གསོལ་འདེབས་བྱིན་རླབས་གནད་འབེབས།

From Khyentse Lineage - A Tsadra Foundation Project
Wylie title gsol 'debs byin rlabs gnad 'bebs JKCL-KABUM-06-CHA-045.pdf
Location chos kyi blo gros bka' 'bum
Volume 6, Text 45, Pages 693-702 (Folios 1a to 5b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön ཐང་སྟོང་རྒྱལ་པོ་ (thang stong rgyal po)
Associated People མ་གཅིག་ལབ་སྒྲོན་ (ma gcig lab sgron)
Citation 'jam dbyangs mkhyen brtse chos kyi blo gros. gsol 'debs byin rlabs gnad 'bebs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 693-702. Bir, H.P.: Khyentse Labrang, 2012.
Genre Descent of Blessings - byin 'bebs
Cycle གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་ (gsang spyod mkha' 'gro'i snyan brgyud)

1 Texts in this Section (sde tshan or chos tshan)

[edit]
༄༅། །གསོལ་འདེབས་བྱིན་རླབས་གནད་འབེབས་བཞུགས། ། ཡབ་ཕ་བརྒྱུད་དཔའ་བོའི་ལྷ་ཚོགས་དང་། །ཡུམ་མ་བརྒྱུད་དཔའ་མོའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་སྐུ་ཡུམ་ཆེན་ཤེར་ཕྱིན་དང་། །ལོངས་སྐུ་རྡོ་རྗེ་ཕག་མོ་ལ། །གསོལ་བ༴། སྤྲུལ་སྐུ་ལབ་ཁྱེར་སྒྲོན་མེ་དང་། །གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ། །གསོལ་བ་འདེབས་སོ༴། འཇམ་དབྱངས་ནམ་མཁའ་ལེགས་པ་དང་། །མཁས་གྲུབ་ཤཱཀྱའི་མཚན་ཅན་ལ། །གསོལ་བ༴། ཕ་རྒོད་རྒྱལ་མཚན་དཔལ་བཟང་དང་། །མཁས་བཙུན་བསྟན་པའི་རྒྱལ་མཚན་ལ། །གསོལ་བ༴། འཁྲུལ་ཞིག་ཡོན་ཏན་གྲགས་བཟང་དང་། །སྤྱོད་མཁན་དཔའ་བོ་གླང་མཁར་ལ། །གསོལ་བ༴། བྱ་བཏང་ནོར་བུའི་མཚན་ཅན་དང་། །གྲུབ་དབང་རྡོ་རྗེ་དཔལ་འབྱོར་ལ། །གསོལ་བ༴། མཚུངས་མེད་འཇམ་དཔལ་བཤེས་གཉེན་དང་། །གྲུབ་རིགས་ངག་དབང་ཡང་གྲགས་ལ། །གསོལ་བ༴། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་དང་། །ཀུན་བཟང་པདྨ་ཚེ་དབང་ལ། །གསོལ་བ༴། མཚུངས་མེད་བློ་བཟང་བསྟན་འཕེལ་དང་། །བསྟན་འཛིན་མཁྱེན་རབ་མཐུ་སྟོབ་ལ། །གསོལ་བ༴། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། །གསང་བའི་བདག་པོ་བློ་གཏེར་ལ། །གསོལ་བ༴། གྲུབ་དབང་འཇམ་དབྱངས་བསྟན་འཕེལ་དང་། དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ༴། མ་ཅིག་མཁའ་འགྲོ་སྡེ་ལྔ་དང་། །ཆོས་བདག་ཡེ་ཤེས་མཁའ་འགྲོ་ལ། །གསོལ་བ༴། རང་སེམས་སྐྱེ་མེད་ཆོས་སྐུ་དང་། །མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་ལ། །གསོལ་བ༴། ལུས་ཀྱི་གཅེས་འཛིན་ཐངས་པ་དང་། །སེམས་ཀྱི་སྙེམ་ཐག་ཆོད་པ་རུ། །གསོལ་བ༴། མགལ་རྐྱེན་གྲོགས་སུ་འཆར་བ་དང་། །བདེ་སྡུག་རོ་སྙམས་ནུས་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བླ་མ་སྐུ་ཁམས་བཟང་བ་སོགས། ཕཊཿགཅིག་བརྗོད་ལ་ཚེ་འདིའི་བྱ་བ་དང་འབྲལ་བའི་སྒོ་ཐམས་ཅད་ལིང་གིས་བསྐྱུར། བྱང་ཆུབ་ཀྱི་སེམས་གསུམ་དང་ལྡན་པར་བྱས་ལ། གནས་དང་གནས་གདོན། ལུས་དང་ལུས་གདོན། དབྱིངས་དང་རིག་པ་བསྲེ་བ་རྣམས་ལ་རིམ་བཞིན་འཛིན་པ་གཅོད་པའི་ཕྱིར། ཕཊ་ཕཊ་ཕཊ་ཅེས་པའི་གདོང་དང་ལྡན་པའི་རྐང་གླིང་གི་སྒྲ་དྲག་ལ་མྱུར་བ་གསུམ། བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་ཕྱིར་ཨོཾ་གྱི་གདོང་དང་ལྡན་པའི་སྒྲ་རིང་བ་གཅིག །ཨཱཿ ཡི་གདོང་དང་ལྡན་པའི་སྒྲ་རིང་བ་གཅིག །ཧཱུྃ་གི་གདོང་དང་ལྡན་པའི་སྒྲ་དྲག་ལ་རིང་བ་གཅིག །མཁའ་འགྲོ་སྡེ་ལྔ་ཐུགས་རྒྱུད་བསྐུལ་བའི་ཕྱིར། བྃ་ཧ་རི་ནི་ས་ཅེས་པ་ལ་འགྱུར་ཁུགས་འཕར་ལིང་པའི་ཚུལ་ཀྱི་སྒྲ་དྲག་ལ་བཞོད་པ་རེ་རེ། ཚོགས་ཞིང་གི་ལྷ་ཚོགས་རྣམས་སྤྱན་དྲངས། དེ་ནས་ཁམས་གསུམ་དབང་དུ་བསྡུད་པའི་ཕྱིར་ཧཱུྃ་ཅེས་པ་དང་། སྲིད་གསུམ་ཟིལ་གྱིས་གནོན་པ་ལ་བྷྱོཿཅེས་པའི་སྒྲ་དྲག་ཤུགས་ཀྱི་ངར་དང་ལྡན་པའི་རིང་བ་གཉིས། ཕཊ་ཅེས་འཛིན་པ་གཅོད་པའི་ཕྱིར་འཇིགས་སུ་རུང་བའི་སྒྲ་འུར་ཚེག་པ་གཅིག་འབུད། །དེ་ནས་ཅང་ཏེའུ་དག་པ་དྲན་པའི་ངང་ནས། ཤེར་སྙིང་ག་ཏེ་གསུམ་གྱི་བར་རྒྱུན་དཀྲོལ་བྱེད། དེ་མཚམས་ཕཊ་གཅིག་གི་མཐར། མཁའ་འགྲོ་གདན་བསྐུལ་གྱི་ཌཱ་མ་རུ་དཀྲོལ་ལུགས་ནི། མ་དང་མཁའ་འགྲོ་ཅེས་པ་ཚར་གསུམ། མ་དང་མཁའ་འགྲོ་ཅེས་པ་ཚར་གསུམ། ཡང་མ་དང་མཁའ་འགྲོ་ཅེས་པ་ཚར་གསུམ་གི་གདོང་དང་ལྡན་པའི་ཅང་ཏེའུ་སྒྲ་སྒྲོགས་པར་བྱའོ། ༈མ་ངོ་མཚར་མ་ནི། མ་བདེ་གཤེགས་ཀུན་འདུས་ཨ་མ་ལ། །འགྲོ་དྲུག་སེམས་ཅན་ཀུན་དང་བདག །མོས་གུས་སྟོབས་ཆེན་སྙིང་ནས་བགྱིད། །མ་ངོ་མཚར་ཅན་ལ་ཕྱག་འཚལ་བསྟོད། །སྔོན་གྱི་ལས་སད་སྨོན་ལམ་བཏབ། །བླ་མ་བྱོན་ནས་གདམས་ངག་ཕོག །མ་སྒོམ་གཅིག་ཆར་གྲོལ་མཛད་ཨ། །མ་ངོ་མཚར་ཅན༴། བསྟོད་པ་མཛད་ནས་ཕར་ཕྱིན་བསླབ། །ཡུམ་དོན་མ་ལུས་ཐུགས་སུ་ཆུད། །མ་མཇལ་བླ་མའི་གདམས་ངག་མཁྱེན། །མ༴། མངོན་ཤེས་ཅན་གྱི་ལུང་བསྟན་མཛད། །བླ་མ་བསྐྱེད་ལ་དབང་བཞི་ཞུས། །ཡེ་ཤེས་དབབ་དུས་ཐོགས་མེད་བྱོན། །མ༴། གཞན་གྱི་འདུས་བྱས་རྫས་ཀྱི་དབང་། །ཨ་མའི་ཆོས་ཉིད་དོན་གྱི་དབང་། །དབང་མ་བསྐུར་ལ་དབང་ཐོབ་གསུངས། །མ༴། སྐུ་ཡི་གར་ནི་ཉེར་ལྔར་མཛད། །གསུང་ནི་སཾ་སྐྲྀའི་སྐད་བུ་བསྒྲུབ། །ཐུགས་ནི་ཤེས་བྱར་ཐོགས་མེད་མཁྱེན། །མ༴། ཡི་དམ་སྒྲོལ་མས་ལུང་བསྟན་མཛད། །ཆུ་མིག་བརྒྱ་རྩར་སྒྲུབ་པ་བསྐྱོངས། ཕྱི་མི་ལྡོག་པའི་ས་ཐོབ་གསུང་། །མ༴། རྟོགས་པས་བདག་རྒྱུད་གྲོལ་བ་དང་། །ཐུགས་རྗེས་གཞན་རྒྱུད་གྲོལ་བ་དང་། །སྒྲུབ་པའི་རྒྱལ་མཚན་ཚུགས་འཛད་མ། །མ༴། གཉིས་འཛིན