ཨོཾ་སྭསྟི། །བྱང་ཆུབ་སེམས་དཔའ་རིན་ཆེན་མང་སོགས་ཛཾ་སེར་སྦྱིན་སྲེག།

From Khyentse Lineage - A Tsadra Foundation Project
Wylie title oM swasti/ /byang chub sems dpa' rin chen mang sogs dzaM ser sbyin sreg JKCL-KABUM-06-CHA-021.pdf
Location chos kyi blo gros bka' 'bum
Volume 6, Text 21, Pages 325-329 (Folios 1a1 to 3a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. oM swasti byang chub sems dpa' rin chen mang sogs dzaM ser sbyin sreg. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 325-329. Bir, H.P.: Khyentse Labrang, 2012.
Genre Fire Offerings - sbyin sreg
Deity dzaM ser
Colophon

།ཅེས་ཆོས་རྗེ་དམ་པ་རིན་པོ་ཆེས་མཛད་པའི་རྣམ་སྲས་ཀྱི་རྒྱས་སྦྱིན་ངག་འདོན་ཁྲིགས་སུ་བསྡེབ་པ་འདིའང་ཆོས་ཀྱི་བློ་གྲོས་པས་བྲིས་པའོ།།

/ces chos rje dam pa rin po ches mdzad pa'i rnam sras kyi rgyas sbyin ngag 'don khrigs su bsdeb pa 'di'ang chos kyi blo gros pas bris pa'o//

1 Texts in this Section (sde tshan or chos tshan)

[edit]
ཨོཾ་སྭསྟི། །བྱང་ཆུབ་སེམས་དཔའ་རིན་ཆེན་མང་། །གནོད་སྦྱིན་དབང་བའི་སྐུར་བསྟན་པ། །ས་བརྒྱད་སེམས་དཔའ་ངལ་བསོས་པོར། །བཏུད་ནས་སྲེག་བླུག་ཆོ་ག་སྤེལ། །དེ་ལའང་དོན་གསུམ་སྟེ། སྦྱོར་དངོས་རྗེས་ཀྱི་རིམ་པའོ། །དང་པོ་ལ་གང་དུ་བྱ་བའི་གཞི་དེར་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་གཞི་བདག་ལ་གཏོར་མ་བསྔོ་ཞིང་། རྡོ་རྗེ་བཅས་ཀྱི་ལག་བ་གཡས་པ་ས་ལ་བཞག་སྟེ་བདག་པོའི་སྔགས་ཀྱིས་སྦྱང་བ་ཀུན་རྫོབ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་པའི་སྦྱངས་བ་ཙམ་བྱས་རྗེས་བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ་ཐབ་ཁུང་གྲུ་བཞི་རྒྱར་ཁྲུ་དོ་དཔང་སུ་ཁྲུ་གང་བ་ཐབ་ཀྱི་སྲིད་དུ་མུ་རན་ནམ་མཆུ་སོར་བརྒྱད་དོར་བའི་རྒྱ་དཔངས་སོར་བརྒྱད་པའི་ཁ་ཁྱེར་སོགས་ཀྱིས་གཞལ་བའི་ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བ་མུ་རན་ལ་མེ་རི་གཡས་བསྐོར་ཐབ་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་རྒྱལ་མཚན་དང་ནེ་ལེའི་ཚོན་སྤུང་སེར་པོ། ཕྱོགས་མཚམས་བརྒྱད་དུ་ཚོན་སྤུང་སེར་པོ་རེ་རེ་བཀོད། དེ་ཡང་ཐིག་ཆེན་སྤྱི་ལྟར་བཏབ་པའི་དབུས་ནས་ལོགས་ངོས་སུ་ཁྲུ་རེ་གཞལ་བའི་བར་གྲུ་བཞི་པར་བཅད་པའི་ཕྱི་རོལ་དུ་སོ་བརྒྱད་པའི་མཆུ་དང་ཁ་ཁྱེར་གྱིས་བསྐོར། མུ་རན་ལ་ནོར་འཛིན་པ་ཊ་མེས་མཚོན་པའི་རི་མོ་གཡས་བསྐོར་དང་། དེ་ཡི་ཕྱི་ཁ་ཁྱེར་ལ་ནོར་ཕྲེང་བསྐོར་ཞིང་ཚོན་གཞི་ཁ་དོག་སེར་པོ་