JKCL-KABUM-07-JA-013

From Khyentse Lineage - A Tsadra Foundation Project

དཔལ་ཀྱེ་རྡོ་རྗེའི་ལམ་དུས་ཤིན་ཏུ་བསྡུས་པ།
Wylie title dpal kye rdo rje'i lam dus shin tu bsdus pa JKCL-KABUM-07-JA-013.pdf
Location chos kyi blo gros bka' 'bum
Volume 7, Text 13, Pages 301-310 (Folios 1a1 to 5b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal kye rdo rje'i lam dus shin tu bsdus pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 301-310. Bir, H.P.: Khyentse Labrang, 2012.
Genre Activity Manual - las byang
Deity kye rdo rje
Colophon

།ཞེས་པའང་ཀཿཐོག་སི་ཏུ་དང་། ཞེ་ཆེན་རྒྱལ་ཚབ་མཆོག་སྤྲུལ་གཉིས་ཀྱིས་ལམ་འབྲས་གསན་སྐབས་ཆོས་ཀྱི་བློ་གྲོས་པས་ཐུགས་དམ་བྱ་བདེར་བྲིས་པ་རང་ལུགས་འཛིན་པ་ལ་མི་མཁོ་ཡང་། གྲུབ་མཐའ་གཞན་དག་སྣང་གི་ཆོས་འདི་ལ་ཉན་བསྒོམ་མཛད་པ་རྣམས་ལའང་། ཅུང་ཟད་ཕན་ནམ་སྙམ་ནས་བྲིས་པ་སིདྡྷི་རསྟུ་ཤུ་བྷཾ།།

/zhes pa'ang kaH thog si tu dang /__zhe chen rgyal tshab mchog sprul gnyis kyis lam 'bras gsan skabs chos kyi blo gros pas thugs dam bya bder bris pa rang lugs 'dzin pa la mi mkho yang /__grub mtha' gzhan dag snang gi chos 'di la nyan bsgom mdzad pa rnams la'ang /__cung zad phan nam snyam nas bris pa sid+d+hi rastu shu b+haM//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༅། །ཤྲཱིཧེབཛྲསྱགོཏྲཾཀཱཡཱཏིསཾགྲཧབིཧརཏིསྨ།། །།

༅། །དཔལ་ཀྱེ་རྡོ་རྗེའི་ལམ་དུས་ཤིན་ཏུ་བསྡུས་པ་བཞུགས་སོ། །

བླ་མ་དམ་པ་ལ་ཕྱག་འཚལ་ལོ། །དཔལ་ཀྱེ་རྡོ་རྗེའི་རྒྱུ་ལམ་གྱི་དབང་ཐོབ་པས་དམ་ཚིག་ལས་མི་འདའ་བའི་ཕྱིར་དུ། ལམ་ཟབ་མོ་ཤིན་ཏུ་བསྡུས་ཏེ་བསྒོམ་པར་འདོད་ན། སྔོན་དངོས་རྗེས་གསུམ་ལས། དང་པོ་ལ་སྐྱབས་ཡུལ་གསལ་བཏབ་ནས། བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་བའི་སླད། །ཟབ་མོའི་རྣལ་འབྱོར་ཉམས་སུ་བླངས་བར་བགྱི། །ཞེས་ལན་གསུམ་མམ་ཅི་ནུས། སྤྱི་བོར་པད་ཟླར་རྡོར་སེམས་ཧེ་རུ་ཀ། དཀར་གསལ་ཕྱག་གཉིས་རྡོ་དྲིལ་སྙེམས་མ་འཁྲིལ། །ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་ཡིག་བརྒྱས་བསྐོར། །སྦྱོར་མཚམས་ནས་བྱུང་བདུད་རྩིའི་རྒྱུན་བབས་པས། །སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་བར་མོས། །ཨོཾ་ཤྲི་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་བཛྲ་ཧེ་རུ་ཀ། མ་མེ་མུཉྩ་ཧེ་རུ་ཀོ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊཿཅི་ནུས་མཐར། བདག་གི་སྡིག་སྒྲིབ་ཉེས་ལྟུང་སྦྱངས་མཛད་གསོལ། །རྡོར་སེམས་འོད་ཞུ་རང་ཐིམ་ཤེལ་ལྟར་གྱུར། །རང་ཉིད་སྐད་ཅིག་དགྱེས་རྡོར་གསལ་བ་ཡི། །ཐུགས་ཀར་པད་ཉི་ཧཱུྃ་ལས་འོད་འཕྲོས་པས། །ཚོགས་ཞིང་དགྱེས་མཛད་རྡོ་རྗེ་ཡབ་ཡུམ་དབུར། །བླ་མ་མི་བསྐྱོད་པ་བཅས་སྤྱན་དྲངས་གྱུར། །དཔལ་ལྡན་བླ་མ་ཡི་དམ་ལ། །བདག་ནི་རྟག་ཏུ་ཕྱག་འཚལ་ལོ། །ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད། དེ་ནས་རྒྱུན་བཤགས་ནི། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། ལན་གསུམ། །བླ་མ་ལྷ་རྣམས་དགོངས་སུ་གསོལ། །བྱང་ཆུབ་སེམས་མཆོག་དམ་པ་དང་། །བདེ་གཤེགས་རིགས་ལྔའི་སྡོམ་པ་རྣམས། །མ་ལུས་བདག་གིས་ཡོངས་སུ་གཟུང་། ལན་གསུམ། སེམས་ཅན་ཀུན་ལ་བྱམས་པ་དང་། །སྙིང་རྗེ་དགའ་བ་བཏང་སྙོམས་ཏེ། །ཚད་མེད་བཞི་ལ་རྟག་ཏུ་གནས། །བསོད་ནམས་ཚོགས་ཆེན་སྤེལ་བར་བྱ། །ལན་གཅིག །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱདྨ་ཀོ྅་ཧྃ། ཞེས་ཡེ་ཤེས་ཀྱི་ཚོགས་བསགས། སྟོང་པའི་ངང་ལས་སྲུང་འཁོར་ནང་། །ཆོས་འབྱུང་འབྱུང་བཞི་རིམ་བརྩེགས་སྟེང་། །སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས། །བྷཱུྃ་ལས་གཞལ་མེད་ཁང་ཆེན་དབུས། །པད་ཉི་བདུད་བཞི་བརྩེགས་པའི་སྟེང་། །བཅོམ་ལྡན་དགྱེས་མཛད་ཧེ་རུ་ཀ། ནམ་མཁའི་མདོག་ལྟར་རབ་སྔོ་ཞིང་། །གཡས་དཀར་གཡོན་དམར་ལྷག་མ་གནག །སྟེང་ཞལ་དུ་བའི་མདོག་ཅན་གྱི། །ཞལ་བརྒྱད་ཕྱག་ནི་བཅུ་དྲུག་གི། གཡས་ན་གླང་ཆེན་རྟ་བོང་བུ། །གླང་དང་རྔ་མོ་མི་ཤར་བྷ། །བྱི་ལ་འཛིན་ཅིང་གཡོན་རྣམས་ཀྱིས། །ས་དང་ཆུ་དང་མེ་རླུང་དང་། །ཟླ་ཉི་གཤིན་རྗེ་ནོར་སྦྱིན་ལྷ། །དེ་རྣམས་ཐོད་པར་རབ་འཛིན་ཅིང་། །དང་པོའི་ཕྱག་གཉིས་ཡུམ་ལ་འཁྱུད། །ཞབས་བཞི་གཡས་བརྐྱང་གཡོན་བསྐུམ་གར། །བདག་མེད་མ་དཔལ་སྐུ་མདོག་སྔོ། །ཞལ་གཅིག་ཕྱག་གཉིས་གྲི་ཐོད་བསྣམས། །གཡས་བསྐུམ་གཡོན་བརྐྱང་ཡབ་ལ་འཁྲིལ། །གཉིས་ཀར་རུས་བརྒྱན་ཐོད་རློན་དང་། །སྐམ་པོ་ལྔ་བཅུའི་རྒྱན་གྱིས་མཛེས། །གར་དགུའི་ཉམས་ལྡན་མེ་དབུས་རོལ། །ཐུགས་ཀར་པད་ཉི་ཧཱུྃ་མཐིང་སྔོན། །སྐྱེ་མཆེད་དྲུག་དང་གནས་གསུམ་རྣམས། །རྡོ་རྗེའི་ལྷ་མོ་རྣམས་ཀྱིས་མཚན། །ཐུགས་ནས་འོད་འཕྲོས་ཡེ་ཤེས་པ། །སྤྱན་དྲངས་རང་ལ་གཉིས་མེད་ཐིམ། །ཛཿཧཱུྃ་བྃ་ཧོཿཞེས་བརྗོད་ནས་རང་ལ་བསྟིམ། །དེ་ཡི་རྐྱེན་གྱིས་རང་གི་ལུས། །ཕྱི་དབྱིབས་ཧེ་རུ་ཀ་ཡི་སྐུ། །ནང་དུ་ལུས་ཀྱི་ཆ་ཤས་ནི། །གཞལ་ཡས་ཁང་གི་རྣམ་པར་གྱུར། །རྩ་གསུམ་འཁོར་ལོ་ལྔ་ཡི་དབུས། །རིགས་ལྔ་ཧེ་རུ་ཀ་ཡི་སྐུ། །རྩ་འདབ་ཌཱཀྐིའི་ཚོགས་གསལ་ཞིང་། །དབང་ཡུལ་སྐྱེ་མཆེད་ཚིགས་རྣམས་སུ། །སེམས་དཔའ་སེམས་མ་ཁྲོ་བཅུ་རྣམས། །རང་བཞིན་ལྷུན་གྲུབ་ཆེན་པོར་གསལ། །རྩ་ཡིག་ཐིག་རླུང་བཅས་པ་རྣམས། །སྐུ་བཞིའི་ངོ་བོར་བཞུགས་པར་གྱུར། །ཐུགས་ནས་འོད་འཕྲོས་དབང་ལྷའི་ཚོགས། །གདན་གསུམ་ཚང་བར་སྤྱན་དྲངས་གྱུར། །མདུན་མཁར་བཞུགས་ནས་དབང་བསྐུར་གྱི། །བྱ་བ་དགྱེས་བཞིན་མཛད་པར་གྱུར། །རང་ལུས་ཕྱི་ནང་ལྷ་རྣམས་ནི། །མི་བསྐྱོད་ཧེ་རུ་ཀར་གྱུར་ལ། །བུམ་པའི་ཆུ་ཡི་དབང་བསྐུར་གྱུར། །ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། །རིན་ཆེན་འབྱུང་ལྡན་སྐུར་གྱུར་པར། །རིགས་ལྔའི་དབུ་རྒྱན་དབང་བསྐུར་གྱུར། །ཨོཾ་བཛྲ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མི་བཛྲ་རཱ་ག་ཏ་བཛྲ་ཤ་ལི་ཧོཿསྣང་བ་མཐའ་ཡས་སྐུར་གྱུར་པར། །རྡོ་རྗེའི་དབང་ནི་བསྐུར་བར་གྱུར། །ཨོཾ་མ་ཧཱ་བཛྲ་ཧཱུྃ། དོན་ཡོད་གྲུབ་པའི་