་ཆགས་སྡང་འཁྲུལ་རྟོག་དང་། །བདེ་སྡུག་ཕན་གནོད་འབྱོར་རྒུད་སོགས། །སེམས་ཉིད་ངང་དུ་གྲོལ་མཛད་མ། མ༴། མན་ངག་གཞན་རྣམས་ཕྱིར་དུས་འདེབས། །ཨ་མའི་མན་ངག་མདུང་འཛུག་འདི། །ད་ལྟ་རྐྱེན་དང་བསྲེ་མཛད་མ། །མ༴། མཛེ་ནད་སྨྱོ་འབོག་འགོས་ནད་སོགས། །སྨན་པས་བོར་ཏེ་བྱར་མ་བཏུབ། །ཚེ་ཟད་མ་གཏོགས་དམིགས་གྲོལ་མཛད། །མ༴། དམ་ཆོས་བདུད་རྩིའི་སྨན་མཆོག་འདི། །སྐལ་དམན་རྣམས་ལ་སྡིག་མོ་ཆེ། །སྐལ་ལྡན་རྣམས་ཀྱི་རྒྱུད་གྲོལ་མཛད། །མ༴། ལུས་ལ་བདེ་དྲོད་འབར་བ་དང་། །ངག་ལ་ནུས་པ་སྨིན་པ་དང་། །སེམས་ལ་རྟོག་པ་སྐྱེད་མཛད་མ། །མ༴། འགྲོ་བ་སྲིད་པ་བར་མ་དོ། །འགྲོ་དྲུག་རེ་རེའི་དོན་གྱི་ཕྱིར། །དེ་འདྲའི་ཨ་མས་བདག་རྒྱུད་བཅིངས། །སྐད་ཅིག་ཉིད་ལ་གྲོལ་མཛད་མ། །མ་ངོ་མཚར་ཅན་ལ་ཕྱག་འཚལ་བསྟོད། ༈རྗེ་དམ་པས་མཛད་པའི་འཆི་བློ་མ་བྱ་བ་ནི། མ་མ་མིན་ཡེ་ཤེས་མཁའ་འགྲོ་མ། །རྣམ་ཐར་གསུམ་གྱི་སྒོ་འབྱེད་མ། །བདུད་ཀྱི་དཔུང་རྣམས་འཇོམས་མཛད་མ། །མ་ཁྱོད་རང་ལྟར་བུ་བྱིན་གྱིས་རློབས་མཛོད་ཅིག །བླ་མ་ལ་གསོལ་བ་འདེབས་སོ། །མ་ཅིག་མ་ལ་གསོལ་བ་འདེབས་ན། །ལབ་སྒྲོན་གྱི་བྱིན་གྱིས་རློབས་ཤིག །འཆི་བློ་སྙིང་ལ་ཟུག་པ་དང་། །སྐྱོ་སེམས་གཏིང་ནས་སྐྱེ་བ་དང་། །བདག་འཛིན་རྩ་བ་ཆོད་པ་རུ། །མ་ཁྱོད་རང་ལྟར་བུ༴སོགས་འགྲེས། །གཉན་ས་རི་ཁྲོད་ཟིན་པ་དང་། །ཕུང་པོ་བཟན་དུ་བསྐྱུར་བ་དང་། །སྙེམས་ཐག་ཁྲི་བ་ཆོད་པ་རུ། སོགས། །གནས་ལུགས་དངོས་སུ་རྟོགས་པ་དང་། །སེམས་ངོར་རྗེན་པར་འཕྲོད་པ་དང་། །རིག་པ་ཡེ་ཤེས་འཆར་བ་རུ། །སོགས། འགལ་རྐྱེན་གྲོགས་སུ་འཆར་བ་དང་། །སྤྱོད་ལོག་སྲིད་དུ་ཆོད་པ་དང་། །ལྟས་ངན་གཡང་དུ་ཁུག་པ་རུ། །སོགས། གང་ཤར་ལམ་དུ་འཁྱེར་བ་དང་། །ཅི་སྣང་སེམས་སུ་ཤེས་པ་དང་། །ཅི་བྱེད་གཞན་ལ་ཕན་པ་རུ། །སོགས། མ་ཅིག་ཇོ་མོ་རྣལ་འབྱོར་མ། འགྲོ་དྲུག་སེམས་ཅན་ཐམས་ཅད་དང་། །བདག་སོགས་གསོལ་བ་འདེབས་པ་རྣམས། །སོགས། རིག་པ་དབྱིངས་སུ་ཐལ་ལ་ལ། །འཛིན་མེད་ལྟ་བ་ཁྲོལ་ལོ་ལོ། །བདེ་སྟོང་རྒྱུད་ལ་ཁྲིལ་ལི་ལི། །སོགས། འགྲོ་དྲུག་ཕ་མར་ཤེས་པ་དང་། །བྱམས་དང་སྙིང་རྗེ་འབྱོངས་པ་དང་། །ལྷ་འདྲེའི་འགྲོ་དོན་ནུས་པ་རུ། །སོགས། བྱིན་བརླབ་ཅན་གྱི་བླ་མ་ལ། །མོས་གུས་ཅན་གྱི་སློབ་མ་ཡིས། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། བྱིན་བརླབས་ཐུགས་གྱི་ཀློང་ནས་ཞུ། །མ་ཁྱོད་རང་ལྟར་བུ་སོགས། ༈བརྒྱུད་འདེབས་གནས་སྦྱར་ཆེན་པོ་ནི། །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །རྩ་བའི་བླ་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །བླ་མ་ལ་གསོལ་བ་འདེབས་སོ། །མ་ཅིག་ལ་གསོལ་བ་འདེབས་སོ། །ཡུམ་ཆེན་མོས་བྱིན་གྱིས་བརླབས། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཡུམ་ཆེན་ཤེར་ཕྱིན་བྱིན་བརླབས་ཅན། །སོགས་འགྲེས། དག་པ་མཁའ་སྤྱོད་གཞལ་ཡས་སུ། །རྡོ་རྗེ་ཕག་མོ་བྱིན་བརླབས༴། ཟངས་རི་མཁར་དམར་དགོན་པ་རུ། །མ་ཅིག་ལབ་སྒྲོན༴། དཔལ་ཆེན་རི་བོ་ཆེ་དགོན་པ་རུ། །ཐང་སྟོང་རྒྱལ་པོ༴། གནས་བདུད་རྩིའི་ཕུག་གི་དབེན་གནས་སུ། །འཇམ་དབྱངས་ནམ་ལེགས༴། དེ་ཉིད་བླ་མའི་གདན་ས་རུ། །ཤཱཀྱའི་མཚན་ཅན༴། བདེ་དྲོད་རང་འབར་གཞལ་ཡས་སུ། རྒྱལ་མཚན་དཔལ་བཟང་༴། གཤོངས་ཆེན་དཔལ་གྱི་རི་ཁྲོད་ན། །འཇམ་དབྱངས་མཁས་བཙུན༴། མོས་གུས་ཕྱག་ཆེན་གཞལ་ཡས་སུ། །ཡོན་ཏན་གྲགས་བཟང་༴། གླང་མཁར་ཆོས་རྫོང་ཕོ་བྲང་དུ། །མང་ཐོས་མཚན་ཅན༴། ཕྱོགས་མེད་དབེན་པའི་རི་ཁྲོད་དུ། །བྱ་བཏང་བླ་མ༴། དབེན་གནས་རྡོ་རྗེའི་ཆོས་རྫོང་དུ། །བཛྲ་མཚན་ཅན༴ཁ་བསྐང་ནི། ཆུ་བཟང་གྲུབ་པའི་གནས་མཆོག་ཏུ། །འཇམ་དཔལ་བཤེས་གཉེན༴། རི་བོ་ཆེའི་བླ་བྲང་དུ། །ངག་དབང་ཡང་གྲགས༴། ཆུ་བོ་རི་ཡི་གནས་མཆོག་ཏུ། །ཡེ་ཤེས་ལྷུན་གྲུབ༴། སྤངས་སྟོན་བླ་མའི་གདན་ས་རུ། །ཀུན་བཟང་ཚེ་དབང་༴། ཆུ་བོ་རི་ཡི་ཡང་དབེན་དུ། །བློ་བཟང་བསྟན་འཕེལ༴། གྲུབ་པ་མཆོག་གི་གདན་ས་རུ། །ཁྱེན་རབ་མཐུ་སྟོབས༴བཀྲ་ཤིས་ལྷ་རྩེའི་དགའ་ཚལ་དུ། །འཇམ་དབྱངས་མཁྱེན་བརྩེ༴། ངེས་དོན་དབེན་པའི་རི་ཁྲོད་དུ། །ཀུན་བཟང་འགྱུར་མེད༴། བཤད་སྒྲུབ་ནོར་བུའི་ལྷུན་པོ་རུ། །ཆོས་ཀྱི་རྒྱ་མཚོ༴། འཆི་མེད་གྲུབ་པའི་དགའ་ཚལ་དུ། །ཆོས་ཀྱི་བློ་གྲོས༴། འབྲལ་མེད་སྙིང་གི་གཞལ་ཡས་སུ། །རྩ་བའི་བླ་མ༴། སྣང་སྲིད་ཆོས་སྐུའི་གཞལ་ཡས་སུ། །བཀའ་བརྒྱུད་བླ་མ༴། རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །ཡི་དམ་ལྷ་ཚོགས༴། རང་སེམས་རྣམ་དག་གཞལ་ཡས་ན། །བདུད་གཅོད་ཟབ་མོ༴། བསིལ་བ་ཚལ་གྱི་དུར་ཁྲོད་ན། །ཡེ་ཤེས་མགོན་པོ༴། ཉི་ཤུ་རྩ་བཞིའི་གནས་མཆོག་ན། །མཁའ་འགྲོ་སྡེ་ལྔ༴། རྒྱལ་ཁམས་ཕྱོགས་མེད་རི་ཁྲོད་ན། །གྲུབ་ཆེན་ཕོ་མོ༴། དམ་ཚིག་གཙང་མའི་ཚོགས་གྲལ་དུ། །རྡོ་རྗེའི་སྤུན་གྲོགས་བྱིན་བརླབས་ཅན༴། བླ་མའི་སྐུ་ལ་གསོལ་བ་འདེབས། །ལུས་ལ་བདེ་བར་བྱིན་གྱིས་རློབས། །བླ་མའི་གསུང་ལ་གསོལ་བ་འདེབས། །ངག་ལ་ནུས་པར་བྱིན་གྱིས་རློབས། །བླ་མའི་ཐུགས་ལ་གསོལ་བ་འདེབས། །སེམས་ལ་རྟོགས་པར་བྱིན་གྱིས་རློབས། །བླ་མ་ལ་གསོལ་བ་འདེབས་སོ། །མ་ཅིག་ལ་གསོལ་བ་འདེབས་སོ། །ཡུམ་ཆེན་མོས་བྱིན་གྱིས་རློབས། །ཅེས་པའོ།། །།
[edit]