བཅད་ཚོན་ངུར་སྨྲིག་བྱ། གཡས་ངོས་ཀྱི་སྟེགས་བུར་བསྲེག་རྫས་ཡམ་ཤིང་འབྲས་བུ་ཅན་གྱི་ཤིང་ལ་མངར་གསུམ་དང་མར་ཁུས་བྱུག་པ། ཞོ་ཟན། འབྲས། སོ་བ། ནས། སྲན་དཀར། གྲོ། དུཪྺ། ཀུ་ཤ། དུག་རིགས་མ་ཡིན་པའི་སྨན་སྣ། རིན་ཆེན་ཕྱེ་མ། དཀར་གསུམ་གྱི་ཟས་སྣ། དར་ཟབ་སོགས་སྣོད་གཅིག་ཏུ་སུང་ལ། འབུལ་གཏོར་རྩི་སེར་པོ། གོས་ཟུང་སེར་པོ་སོ་རྩི། རླུང་གཡབ་རྣམས་བཤམས། གཡོན་ངོས་སུ་སྟེགས་བུར། ཡི་དམ་གང་ལ་བརྟེན་པའི་གཏོར་མ། སྨན་རཀ། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཤམས། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་དགོངས་བླུགས་དང་རྒྱན་གོས་སེར་པོ་བྱའོ། །གཉིས་པ་ལ། བདག་གི་རྣལ་འབྱོར། ཕྱག་རྡོར་ཞི་དྲག་གི་བདག་བསྐྱེད་སྔོན་དུ་འགྲོ་བས། བདུད་རྩི་འཁྱིལ་པའི་སྔགས་ལན་ཉེར་གཅིག་གིས་བསངས་ཆུ་བསྒྲུབ། །ཨོཾ་མ་ཧ་བཛྲ་ཧཱུྃ། ཞེས་ལག་གཡས་ཀྱི་རྡོ་རྗེ་ཐུགས་དཀར་གསོལ། ཨོཾ་བཛྲ་གཎྜེ་ཨཿལག་གཡོན་ཀྱི་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧ་ཨ་ནུ་ར་ག་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅ཧཾ། ཐུགས་དཀར་འཁྱུད་རྒྱ་བྱ་བས་རྡོར་དྲིལ་བྱིན་གྱིས་བརླབས། །བསངས་ཆུ་འཐོར་ཞིང་། ཨོཾ་ཨ་མྲྀ་ཏས་བསངས། སྟོང་པའི་ངང་ལས་མཆོད་རྫས་དང་བསྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་དངོས་པོ་ལས་ཐམས་ཅད་ཐོགས་པ་མེད་པར་བསྐུལ་ཞིང་ལྷ་ཚོགས་རྣམས་དགྱེས་པ་བསྐང་བའི་ནུས་ལྡན་དུ་གྱུར། ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿལན་བདུན་བརྗོད་པས་མཆོད་སྲེག་རྫས་རྣམས་བྱིན་རླབས། ཨོཾ་བཛྲ་ཛྭ་ལ་རྃ་གྱི་ཐབ་ཀྱི་ཤར་སྒོ་ནས་མེ་སྦར། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། མར་ཁུ་བླུག་གཟར་གང་གིས་མེ་གསོ། ཧཱུྃ་ཧཱུྃ་ཧཱུྃ། གིས་རླུང་གཡབ། ཐབ་ལ་བསང་ཆུ་འཐོར་ཞིང་། ཨོཾ་ཨ་མྲྀ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས། མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རྒྱས་པའི་ཐབ་ཁུང་སེར་པོ་གྲུ་བཞི་པ་དང་ཁ་ཁྱེར་དང་མུ་རན་ལ་ནོར་བུའི་ཕྲེང་བས་བསྐོར་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ༈རིན་པོ་ཆེའི་སྣོད༴སོགས་ནས། བརྟན་པར་བཞུགས་སུ་གསོལ། བར། བྱོན་སྐྱེམས་འབུལ་བ་ནི། ཧཱུྃ། དགོངས་བླུགས་དཀྱིལ་འཁོར་མ་ལུས་པའི། །ཞལ་གྱི་ངོ་བོ་རྣམ་དག་ཅིང་། །རིན་ཆེན་ལྗངས་སྟེང་བྷེ་སེར་པོ། །བསྲེག་རྫས་བདུད་རྩི་རྒྱུན་དྲངས་ནས། །རྒྱལ་ཆེན་འཁོར་བཅས་རབ་མཉེས་ཤིང་། །འོད་ཟེར་ནོར་བུའི་སྤྲིན་ཆེན་འཁྲིགས། །འདོད་རྒུའི་དངོས་གྲུབ་ཐོབ་པར་གྱུར། ཨོཾ་བེ་ཤྲ་མ་སོགས། བདུན་ཚན་གསུམ་གྱིས་བྱོན་སྐྱེམས་ཕུལ། མཚམས་རྣམས་སུ་འདོད་གསོལ་ནི། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཟས་ནོར་ལོང་སྤྱོད་སྙན་དང་གྲགས་པ་ཁ་རྗེ་དབང་ཐང་དཔལ་དང་གཟི་བརྗིད་ཡེ་ཤེས་ཡོན་ཏན་སོགས་ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། སརྦ་བ་སུ་སིདྡྷི་པཱུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་གདགས། དེ་ནས་རང་གཞུང་གི་མཆོད་བསྐང་། ཁྱེད་ལ་མཆོད་པ་སོགས། ས་མ་ཡ་བར། དེ་ནས་དགོངས་བླུགས་བཟུང་། ཧཱུྃ། དགོངས་བླུགས་སོགས་སྔར་བཞིན་བྱས་ལ། བརྒྱ་རྩ་སོགས། བར་མཚམས་རྣམས་སུ་འདོད་གསོལ་དེ་བཞིན་དུ་རང་སྔགས་ཁོ་ནས་ཡམ་ཤིང་དང་རྫས་སྤུང་སོགས་བརྒྱ་སྟོང་སྐབས་བསྟུན་འབུལ་ཞིང་། བར་མཚམས་དུ་སྤེལ་ཚིག་བྱ། གྲངས་རྫོགས་མཐར། གསུམ་པ་རྗེས་ཀྱི་རིམ་པ་ལ། སླར་ཡང་མཆོད་བསྐང་དང་། བཻ། ས་བརྒྱད་དབང་ཕྱུག་སེམས་དཔའ་རིན་ཆེན་མང་། །ནམ་མཁའི་མཛོད་མངའ་དབུལ་བའི་གདུང་བ་སེལ། །ཡིད་བཞིན་འདོད་རྒུའི་ཆར་འབེབས་དཔག་བསམ་ཤིང་། །རྣམ་མང་ཐོས་སྲས་ངལ་བསོས་པོ་ལ་བསྟོད། ཅེས་ཤྭ་ལོ་ཀ་གཅིག་དང་། བསྟོད་པར་འོས་པ༴སོགས་ཀྱིས་བསྟོད། གཤེགས་སྐྱེམས་འབུལ་བ་ལ། ཧཱུྃ། དགོངས་བླུགས༴སོགས་ཀྱིས་མར་ཁུ་བདུན་ཚན་གཅིག་གམ་གསུམ་འབུལ། ཨོཾ་བཛྲ་ཝསྟྲ་ཡ་ཧཱ་སྭཱ་ཧཱ། ཞེས་གོས་ཟུང་དང་། ཨོཾ་བཛྲ་ཏམྦུ་ལ་ཡ་སྭཱ་ཧཱ། ཞེས་སོ་རྩི་འབུལ། གཏོར་མ་འབུལ་བ་ནི། བསང་ཆུས་བྲན་ལ། གཏོར་གཞོང་རཏྣའི་གཞལ་ཡས་སུ། །གཏོར་མ་འདོད་ཡོན་ཕུང་པོར་སྤུང་། ཨོཾ་ཨཱཿ ཧཱུྃ། ལན་གསུམ། རང་སྔགས་ཀྱི་མཐར། ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་མམ་བདུན་གྱིས་ཕུལ། ཕོ་ཉའི་མགོན་པོ་རྒྱལ་པོ་ཆེན་པོ༴སོགས་ནས། མཛོད་ཅིག །ཅེས་པས་ཕྲིན་ལས་བཅོལ། བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །ཐུགས་དམ་དུས་ལ་བབ་སོ་ས་མ་ཡ། བར་གྱི་འདོད་དོན་གསོལ། མ་རྙེད་ཡོངས་སུ་སོགས་དང་། ཡིག་བརྒྱ་ལན་གསུམ་གྱིས་བཟོད་པར་གསོལ། ཁྱེད་ཀྱི་སེམས་ཅན་སོགས་ནས། བཛྲ་མུཿཐབས་ཀྱི་ཡེ་ཤེས་པའི་རྒྱལ་ཆེན་འཁོར་བཅས་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར། །ཅེས་བརྗོད་ཅིང་ཐལ་བ་ཅུང་ཟད་བླངས་ལ་ལྟེ་བར་བྱུག །ཐམས་ཅད་ནམ་མཁའི་མཛོད་སོགས་དང་། འཇིག་རྟེན་བདེ་ཞིང་ལོ༴སོགས། འགལ་རྐྱེན་རྩད་ཆོད༴སོགས་བསྔོ་སྨོན་ཅི་རིགས་པ་དང་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་སོགས་བཀྲ་ཤིས་བརྗོད་པས་དགེ་ལེགས་སུ་བྱའོ། །འདི་དགེས་མཁའ་མཉམ་སེམས་ཅན་ཀུན། །ནམ་མཁའ་མཛོད་ལ་དབང་བསྒྱུར་ནས། །ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་སྟེ། །སྦྱིན་པའི་ཕར་ཕྱིན་ཡོངས་རྫོགས་ཤོག །ཅེས་ཆོས་རྗེ་དམ་པ་རིན་པོ་ཆེས་མཛད་པའི་རྣམ་སྲས་ཀྱི་རྒྱས་སྦྱིན་ངག་འདོན་ཁྲིགས་སུ་བསྡེབ་པ་འདིའང་ཆོས་ཀྱི་བློ་གྲོས་པས་བྲིས་པའོ།། །།