སྐུར་གྱུར་པར། །དྲིལ་བུའི་དབང་ནི་བསྐུར་བར་གྱུར། །ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭྃ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མཱ་ཡ་སྟྭྃ། །རྣམ་པར་སྣང་མཛད་སྐུར་གྱུར་པར། །རྡོ་རྗེའི་མིང་གི་དབང་བསྐུར་གྱུར། །ཨོཾ་བཛྲ་ས་ཏྭ་ཏྭྃ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །དེ་ལྟར་དབང་ལྔ་བསྐུར་བ་ཡིས། །ཆོས་ཅན་ཕུང་ལྔ་རིགས་ལྔར་གྱུར། །རང་ཉིད་རྡོར་སེམས་ཧེ་རུ་ཀའི། །སྐུར་གྱུར་རྡོ་རྗེའི་དབང་བསྐུར་གྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭྃ་དྷཱ་ར་ཡཱ་མི། བཛྲ་སཏྭཱ་ཧཱིཿཧི་ཧི་ཧི་ཧི་ཧཱུྃ། ཕུང་པོ་ལྔ་ཡི་ཆོས་ཉིད་ནི། །རྡོ་རྗེ་སེམས་དཔའི་རང་བཞིན་གྱུར། །རང་ཉིད་རྡོ་རྗེ་འཆང་དབང་དཀར། །ཡབ་ཡུམ་མཉམ་སྤྱོར་སྐུ་ཅན་གྱུར། །རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། །བུམ་ཆུས་དབང་བསྐུར་རང་ལུས་གང་། །སྒྲིབ་དག་ཆུ་ལྷག་གྱེན་དུ་འཁྱིལ། །རང་འདྲའི་རིགས་ཀྱི་བདག་པོས་བརྒྱན། །བུམ་དབང་ཐོབ་ཅིང་ལུས་སྒྲིབ་དག །བསྐྱེད་རིམ་བསྒོམ་དབང་སྤྲུལ་སྐུར་སྨིན། །བླ་མ་ཡབ་ཡུམ་སྙོམས་ཞུགས་པའི། །གསང་དབང་བདུད་རྩི་ལྕེ་ལ་བཞག །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གིས་གསང་བའི་དབང་གི་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ་ཧོཿཨ་ཧོ་མ་ཧཱ་སུ་ཁ་ཧོཿགསང་དབང་ཐོབ་ཅིང་ངག་སྒྲིབ་དག །ཙནྜ་ལཱི་སྒོམ་ལོངས་སྐུར་སྨིན། །ཕྱག་རྒྱ་སྤྲོས་ནས་རང་ལ་གཏད། །དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་དག་ཏུ་གྱིས། །སྟྭྃ་པདྨ་བྷཉྫ་མོ་ཀྵ་ཧོཿའདུ་ཤེས་གསུམ་གྱིས་སྙོམས་ཞུགས་པས། །དགའ་བཞིའི་ཡེ་ཤེས་སྐྱེས་པར་གྱུར། །ཤེར་དབང་ཐོབ་ཅིང་ཡིད་སྒྲིབ་དག །ཕོ་ཉའི་ལམ་བསྒོམ་ཆོས་སྐུར་སྨིན། །བཞི་པ་ཚིག་གི་ངོ་སྤྲོད་གྱུར། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་སྦྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཚིག་དབང་ཐོབ་ཅིང་སྒྲིབ་ཀུན་དག །རྦ་རླབས་བསྒོམ་ཞིང་ཉིད་སྐུར་སྨིན། །དབང་ཐོབ་སྒྲིབ་དག་ཕྱི་དབྱིབས་ཀྱི། །ཧེ་རུ་ཀ་ལ་མི་བསྐྱོད་པ། །ལུས་དཀྱིལ་ལྷ་ལ་རྡོར་སེམས་ཀྱི། །རིགས་ཀྱི་བདག་པོས་རྒྱས་བཏབ་བསམ། །བདུད་རྩི་ཡོད་ན། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་གྱིས་བརླབས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅་ཧྃ། ཞེས་བདུད་རྩི་མྱངས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅་ཧྃ། གིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅་ཧྃ། གིས་བསྟོད། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །བྱམས་པའི་ཐུགས་ལ་ཡན་ལག་གནག །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པ་བཞི་ཞེས་བརྗོད། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །གུག་སྐྱེད་ཀྱིས་ནི་སངས་རྒྱས་ལྔ། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །དེ་ཉིད་གསུམ་ནི་སྤྱན་གསུམ་པོ། །ཤ་ནི་པུཀྐ་སཱི་རུ་བརྗོད། །དེ་བཞིན་ཁྲག་ནི་རི་ཁྲོད་མ། །གདོལ་པ་མོ་ནི་ཁུ་བར་བརྗོད། །གཡུང་མོ་རྐང་དང་ཚིལ་བུ་དག །པགས་པ་བྱང་ཆུབ་ཡན་ལག་བདུན། །རུས་པ་བདེན་པ་བཞི་པོ་ཉིད། །ཅེས་དག་དྲན་བྱ། བཟླས་པ་ནི། ཡུམ་གྱི་ཐུགས་ཀའི་ཨྃ་ཡིག་ལས། །སྔགས་ཕྲེང་ཆད་དེ་ཞལ་ནས་བརྒྱུད། །ཐུགས་སྲོག་ལ་ཐིམ་སླར་ཡང་འཕྲོས། །ཡབ་ཀྱི་རྡོ་རྗེ་ནས་བརྒྱུད་ཅིང་། །ཡུམ་གྱི་པདྨ་ནས་ཞུགས་ཏེ། །ཐུགས་ཀའི་ཨྃ་ལ་ཐིམ་པར་མོས། །དེ་ལྟར་འཁོར་ལས་འོད་ཟེར་འཕྲོས། །སྣོད་བཅུད་སྒྲིབ་སྦྱངས་བྱིན་རླབས་བསྡུས། །སྔགས་ཀྱི་ཕྲེང་བར་ཐིམ་པར་མོས། ཨོཾ་ཨཥྚཱ་ན་ནཱ་ཡ། པིངྒ་ལོརྡྷ་ཀེ་ཤ་ཝརྟྨ་ནེ། ཙ་ཏུརྦིངྴ་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། །ཀྲྀཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནེ་ཀཱནྡྷཱ་རི་ཎེ། །ཨཱ་དྷྨ་ཏ་ཀྲུ་ར་ཙིཏྟཱ་ཡ། ཨརྡྷེནྡུ་དཾཥྚི་ཎེ། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫྫ་ཡ་གརྫྫ་ཡ། ཏརྫྫ་ཡ་ཏརྫྫ་ཡ། ཤོ་ཥེ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱན། བནྡྷ་བནྡྷ། །ནཱ་གཱ་ཥྚ་ཀཱན། གྲྀ་ཧྣ་གྲྀ་ཧྣ། ཤ་ཏྲཱུ་ན་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿཕཊ་སྭཱ་ཧཱ། ཞེས་རྩ་སྔགས་དང་། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོ་དང་། ཨོཾ་བཛྲ་ཀཱརྟ་རི་ཧེ་བཛྲཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཉེ་སྙིང་དང་། ཨོཾ་ཨཱཿཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨྃཿཧཱུྃ་ཕཊ་སྭཱ་ཧཱ། ཡུམ་གྱི་ཕྲེང་སྔགས་སོ། །ཨོཾ་ཨཱཿཨྃ་ཧཱུྃ་ཕཊ་སྭཱ་ཧཱ། ཡུམ་གྱི་སྔགས་ཅི་ནུས་བཟླས་མཐར། བདེ་བར་གཤེགས་པ་ཐམས་ཅད་ཀྱིས། །བྱིན་བརླབ་མཆོག་ཐུན་དངོས་གྲུབ་སྩོལ། །ཞེས་བརྗོད་ལ་ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་འདོན། སྣོད་བཅུད་འོད་ཞུ་སྲུང་འཁོར་ལ། །དེ་ཡང་གཞལ་མེད་ཁང་ལ་ཐིམ། །དེ་ཉིད་གཙོ་བོ་ལ་ཐིམ་ཞིང་། །གཙོ་བོ་འོད་ཞུ་ཧཱུྃ་ལ་བསྡུ། །དེ་ཡང་རིམ་གྱིས་མི་དམིགས་བདག །སླར་ཡང་དགྱེས་མཛད་རྡོ་རྗེའི་སྐུ། །གནས་གསུམ་འབྲུ་གསུམ་མཚན་པར་བསྒོམ། །དགེ་བ་འདི་ཡིས་མྱུར་དུ་བདག །ཀྱེ་ཡི་རྡོ་རྗེ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བསྔོ་སྨོན་བྱའོ། །ཞེས་པའང་ཀཿཐོག་སི་ཏུ་དང་། ཞེ་ཆེན་རྒྱལ་ཚབ་མཆོག་སྤྲུལ་གཉིས་ཀྱིས་ལམ་འབྲས་གསན་སྐབས་ཆོས་ཀྱི་བློ་གྲོས་པས་ཐུགས་དམ་བྱ་བདེར་བྲིས་པ་རང་ལུགས་འཛིན་པ་ལ་མི་མཁོ་ཡང་། གྲུབ་མཐའ་གཞན་དག་སྣང་གི་ཆོས་འདི་ལ་ཉན་བསྒོམ་མཛད་པ་རྣམས་ལའང་། ཅུང་ཟད་ཕན་ནམ་སྙམ་ནས་བྲིས་པ་སིདྡྷི་རསྟུ་ཤུ་བྷཾ།། །།
[edit]
  1. /__/shrIhebadz+ras+yagotraMkAyAtisaMgrahabiharatisma//___//
  2. /__/dpal kye rdo rje'i lam dus shin tu bsdus pa bzhugs so/__/