@#/__/gsol 'debs byin rlabs gnad 'bebs bzhugs/__/ yab pha brgyud dpa' bo'i lha tshogs dang /__/yum ma brgyud dpa' mo'i lha tshogs la/__/gsol ba 'debs so byin gyis rlobs/__/chos sku yum chen sher phyin dang /__/longs sku rdo rje phag mo la/__/gsol ba=/__sprul sku lab khyer sgron me dang /__/grub chen thang stong rgyal po la/__/gsol ba 'debs so=/__'jam dbyangs nam mkha' legs pa dang /__/mkhas grub shAkya'i mtshan can la/__/gsol ba=/__pha rgod rgyal mtshan dpal bzang dang /__/mkhas btsun bstan pa'i rgyal mtshan la/__/gsol ba=/__'khrul zhig yon tan grags bzang dang /__/spyod mkhan dpa' bo glang mkhar la/__/gsol ba=/__bya btang nor bu'i mtshan can dang /__/grub dbang rdo rje dpal 'byor la/__/gsol ba=/__mtshungs med 'jam dpal bshes gnyen dang /__/grub rigs ngag dbang yang grags la/__/gsol ba=/__bstan 'dzin ye shes lhun grub dang /__/kun bzang pad+ma tshe dbang la/__/gsol ba=/__mtshungs med blo bzang bstan 'phel dang /__/bstan 'dzin mkhyen rab mthu stob la/__/gsol ba=/__'jam dbyangs mkhyen brtse'i dbang po dang /__/gsang ba'i bdag po blo gter la/__/gsol ba=/__grub dbang 'jam dbyangs bstan 'phel dang /__drin can rtsa ba'i bla ma la/__/gsol ba=/__ma cig mkha' 'gro sde lnga dang /__/chos bdag ye shes mkha' 'gro la/__/gsol ba=/__rang sems skye med chos sku dang /__/mched lcam rdo rje'i spun grogs la/__/gsol ba=/__lus kyi gces 'dzin thangs pa dang /__/sems kyi snyem thag chod pa ru/__/gsol ba=/__mgal rkyen grogs su 'char ba dang /__/bde sdug ro snyams nus pa ru/__/gsol ba 'debs so byin gyis rlobs/__/bla ma sku khams bzang ba sogs/__phaTaHgcig brjod la tshe 'di'i bya ba dang 'bral ba'i sgo thams cad ling gis bskyur/__byang chub kyi sems gsum dang ldan par byas la/__gnas dang gnas gdon/__lus dang lus gdon/__dbyings dang rig pa bsre ba rnams la rim bzhin 'dzin pa gcod pa'i phyir/__phaT phaT phaT ces pa'i gdong dang ldan pa'i rkang gling gi sgra drag la myur ba gsum/__bdag gi lus ngag yid gsum byin gyis brlab pa'i phyir oM gyi gdong dang ldan pa'i sgra ring ba gcig__/AH_yi gdong dang ldan pa'i sgra ring ba gcig__/hU~M gi gdong dang ldan pa'i sgra drag la ring ba gcig__/mkha' 'gro sde lnga thugs rgyud bskul ba'i phyir/__ba~M ha ri ni sa ces pa la 'gyur khugs 'phar ling pa'i tshul kyi sgra drag la bzhod pa re re/__tshogs zhing gi lha tshogs rnams spyan drangs/__de nas khams gsum dbang du bsdud pa'i phyir hU~M