[edit]

oM swasti/__/byang chub sems dpa' rin chen mang /__/gnod sbyin dbang ba'i skur bstan pa/__/sa brgyad sems dpa' ngal bsos por/__/btud nas sreg blug cho ga spel/__/de la'ang don gsum ste/__sbyor dngos rjes kyi rim pa'o/__/dang po la gang du bya ba'i gzhi der bdag gi rnal 'byor sngon du 'gro bas gzhi bdag la gtor ma bsngo zhing /__rdo rje bcas kyi lag ba g.yas pa sa la bzhag ste bdag po'i sngags kyis sbyang ba kun rdzob dang /__chos thams cad stong pa nyid du mos pa don dam pa'i sbyangs ba tsam byas rjes bkra shis pa'i sa la stegs bu gru bzhi khod snyoms par byas pa'i steng du thab khung gru bzhi rgyar khru do dpang su khru gang ba thab kyi srid du mu ran nam mchu sor brgyad dor ba'i rgya dpangs sor brgyad pa'i kha khyer sogs kyis gzhal ba'i kha khyer la rin po che'i phreng ba mu ran la me ri g.yas bskor thab dbus su pad+ma 'dab ma brgyad pa'i lte bar rgyal mtshan dang ne le'i tshon spung ser po/__phyogs mtshams brgyad du tshon spung ser po re re bkod/__de yang thig chen spyi ltar btab pa'i dbus nas logs ngos su khru re gzhal ba'i bar gru bzhi par bcad pa'i phyi rol du so brgyad pa'i mchu dang kha khyer gyis bskor/__mu ran la nor 'dzin pa Ta mes mtshon pa'i ri mo g.yas bskor dang /__de yi phyi kha khyer la nor phreng bskor zhing tshon gzhi kha dog ser po bcad tshon ngur smrig bya/__g.yas ngos kyi stegs bur bsreg rdzas yam shing 'bras bu can gyi shing la mngar gsum dang mar khus byug pa/__zho zan/__'bras/__so ba/__nas/__sran dkar/__gro/__duR+Wa/__ku sha/__dug rigs ma yin pa'i sman sna/__rin chen phye ma/__dkar gsum gyi zas sna/__dar zab sogs snod gcig tu sung la/__'bul gtor rtsi ser po/__gos zung ser po so rtsi/__rlung g.yab rnams bshams/__g.yon ngos su stegs bur/__yi dam gang la brten pa'i gtor ma/__sman raka/__chu gnyis sngon 'gro'i nyer spyod bshams/__slob dpon gyi mdun du rdor dril dgongs blugs dang rgyan gos ser po bya'o/__/gnyis pa la/__bdag gi rnal 'byor/__phyag rdor zhi drag gi bdag bskyed sngon du 'gro bas/__bdud rtsi 'khyil pa'i