bla ma dam pa la phyag 'tshal lo/__/dpal kye rdo rje'i rgyu lam gyi dbang thob pas dam tshig las mi 'da' ba'i phyir du/__lam zab mo shin tu bsdus te bsgom par 'dod na/__sngon dngos rjes gsum las/__dang po la skyabs yul gsal btab nas/__bdag dang mkha' mnyam 'gro ba ma lus kun/__/bla ma dkon mchog gsum la skyabs su mchi/__/'gro kun srid pa'i mtsho las sgrol ba'i slad/__/zab mo'i rnal 'byor nyams su blangs bar bgyi/__/zhes lan gsum mam ci nus/__spyi bor pad zlar rdor sems he ru ka/__dkar gsal phyag gnyis rdo dril snyems ma 'khril/__/thugs kar zla steng hU~M mthar yig brgyas bskor/__/sbyor mtshams nas byung bdud rtsi'i rgyun babs pas/__/sdig sgrib nyes ltung thams cad byang bar mos/__/oM shri badz+ra he ru ka sa ma ya ma nu pA la ya/__he ru ka twe no pa tiSh+Tha/__dr-i D+ho me b+ha wa/__su toSh+yo me b+ha wa/__a nu rak+to me b+ha wa/__su poSh+yo me b+ha wa/__sarba sid+d+hi m+me pra yats+tsha sarba karma su tsa me/__tsit+taM shre yaHku ru hU~M/__ha ha ha ha hoHb+ha ga wAn badz+ra he ru ka/__ma me muny+tsa he ru ko b+ha wa ma hA sa ma ya satwa AHhU~M phaTaHci nus mthar/__bdag gi sdig sgrib nyes ltung sbyangs mdzad gsol/__/rdor sems 'od zhu rang thim shel ltar gyur/__/rang nyid skad cig dgyes rdor gsal ba yi/__/thugs kar pad nyi hU~M las 'od 'phros pas/__/tshogs zhing dgyes mdzad rdo rje yab yum dbur/__/bla ma mi bskyod pa bcas spyan drangs gyur/__/dpal ldan bla ma yi dam la/__/bdag ni rtag tu phyag 'tshal lo/__/lha mo brgyad po rnams kyis mchod/__de nas rgyun bshags ni/__/dkon mchog gsum la bdag skyabs mchi/__/sdig pa thams cad so sor bshags/__/'gro ba'i dge la rjes yi rang /__/sangs rgyas byang chub yid kyis gzung /__lan gsum/__/bla ma lha rnams dgongs su gsol/__/byang chub sems mchog dam pa dang /__/bde gshegs rigs lnga'i sdom pa rnams/__/ma lus bdag gis yongs su gzung /__lan gsum/__sems can kun la byams pa dang /__/snying rje dga' ba btang snyoms te/__/tshad med bzhi la rtag tu gnas/__/bsod nams tshogs chen spel bar bya/__/lan gcig__/oM shU n+ya tA dz+nyA na badz+ra swa b+ha wa Ad+ma ko\u0f85 ha~M/__zhes ye shes kyi tshogs bsags/__stong pa'i ngang las srung 'khor nang /__/chos 'byung 'byung bzhi rim brtsegs steng /__/sna tshogs rdo rje'i lte ba'i dbus/__/b+hU~M las gzhal med khang chen dbus/__/pad nyi bdud bzhi brtsegs pa'i steng /__/bcom ldan dgyes mdzad he ru ka/__nam mkha'i mdog ltar rab sngo zhing /__/g.yas dkar g.yon dmar lhag ma gnag__/steng zhal du ba'i mdog can gyi/__/zhal brgyad phyag ni bcu drug gi/__g.yas na glang chen rta bong bu/__/glang dang rnga mo mi shar