ces pa dang /__srid gsum zil gyis gnon pa la b+h+yoHces pa'i sgra drag shugs kyi ngar dang ldan pa'i ring ba gnyis/__phaT ces 'dzin pa gcod pa'i phyir 'jigs su rung ba'i sgra 'ur tsheg pa gcig 'bud/__/de nas cang te'u dag pa dran pa'i ngang nas/__sher snying ga te gsum gyi bar rgyun dkrol byed/__de mtshams phaT gcig gi mthar/__mkha' 'gro gdan bskul gyi DA ma ru dkrol lugs ni/__ma dang mkha' 'gro ces pa tshar gsum/__ma dang mkha' 'gro ces pa tshar gsum/__yang ma dang mkha' 'gro ces pa tshar gsum gi gdong dang ldan pa'i cang te'u sgra sgrogs par bya'o/__!ma ngo mtshar ma ni/__ma bde gshegs kun 'dus a ma la/__/'gro drug sems can kun dang bdag__/mos gus stobs chen snying nas bgyid/__/ma ngo mtshar can la phyag 'tshal bstod/__/sngon gyi las sad smon lam btab/__/bla ma byon nas gdams ngag phog__/ma sgom gcig char grol mdzad a/__/ma ngo mtshar can=/__bstod pa mdzad nas phar phyin bslab/__/yum don ma lus thugs su chud/__/ma mjal bla ma'i gdams ngag mkhyen/__/ma=/__mngon shes can gyi lung bstan mdzad/__/bla ma bskyed la dbang bzhi zhus/__/ye shes dbab dus thogs med byon/__/ma=/__gzhan gyi 'dus byas rdzas kyi dbang /__/a ma'i chos nyid don gyi dbang /__/dbang ma bskur la dbang thob gsungs/__/ma=/__sku yi gar ni nyer lngar mdzad/__/gsung ni saM skr-i'i skad bu bsgrub/__/thugs ni shes byar thogs med mkhyen/__/ma=/__yi dam sgrol mas lung bstan mdzad/__/chu mig brgya rtsar sgrub pa bskyongs/__phyi mi ldog pa'i sa thob gsung /__/ma=/__rtogs pas bdag rgyud grol ba dang /__/thugs rjes gzhan rgyud grol ba dang /__/sgrub pa'i rgyal mtshan tshugs 'dzad ma/__/ma=/__gnyis 'dzin chags sdang 'khrul rtog dang /__/bde sdug phan gnod 'byor rgud sogs/__/sems nyid ngang du grol mdzad ma/__ma=/__man ngag gzhan rnams phyir dus 'debs/__/a ma'i man ngag mdung 'dzug 'di/__/da lta rkyen dang bsre mdzad ma/__/ma=/__mdze nad smyo 'bog 'gos nad sogs/__/sman pas bor te byar ma btub/__/tshe zad ma gtogs dmigs grol mdzad/__/ma=/__dam chos bdud rtsi'i sman mchog 'di/__/skal dman rnams la sdig mo che/__/skal ldan rnams kyi rgyud grol mdzad/__/ma=/__lus la bde drod 'bar ba dang /__/ngag la nus pa smin pa dang /__/sems la rtog pa skyed mdzad ma/__/ma=/__'gro ba srid pa bar ma do/__/'gro drug re re'i don gyi phyir/__/de 'dra'i a mas bdag rgyud bcings/__/skad cig nyid la grol mdzad ma/__/ma ngo mtshar can la phyag 'tshal bstod/__!rje dam pas mdzad pa'i 'chi blo ma bya ba ni/__ma ma min ye shes mkha' 'gro ma/__/rnam thar gsum gyi sgo 'byed ma/__/bdud kyi dpung rnams 'joms mdzad ma/__/ma khyod rang ltar bu byin gyis rlobs mdzod cig__/bla ma la gsol ba 'debs so/__/ma cig ma la gsol ba 'debs na/__/lab sgron gyi byin gyis rlobs shig__/'chi blo snying la zug pa dang /__/skyo sems gting nas skye ba dang /__/bdag 'dzin rtsa ba chod pa ru/__/ma khyod rang ltar bu=sogs 'gres/__/gnyan sa ri khrod zin pa dang /__/phung po bzan du bskyur ba dang /__/snyems thag khri ba chod pa ru/__sogs/__/gnas lugs dngos su rtogs pa dang /__/sems ngor rjen par 'phrod pa dang /__/rig pa ye shes 'char ba ru/__/sogs/__'gal rkyen grogs su 'char ba dang /__/spyod log srid du chod pa dang /__/ltas ngan g.yang du khug pa ru/__/sogs/__gang shar lam du 'khyer ba dang /__/ci snang sems su shes pa dang /__/ci byed gzhan la phan pa ru/__/sogs/__ma cig jo mo rnal 'byor ma/__'gro drug sems can thams cad dang /__/bdag sogs gsol ba 'debs pa rnams/__/sogs/__rig pa dbyings su thal la la/__/'dzin med lta ba khrol lo lo/__/bde stong rgyud la khril li li/__/sogs/__'gro drug pha mar shes pa dang /__/byams dang snying rje 'byongs pa dang /__/lha 'dre'i 'gro don nus pa ru/__/sogs/__byin brlab can gyi bla ma la/__/mos gus can gyi slob ma yis/__/gsol ba snying gi dkyil nas 'debs/__byin brlabs thugs gyi klong nas zhu/__/ma khyod rang ltar bu sogs/__!brgyud 'debs gnas sbyar chen po ni/__/gnas spyi gtsug nyi zla'i gdan steng du/__/rtsa ba'i bla ma byin rlabs can/__/byin rlabs can la gsol ba 'debs/__/bla ma la gsol ba 'debs so/__/ma cig la gsol ba 'debs so/__/yum chen mos byin gyis brlabs/__/'og min chos dbyings pho brang nas/__/yum chen sher phyin byin brlabs can/__/sogs 'gres/__dag pa mkha' spyod gzhal yas