟོགས་ཡོན་ཏན་མཐར་ཕྱིན་ཤོག །ཅེས་པའང་སྐྱེ་རྒུ་དོན་གྲུབ་གླིང་གི་ཆོས་གྲྭ་ནས་དགེ་སློང་ཚེ་རྒྱལ་གྱིས་རྟེན་བཅས་གསུང་གིས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་འདིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །སརྦ་ཛ་ན་ཏཾ།། །། ༈ འདྲེས་ཁང་ནི། བཻཌཱུཪྻ་འོད་ཀྱི་རྒྱལ་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པས་དུག་གསུམ་འཇོམས་པའི་ཨ་རུ་ར་དང་། གཡོན་པས་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་དུ་སྨན་གྱི་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་གསོལ་ཞིང་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། །དེའི་གཡས་སུ་པད་ཟླའི་སྟེང་དུ་མྃ་ལས་རྒྱལ་སྲས་ཉི་མ་ལྟར་སྣང་བྱེད་སྐུ་མདོག་དམར་པོར་ཞལ་གཅིག་ཕྱག་གཉིས་པ། གཡོན་པས་པདྨའི་སྡོང་བུ་ཐུགས་ཀར་བཟུང་བའི་སྟེང་ན་ཉི་མ་བསྣམས་པ། གཡོན་དུ་ཟླ་བའི་སྟེང་དུ་ཨ་ལས་རྒྱལ་སྲས་ཟླ་བ་ལྟར་སྣང་བྱེད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡོན་པདྨའི་སྡོང་པོ་ཐུགས་ཀར་བཟུང་བའི་སྟེང་ན་ཟླ་བ་བསྣམ་པ། གཉིས་ཀའང་གཡས་མཆོག་སྦྱིན་ཕྱག་རྒྱ་དང་། དར་གྱི་སྟོད་གཡོགས་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། གཙོ་བོ་ལ་འདུད་པའི་ཚུལ་གྱིས་བཞུགས་པ།། །།
[edit]