b+ha/__/byi la 'dzin cing g.yon rnams kyis/__/sa dang chu dang me rlung dang /__/zla nyi gshin rje nor sbyin lha/__/de rnams thod par rab 'dzin cing /__/dang po'i phyag gnyis yum la 'khyud/__/zhabs bzhi g.yas brkyang g.yon bskum gar/__/bdag med ma dpal sku mdog sngo/__/zhal gcig phyag gnyis gri thod bsnams/__/g.yas bskum g.yon brkyang yab la 'khril/__/gnyis kar rus brgyan thod rlon dang /__/skam po lnga bcu'i rgyan gyis mdzes/__/gar dgu'i nyams ldan me dbus rol/__/thugs kar pad nyi hU~M mthing sngon/__/skye mched drug dang gnas gsum rnams/__/rdo rje'i lha mo rnams kyis mtshan/__/thugs nas 'od 'phros ye shes pa/__/spyan drangs rang la gnyis med thim/__/dzaHhU~M ba~M hoHzhes brjod nas rang la bstim/__/de yi rkyen gyis rang gi lus/__/phyi dbyibs he ru ka yi sku/__/nang du lus kyi cha shas ni/__/gzhal yas khang gi rnam par gyur/__/rtsa gsum 'khor lo lnga yi dbus/__/rigs lnga he ru ka yi sku/__/rtsa 'dab DAk+ki'i tshogs gsal zhing /__/dbang yul skye mched tshigs rnams su/__/sems dpa' sems ma khro bcu rnams/__/rang bzhin lhun grub chen por gsal/__/rtsa yig thig rlung bcas pa rnams/__/sku bzhi'i ngo bor bzhugs par gyur/__/thugs nas 'od 'phros dbang lha'i tshogs/__/gdan gsum tshang bar spyan drangs gyur/__/mdun mkhar bzhugs nas dbang bskur gyi/__/bya ba dgyes bzhin mdzad par gyur/__/rang lus phyi nang lha rnams ni/__/mi bskyod he ru kar gyur la/__/bum pa'i chu yi dbang bskur gyur/__/oM badz+rI b+ha wa a b+hi Shiny+tsa hU~M/__/rin chen 'byung ldan skur gyur par/__/rigs lnga'i dbu rgyan dbang bskur gyur/__/oM badz+ra rat+na mu ku Ta a b+hi Shiny+tsa mi badz+ra rA ga ta badz+ra sha li hoHsnang ba mtha' yas skur gyur par/__/rdo rje'i dbang ni bskur bar gyur/__/oM ma hA badz+ra hU~M/__don yod grub pa'i skur gyur par/__/dril bu'i dbang ni bskur bar gyur/__/oM badz+ra a d+hi pa ti twa~M a b+hi Shiny+tsA mi tiSh+Tha badz+ra sa mA ya s+t+wa~M/__/rnam par snang mdzad skur gyur par/__/rdo rje'i ming gi dbang bskur gyur/__/oM badz+ra sa twa twa~M a b+hi Shiny+tsA mi badz+ra nA ma a b+hi She ka ta kye dpal che ge mo rdo rje zhes bya ba'i de bzhin gshegs pa'o/__/de ltar dbang lnga bskur ba yis/__/chos can phung lnga rigs lngar gyur/__/rang nyid rdor sems he ru ka'i/__/skur gyur rdo rje'i dbang bskur gyur/__/oM sarba ta thA ga ta sid+d+hi badz+ra sa ma ya tiSh+Tha e Sha s+t+wa~M d+hA ra yA