sngags lan nyer gcig gis bsangs chu bsgrub/__/oM ma ha badz+ra hU~M/__zhes lag g.yas kyi rdo rje thugs dkar gsol/__oM badz+ra gaN+De aHlag g.yon kyi dril bu dkrol zhing dkur brten/__/oM sarba ta thA ga ta ma ha a nu ra ga badz+ra swA b+ha wa at+ma ko\u0f85haM/__thugs dkar 'khyud rgya bya bas rdor dril byin gyis brlabs/__/bsangs chu 'thor zhing /__oM a mr-i tas bsangs/__stong pa'i ngang las mchod rdzas dang bsreg rdzas rnams rang rang gi ming yig dang po thig les brgyan pa las byung ba'i bdud rtsi'i dngos po las thams cad thogs pa med par bskul zhing lha tshogs rnams dgyes pa bskang ba'i nus ldan du gyur/__oM AH_hU~M ha ho hrIHlan bdun brjod pas mchod sreg rdzas rnams byin rlabs/__oM badz+ra dz+wa la ra~M gyi thab kyi shar sgo nas me sbar/__oM ag+ne ye swA hA/__mar khu blug gzar gang gis me gso/__hU~M hU~M hU~M/__gis rlung g.yab/__thab la bsang chu 'thor zhing /__oM a mr-i tas bsangs/__swA b+hA was sbyangs/__me thab mi dmigs pa stong pa nyid du gyur/__stong pa'i ngang las rgyas pa'i thab khung ser po gru bzhi pa dang kha khyer dang mu ran la nor bu'i phreng bas bskor ba tshad dang mtshan nyid thams cad yongs su rdzogs pa'i dbus su/__!rin po che'i snod=sogs nas/__brtan par bzhugs su gsol/__bar/__byon skyems 'bul ba ni/__hU~M/__dgongs blugs dkyil 'khor ma lus pa'i/__/zhal gyi ngo bo rnam dag cing /__/rin chen ljangs steng b+he ser po/__/bsreg rdzas bdud rtsi rgyun drangs nas/__/rgyal chen 'khor bcas rab mnyes shing /__/'od zer nor bu'i sprin chen 'khrigs/__/'dod rgu'i dngos grub thob par gyur/__oM be shra ma sogs/__bdun tshan gsum gyis byon skyems phul/__mtshams rnams su 'dod gsol ni/__bdag cag dpon slob yon mchod 'khor dang bcas pa'i tshe dang bsod nams dpal dang 'byor pa zas nor long spyod snyan dang grags pa kha rje dbang thang dpal dang gzi brjid ye shes yon tan sogs legs pa'i yon tan thams cad gong nas gong du 'phel zhing rgyas par mdzad du gsol/__sarba ba su sid+d+hi pUSh+TiM ku ru swA hA/__zhes pas gdags/__de nas rang gzhung gi mchod bskang /__khyed la mchod pa sogs/__sa ma ya bar/__de nas dgongs