sman bla'i mdo chog dang 'brel ba'i gshin po la phan gdags pa'i cho ga rus sbyangs dang sAts+tsha'i ngag 'don nyung ngu thar pa'i lcags kyu zhes bya ba bzhugs so/__/oM swasti/__mtshan gyi cha shas thos pas kyang /__/ngan 'gro'i gnas las sgrol mdzad pa/__/bla ma sman pa'i rgyal po la/__/phyag byas thar pa'i lcags kyu dbye/__/de la 'dir sman bla'i mdo chog la rten nas rus sbyangs dang /__sAts+tsha sgrub par 'dod pas rus bu'i rtsar phyin nas rdo rje bsdu ba'i rgya dang bcas/__oM badz+ra sa mA dzaHdzaHhU~M ba~M hoHzhes mang du brjod la rus bu bsdu/__sman mdo'i cho ga'i dkyil 'khor bshams pa'i nye logs stegs dma' bar/__rus bu bzhag nas nyer spyod dang /__rang gi mdun du bum pa gcig bshams/__ting shag__/'thor nas/__sman bla'i mdo chog maN+Dal yan grub nas/__gzungs bum sgrub pa ni/__rang gi gzungs bzlas pas de yi dus su sman bla mched brgyad kyi sku las bdud rtsi'i rgyun dpag tu med pa byung nas bum pa'i nang thams cad gang par mos par brtan por byas nas gzungs sngags gong 'og gsum ka ci nus dang /__gang rung gcig 'bum phrag tu longs pa bzla'o/__/de nas khrus snod kyi khar rus bu rnams khri lta bur 'jog nas/__rus bu'i steng du zla ba'i dkyil 'khor=sogs nas byang zhing dag par bsam la/__'di ni sbyin pa'i=sogs dang /__sa ni dug gi=sogs kyi bar mtshams su gzungs ring thung gsum ka bzlas la bkru/__gang ser ma'i bkra shis brjod/__de nas mdo chog gtong rag mchod bstod sogs rjes kyi rim pa bya'o/__/de nas rus pa zhib mor btags pa sman sna dang rin phye sbyar ba'i 'jim par bsres te/__'jim pa'i gong bur byas pa'i zla ba'i dkyil 'khor gyi dbus su sman gzungs tshar gcig 'khod par mos la ngag nas 'don/__de las 'od zer 'phros pas/__rin po che'i phung por gyur par mos la/__gzungs ring thung ci nus bzlas/__mthar/__tshe las 'das pa'i sdig pa thams cad shAn+tiM ku ru swA hA/__/zhes pas byin brlab/__sman bla'i gzungs ring thung gang yin kyi gzungs 'bul dgos pas swA hA'i gong du/__che ge mo'i sdig pa dang sgrib pa thams cad shAn+tiM ku ru swA hA/__zhes spel ba bcug pa'i sAts+tsha lnga las mi nyung ba sman gzungs bzla bzhin btab/__tshon rtsi gdugs sogs legs par byas nas stegs bur 'bru sil ma bkram pa'i khar bzhag__/nyer spyod mchod pa ci mang dang gtor ma dkar zlum gsum bshams/__zhi drag sbyangs chas sogs bkod/__mdo chog gi bum pa sgrub pa yan btang /__bum bzlas kyi mjug tu/__oM sarba ta thA ga ta a b+hi She ka ta/__nyer gcig tsam bzla/__de nas sbyongs ba rnams rten la bskor te/__oM sarba big+h+nAn sogs/__lan gsum dang /__na mo rje btsun sogs nas gzhan phan bde 'jug gi byang chog nas 'gres phud/__bden pa chen po'i byin gyis brlabs kyis deng 'dir bde bar gshegs pa'i sogs dang /__bkru zhing sku phyi'o/__/de nas rten bskyed pa ni/__bum chu gtor te/__oM a mr-i te hU~M phaT kyis bsang /__swA b+hA was sbyangs/__sAts+tsha rnams mi dmigs te stong par gyur/__sogs nas/__chos sku'i rang bzhin can la phyag 'tshal lo/__/ston mchog dam pa sogs kyis bkra shis bya'o/__/de nas sAts+tsha sgrub pa dngos la rten bskyed pa ni/__a mr-i tas bsang /__swA b+hA was sbyangs/__stong pa'i ngang las pad+ma dang zla ba'i steng du rin po che las grub pa'i mchod rten yangs shing rgya che ba sAts+tsha'i grangs dang mnyam pa'i bum pa'i nang du dbus dang g.yas g.yon dang /__de'i phyogs bzhir rin po che'i khri sogs kun 'grub shog__/de nas lha rnams la dmigs te gzungs ring thung rnams ci nus dang /__gzungs gang rung gcig 'bum phrag gnyis su bzla/__gzungs bzla ba'i skabs lha rnams yang yang gsal gdab cing lha rnams la dmigs yul gyis thog drangs pa'i sdig sgrib thams cad sbyong ba'i phrin las mdzad par bsam la gzungs bzla ba ste/__rgyud las/__sngags dang phyag rgyas btab nas kyang /__/'bum phrag gnyis kyi bar du bzla/__/zhes grangs gis 'bum dang /__rab mchod rten las sgra dang /__du ba sogs kyi rtags ma byung bar du bzla bar yang gsungs so/__/thun bsdus na/__bdag dang dmigs yul tshe las 'das pa'i sdig sgrib thams cad byang zhing dag pa'i dngos grub ma lus pa stsal du gsol/__gtong rag gi phyag mchod nas bzod gsol yan mdo chog ltar la/__mchod rten lha dang bcas pa zhu ba las sAts+tsha'i rnam par ji lta ba bzhin du gyur/__zhes brjod la/__mchod pa byin brlab byas te/__oM sarba ta thA ga ta ar+g+haM sogs kyis mchod/__sna tshogs pad+ma zla ba'i gdan steng du/__sogs bstod pa ci shes kyis bstod/__de nas mdo chog gi tshogs kyi zhing gshegs gsol dang /__smon lam bkra shis kyis mthar brgyan par bya'o/__/de ltar legs par sgrub pa de nyid gang zag mchog rnams ni rten gral du 'jog pa dang /__dman pa rnams ri mthon po'i rtse'am/__dben par 'jog pa'am/__gtso bor chu bo spyan 'dren pa ste de yi tshul ni gzhan du shes par bya'o/__/'di 'bad dge ba'i mthu chen pos/__/tshe 'das baiDUr 'od zhing du/__drongs nas byang chub lung bstan brnyes/__spangs rtogs yon tan mthar phyin shog__/ces pa'ang skye rgu don grub gling gi chos grwa nas dge slong tshe rgyal gyis rten bcas gsung gis bskul ngor 'jam dbyangs chos kyi blo gros pas bris pa 'dis kyang sems can thams cad la phan pa rgya chen po 'byung bar gyur cig__/sarba dza na taM//___//__!__'dres khang ni/__baiDUR+Ya 'od kyi rgyal po sku mdog sngon po zhal gcig phyag gnyis pa g.yas mchog sbyin gyi phyag rgya mdzad pas dug gsum 'joms pa'i a ru ra dang /__g.yon pas mnyam bzhag gi phyag rgya mdzad pa'i steng du sman gyi bdud rtsis gang ba'i lhung bzed bsnams pa/__na bza' chos gos rnam gsum ngur smrig gsol zhing mtshan dang dpe byad kyis spras pa/__zhabs rdo rje'i skyil mo krung gis bzhugs pa/__/de'i g.yas su pad zla'i steng du ma~M las rgyal sras nyi ma ltar snang byed sku mdog dmar por zhal gcig phyag gnyis pa/__g.yon pas pad+ma'i sdong bu thugs kar bzung ba'i steng na nyi ma bsnams pa/__g.yon du zla ba'i steng du a las rgyal sras zla ba ltar snang byed sku mdog dkar po zhal gcig phyag gnyis pa/__g.yon pad+ma'i sdong po thugs kar bzung ba'i steng na zla ba bsnam pa/__gnyis ka'ang g.yas mchog sbyin phyag rgya dang /__dar gyi stod g.yogs dang rin po che'i rgyan gyis spras pa/__zhabs gnyis mnyam pa'i stabs kyis bzhengs pa/__gtso bo la 'dud pa'i tshul gyis bzhugs pa//___//

Footnotes

Other Information