དཀྱུས་ཀྱི་བཟླས་དམིགས་ཀྱི་འཕྲོར་ལ་འདི་ལྟར་སྦྱོར་ཞེས་སོགས་བྱང་ཆོག།

From Khyentse Lineage - A Tsadra Foundation Project
JKCL-KABUM-06-CHA-034
Wylie title dkyus kyi bzlas dmigs kyi 'phror la 'di ltar sbyor zhes sogs byang chog JKCL-KABUM-06-CHA-034.pdf
Location chos kyi blo gros bka' 'bum
Volume 6, Text 34, Pages 439-441 (Folios 1a1 to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön ཀློང་གསལ་སྙིང་པོ་ (klong gsal snying po)
Citation 'jam dbyangs mkhyen brtse chos kyi blo gros. dkyus kyi bzlas dmigs kyi 'phror la 'di ltar sbyor zhes sogs byang chog. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 439-441. Bir, H.P.: Khyentse Labrang, 2012.
Genre Funerary Rituals - gnas lung - byang chog
Cycle ཀློང་གསལ་རྡོ་རྗེ་སྙིང་པོ་ (klong gsal rdo rje snying po)
Deity rdo rje mi 'khrugs pa

1 Texts in this Section (sde tshan or chos tshan)

[edit]
དཀྱུས་ཀྱི་བཟླས་དམིགས་ཀྱི་འཕྲོར་ལ་འདི་ལྟར་སྦྱོར། རང་ཉིད་དམ་ཡེ་དབྱེར་མེད་ཀྱི། །རིག་མདངས་ཆུ་ནང་ཟླ་གཟུགས་བཞིན། །དཀྱིལ་འཁོར་བུམ་པ་རྫས་རྣམས་ལ། །མ་འདྲེས་ཡོངས་རྫོགས་སོ་སོར་གསལ། །འོད་ཟེར་འཕྲོ་འདུས་ཐུགས་རྒྱུད་བསྐུལ། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །ཛཱབ་བཟླས་བི་ཛས་སོ།། །།༈ཁྲུས་བུམ་ཡིག་བརྒྱས་སྔར་ལྟར་བསྒྲུབ་པའམ། རྡོ་རྗེ་སེམས་དཔའི་བསྐྱེད་བཟླས་ཀྱིས་བསྒྲུབ། ཆོ་ག་དངོས་ནི། ཚེ་འདས་ཀྱི་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་གསང་གནས་སུ་དུ་ལྟེ་བར་ཏྲི་སྙིང་ཁར་པྲེ་རྣམས་ཀྱི་རྣམ་པར་གནས་པའི་སྟེང་དུ་སྦྱོང་བྱེད་རིག་པའི་ཡི་གེ་རྃ་ཡྃ་ཁྃ་གསུམ་རེ་གསལ་བར་གྱུར། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་གནས་གསུམ་གྱི་དུ་ཏྲི་པྲེ་རྣམས་བསྲེགས་གཏོར་སྦྱང་བར་གྱུར། རྃ་སྥ་ར་ཎ་ཕཊ། ཡྃ་སྥ་ར་ཎ་ཕཊ། ཁྃ་སྥ་ར་ཎ་ཕཊ། སྔགས་རེ་རེ་ལན་གསུམ་རེ་བཟླས། སློབ་དཔོན་གྱི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུྃ་ཨོཾ་སྭ་ཨྃ་ཧཱ། གཡོན་གྱི་སོར་མོ་ལྔ་ལ་ཟླ་པའི་དཀྱིལ་འཁོར་རེ་རེའི་སྟེང་དུ་མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་རྣམས་ཀྱིས་མཚན་པ་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར། ཨོཾ་སུ་ར་ཏི་སྟྭྃ། ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི། ཞེས་སོར་མོ་བསྣོལ། བཛྲ་བྷནྡྷ་བྃ་ཞེས་བསྡོམ་པས། རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་གྱུར། ཅེས་བསམ་ལ། བདེན་པའི་སྟོབས་བརྗོད་པ་ནི། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱིས་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ལྷ་འདི་ཞེས་བྱ་བའི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙེན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རིགས་ཀྱི་བུ་འདིའི་ཉོན་མོངས་པ་དུག་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ན་ར་ཀཔྲེ་ཏ་ཀཏིཪྻ་ཀཙཀྵུ་པྲ་བེ་ཤ་ཡ་ཕཊཿཅེས་བསྟོན་ཅིང་ཐལ་མོ་དཀྲུག་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་ངན་སོང་གསུམ་དུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱང་བར་གྱུར། དེ་ནས་སྔོན་ལས་ལ་འབྱོད་ཅིང་བཤགས་བསྡོམ་བགྱི་བསམ་ལ། ཀྱེ་མ་ཀྱེ་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་བཏབ། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། རང་གི་ཉམས་དང་ཟླས་ཉམས་ཀྱིས། །ངན་སོང་གནས་སུ་ལྷུང་བ་ལ། །སྐྱོབས་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཞེས་དབང་སྟེགས་སུ་དྲངས། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་དུན་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་དུན་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིཪྻ་ཀ་ག་ཏེ་ཧེ་དུན་ཧཱུྃ་ཕཊ། ཞེས་བཟླ་ཞིང་ཡུང་དཀར་གྱིས་བྲབ། ཁྲུས་བུམ་གྱིས་དབང་བསྐུར་ལ། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུག་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཅེས་དང་། ཡིག་བརྒྱ་བཟླ། ཨོཾ་ད་ཧ་ད་ཧ་སོགས་གོང་གི་སྔགས་གསུམ་པོ་བརྗོད། རིགས་ཀྱི་བུ་འདིའི་ཉོན་མོངས་པ་དུག་གསུམ་གྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་ཁྲུས་བྱའོ། །དགེའོ།། །།
[edit]