mi/__badz+ra satwA hIHhi hi hi hi hU~M/__phung po lnga yi chos nyid ni/__/rdo rje sems dpa'i rang bzhin gyur/__/rang nyid rdo rje 'chang dbang dkar/__/yab yum mnyam spyor sku can gyur/__/rdo rje che dang dril bu che/__/zungs shig rdo rjer byin gyis brlabs/__/de ring rdo rje slob dpon gyur/__/slob ma'i tshogs rnams bsdu bar gyis/__oM badz+rI b+ha wa a b+hi Shiny+tsa hU~M/__/bum chus dbang bskur rang lus gang /__/sgrib dag chu lhag gyen du 'khyil/__/rang 'dra'i rigs kyi bdag pos brgyan/__/bum dbang thob cing lus sgrib dag__/bskyed rim bsgom dbang sprul skur smin/__/bla ma yab yum snyoms zhugs pa'i/__/gsang dbang bdud rtsi lce la bzhag__/ji ltar 'das pa'i sangs rgyas kyis/__/byang chub sras rnams dbang bskur ltar/__/bdag gis gsang ba'i dbang gi ni/__/sems kyi rgyun gyis dbang bskur ro/__/oM AHhU~M hoHa ho ma hA su kha hoHgsang dbang thob cing ngag sgrib dag__/tsan+Da lI sgom longs skur smin/__/phyag rgya spros nas rang la gtad/__/dga' ster gnas ster lha mo ni/__/sna tshogs gzugs can yid 'ong ma/__/khyer cig khyer cig sems dpa' che/__/khyer la mchod pa dag tu gyis/__/s+t+wa~M pad+ma b+hany+dza mo k+Sha hoH'du shes gsum gyis snyoms zhugs pas/__/dga' bzhi'i ye shes skyes par gyur/__/sher dbang thob cing yid sgrib dag__/pho nya'i lam bsgom chos skur smin/__/bzhi pa tshig gi ngo sprod gyur/__/ye shes 'di ni ches phra zhing /__/rdo rje nam mkha'i dkyil lta bu/__/rdul bral mthar sbyin zhi ba nyid/__/khyod rang yang ni de yi pha/__/tshig dbang thob cing sgrib kun dag__/rba rlabs bsgom zhing nyid skur smin/__/dbang thob sgrib dag phyi dbyibs kyi/__/he ru ka la mi bskyod pa/__/lus dkyil lha la rdor sems kyi/__/rigs kyi bdag pos rgyas btab bsam/__/bdud rtsi yod na/__oM AHhU~M ha ho hrIHlan gsum gyis brlabs/__oM sarba ta thA ga ta a mr-i ta swa da na badz+ra swa b+hA wa Ad+ma ko\u0f85 ha~M/__zhes bdud rtsi myangs/__oM sarba ta thA ga ta pU dza badz+ra swa b+hA wa Ad+ma ko\u0f85 ha~M/__gis mchod/__oM sarba ta thA ga ta stu ti badz+ra swa b+hA wa Ad+ma ko\u0f85 ha~M/__gis bstod/__snying rje'i spyan ni dmar po la/__/byams pa'i thugs la yan lag gnag__/bsdu ba'i dngos po bzhi yis ni/__/zhabs ni rnam pa bzhi zhes brjod/__/zhal brgyad rnam par thar pa brgyad/__/phyag ni stong pa bcu drug nyid/__/gug skyed kyis ni sangs rgyas lnga/__/gdug pa 'dul phyir khro bo nyid/__/de nyid gsum ni spyan gsum