ཚེ་དཔག་མེད་ཀྱི་གཟུངས་མདོ་བཀླག་ཐབས་དང་མེ་ཏོག་མཆོད་པ།

From Khyentse Lineage - A Tsadra Foundation Project
Wylie title tshe dpag med kyi gzungs mdo bklag thabs dang me tog mchod pa JKCL-KABUM-07-JA-029.pdf
Location chos kyi blo gros bka' 'bum
Volume 7, Text 29, Pages 539-541 (Folios 1a1 to 2a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. tshe dpag med kyi gzungs mdo bklag thabs dang me tog mchod pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 539-541. Bir, H.P.: Khyentse Labrang, 2012.
Genre Liturgy - ngag 'don  ·  Offering Rituals - mchod sbyin
Deity tshe dpag med
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/how-to-recite-amitayus-dharani-sutra
Colophon
  • First colophon page 540: །ཞེས་པའང་ཉེར་མཁོའི་སླད་དུ་ཆོས་ཀྱི་བློ་གྲོས་པས་སོ།།
  • Second colophon page 541: །མ་ཏིས་སོ།
  • First colophon page 540: /zhes pa'ang nyer mkho'i slad du chos kyi blo gros pas so//
  • Second colophon page 541: /ma tis so/

1 Texts in this Section (sde tshan or chos tshan)

[edit]
ཚེ་དཔག་མེད་ཀྱི་གཟུངས་མདོ་བཀླག་ཐབས་བཞུགས། གུ་རུ་ཨ་པཱ་རི་མི་ཏ་ཡེ། ཚེ་དཔག་མེད་ཀྱི་གཟུངས་མདོ་བཀླག་པར་འདོད་པས་སྐྱབས་འགྲོ་དང་སེམས་བསྐྱེད་རྒྱས་བསྡུས་ཅི་རིགས་སྔོན་དུ་བཏང་ནས། ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས། །གནས་ཡུལ་བདེ་བ་ཅན་གྱི་ཞིང་། །པདྨ་ཟླ་བའི་གདན་སྟེང་དུ། །རང་ཉིད་ཧྲཱིཿལས་ཚེ་དཔག་མེད། །དམར་པོ་ཞལ་གཅིག་ཕྱག་གཉིས་པ། །མཉམ་བཞག་ཚེ་ཡི་བུམ་པ་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །ཐུགས་ཀར་ཟླ་སྟེང་ཧྲཱིཿདམར་མཐར། །གཟུངས་ཀྱི་སྔགས་ཀྱི་ཕྲེང་བས་བསྐོར། །དེ་ལས་སྔགས་ཕྲེང་སྒྲར་བཅས་འཕྲོས། །བདག་གཞན་ལས་ཉོན་སྒྲིབ་པ་སྦྱངས། །འཁོར་འདས་ཚེ་བཅུད་དྭངས་མ་རྣམས། །ཐུགས་ཀའི་སྔགས་ཀྱི་ཕྲེང་བ་དང་། །ཕྱག་གི་ཚེ་ཡི་བུམ་པར་བསྟིམ། །འཆི་མེད་ཡེ་ཤེས་བདུད་རྩིའི་རྒྱུན། །བབས་པས་རང་གཞན་ལུས་ཁེངས་ཤིང་། །ཚེ་བསོད་ཡེ་ཤེས་རྒྱས་པར་གྱུར། །ཅེས་བརྗོད་ཅིང་། བསྒྲུབ་བྱ་དམིགས་བསལ་ཡོད་ན་རྒྱན་ཆས་ཕུན་སུམ་ཚོགས་པས་མདུན་དུ་འཁོད་པ་གསལ། གོང་གི་དམིགས་པ་དང་བཅས་མདོ་གཟུངས་ཅི་ནུས་བཀླགས་མཐར། ཚེ་གཟུངས་རྐྱང་པའང་ཅི་ནུས་བཟླ་ཡིག་བརྒྱ་ལན་གསུམ་བཟླས་མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཞེས་བརྗོད་ཅིང་། གདན་པད་ཟླ་འོད་དུ་ཞུ་ནས་རང་ལ་ཐིམ། རང་གི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར་པར་མོས་ལ། །དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག །སོགས་བསྔོ་སྨོན་དང་། སྦྱིན་པའི་སྟོབས་ཀྱི་སོགས་ཀྱི་ཤིས་བརྗོད་བྱའོ། །ཞེས་པའང་ཉེར་མཁོའི་སླད་དུ་ཆོས་ཀྱི་བློ་གྲོས་པས་སོ།། །། ༈ མེ་ཏོག་མཆོད་པ་བཞུགས། ལྷ་རྫས་བཟང་པོའི་མེ་ཏོག་རྣམ་མང་དྲི་ཞིམ་དག་ནི་དཔག་ཚད་བརྒྱར་འཕྲོ་མར་གད་སྡོང་བུར་གསེར་གྱི་དྲིལ་བུ་སྐད་སྙན་འབྱིན་ཅིང་མགོ་ལྕོགས་ལྡེམ་ལ་རྩ་བ་གཅིག་ལས་གོང་བུ་མང་འཕྲོས་རེ་རེ་ལ་ཡང་མེ་ཏོག་རྣམ་མང་བུང་བའི་ཚོགས་ཀྱིས་སྐད་སྙན་འབྱིན་ཅིང་ཡན་ལག་བརྒྱད་ལྡན་བདུད་རྩི་དང་འགྲོགས་ཉི་མ་གཞོན་ནུའི་གཉེན་གྱིས་རབ་འབྱེད་ལྷ་དང་ཀླུ་དང་དྲང་སྲོང་རིག་འཛིན་ཀུན་ནས་ཀུན་ཏུ་དགའ་ཞིང་རྩེ་ལ་པདྨ་ཡིད་འོང་སྟོང་ཕྲག་ཚོགས་ནི་འོད་ཀྱིས་མོག་པོར་བྱེད་པའི་གཟི་བརྗིད་ཕྲེང་བ་ཀུན་ནས་རབ་འཁྲུག་མཛེས་པའི་སྤྲིན་གྱིས་ལྡིང་གུར་བྲེས་ལས་སླར་ཡང་ལྷ་རྫས་མེ་ཏོག་ཆར་ནི་དཔག་མེད་འབེབས་ཤིང་རྒྱལ་དང་དེ་སྲས་ཞིང་རྡུལ་སྙེད་ཀྱི་དབུ་ལ་མཆོད་ནས་ཅོད་པན་དང་ནི་དོ་ཤལ་མཛེས་ཤིང་ཡིད་འོང་བརྒྱན་གྱི་མཆོད་པའི་ཆར་ནི་དེ་རིང་བདག་གིས་དབུལ་བར་བགྱི། རྒྱལ་ཕུར་འགྲུབ་སྦྱོར་ལྡན་པའི་ཚེས་བཞི་ལའོ། །མ་ཏིས་སོ།། །།
[edit]

tshe dpag med kyi gzungs mdo bklag thabs bzhugs/__gu ru a pA ri mi ta ye/__tshe dpag med kyi gzungs mdo bklag par 'dod pas skyabs 'gro dang sems bskyed rgyas bsdus ci rigs sngon du btang nas/__oM swa b+hA was stong par sbyangs/__stong pa'i ngang las skad cig gis/__/gnas yul bde ba can gyi zhing /__/pad+ma zla ba'i gdan steng du/__/rang nyid hrIHlas tshe dpag med/__/dmar po zhal gcig phyag gnyis pa/__/mnyam bzhag tshe yi bum pa bsnams/__/dar dang rin chen rgyan gyis mdzes/__/zhabs gnyis rdo rje'i skyil krung bzhugs/__/gnas gsum oM AHhU~M gis mtshan/__/thugs kar zla steng hrIHdmar mthar/__/gzungs kyi sngags kyi phreng bas bskor/__/de las sngags phreng sgrar bcas 'phros/__/bdag gzhan las nyon sgrib pa sbyangs/__/'khor 'das tshe bcud dwangs ma rnams/__/thugs ka'i sngags kyi phreng ba dang /__/phyag gi tshe yi bum par bstim/__/'chi med ye shes bdud rtsi'i rgyun/__/babs pas rang gzhan lus khengs shing /__/tshe bsod ye shes rgyas par gyur/__/ces brjod cing /__bsgrub bya dmigs bsal yod na rgyan chas phun sum tshogs pas mdun du 'khod pa gsal/__gong gi dmigs pa dang bcas mdo gzungs ci nus bklags mthar/__tshe gzungs rkyang pa'ang ci nus bzla yig brgya lan gsum bzlas mthar/__bcom ldan 'das bdag dang sems can thams cad la 'chi med tshe dang ye shes kyi dngos grub stsal du gsol/__zhes brjod cing /__gdan pad zla 'od du zhu nas rang la thim/__rang gi gnas gsum oM AHhU~M gis mtshan par gyur par mos la/__/dge ba 'di yis bdag sogs sems can kun/__/tshe 'dir tshe ring nad med dam chos ldan/__/phyi ma bde ba can gyi zhing skyes nas/__/tshe dpag med mgon go 'phang myur thob shog__/sogs bsngo smon dang /__sbyin pa'i stobs kyi sogs kyi shis brjod bya'o/__/zhes pa'ang nyer mkho'i slad du chos kyi blo gros pas so//___//__!__me tog mchod pa bzhugs/__lha rdzas bzang po'i me tog rnam mang dri zhim dag ni dpag tshad brgyar 'phro mar gad sdong bur gser gyi dril bu skad snyan 'byin cing mgo lcogs ldem la rtsa ba gcig las gong bu mang 'phros re re la yang me tog rnam mang bung ba'i tshogs kyis skad snyan 'byin cing yan lag brgyad ldan bdud rtsi dang 'grogs nyi ma gzhon nu'i gnyen gyis rab 'byed lha dang klu dang drang srong rig 'dzin kun nas kun tu dga' zhing rtse la pad+ma yid 'ong stong phrag tshogs ni 'od kyis mog por byed pa'i gzi brjid phreng ba kun nas rab 'khrug mdzes pa'i sprin gyis lding gur bres las slar yang lha rdzas me tog char ni dpag med 'bebs shing rgyal dang de sras zhing rdul snyed kyi dbu la mchod nas cod pan dang ni do shal mdzes shing yid 'ong brgyan gyi mchod pa'i char ni de ring bdag gis dbul bar bgyi/__rgyal phur 'grub sbyor ldan pa'i tshes bzhi la'o/__/ma tis so//___//

Footnotes

Other Information