blugs bzung /__hU~M/__dgongs blugs sogs sngar bzhin byas la/__brgya rtsa sogs/__bar mtshams rnams su 'dod gsol de bzhin du rang sngags kho nas yam shing dang rdzas spung sogs brgya stong skabs bstun 'bul zhing /__bar mtshams du spel tshig bya/__grangs rdzogs mthar/__gsum pa rjes kyi rim pa la/__slar yang mchod bskang dang /__bai/__sa brgyad dbang phyug sems dpa' rin chen mang /__/nam mkha'i mdzod mnga' dbul ba'i gdung ba sel/__/yid bzhin 'dod rgu'i char 'bebs dpag bsam shing /__/rnam mang thos sras ngal bsos po la bstod/__ces shwa lo ka gcig dang /__bstod par 'os pa=sogs kyis bstod/__gshegs skyems 'bul ba la/__hU~M/__dgongs blugs=sogs kyis mar khu bdun tshan gcig gam gsum 'bul/__oM badz+ra was+t+ra ya hA swA hA/__zhes gos zung dang /__oM badz+ra tam+bu la ya swA hA/__zhes so rtsi 'bul/__gtor ma 'bul ba ni/__bsang chus bran la/__gtor gzhong rat+na'i gzhal yas su/__/gtor ma 'dod yon phung por spung /__oM AH_hU~M/__lan gsum/__rang sngags kyi mthar/__i daM ba ling ta kha kha khA hi khA hi/__btags pa lan gsum mam bdun gyis phul/__pho nya'i mgon po rgyal po chen po=sogs nas/__mdzod cig__/ces pas phrin las bcol/__bdag cag rnal 'byor sgrub pa po/__/thugs dam dus la bab so sa ma ya/__bar gyi 'dod don gsol/__ma rnyed yongs su sogs dang /__yig brgya lan gsum gyis bzod par gsol/__khyed kyi sems can sogs nas/__badz+ra muHthabs kyi ye shes pa'i rgyal chen 'khor bcas rang gnas su gshegs/__dam tshig pa 'bar ba'i rnam par gyur/__/ces brjod cing thal ba cung zad blangs la lte bar byug__/thams cad nam mkha'i mdzod sogs dang /__'jig rten bde zhing lo=sogs/__'gal rkyen rtsad chod=sogs bsngo smon ci rigs pa dang zhal nas gsungs pa'i tshigs su bcad pa sogs bkra shis brjod pas dge legs su bya'o/__/'di dges mkha' mnyam sems can kun/__/nam mkha' mdzod la dbang bsgyur nas/__/kun mkhyen ye shes mchog thob ste/__/sbyin pa'i phar phyin yongs rdzogs shog__/ces chos rje dam pa rin po ches mdzad pa'i rnam sras kyi rgyas sbyin ngag 'don khrigs su bsdeb pa 'di'ang chos kyi blo gros pas bris pa'o//___//

Footnotes

Other Information