su/__/rdo rje phag mo byin brlabs=/__zangs ri mkhar dmar dgon pa ru/__/ma cig lab sgron=/__dpal chen ri bo che dgon pa ru/__/thang stong rgyal po=/__gnas bdud rtsi'i phug gi dben gnas su/__/'jam dbyangs nam legs=/__de nyid bla ma'i gdan sa ru/__/shAkya'i mtshan can=/__bde drod rang 'bar gzhal yas su/__rgyal mtshan dpal bzang =/__gshongs chen dpal gyi ri khrod na/__/'jam dbyangs mkhas btsun=/__mos gus phyag chen gzhal yas su/__/yon tan grags bzang =/__glang mkhar chos rdzong pho brang du/__/mang thos mtshan can=/__phyogs med dben pa'i ri khrod du/__/bya btang bla ma=/__dben gnas rdo rje'i chos rdzong du/__/badz+ra mtshan can=kha bskang ni/__chu bzang grub pa'i gnas mchog tu/__/'jam dpal bshes gnyen=/__ri bo che'i bla brang du/__/ngag dbang yang grags=/__chu bo ri yi gnas mchog tu/__/ye shes lhun grub=/__spangs ston bla ma'i gdan sa ru/__/kun bzang tshe dbang =/__chu bo ri yi yang dben du/__/blo bzang bstan 'phel=/__grub pa mchog gi gdan sa ru/__/khyen rab mthu stobs=bkra shis lha rtse'i dga' tshal du/__/'jam dbyangs mkhyen brtse=/__nges don dben pa'i ri khrod du/__/kun bzang 'gyur med=/__bshad sgrub nor bu'i lhun po ru/__/chos kyi rgya mtsho=/__'chi med grub pa'i dga' tshal du/__/chos kyi blo gros=/__'bral med snying gi gzhal yas su/__/rtsa ba'i bla ma=/__snang srid chos sku'i gzhal yas su/__/bka' brgyud bla ma=/__rang lus rgyal ba'i dkyil 'khor du/__/yi dam lha tshogs=/__rang sems rnam dag gzhal yas na/__/bdud gcod zab mo=/__bsil ba tshal gyi dur khrod na/__/ye shes mgon po=/__nyi shu rtsa bzhi'i gnas mchog na/__/mkha' 'gro sde lnga=/__rgyal khams phyogs med ri khrod na/__/grub chen pho mo=/__dam tshig gtsang ma'i tshogs gral du/__/rdo rje'i spun grogs byin brlabs can=/__bla ma'i sku la gsol ba 'debs/__/lus la bde bar byin gyis rlobs/__/bla ma'i gsung la gsol ba 'debs/__/ngag la nus par byin gyis rlobs/__/bla ma'i thugs la gsol ba 'debs/__/sems la rtogs par byin gyis rlobs/__/bla ma la gsol ba 'debs so/__/ma cig la gsol ba 'debs so/__/yum chen mos byin gyis rlobs/__/ces pa'o//___//

Footnotes

Other Information