po/__/sha ni puk+ka sI ru brjod/__/de bzhin khrag ni ri khrod ma/__/gdol pa mo ni khu bar brjod/__/g.yung mo rkang dang tshil bu dag__/pags pa byang chub yan lag bdun/__/rus pa bden pa bzhi po nyid/__/ces dag dran bya/__bzlas pa ni/__yum gyi thugs ka'i a~M yig las/__/sngags phreng chad de zhal nas brgyud/__/thugs srog la thim slar yang 'phros/__/yab kyi rdo rje nas brgyud cing /__/yum gyi pad+ma nas zhugs te/__/thugs ka'i a~M la thim par mos/__/de ltar 'khor las 'od zer 'phros/__/snod bcud sgrib sbyangs byin rlabs bsdus/__/sngags kyi phreng bar thim par mos/__oM aSh+TA na nA ya/__ping+ga lor+d+ha ke sha war+t+ma ne/__tsa turbing+sha ti ne trA ya/__Sho Da sha b+hu dzA ya/__/kr-iSh+Na dzI mU ta wa pu She/__ka pA la mA lA ne kAn+d+hA ri Ne/__/A d+h+ma ta kru ra tsit+tA ya/__ar+d+hen+du daMSh+Ti Ne/__oM mA ra ya mA ra ya/__kA ra ya kA ra ya/__gar+dz+dza ya gar+dz+dza ya/__tar+dz+dza ya tar+dz+dza ya/__sho She ya sho Sha ya/__sap+ta sA ga rAn/__ban+d+ha ban+d+ha/__/nA gA Sh+Ta kAn/__gr-i h+na gr-i h+na/__sha trU na ha hA hi hI hu hU he hai ho hau haM haHphaT swA hA/__zhes rtsa sngags dang /__oM de wa pi tsu badz+ra hU~M hU~M hU~M phaT swA hA/__snying po dang /__oM badz+ra kArta ri he badz+rA ya hU~M hU~M hU~M phaT swA hA/__nye snying dang /__oM AHa A/__i I/__u U/__r-i r-I/__l-i l-I/__e ai/__o au/__a~MHhU~M phaT swA hA/__yum gyi phreng sngags so/__/oM AHa~M hU~M phaT swA hA/__yum gyi sngags ci nus bzlas mthar/__bde bar gshegs pa thams cad kyis/__/byin brlab mchog thun dngos grub stsol/__/zhes brjod la he ru ka'i yig brgya lan gsum 'don/__snod bcud 'od zhu srung 'khor la/__/de yang gzhal med khang la thim/__/de nyid gtso bo la thim zhing /__/gtso bo 'od zhu hU~M la bsdu/__/de yang rim gyis mi dmigs bdag__/slar yang dgyes mdzad rdo rje'i sku/__/gnas gsum 'bru gsum mtshan par bsgom/__/dge ba 'di yis myur du bdag__/kye yi rdo rje 'grub gyur nas/__/'gro ba gcig kyang ma lus pa/__/de yi sa la 'god par shog__/bsngo smon bya'o/__/zhes pa'ang kaHthog si tu dang /__zhe chen rgyal tshab mchog sprul gnyis kyis lam 'bras gsan skabs chos kyi blo gros pas thugs dam bya bder bris pa rang lugs 'dzin pa la mi mkho yang /__grub mtha' gzhan dag snang gi chos 'di la nyan bsgom mdzad pa rnams la'ang /__cung zad phan nam snyam nas bris pa sid+d+hi rastu shu b+haM//___//

Footnotes

Other Information