བཀའ་བརྒྱད་བདུད་རྩི་སྨན་སྒྲུབ་ལ་མཁོ་བའི་དངོས་གྲུབ་ལེན་ཆོག་གི་སྟོང་ཐུན།

From Khyentse Lineage - A Tsadra Foundation Project
JKCL-KABUM-05-CA-057
Wylie title bka' brgyad bdud rtsi sman sgrub la mkho ba'i dngos grub len chog gi stong thun JKCL-KABUM-05-CA-057.pdf
Location chos kyi blo gros bka' 'bum
Volume 5, Text 57, Pages 675-710 (Folios 1a1 to 18b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bka' brgyad bdud rtsi sman sgrub la mkho ba'i dngos grub len chog gi stong thun. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 675-710. Bir, H.P.: Khyentse Labrang, 2012.
Genre Medicinal Pills - Making and Activating Practices - sman sgrub  ·  Sadhanas - Evocation Ritual - sgrub thabs
Deity bka' brgyad

1 Texts in this Section (sde tshan or chos tshan)

[edit]
༄༅། །བཀའ་བརྒྱད་བདུད་རྩི་སྨན་སྒྲུབ་ལ་མཁོ་བའི་དངོས་གྲུབ་ལེན་ཆོག་གི་སྟོང་ཐུན་བཞུགས་སོ། ། འོ་སྐལ་བ་དང་ལྡན་པའི་རྡོ་རྗེའི་འདུས་པ་རྒྱ་མཚོའི་ཚོགས་རྣམས་སྤྱིར་ཆོས་ཐམས་ཅད་ཀྱི་གཞི་རྟེན་ཐེག་ཆེན་བྱང་ཆུབ་སེམས་ཀྱིས་ཀུན་སློང་རྣམ་པར་དག་པས་གཞིར་བཟུང་། ཁྱད་པར་སྣང་སྲིད་དག་པ་རབ་འབྱམས་ཀྱི་འཁོར་ལོ་ཆེན་པོ་བྱ་རྩོལ་བློ་འདས་གཞི་དབྱིངས་རིག་སྟོང་ཁྱབ་བརྡལ་ཆེན་པོའི་ངང་ནས་མ་ཡེངས་པ་ལེགས་པར་གསན་འཚལ། དེ་ལ་གང་ཞིག་གསན་པར་བྱ་བ་ནི། རྒྱལ་བ་རྣམས་ཀྱིས་སེམས་ཅན་གྱི་བློ་དང་བསམ་པ་དང་། བག་ལ་ཉལ་དང་རྗེས་སུ་མཐུན་པར་ཆོས་ཀྱི་རྣམ་གྲངས་ཐུག་པ་མེད་པ་ཞིག་བཀའ་སྩལ་པ་ཡིན་ཏེ་ཇི་སྲིད་སེམས་ཀྱིས་འཇུག་པ་མ་ཟད་བར། དེ་སྲིད་ཐེག་པའི་མཐའ་ལ་ཐུག་པ་མེད་ཞེས་པ་ལྟར་ཡིན་ལ། དེ་དག་ཀྱང་རིས་དང་ཕྱོགས་སུ་བསྡུ་ན། ཐེག་པའི་རིམ་པ་དགུར་དབྱེ་བ་ཡོད་དེ། ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་སྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་པ་ལྟར། ཐེག་པ་གསུམ། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། གསང་དབང་བསྒྱུར་ཐབས་ཀྱི་ཐེག་པ་དང་གསུམ་སྟེ། དབྱེ་བ་དེ་རྣམས་ཀྱང་། འོག་མ་འོག་མ་ལས། གོང་མ་གོང་མས་སྔགས་དང་ཆོ་ག་ཐབས་ཏིང་ངེ་འཛིན་རྣམས་ཁྱད་པར་དུ་འཕགས་ལ། རིམ་པ་དགུ་པོ་དེ་དག་རིམ་པ་གསུམ་དུ་བསྡུ་བ་ཡང་རུང་སྟེ། བདུད་རྩི་བམ་བརྒྱད་ལས། བསམ་གྱིས་མི་ཁྱབ་བསྟན་པ་དང་། བརྒྱད་ཁྲི་བཞི་སྟོང་རྣམ་གྲངས་ཀྱང་ཐེག་པའི་སྒོ་ནི་གསུམ་དུ་འདུས། ཞེས་བཤད་པས། དེ་ཡང་ཉན་རང་གི་ཐེག་པ་ནི་མྱང་འདས་ཀྱི་ལམ་དང་འབྲས་བུ་རྫོགས་པ་མ་ཡིན་སྟེ། ལམ་གྱི་གནད་ཉུང་ཞིང་ཆོད་ཆུང་བས་འབྲས་བུ་ཐར་པའི་ཆ་གཅིག་ཙམ་ཐོབ་པ་ལས་མེད་ཅིང་མཐར་ཐུག་གི་ཐེག་པ་ཆེན་པོ་ལ་གཟོད་གཞོལ་དགོས་པའི་ཕྱིར་དགོས་པའི་དབང་གིས་དེ་ལྟར་གསུངས་ཀྱང་། དོན་དུ་སྔ་མ་གཉིས་པོ། ཐེག་ཆེན་གྱི་ལམ་ཁོ་ནར་འདུ་ལ། དེ་ལ་ཡང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས། རྒྱུ་ཡི་ཐེག་པར་ནི་འབྲས་བུ་མཐར་ཐུག་བགྲོད་བྱེད་ལམ་རྫོགས་པར་མི་འབྱུང་བས་དང་པོར་འཇུག་པའི་སྒོ་དང་། ལམ་མ་ལུས་པ་རྫོགས་པར་སྟོན་པ་ནི་རྡོ་རྗེ་ཐེག་པ་ཁོ་ནར་ངེས་པ་སྟེ། གོང་བཤད་ལྟར་སྔ་མའི་ལམ་དང་འབྲས་བུ་རྣམ་པ་ཐམས་ཅད་ངོ་བོ་མི་འགལ། ཡོན་ཏན་ཡར་ལྡན་གྱི་ཚུལ་དུ། ཕྱི་མར་ཚང་ཞིང་། ཕྱི་མར་རང་གི་ཐུན་མོང་མ་ཡིན་པ་རྣམས་སྔ་མར་མེད་པའི་ཁྱད་ཆོས་ཡིན་པས་དོན་གྱིས་སྒོ་ནས་མཐར་ཐུག་འབྲས་བུ་ཐེག་པ་གཅིག་ཏུ་འདུས་པར་བསྟན་ཏེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟེན་པ་པོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་གྱི་མཐར་ཐུག་པ་ཡིན་ལ། རྒྱུ་མཚན་དེས་ན། རང་ཅག་རྣམས་རྙེད་པར་དཀའ་བའི་མཚན་ལྡན་གྱི་མི་ལུས་རིན་པོ་ཆེ་མི་ཁོམ་པའི་གནས་བརྒྱད་དང་བྲལ་ཞིང་འབྱོར་པ་བཅུ་ཚང་བ་ཡིད་བཞིན་གྱི་ནོར་བུ་དང་མཚུངས་ཏེ། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས། ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་པ་དོན་ཆེ་ཡིད་བཞིན་ནོར་དང་མཚུངས། །ཞེས་སོགས། ཤཱཀྱའི་བསྟན་དང་བསྟན་འཛིན་རྣམས་ཀྱི་མདོ་རྒྱུད་བསྟན་བཅོས་ཀུན་ནས་རྒྱ་ཆེར་གསུངས་པ་ལྟར་ལགས་ཤིང་། དལ་འབྱོར་དེ་ཐོབ་པ་ཙམ་གྱིས་མི་ཆོག་སྙིང་པོ་ལེན་པའི་ཐབས་ལ་འབད་དགོས། ལེན་པའི་ཚུལ་ཚེ་འདི་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མི་བཏང་བར། ཕྱི་མའི་དོན་གཙོ་བོར་བསྟེན་ནས་ཆོས་རྣམ་དག་ཞིག་འགྲུབ་པ་གལ་ཆེ། ཆོས་དེ་ཡང་འཁྲུལ་པ་དང་བྲལ་བ་ཞིག་ཉམས་སུ་ལེན་དགོས་ཏེ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་པ་ལྟར། སྟོན་པའི་གསུངས། རྒྱ་བོད་མཁས་གྲུབ་ཀྱིས་བཀྲལ། རིག་འཛིན་བྱང་ཆུབ་སེམས་དཔའི་བྱིན་བརླབ་ཀྱི་བརྒྱུད་པ་དང་ལྡན་པ་ཞིག་ལས། ཁུངས་དང་མ་འབྲེལ་བའི་རྟོག་གེའི་ཚིག་ཉོན་མོངས་འཕེལ་བར་བྱེད་པའི་ཆོས་དག་ནི། མུ་སྟེགས་ཀྱི་ལམ་ལ་ཞུགས་པ་དག་གིས་བྲམ་ཟེའི་རིག་བྱེད་བཏོན་པ་ལྟ་བུ་ལས། ཕན་གནོད་གང་ཡང་སྟེར་མི་ནུས་ཞིང་། དེས་ན་ད་ལན་སྐབས་སུ་བབ་པའི་ཆོས་འདི་ནི། སྤྱིར་གུ་ཧྱ་ཞེས་པའི་སྒྲ་ལས་དྲངས་ནས་གསང་བ་ལ་འཇུག་སྟེ། ལྷ་དང་སྙིང་པོ་སྔགས་ཀྱིས་རིམ་པ་དག །དབང་མ་ཐོབ་པའི་སྣོད་མིན་ལ་གབ་ཅིང་། སྣོད་ལྡན་རྣམས་ལ་གསང་སྟེ་སྟོན་པས་དམ་ཚིག་མ་ཉམས་ན་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པས་དེ་ལྟར་གྲགས་ལ། དེ་ལ་ཡང་། རྒྱ་གར་འཕགས་པའི་ཡུལ་ན་གསར་རྙིང་ཞེས་པའི་དབྱེ་བ་མེད་ཀྱང་། གངས་ཅན་གྱི་ལྗོངས་སུ་བསྟན་པ་བབ་ལུགས་དང་། མདོ་རྒྱུད་ཀྱི་འགྱུར་མགོ་ཚུལ་སྔ་ཕྱི་ལས། གསར་རྙིང་གཉིས་སུ་གྲགས་ཤིང་། དེ་གཉིས་ཀའི་བླ་མེད་ཀྱི་རྒྱུད་རྣམས་ནི་ཚེ་གཅིག་ལ་མཆོག་གི་དངོས་གྲུབ་སྟེར་ནུས་པ་ཅན་གྱི་རང་བཞིན་ཡིན་ལ་སྒྲུབ་སྡེ་ཆེན་པོ་འདི་ནི་ཕྱོགས་གང་དུ་གཏོགས་ན། དཔལ་རོང་ཟོམ་ཞབས་ཀྱིས་ཆེ་བ་དྲུག་ལྡན་གྱིས་ཁྱད་པར་འཕགས་པ་གསང་ཆེན་རྙིང་མ་ཞེས་བསྔགས་པའི་མེ་ཏོག་འཐོར་ཞིང་། གཞན་ཡང་གངས་ལྗོངས་སུ་ཤིང་རྟ་བརྒྱད་ཀྱིས་བཀའ་སྲོལ་བྱོན་པ་ཀུན་གྱི་སློབ་དཔོན། ཡོངས་སུ་གྲགས་པ། ལྷ་གཅིག་དཱི་པམ་ཀཱ་ར། བདག་ཉིད་ཆེན་པོ་རྔོག་བློ་ལྡན་ཤེས་རབ། པཎྜི་ཏ་ཀུན་དགའ་རྒྱལ་མཚན། རྗེ་བདག་ཉིད་ཆེན་པོ་སོགས་འཕགས་པའི་ས་ལ་བཞུགས་པའི་སྐྱེས་ཆེན་དུ་མས་ཀྱང་། བསྟན་དང་བསྟན་འཛིན་བཅས་པ་ཀུན་ལ་བསྔགས་བརྗོད་ཀྱི་མེ་ཏོག་ཡོངས་སུ་འཐོར་བའི་འོས་སུ་གྱུར་ཅིང་། སྤྱིར་དེ་ལའང་། བབས་སོ་ཆེན་པོ་གསུམ་དུ་མངའ་ཏེ། རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་ཞེས་གསུམ་དུ་དབྱེ་ཞིང་། དེ་དག་ཀྱང་། རྒྱུད་སྡེ་དང་། སྒྲུབ་སྡེ་གཉིས་སུ་འདུ། འདིར་ཐེག་པ་ཀུན་གྱི་ཡང་རྩེ། མདོ་རྒྱུད་ཐམས་ཅད་ཀྱི་སྙིང་ཁུ། དེ་དག་ཀྱང་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་བསྟན་བྱ་གཙོ་བོར་འཆད་པའི་དབང་གིས་མ་ཧཱ། ཨ་ནུ་ཨ་ཏི་ཡོ་ག་གསུམ་དུ་དབྱེ་ཞིང་། རྒྱུད་ལུང་མན་ངག་གསུམ་ཀའང་། སྦྱང་གཞི་སྔོན་དུ་འགྲོ་བའི་དབང་གིས་ཡོ་ག་སྐོར་གསུམ་གྱི་རྩ་བ་བསྐྱེད་པ་མ་ཧ་ཡོ་གའི་སྐོར་རྣམས་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་བཤད་སྒྲུབ་ཀྱི་སྒོ་ནས་གཏན་ལ་ཕབ་ཅིང་། དེ་ལའང་། དཔྱད་པ་གསུམ་གྱིས་དག་ཅིང་། སྟེང་ན་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག །ས་ལ་དཀྱིལ་འཁོར་བསྒྲུབ་པའི་བཀྲག་མ་ཡལ། བར་ན་སྨན་རག་བདུད་རྩིའི་མཚོ་མ་སྐམ། མཐའ་ན་མཁའ་འགྲོ་ཆོས་སྐྱོང་གིས་གཡར་དམ་མ་བསྙེལ། དམ་ཉམས་དང་འདྲེས་ཆེར་གྱིས་ལྷད་མ་ཞུགས། མཁའ་འགྲོའི་ཁ་རླང་ཐུ་ལེ་བ། མན་ངག་ཉམས་མྱོང་གི་དྲོད་དང་ལྡན་པ། སྒྲུབ་སྡེ་བཀའ་བརྒྱད་ཅེས་རྒྱ་བོད་མཁས་གྲུབ་ཀུན་གྱི་ཐུགས་དམ་མནོག་ཆོས་འདི་ལ། བརྒྱུད་པ་དྲུག་ལྡན་མངའ་བས་དེ་ཡི་ལོ་རྒྱུས་ཅུང་སྨྲོས་ན། ཐོག་མའི་མགོན་པོ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་གི་ངོ་བོ་རང་བཞིན་ཐུགས་རྗེར་བཅས་ཏེ་གཞི་ལས་མངོན་པར་བྱང་ཆུབ་ནས་སྐུ་དང་ཞིང་ཁམས་རྒྱ་མཚོ་ལོངས་སྤྱོད་རྫོགས་པའི་བཀོད་པའི་དག་པ་དང་། ཐུབ་པ་དྲུག་ལ་སོགས་པས་མ་དག་པའི་འགྲོ་བ་རབ་འབྱམས་རྒྱ་མཚོ་འདུལ་ཞིང་། ཉིད་ལས་མི་གཞན་པའི་འཁོར་གྱི་དཀྱིལ་འཁོར་གང་ལ་གང་འདུལ་དུ་སྣང་བ་རྣམས་དང་ཐབས་གཅིག །ངེས་དོན་རྡོ་རྗེ་ཐེག་པའི་བསྟན་པ་སྤྱི་དང་། བྱེ་བྲག་བདེ་གཤེགས་འདུས་པ་ཆེན་པོའི་སྤྱི་རྒྱུད་ལྔ་དང་། སྒོས་བརྒྱུད་བཅུ། ཡན་ལག་གི་རྒྱུད་ལའང་། འཇམ་དཔལ་ལེའུ་ཁྲི་དྲུག་སྟོང་། ཟླ་གསང་ནག་པོ་ལེའུ་འབུམ་པ་སོགས་འཇམ་དཔལ་སྐུ་རྒྱུད། རྟ་མཆོག་རོལ་པ་རྔོག་མ་ལེ་བརྒན་སོགས་པདྨ་གསུང་རྒྱུད། གལ་པོ་ཆེ་ཆུང་སངས་རྒྱས་མཉམ་སྦྱོར་སོགས་ཡང་དག་ཐུགས་རྒྱུད། བདུད་རྩི་བམ་བརྒྱད་བདུད་རྩི་འཁོར་ལོ་སོགས་བདུད་རྩི་ཡོན་ཏན་གྱི་རྒྱུད། རིག་མཆོག་འབུམ་སྡེ། རྡོ་རྗེ་རྩེ་མོ་སོགས་ཕུར་པ་ཕྲིན་ལས་ཀྱི་རྒྱུད། སྲིད་པའི་བེམ་ཆེན་སྐུ་རྒྱུད་འབུམ་ཏིག་སོགས་རྦོད་གཏོང་མ་མོའི་རྒྱུད། དྲེགས་པ་འདུས་པ། སྲོག་ཐིག་ནག་པོ་སོགས་འཇིག་རྟེན་མཆོད་བསྟོད་ཀྱི་རྒྱུད། ཤེལ་ཕྲེང་དཀར་པོ་ཚ་བ་མར་འཛིན་སོགས་དམོད་པ་དྲག་སྔགས་ཀྱི་རྒྱུད་བསམ་གྱིས་མི་ཁྱབ་པ་རྒྱལ་བ་དགོངས་པས་བརྒྱུད་དེ་གསུངས་པ་རྣམས། མི་མངོན་རིག་པ་འཛིན་པའི་གནས་སུ་རྒྱལ་བ་ཀུན་གྱི་ཐུགས་ཀྱི་ཡེ་ཤེས་ལས་བྱུང་བའི་རིག་འཛིན་རྡོ་རྗེ་ཆོས་ཀྱི་སྐུ་ཡི་རྣམ་འགྱུར། གསུང་གི་བརྡའ། ཐུགས་ཀྱི་དགོངས་དོན་མ་ལུས་པ་རྒྱུད་ཀྱི་རང་བཞིན་དུ་གཏན་ལ་ཕབ་སྟེ་ངག་ཏུ་བསྡུས། སླར་ཡང་འོག་མིན་དགའ་ལྡན། རི་རབ་ཀྱི་རྩེ་མོ་སྟེ། ལྷ་གནས་གསུམ་དུ་གྲགས་པའི་གནས་སུ་ཡི་གེར་བཀོད་ཅིང་དགོངས་འགྲེལ་ལུང་གི་ཆོས་ལྔ་བཅས་རིག་འཛིན་བརྡ་ཡིས་བརྒྱུད་དེ་བསྟོན་ནས་མཁའ་འགྲོའི་གཙོ་མོ་གསང་བ་ཡེ་ཤེས་ལས་ཀྱི་དབང་མོ་ཆེ་ལ་གཏད་རྒྱ་དང་བཅས་ཏེ་གཏེར་དུ་གདམས་པ་ན། དེས་ཀྱང་སྤྱི་བྱེ་བྲག་གི་རྒྱུད་རྣམ་པར་སོ་སོར་ཕྱེས་ནས་རིན་པོ་ཆེའི་སྒྲོམ་བུར་བཅུག་སྟེ་དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ་གསང་བའི་བདག་པོ་ཀུཉྫ་རའི་ཐུགས་ཀྱི་ཡེ་ཤེས་དགུའི་རང་གཟུགས་དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་པའི་སློབ་དཔོན་རྣམ་པ་དགུ་ཡིས་གུང་བདུན་དུ་ཚོགས་ཀྱི་འཁོར་ལོ་བཅས་དགོངས་པ་མཛད་ནས་རྒྱ་བཀྲོལ་ཏེ། བཀའ་བརྒྱད་བྱེ་བྲག་གི་སྒྲོམ་བུ་བརྒྱད། འཇམ་དཔལ་བཤེས་གཉེན་སོགས་གྲུབ་བརྙེས་རིག་འཛིན་ཆེན་པོ་བརྒྱད་ལ་བབ། སྤྱི་རྒྱུད་ཀྱི་སྒྲོམ་བུ་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ་སྐབས་དེར་རྒྱ་མ་ཁྲོལ་བ་ཕྱིས་ཀུན་འདུས་རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གྱིས་སྤྱན་དྲངས། ཐམས་ཅད་ཀྱང་མཆོག་ཐུན་མོང་གི་གྲུབ་པ་བརྙེས་པའི་ཚུལ་བསྟན། ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པ་སྣང་སྲིད་ཟིལ་གནོན་གྱི་སློབ་དཔོན་དེ་ཉིད་འཇམ་དབྱངས་སྤྲུལ་པའི་ཐུགས་བཞེད་སྐོང་ཕྱིར་བོད་དུ་ཕེབས་བོད་རྗེ་འབངས་ལ་བཀའ་དྲིན་བསམ་པའི་མཐའ་ལས་འདས་ཤིང་སྐལ་ལྡན་ལས་ཅན་དག་ལ་ཟབ་མོའི་གདམས་པ་མང་དུ་སྩལ་བ་ལས། ཆོས་འདི་གདུལ་བྱ་དུས་ལ་བབ་པའི་ཚེ། འཇིག་རྟེན་མིག་གཅིག་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ཞེས་འཇམ་དབྱངས་མི་ཡི་བརྫུ་བག་ལ་ཞུགས་པ་དེ་ཉིད་ཀྱིས། བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་ཞེས་སྒྲུབ་གནས་བྱིན་ཆེ་ལ། རླུང་རིག་དྭང་བ། གནས་ཀྱིས་གང་ཟག་བྱིན་རླབས་ནུས་པ་དེ་ཉིད་དུ་གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས་སྐལ་ལྡན་ལས་ཅན་སྙིང་གི་བུ་དགུ་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ནས་དབང་བསྐུར་བའི་དུས་སུ་སོ་སོའི་མེ་ཏོག་ཇི་ལྟར་ཕོག་པའི་དཀྱིལ་འཁོར་གྱི་ཞལ་མཐོང་ཞིང་། ཐུན་མོང་གི་གྲུབ་པའི་རྟགས་སྤྲུལ་སྒྱུར་སོགས་དང་། མཆོག་གི་དངོས་གྲུབ་སྐུ་ཚེ་དེ་ཉིད་ལ་རིགས་ཀྱི་བདག་པོའི་ཐུགས་ཀར་འོད་དུ་ཐིམ། འབྲས་བུ་ཧེ་རུ་ཀ་དང་གཞི་དུས་ཀྱི་ཧེ་རུ་ཀ་གཉིས་དབྱེར་མེད་དུ་གྱུར། གཞན་ཡང་རྗེ་འབངས་ཉེར་གཅིག །ཡེར་པའི་གྲུབ་ཐོབ་བརྒྱ་རྩ། ཤེལ་བྲག་གི་སྔགས་པ་སུམ་ཅུ། ཡང་རྫོང་གི་རྟོགས་ལྡན་ང་ལྔ་སོགས་གང་བྲག་སྙན་ཁུངས་བརྒྱུད་པས་མཆོག་ཐུན་དངོས་གྲུབ་བརྙེས་པ་བསམ་གྱིས་མི་ཁྱབ་པ་བྱོན་ཞིང་། བདེ་གཤེགས་འདུས་པ་འདི་བཀའ་རིང་བརྒྱུད་རྒྱ་གར་མཁས་པ་མི་བཞི། བོད་གཉགས་ལོ་ཡེ་ཤེས་གཞོན་ནུ་ལ་གནང་ནས་རིམ་པར་བརྒྱུད་དེ། གྲུབ་ཐོབ་དངོས་གྲུབ་ཞབས་ལ་མངའ་བདག་ཉང་ཆེན་པོས་གསན་ནས་དེ་ཕྱིན་བཀའ་གཏེར་ཆུ་བོ་གཅིག་འདྲེས་སུ་གྱུར་པ་དང་། གཏེར་ཆོས་སྨོན་ལམ་གྱི་བརྒྱུད་པ་ལའང་རྗེ་འབངས་སོ་སོའི་དབང་སྐལ་དུ་སྩལ་བ་མི་འདྲ་བ་དུ་མ་མཆིས་པའི་ནང་ནས་ཡོངས་སུ་གྲགས་པའི་ཐུགས་གཏེར་ལྔ་ནི། སྙིང་དང་འདྲ་བ་བདེ་གཤེགས་འདུས་པ། སྙིང་ཁྲག་དང་འདྲ་བ་གསང་རྫོགས། དྭངས་མ་དང་འདྲ་བ་རང་བྱུང་རང་ཤར། སྲོག་དང་འདྲ་བ་ཐུགས་ཀྱི་མེ་ལོང་། ལུས་དང་འདྲ་བ་ཡང་གསང་དྲེགས་འདུལ་རྣམས་ཉང་གུར་རྒོད་སྡེམ་སྟེ། མཆོག་གི་སྤྲུལ་སྐུ་གསུམ་དང་པདྨ་གླིང་པ། བསམ་གཏན་བདེ་ཆེན་གླིང་པ་རྣམས་ཀྱིས་སྤྱན་དྲངས། གཞན་ཡང་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་སྤྲུལ་པའི་གཏེར་སྟོན་ཡབ་རྗེ་ཨོ་རྒྱན་གླིང་པས་སྤྱན་དྲངས་ཞིང་སླར་ཡང་ཡང་གཏེར་དུ་སྦས་པ་ཕྱིས་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་ལ་བཀའ་བབ་ཅིང་སྙིང་པོ་ཙམ་གཏན་ལ་དབབ་པ་སོགས་བཞུགས་ཤིང་དེ་ཀུན་ལས་ཁྱད་དུ་འཕགས་པ། ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གི་ཆོས་སྐལ། བདེ་གཤེགས་འདུས་པའི་སྐོར་རྣམས་ལོ་ཆེན་བཻ་རོ་དང་ལྡན་མ་ཙེས་མང་གི་ཕྱག་བྲིས་རྒྱལ་པོའི་བླ་དཔེ་རྣམས་བྲག་དམར་མགྲིན་བཟང་ལ་གཏེར་དུ་སྦས་པ། མཁའ་འགྲོ་མ་རྣམས་ཀྱིས་གཏེར་གནས་སྤོས་ཏེ། ལྷོ་བྲག་མཁོན་མཐིང་རྣམ་སྣང་གི་སྐུ་རྒྱབ་བཞུགས་པའི་ཁ་བྱང་བསམ་ཡས་འཁོར་བར་མ་ནས་གྲུབ་ཐོབ་དངོས་གྲུབ་ཀྱིས་བཏོན་ཏེ། མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་སྐུ་ཡི་སྐྱེ་བ་བཅོ་ལྔ་བཞེས་པའི་མཐར་སྲིད་པ་ཐ་མའི་བྱང་སེམས་ཆེན་པོ། ཟབ་གཏེར་འཛིན་པ་ཀུན་གྱི་མངའ་བདག །ཉང་རལ་ཉི་མ་འོད་ཟེར་ཞེས། སྐུ་ཆེ་པའི་ཡོན་ཏན་དུ་མ་དང་ལྡན་པ་དེ་ཉིད་ཀྱིས་སྤྱན་དྲངས་ནས་བཀའ་བབས་ཀྱི་བུ་ལྔ་པོ་སོགས་རིམ་པར་གྲུབ་བརྙེས་ཀྱི་བརྒྱུད་པ་མི་འདྲ་བ་དུ་མ་གྱེས་པ་ལས། ཁྱད་པར་དུ་གྱུར་པ་སྲས་ཆུང་འགྲོ་བའི་མགོན་པོ་སོགས་མངའ་བདག་གདུང་རབས་བརྒྱུད་པ་བདུན་གྱི་མཐར། མངའ་བདག་ཀུན་དགའ་འོད་ཟེར་གྱི་སློབ་མ་རི་བྲག་ལ་ཟང་ཐལ་དུ་འཕུར་བ་སོགས། གྲུབ་པ་བརྙེས་པའི་རྟགས་མཚན་ཐུན་མོང་དུ་སྟོན་ནུས་པ་རྗེ་རིག་འཛིན་ནམ་མཁའི་རྣལ་འབྱོར་གྱི་ཐུགས་སྲས། ཡུལ་མངའ་རིས་ཀྱི་པཎྜི་ཏ་པདྨ་དབང་རྒྱལ་རྡོ་རྗེ་ཞེས་རིགས་གསུམ་སེམས་དཔའི་པདྨ་ཀ་ར་བཅས་ཀྱི་ཐུགས་རྗེ་དང་མཁྱེན་རབ་གཅིག་ཏུ་བསྡུས་པ་ངོ་མཚར་སྤྲུལ་པའི་གཏེར་སྟོན་ཆེན་པོ་དེ་ཉིད། ངེས་པའི་དོན་དུ་གཞི་ཐོག་དང་པོའི་སངས་རྒྱས་དང་རྣམ་དབྱེར་མེད་ཀྱང་། དྲང་དོན་དུ་གདུལ་བྱ་ཁ་དྲང་བའི་ཕྱིར་གནས་ཐོས་དང་བསམ་པ་དང་། སྒོམ་པ་ལ་རིམ་གྱིས་སྦྱོང་བ་མཛད་ཅིང་། མཛད་པའི་ཚུལ་བསྟན་འཛིན་སྐྱེས་བུ་གཞན་ལས་ཁྱད་པར་དུ་འཕགས་ཤིང་གསན་བསམ་བསྒོམ་མེད་དུ་མཛད། ཁྱད་པར་གསང་སྔགས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་སྣུམ་ཟད་མར་མེ་བཞིན་གྱུར་ཅིང་བཀའ་བརྒྱད་རྣམ་གསུམ་འཇའ་སྐུར་འགྲུབ་ལ་ཉེ་བའི་དུས་བཀའ་བརྒྱད་བཀའ་གཏེར་གྱི་དབང་ལུང་ལན་གྲངས་ཉེར་ལྔ་གསན་པ། དེས་མཚོན་བཀའ་གཏེར་རྒྱུན་བཞུགས་སོ་ཅོག་འབད་པ་དུ་མས་གསན་ཅིང་བསྟན་པའི་མེ་རོ་རྨང་ནས་བསླང་ཞིང་ཐུགས་ཉམས་སུ་བཞེས་པ་སྐུ་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ་དེ་ཉིད་ལ་དབང་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་བཀའ་བབ། དེ་ནས་བརྒྱུད་པ་འགའ་ཞིག་གི་མཐར་ལོ་ཆེན་བཻ་རོ་བསམ་བཞིན་སྲིད་པ་བཟུང་བའི་མཚན་བརྗོད་པར་དཀའ་བ་ཆོས་རྒྱལ་གཏེར་བདག་གླིང་པ་ཞེས་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་དེ་ལ་མངའ་བདག་ཆེན་པོ་ཉང་གི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང་གནང་བ་སྩལ་བ་ལྟར་ལག་ལེན་འཇུག་པ་བདེ་བར་མཛད་ཅིང་། དེའི་རྗེས་འབྲངས་མཁས་གྲུབ་རྣམས་ནས་རིམ་པར་བརྒྱུད་དེ། བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་བརྒྱུད་པ་བར་མ་ཆད་པ་བྱོན་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་ཟབ་ཆོས་ཁྱད་དུ་འཕགས་པའི་སྒོ་ནས་སྒྲུབ་པ་ཆེན་པོའི་རིམ་པ་ཉམས་སུ་ལེན་པ་ལའང་འཇུག་པའི་མཐའ་བཅུས་གསང་སྔགས་ཀྱི་ཆོས་ལ་ཞུགས་དགོས་ཏེ། སྒོ་དབང་གིས་ཕྱེ། སྲོག་དམ་ཚིག་གིས་གཟུང་། ཐག་ལྟ་བས་བཅད། ལ་སྤྱོད་པས་དོར། ཉམས་ཏིང་ངེ་འཛིན་གྱིས་བླངས། དོན་མན་ངག་ཟབ་མོས་སྒྲུབས། རྒྱུད་ཐོས་པས་གྲོལ། སྒོ་ཐེག་པ་ཀུན་གྱི་ཤེས་བྱ་ཕྱོགས་མེད་ལ་བསླབ། དགོངས་དོན་དུ་མ་རོ་གཅིག་ཏུ་བསྡུ་བའོ། །དེ་རྣམས་ཀྱིས་ལོ་རྒྱུས་འཇུག་ཐབས་དང་བཅས་པ་ཤིན་ཏུ་མདོར་བསྡུས་པའི་ཚུལ་དུ་སྨྲོས་ཤིང་། ཡིད་ཆེས་ཀྱིས་ངེས་པ་བསྐྱེད་ནས་སྒྲུབ་པ་དངོས་ཀྱི་ལས་རིམ་ལའང་། སྦྱོར་དངོས་རྗེས་གསུམ་གྱི། །དང་པོ་ལ། སྒྲུབ་པའི་གཞི་བཟུང་བ་དང་། སྒྲུབ་པའི་སྔོན་འགྲོ་དང་གཉིས་ལས། དང་པོ་ལ་སྟོན་པ་གནས་དང་འཁོར་དང་དུས། ཡོ་བྱད་ལ་སོགས་གཞིར་ལྡན་ནས། ཞེས་གསུངས་པ་ལྟར། ཕུན་སུམ་ཚོགས་པ་ལྔ་ལྷུན་གྱིས་གྲུབ་ནས། གཉིས་པ་ལ་ལྔ་ལས། དང་པོ་ས་ཡི་ཆོ་ག་ལ་ས་བརྟགས་པ། བསླང་བ། དབང་དུ་བྱ་བ། སྦྱངས་བ། བཟུང་བ་རྣམས་བརྒྱུད་པའི་ཕྱག་བཞེས་དང་། རྒྱུད་ལས་གསུངས་པ་ལྟར། ཆད་ལྷག་མེད་པར་མདོར་བསྡུས་པའི་ཚུལ་དུ་བསྒྲུབས་ནས། གཉིས་པ་མཚམས་བཅད་པ་ལའང་ཕྱིའི་མཚམས་བཅད་པ་རྒྱལ་ཆེན་སྡེ་བཞི་ལ་གཏོར་མ་འབུལ་ཞིང་། ཕྲིན་ལས་བཅོལ་བ་དང་། བར་མཚམས་ལའང་གཉིས་ལས། དང་པོ་དངོས་གྲུབ་ལ་བར་དུ་གཅོད་པའི་དམ་ཉམས་བདུད་ཀྱི་རིགས་རྣམས། ཐར་མེད་ལས་ཀྱི་བཙོན་ཁང་དུ་བཅུག་ནས་སྟོང་པ་ཉིད་དང་འབྱུང་ཆེན་བཞིའི་རྒྱས་བཏབ་ལས་བཞི་ལྷུན་གྲུབ་ཀྱིས་བྲོ་བརྡུང་། གཉིས་པ་ལས་ཀྱི་གཤིན་རྗེ་ཡ་མ་རཱ་ཛ་དང་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་གཉིས་ལ་གཏོར་མ་བཏང་ཞིང་། ཕྲིན་ལས་ཞུ་བ་རྣམས་ཀྱིས་བསྒྲུབ། གསུམ་པ་ནང་མཚམས་བཅད་པ་ལ། ཡིད་ལྷན་སྐྱེས་དང་། ཀུན་བཏགས་ཀྱི་མ་རིག་པའི་རྩལ་ལས་ཆོས་གཉིས་འཛིན་དུ་ཤར་ནས་ང་དང་བདག་ཏུ་བཟུང་ནས་སྲིད་པར་འཁོར་བྱེད་ཀྱི་འདྲེ་བོ་ཆེ་ལ་མ་ཊམ་ཞེས་བརྟགས་ཤིང་། དེ་ཡང་སྔོན་བྱུང་གི་ལོ་རྒྱུས་སྨོས་ཏེ། དེ་ནས་འཇུག་གདུལ་བྱའི་ཉམས་ལེན་གྱི་སྟེང་དུ་ཕབ་ནས། ཟུང་འཇུག་ལྷ་ཡི་ཕྱག་རྒྱ་དཔལ་ཆེན་ཁྲོས་པས་ཆོས་ཀྱི་དབྱིངས་ཐམས་ཅད་འདུས་པ་ཆེན་པོའི་ཀློང་དུ་ལྟ་བ་གྱད་དུ་གྱུར་པས་བསྒྲལ་ཞིང་། ཕྱི་ནང་གསང་བའི་མཚན་འཛིན་གཅོད་ཅིང་། རྩ་རླུང་ཐིག་ལེའི་རང་བཞིན། ཕྱི་རོལ་དུ་ཤར་བའི་མ་ཊམ་གྱི་ཁོག་པ་གདོད་ནས་གྲུབ་པའི་བསྒྲུབ་པ་གནས་ཀྱི་དུར་ཁྲོད་ཆེན་པོར་བྱིན་གྱིས་བརླབས་པ་སྟེ། རྩ་རྒྱུད་ལས། མཐོང་དང་རིག་དང་ཤེས་དང་སྤྱད། །འདི་ལས་འདའ་བར་མ་གྱུར་ན། །ལོག་པར་ལྟ་བ་འདུལ་ནུས་ཤིང་། །སངས་རྒྱས་རྣམས་ཉིད་འགྲུབ་ཅེས་དང་། །ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། །ཁྲོ་བོ་དེ་བཞིན་གཤེགས་སྤྲུལ་མཛད། །ཁྲོ་བོའི་ཚུལ་འཆང་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་རྣམས་བསྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡི། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་གྱིས་དོན་རྣམས་དང་འབར་བའི་སྟང་སྟབས་ལ་སོགས་པ་ལྔ་དང་དེ་བཞིན་ཉིད། གསང་བའི་མཚམས་གཅོད་བཅས་ལེགས་པར་བསྒྲུབས། གསུམ་པ་རྟེན་གྱི་དཀྱིལ་འཁོར་ལ། དབང་པོ་ཐ་མ་རྡུལ་ཚོན། འབྲིང་རས་བྲིས། རབ་ཚོམ་བུ། ཡང་རབ་བླ་མའི་ལུས་དཀྱིལ་ལ་བརྟེན་པ་བཞིའམ། ཡང་ན་བསྐྱེད་པ་མ་ཧ་ཡོ་ག་ལྟར། ཐབས་རྒྱུད་ཀྱི་བརྗོད་བྱ་ཐམས་ཅད་ཕྱི་དཀྱིལ་ཀུན་རྫོབ་དྲང་དོན་གྱི་གཟུགས་བརྙན་གྱི་དཀྱིལ་འཁོར་སྟེང་དུ་གཏན་ལ་ཕབས་ཏེ་སྒྲུབས། ནང་ཨ་ནུ་ཡོ་ག་ལྟར། ཤེར་རབ་རྒྱུད་ཀྱི་བརྗོད་བྱ། ཕུང་ཁམས་སྐྱེ་མཆེད། རྩ་ཐིག་རླུང་གསུམ་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གཏན་ལ་ཕབ་སྟེ་སྒྲུབ་པ་དང་། གསང་བ་རྫོགས་ཆེན་ཨ་ཏི་ཡོ་ག་ལྟར། བསྐྱེད་རྫོགས་སོགས་སྤྲོས་བཅས་ཀྱི་རིམ་པ། སྤྲོས་བྲལ་རང་བཞིན་གདོད་མའི་དཀྱིལ་འཁོར་རྩོལ་མེད་དུ་ལམ་དུ་བྱེད་པའི་སྒོ་ནས་གཏན་ལ་ཕབས་པ་རྣམས་མཆིས་པ་ལས་འཇུག་པ་བདེ་བ་དང་པོའི་ལས་ཅན་གྱི་བློ་དང་འཚམས་པར་ཕྱི་དཀྱིལ་ལ་བརྟེན་ནས་བསྒྲུབ་པའི་ལུགས་ལ། གང་དུ་བྱ་བའི་གཞི་ལ་བདུད་རྩི་ལྔ་ཡིས་ཆག་ཆག་བཏབ་པ། ཡེ་ཤེས་ལྔ་ཡིས་ཐིག་གསལ་སྟོང་བརྗོད་བྲལ་ནམ་མཁའ་ལ་བཏབ་ནས། སླར་བྲིས་པའི་མཎྜལ་བསྟིམ་པ་རྣམས་གྲུབ་ཅིང་། གཞལ་ཡས་ཀྱི་རྒྱན་བཀྲམ་པ། མཆོད་པའི་ཚོགས་སྤེལ་ཞིང་བྱིན་གྱིས་བརླབས་པ་དག་ཀྱང་ངོ་། །བཞི་པ་གནས་སུ་འགོད་པ། ལྔ་པ་ལྷ་ཚོགས་སྤྱན་དྲངས་ཞིང་། རྟེན་འགོད་པ་དག་ཀྱང་། ཕྱག་ལེན་གབ་འཁྲུགས་མེད་པ་ལེགས་པར་བརྒྱུད་པའི་ཕྱག་བཞེས་བཞིན་བསྒྲུབས་པ་ལགས། གཉིས་པ་དངོས་གཞི་ལ་སྒྲུབ་པ་དང་། མཆོག་གི་ལས་སྦྱོར་དང་གཉིས་ལས་དང་པོ་བསྙེན་སྒྲུབ་ཕྲིན་ལས་ཀྱི་རིམ་པ་ལའང་སྟན་ཐོག་གཅིག་ཏུ་བསྙེན་སྒྲུབ་ཡན་ལག་བཞི་ཀ་ཚང་བའི་རིམ་པ་དང་། ལམ་རིམ་བགྲོད་ཀྱི་དབང་དུ་བྱས་པ་གཉིས་ལས། སྔ་མ་ལྟར་སྟན་ཐོག་གཅིག་ཏུ་བཞི་ཀ་ཚང་བའི་སྒོ་ནས་ཞི་བར་བསྙན་ཅིང་ཁྲོ་བོར་བསྒྲུབ་པ་བསྐྱེད་རྫོགས་ཆེན་མོའི་ལུགས་དཀྱིལ་འཁོར་གྱི་འཁོར་ལོ་བདུན་བརྒྱ་ཉེར་ལྔ་གསལ་བརྟན་དག་གསུམ་གྱི་སྒོ་ནས་ལྷ་བརྒྱད་དུ་གྱུར་པ་སྐུ། སྔགས་ཀྱི་གཞི། གཟུངས་ཀྱི་སྒོ། འཕྲོ་འདུའི་ཕྲེང་བ་དང་བཅས་བཟླས་པ་གསུང་། ཞི་བ་རྡོར་དབྱིངས་ལྷུན་རྫོགས་ཐིག་ལེ་ཉག་གཅིག །འཇམ་དཔལ་འཁོར་ལོ་བཞི། རྟ་མགྲིན་རྟ་སྐད་ཐེངས་གསུམ། ཡང་དག་རུ་ལུ་འབྲུ་བརྒྱད། ཆེ་མཆོག་བདུད་རྩི་སྨན་བཞི། རྡོ་རྗེ་གཞོན་ནུ་ཐལ་འབྱིན་རྣམ་བཞི། མ་མོ་ཀུན་ཁྱབ། རིག་འཛིན་ཐུགས་གསལ་རྣམ་དག །དྲེགས་འདུ་སྒྲུབ་ལུགས་དོན་བཞི། དྲགས་སྔགས་རང་བསད་དེ། དགོངས་པ་དེ་རྣམས་དང་ལྡན་པ་ཐུགས་ཀྱི་བསྒྲུབ་པ་སྟེ་སྒྲུབ་ལུགས་དེ་དག་དང་ལྡན་ཅིང་ས་ལམ་བགྲོད་མེད། རང་བྱུང་ལྷུན་རྫོགས་སྣང་བ་ཆོས་ཉིད། དགག་སྒྲུབ་རང་གྲོལ། ཆོས་སྐུ་རང་གནས་ཀྱི་དོན་ཤེས་པའི་སྒོ་ནས་བསྒྲུབ་པ་སྟེ། སྒྱུ་འཕྲུལ་ལས། སྟོང་གསུམ་ཡུངས་འབྲུ་ཞུགས་ཚུལ་དུ། །དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད། །ཅེས་གསུངས་པ་ལྟར། སྟོང་གསུམ་ལྷ་ཡི་དཀྱིལ་འཁོར་དུ་གསལ་བས་དཀྱིལ་འཁོར་ལ་ཆེ་ཆུང་དང་ཡང་དོག་མེད། བར་ཆད་གདོན་བགེགས་ཀྱི་ཡུལ་བྲལ། བཟང་ངན་གྱི་མཚན་འཛིན་མེད། སྟོང་མི་སྟོང་གི་སྐྱོན་ཟད། ཆོས་མ་ལུས་པ་རང་སེམས་ལ་རྫོགས་པ་སྟེ། དོན་ལྔ་གསལ་བ་ལྔ་དང་ལྡན་པ་ལྟ་བའི་གདིང་། སྒོམ་པའི་ཉམས། སྤྱོད་པ་བརྟུལ་ཞུགས། བརྡ་དོན་རྟག་གསུམ། དེ་ཀུན་ཀྱང་ཉི་མ་དང་འོད་ཟེར་བཞིན་དུ་གནས་པ་ལ་སྣང་སྲིད་གཞིར་བཞེངས། རང་བྱུང་གི་དཀྱིལ་འཁོར་ཞེས་པའང་རྒྱུད་ལས། དོན་གྲུབ་དངོས་གྲུབ་ཐོབ་པ་ནི། །སྔགས་ཀྱི་བཟླས་པས་འགྲུབ་པ་ཡིན། །ཞེས་པ་ལྟར་རྩོལ་བཅས་སྤྲོ་བསྡུ་རྡོར་བཟླས་འགོག་བཟླས། རྩོལ་མེད་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ལ་དབང་འབྱོར་བས་གཞོམ་མེད་རྡོ་རྗེ་ནཱ་དའི་གསུང་དང་ཡེ་ནས་ལྡན་པའི་ཕྱིར་ངག་ཏུ་བརྗོད་པ་མེད་ཀྱང་མི་གསུངས་མཉམ་པར་བཞག་པར་སྔགས་ཀྱི་རྒྱལ་པོ་སྟེ། དོན་དེ་དག་ཉམས་ལེན་དུ་གཏན་ལ་དབབ་པའི་སྒོ་ནས་བསྒྲུབས་པའོ། །གཉིས་པ་མཆོག་གི་ལས་སྦྱོར་བདུད་རྩི་སྨན་གྱི་སྒྲུབ་པའི་རྣམ་བཞག་འཆད་པ་ལ་གཉིས་ལས། བདུད་རྩིའི་མཚན་ཉིད་སྤྱིར་བསྟན་པ་དང་། མཚན་ཉིད་དེ་ལྡན་གྱི་སྒྲུབ་པ་དངོས་གཉིས་ཀྱིས་དང་པོ་ནི། སྤྱིར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བཟང་ངན་ཕྱོགས་ལྷུང་དང་བྲལ་བའི་ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་པའི་ཀློང་དུ་རོ་གཅིག་ཅིང་། རྒྱུ་འབྲས་བླང་དོར་ལས་འདས་པ་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོའི་བདག་ཉིད་དུ་གནས་པ་བདུད་རྩི་རྣམ་དག་གི་དགོངས་པ་ཡིན་ལ། ཚུལ་དེ་ཆོས་ཀྱི་བདུད་རྩི་དང་། དོན་གྱི་བདུད་རྩི། རྟགས་སམ་སྨན་གྱི་བདུད་རྩི། རྫས་ཀྱི་བདུད་རྩི་སྟེ་རྣམ་པ་བཞིའི་ཚུལ་གྱིས་གཏན་ལ་ཕབ་སྟེ་བསྟན་པ་ནི། ཆོས་བདུད་རྩི་ཐམས་ཅད་ཚང་བ་རྣམ་བརྒྱད་དུ་བསྡུས་ཏེ་བཤད་པ་དང་། དོན་བདུད་རྩི་ཐམས་ཅད་ཤེས་པ་རྣམ་པ་བརྒྱད་དུ་བསྡུས་ཏེ་བཤད་པ་དང་། སྨན་བདུད་རྩི་ཐམས་ཅད་དམིགས་རྣམ་བརྒྱད་དུ་བསྡུས་ཏེ་བཤད་པ་དང་། རྫས་བདུད་རྩི་ཐམས་ཅད་སྒོམ་པ་རྣམ་བརྒྱད་དུ་བཤད་པ་དང་བཞི་ལས། དང་པོ། ཆོས་སེམས་ལ་ཚང་། སྨན་རོ་ལྔར་ཚང་། དམ་ཚིག་རྩ་བ་གསུམ་དུ་ཚང་། ཕྲིན་ལས་སྦྱོར་སྒྲོལ་དུ་ཚང་། དཀྱིལ་འཁོར་བརྒྱད་དུ་ཚང་། ཡེ་ཤེས་ལྔར་ཚང་། སྒྲུབ་པ་བདུད་རྩི་སྒྲུབ་པར་ཚངས། སངས་རྒྱས་ཀུན་རྡོར་དབྱིངས་ལ་ཚང་། གཉིས་པ། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཧེ་རུ་ཀ་ཤེས་པར་བྱ། འབྱུང་ལྔ་ཡུམ་ལྔ་ཤེས། ཕུང་ལྔ་རིགས་ལྔར་ཤེས། བདུད་རྩི་ལྔ་དུག་ལྔ་ཡེ་ཤེས་ལྔ་ཤེས། རྣམ་ཤེས་སྐུ་ལྔར་ཤེས། སྲིད་གསུམ་བདུད་རྩིའི་དཀྱིལ་འཁོར་དུ་ཤེས། སྐྱེ་འགྲོ་བདུད་རྩི་ལྷ་རུ་ཤེས། དམ་རྫས་བདུད་ཀྱི་དངོས་གྲུབ་ཡིན་པར་ཤེས་པར་བྱའོ། །གསུམ་པ་ནི། ཆོས་ཐམས་ཅད་ཐིག་ལེ་ཆེན་པོ་དམིགས། ཡུལ་སེམས་ཐ་དད་དུ་མ་གྲུབ་པའི་སྟོང་ཉིད་པ་དམིགས། འབྱུང་ལྔའི་བསྐྱེད་གནས་རཱ་ས་ཡ་ནར་དམིགས། བྱང་སེམས་གསང་མཆོད་དང་དངོས་གྲུབ་ཏུ་དམིགས། ཡུམ་རིགས་ཡུལ་དུ་དམིགས། བདག་རིགས་གཙོ་གང་ཡིན་པར་དམིགས། སྒྲུབ་རྫས་ཀུན་ལ་ལུས་ངག་ཡིད་གསུམ་དང་ཐབས་ཤེས་ཀྱི་ཆ་ཡོད་པར་དམིགས། བདག་ཕུང་སྐྱེ་མཆེད་གསང་བ་མཆོག་གི་དཀྱིལ་འཁོར་དུ་དམིགས་སོ། །བཞི་པ་ནི། སྲིད་གསུམ་བདུད་རྩི་དཀྱིལ་འཁོར་དུ་བསྒོམ། ཐམས་ཅད་སངས་རྒྱས་སུ་བསྒོམ། ཡེ་སངས་རྒྱས་པར་བསྒོམ། རྩ་སྦུར་འཇག་མ་ཡན་ཆད་རཱ་ས་ཡ་ན་ཡན་ལག་སྟོང་ལྡན་དུ་བསྒོམ། ཕྱི་ནང་གིས་བསྡུས་པའི་ཆོས་ཀུན་དོན་དབྱིངས་ཡེ། རྟགས་ཐབས་ཤེས་གཉིས་མེད་བྱང་སེམས་སུ་བསྒོམ། ཕྱི་ནང་ཕུང་ཁམས་སྐྱེ་མཆེད། ཡབ་ལྔ་ཡུམ་ལྔ་ལྷ་ལྷ་མོ་སེམས་དཔའ་སེམས་མའི་དཀྱིལ་འཁོར་དུ་བསྒོམ། བདུད་རྩི་ལྔ་རྡོར་དབྱིངས་ཀྱི་དཀྱིལ་འཁོར་དུ་བསྒོམ། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་དམ་ཚིག་པ་ལ་ཐིམ་ནས་གཉིས་མེད་དུ་བསྒོམ། དེས་མཚོན་གཞན་ཡང་སྦྱོར་ཚུལ་གྱི་རིམ་པར་མང་ཡང་། མདོར་ན་དེ་བཞི་པོ་ཡང་བསྡུ་ན། གཉིས་སུ་འདུས་ཏེ། མ་འདྲེས་པའི་བདུད་རྩི། ཡོངས་སུ་རྫོགས་པའི་བདུད་རྩི་གཉིས། སྔ་མ་ལ་དོན་བརྒྱད་དེ། རྒྱུ་དང་རང་བཞིན་སྤྱོད་པ་དང་། ལས་དང་ཡོན་ཏན་དོན་དང་ལུང་། །བདུད་རྩི་མན་ངག་རྣམ་པ་བརྒྱད། །ཞེས་པ་སྟེ། དོན་བརྒྱད་ཀྱིས་འཆད་དུ་ཡོད་ལ། ཕྱི་མ་ནི། བདུད་རྩི་ཆེན་པོ་དབྱེ་བསལ་མེད་པར་ཐམས་ཅད་བདུད་རྩི་བདེ་བ་ཆེན་པོ་ཐིག་ལེ་ཉག་གཅིག་ཏུ་བཟླས་པ་ནི། ཆོས་རྣམས་བདུད་རྩི་ལྔར་ཞི་ནས་ཞེས་བྱ་བ། དེ་ཡང་བདུད་རྩིའི་ངེས་ཚིག་ནི། མྲྀང་སྲོག་གཏོང་བའི་ཁམས་ལ་རཀྟའི་རྐྱེན་དང་། སྔོན་དུ་དགག་པའི་ཚིག་བཞག་པས་ཨ་མྲྀ་ཏ། འཆི་མེད་ཞེས་པའི་སྒྲ་ལས་བདུད་རྩིར་འཇུག་སྟེ། འཆི་བའི་འཇིགས་སེལ་གྱིས་གསོལ་ལམ་སྨན་དུ་གྱུར་པའི་ཕྱིར་བདུད་རྩི་ཞེས་གྲགས་ཏེ། སློབ་དཔོན་ཆེན་པོས། དམ་རྫས་བདུད་རྩི་རྣམ་དག་ཅེས་བྱ་བ་ནི་ལྔ་སྟེ། དྲི་ཆེན་དང་། དྲི་ཆུ་དང་། བྱང་སེམས་དང་། རཀྟ་དང་། ཤ་ཆེན་དང་ལྔ་པོ་དེ་མི་གཙང་སྨེ་བར་མཐོང་བའི་བདུད་དང་འདྲ་ལ། རང་ལས་བྱུང་ཞིང་གདོད་ནས་དག་པའི་རྩི་དང་འདྲ་སྟེ། བདུད་རྩི་དེས་ཉོན་མོངས་དང་དུག་ལྔ་འཇོམས་ཞིང་དག་པར་བྱེད་པས་ན། དམ་རྫས་བདུད་རྩི་ཞེས་བྱ་ཆོས། །བདུད་ཀྱི་བདག་འཛིན་རྟོག་ཚོགས་བཅས། །རྩི་ཤིང་རང་རིག་མཉམ་པ་ཉིད། །ཅེས་དང་། ལུང་རབ་གསལ་ལས་ཀྱང་། གཙང་སྨེར་འཛིན་བདུད་དམ་རྫས་རྩིས། །ཡེ་ཤེས་དང་དུ་རོ་གཅིག་པ། །ཞེས་གསུངས་པ་ལྟར། བདུད་ནི་ཉོན་མོངས་པའི་རྣམ་པར་རྟོག་པ་ཡིན་ལ། རྩིའི་ཡེ་ཤེས་ཀྱི་རང་བཞིན་ཏེ། དོན་ལ་ཐམས་ཅད་ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩི་ཆེན་པོར་ཡེ་ནས་གནས་པ་སྟེ། དེ་མ་རྟོགས་པར་གཙང་སྨེ་གཉིས་འཛིན་གྱི་རྟོག་པས་བཅིང་ཞིང་དེ་ལས་བཟློག་པའི་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་དུ་གཙང་སྨེ་རོ་མཉམ་པ་ལས་འཆི་མེད་བདུད་རྩི་མཆོག་གི་གོ་འཕང་གྲུབ་པ་ཡིན་སྟེ། སྒྱུ་འཕྲུལ་