dkyus kyi bzlas dmigs kyi 'phror la 'di ltar sbyor/__rang nyid dam ye dbyer med kyi/__/rig mdangs chu nang zla gzugs bzhin/__/dkyil 'khor bum pa rdzas rnams la/__/ma 'dres yongs rdzogs so sor gsal/__/'od zer 'phro 'dus thugs rgyud bskul/__/don gnyis lhun gyis grub par mdzod/__/dzAb bzlas bi dzas so//___//!khrus bum yig brgyas sngar ltar bsgrub pa'am/__rdo rje sems dpa'i bskyed bzlas kyis bsgrub/__cho ga dngos ni/__tshe 'das kyi tshe rabs thog med nas bsags pa'i sdig sgrib thams cad gsang gnas su du lte bar tri snying khar pre rnams kyi rnam par gnas pa'i steng du sbyong byed rig pa'i yi ge ra~M ya~M kha~M gsum re gsal bar gyur/__slob dpon gyi thugs ka nas 'phros pa'i 'od zer gyis 'byung ba'i yi ge gsum bskul/__ye shes kyi me rlung chur gyur pas gnas gsum gyi du tri pre rnams bsregs gtor sbyang bar gyur/__ra~M s+pha ra Na phaT/__ya~M s+pha ra Na phaT/__kha~M s+pha ra Na phaT/__sngags re re lan gsum re bzlas/__slob dpon gyi lag pa g.yas kyi sor mo lnga la nyi ma'i dkyil 'khor re re'i steng du hU~M oM swa a~M hA/__g.yon gyi sor mo lnga la zla pa'i dkyil 'khor re re'i steng du mU~M lA~M mA~M pA~M tA~M rnams kyis mtshan pa rnams rigs lnga yab yum bcur gyur/__oM su ra ti s+t+wa~M/__zhes thal mo sbyar/__badz+ra any+dza li/__zhes sor mo bsnol/__badz+ra b+han+d+ha ba~M zhes bsdom pas/__rigs lnga yab yum mnyam par sbyor bar gyur/__ces bsam la/__bden pa'i stobs brjod pa ni/__na mo/__dkon mchog gsum la phyag 'tshal lo/__/dkon mchog gsum gyis bka' bden pa dang /__chos nyid rnam par dag pa'i bden pa dang /__chos can rgyu 'bras bslu ba med pa'i bden pa dang /__lha 'di zhes bya ba'i bden pa dang /__sprul pa yang sprul phyag brnyen dang bcas pa rnams kyi bden pa dang /__bden pa chen po'i byin rlabs kyis rigs kyi bu 'di'i nyon mongs pa dug gsum gyi sgo nas bsags pa'i sdig sgrib thams cad na ra kapre ta katiR+Ya katsak+Shu pra be sha ya phaTaHces bston cing thal mo dkrug pas/__slob dpon gyi thugs ka dang rigs lnga'i sbyor mtshams nas 'od zer 'phros pas ngan song gsum du skye ba'i sa bon bag chags dang bcas pa sbyang bar gyur/__de nas sngon las la 'byod cing bshags bsdom bgyi bsam la/__kye ma kye hud rdo rje 'dzin/__/'gro mgon thugs rjes bdag skyobs shig__/dbang mchog rgyal po bsgrag tu gsol/__/slad nas mi 'chab mi sbed do/__/zhes gsol ba btab/__bu 'dir shog cig rigs kyi bu/__rang gi nyams dang zlas nyams kyis/__/ngan song gnas su lhung ba la/__/skyobs phyir dbang mchog sbyin par bya/__/zhes dbang stegs su drangs/__oM da ha da ha sarba na ra ka ga te he dun hU~M phaT/__oM pa tsa pa tsa sarba pre ta ka ga te he dun hU~M phaT/__oM ma tha ma tha sarba tiR+Ya ka ga te he dun hU~M phaT/__zhes bzla zhing yung dkar gyis brab/__khrus bum gyis dbang bskur la/__til gyi gang bu bzhin gang ba'i/__/rgyal bas bum pa bzung nas ni/__/'di nyid du ni blug mdzad pas/__/bag chags ma lus dag gyur cig__/ces dang /__yig brgya bzla/__oM da ha da ha sogs gong gi sngags gsum po brjod/__rigs kyi bu 'di'i nyon mongs pa dug gsum gyi sgo nas bsags pa'i sdig pa dang sgrib pa thams cad shan+tiM ku ru swA hA/__zhes brjod cing khrus bya'o/__/dge'o//___//

Footnotes

Other Information