འཁོན་ལུགས་རྡོ་རྗེ་ཕུར་པའི་ཚོགས་བསྡུས་གྲུབ་གཉིས་འགུགས་པའི་ལྕགས་ཀྱུ།

From Khyentse Lineage - A Tsadra Foundation Project
JKCL-KABUM-07-JA-012
Wylie title 'khon lugs rdo rje phur pa'i tshogs bsdus grub gnyis 'gugs pa'i lcags kyu JKCL-KABUM-07-JA-012.pdf
Location chos kyi blo gros bka' 'bum
Volume 7, Text 12, Pages 299 (Folios 1a1 to 1a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'khon lugs rdo rje phur pa'i tshogs bsdus grub gnyis 'gugs pa'i lcags kyu. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 299. Bir, H.P.: Khyentse Labrang, 2012.
Genre Feast Offering - tshogs mchod - tshogs kyi 'khor lo
Cycle འཁོན་ལུགས་རྡོ་རྗེ་ཕུར་པ་ ('khon lugs rdo rje phur pa)
Deity rdo rje phur pa
Colophon

ཞེས་པ་འདིའང་ཡོངས་འཛིན་དམ་པས་དགོངས་བཞེད་ཐེག་གཙང་དགོན་འདུས་སྡེ་མཆོག་ནས་ཕུར་པའི་སྒྲུབ་ཆེན་དང་འབྲེལ་བའི་ཚོགས་གྲངས་བསོགས་གནང་སྐབས་མཁོ་བའི་རྐྱེན་བྱས་ཏེ། ༧བླ་མ་རྡོ་རྗེ་འཆང་གི་བྲན་དུ་སྨོན་པའི་དུས་མཐའི་སྔགས་བན་སྤྲུལ་མིང་མཐུ་སྟོབས་རྣམ་པར་རྒྱལ་བའི་སྡེས་སྦྱར་བ་དོན་དང་ལྡན་པར་གྱུར་ཅིག །མངྒ་ལཾ། ཞལ་གྲོ། དགེ་ལེགས་འཕེལ།།

zhes pa 'di'ang yongs 'dzin dam pas dgongs bzhed theg gtsang dgon 'dus sde mchog nas phur pa'i sgrub chen dang 'brel ba'i tshogs grangs bsogs gnang skabs mkho ba'i rkyen byas te/__7bla ma rdo rje 'chang gi bran du smon pa'i dus mtha'i sngags ban sprul ming mthu stobs rnam par rgyal ba'i sdes sbyar ba don dang ldan par gyur cig__/mang+ga laM/__zhal gro/__dge legs 'phel//

1 Texts in this Section (sde tshan or chos tshan)

[edit]
འཁོན་ལུགས་རྡོ་རྗེ་ཕུར་པའི་ཚོགས་བསྡུས་གྲུབ་གཉིས་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས། བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧཱུྃ། རྃ་ཡྃ་ཁྃ་འཕྲོས་ཉེས་སྐྱོན་སྦྱངས། །ཨོཾ་ཨཱཿཧཱུྃ་གི་འཕྲོ་འདུ་ལས། །ཚོགས་མཆོད་ནམ་མཁའི་མཛོད་དུ་གྱུར། །སྐུ་གསུམ་ཞིང་ཁམས་རྒྱ་མཚོ་ནས། །རྩ་གསུམ་ཞི་ཁྲོ་རབ་འབྱམས་དང་། །རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀུན། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །འགལ་འཁྲུལ་དམ་ཚིག་ཉམས་ཆག་བཤགས། །བར་ཆད་དགྲ་བགེགས་དབྱིངས་སུ་སྒྲོལ། །མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ། །དཔལ་གྱི་བཀའ་ཉན་ལྷག་སྡུད་རྣམས། །ལྷག་གཏོར་བཞེས་ལ་ཕྲིན་ལས་སྒྲུབས། །ཨོཾ་གུ་རུ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཎྜ་ལ་དེ་ཝ་ག་ཎ་ས་པ་རི་ཝཱ་ར་སརྦ་པཉྩ་ཨ་མྲྀ་ཏ་ག་ཎ་ཙཀྲ་པཱུ་ཛ་ཧོཿཨོཾ་བཛྲ་ས་ཏྭ་ཨཱཿཨུཥྩི་ཊ་བ་ལིངྟ་ཁཱ་ཧི། ཞེས་པ་འདིའང་ཡོངས་འཛིན་དམ་པས་དགོངས་བཞེད་ཐེག་གཙང་དགོན་འདུས་སྡེ་མཆོག་ནས་ཕུར་པའི་སྒྲུབ་ཆེན་དང་འབྲེལ་བའི་ཚོགས་གྲངས་བསོགས་གནང་སྐབས་མཁོ་བའི་རྐྱེན་བྱས་ཏེ། ༧བླ་མ་རྡོ་རྗེ་འཆང་གི་བྲན་དུ་སྨོན་པའི་དུས་མཐའི་སྔགས་བན་སྤྲུལ་མིང་མཐུ་སྟོབས་རྣམ་པར་རྒྱལ་བའི་སྡེས་སྦྱར་བ་དོན་དང་ལྡན་པར་གྱུར་ཅིག །མངྒ་ལཾ། ཞལ་གྲོ། དགེ་ལེགས་འཕེལ།། །།

Footnotes

Other Information