མན་ངག་ལས། བདུད་རྩི་ཡེ་ནས་དག་པའི་ཆོས། །བླང་དོར་མེད་པ་ཀུན་ལས་འདས། །ཡེ་སྲུང་ཆེན་པོའི་དམ་ཚིག་ཏུ། །མཁས་པས་དང་དུ་བླངས་བར་བྱ། ཞེས་དང་། སྒྱུ་འཕྲུལ་དྲྭ་བ་ལས། བདུད་རྩི་ལྔ་ནི་རིགས་ལྔའི་དོན། །དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས། །ཞེས་དང་། ཐུགས་རྒྱུད་གསང་འདུས་ལས། ཤ་ཆེན་དམ་ཚིག་མཆོག་གིས་ནི། །རྡོ་རྗེ་གསུམ་མཆོག་བསྒྲུབ་པར་བྱ། །བཤང་གཅི་དམ་ཚིག་མཆོག་གིས་ནི། །རིག་པ་འཛིན་པའི་གཙོ་བོར་འགྱུར། །གླང་པོའི་ཤ་ཡི་དམ་ཚིག་གིས། །མངོན་པར་ཤེས་པ་ལྔ་ཐོབ་འགྱུར། །རྟ་ཤ་དག་གི་དམ་ཚིག་གིས། །མི་སྣང་བ་ཡི་བདག་པོར་འགྱུར། །ཁྱི་ཤ་དག་གི་དམ་ཚིག་གིས། །དངོས་གྲུབ་ཐམས་ཅད་འགུག་པར་འགྱུར། །བ་གླང་ཤ་ཡི་དམ་ཚིག་གིས། །རྡོ་རྗེ་འགུག་པའི་མཆོག་ཏུ་འགྱུར། །ཞེས་དང་། འདུས་མདོར་ལས། སྔོན་གྱི་རྒྱལ་བ་གྲངས་མེད་ཀྱིས། །བརྟུལ་ཞུགས་འདི་ལྔ་གཙོར་སྤྱད་ཅིང་། །དམ་ཚིག་དམ་པར་བཟུང་བས་ན། །སྔོན་གྱི་དམ་ཚིག་ཡིན་པར་གྲགས། །ཅེས་གསུངས་པ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཆེན་པོར་རྒྱས་འདེབས་པའི་སྨན་ཡིན་པས་ན་ཆོས་སྨན་ཞེས་བྱ་སྟེ། འཁོར་འདས་ཆོས་ཀུན་ཡེ་ཤེས་སྨན། །རྒྱས་བཏབས་ཆོས་སྨན་དེ་སྤྱད་ན། །ཉོན་མོངས་དུག་རྣམས་སྨན་དུ་འགྱུར། །ཞེས་དང་། དོན་གྱི་བདུད་རྩི་ཡིན་པའི་ཚུལ། བམ་བརྒྱད་ལས། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །དམ་ཆོས་ལྷུན་གྲུབ་རྫོགས་སངས་རྒྱས། །དུས་གསུམ་སྲིད་གསུམ་སྐུ་གསུང་ཐུགས། །ཡེ་ནས་བདུད་རྩི་ཡིན་པའི་ཕྱིར་ངེས་པའི་ཀློང་ནས་བཀའ་སྩལ་ཏོ། །ཞེས་དང་། ཉང་གཏེར་བདུད་རྩིའི་མན་ངག་ལས། དང་པོ་བདུད་རྩིའི་ངོ་བོ་ནི། །རང་བྱུང་གདོད་ནས་རྣམ་པར་དག་པའོ། །ཞེས་དང་། སངས་རྒྱས་ཀུན་དང་མཉམ་སྦྱོར་པའི། །རང་བྱུང་གདོད་ནས་རྣམ་པར་དག །ཞེས་སོགས་རྒྱ་ཆེར་གསུང་ཤིང་། གཉིས་པ་མཚན་ཉིད་དེ་ལྡན་གྱི་བདུད་རྩི་སྒྲུབ་པ་དངོས་ལ། བསྒྲུབ་གཞི་ཁོལ་བུ་དང་། ཕྱེ་མའི་སྨན་འདུ་བྱས་ནས། སྒྲུབ་ཆོས་སྦྱོང་བ་དང་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བསྒོམ་བཟླས་དང་། སྒྲུབ་པའི་འབྲས་བུ་དངོས་གྲུབ་ཀྱིས་དགའ་སྟོན་སྤེལ་བ་གཉིས་ལས། དང་པོ་ནི། སྔོན་བྱུང་གི་རྩ་བརྒྱད་དང་སྦྱར་བ། ཕྱི་ཡི་རྩ་བརྒྱད་དང་ནང་གི་རྩ་བརྒྱད་མཆོག་ཆེན་མི་ལ་ཚང་། གསང་བའི་རྩ་བརྒྱད་ཡབ་ཀྱི་རྒྱུ་བཞི་ཡུན་གྱི་རྐྱེན་བཞི་སྟེ་བརྒྱད། སྒྲུབ་པ་ལག་ལེན་གྱི་རྩ་བརྒྱད་ལ་ལྔ་ཚན་བརྒྱད་དེ། གཙོ་བོ་ལྔ། སྙིང་པོ་ལྔ། འབྲས་བུ་ལྔ། ཡོན་ཏན་ལྔ། སྡུད་པ་ལྔ། དུལ་བ་ལྔ། དགོས་དོན་ལྔ། དགོས་ཆས་ལྔ་སྟེ་ལྔ་ཚན་བརྒྱད་དེ། དེ་དག་གི་ངེས་པའང་། སྣང་སྲིད་རྩིབ་བཅུད་སྨན་དུ་སྡུད། ཅེས་དང་། བམ་བརྒྱད་ལས། ར་ས་ཡཱ་ན་ལ་སོགས་རྫས། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །ཅེས་གསུངས་པ་ལྟར་ལས། དམ་རྫས་བདུད་རྩི་གཙོ་བོ་ཤ་ལྔ་དང་བདུད་རྩི་ལྔ་ཡིས་གཙོ་བོར་བྱས་པའི། རྩ་བ་བརྒྱད་དང་ཡན་ལག་སྟོང་གི་སྨན་ལེགས་པར་ཚང་ཞིང་། དག་ཅིང་གཙང་ལ་བྱིན་བརླབ་དང་ལྡན་པ་ཤ་སྟག་ལེགས་པར་འཛོམ་ནས། སྒྲུབ་པའི་ཆོ་ག་རྣམ་པར་དག་པས་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པའི་དགོངས་དོན་གཙོ་བོར་སྟོན། འཇིགས་བྲལ་གྱི་རྡོ་རྗེའི་སློབ་དཔོན་ཆེན་པོ་རྡོ་རྗེ་གཟི་བརྗིད་རྩལ་དང་། ལོ་ཆེན་རྣམ་སྣང་སྲུངས་བ་དང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སླར་ཡང་བསམ་བཞིན་དུ་སྲིད་པ་གཟུངས་བ་འཇམ་མགོན་བློ་གྲོས་མཐའ་ཡས། ཨོ་རྒྱན་པདྨ་ཀཱ་རའི་རྒྱལ་ཚབ་སྤྲུལ་པའི་གཏེར་སྟོན་ཨོ་རྒྱན་མཆོག་གྱུར་གླིང་པ་སྟེ་རིགས་གསུམ་མི་ཡི་བརྫུ་བག་གསུམ་གྱིས་ཕྱག་བཞེས་དང་གཏེར་བྱོན་དམ་རྫས་དག་གིས་ཐོག་མཐའ་བར་གསུམ་གྱི་རྒྱན་དུ་མཛེས་པར་བྱས་སོ། །བསྒྲུབ་པ་དངོས་ལ་ཁྲོལ་བུར་རིགས་བརྒྱ་རིགས་ལྔ་རིགས་གཅིག་གིས་སྦྱངས་བ་རྣམས་ཀྱང་རྡོ་རྗེ་བཀོད་པ་ལས་དམ་པ་དེ་ཉིད་གསང་ཆེན་གྱིས། རིགས་བརྒྱ་རིགས་ལྔ་རིག་གཅིག་གིས། །ཐམས་ཅད་སྦྱོང་བའི་མཆོག་ཏུ་བྱ། །ཞེས་གསུངས་པའི་དགོངས་དོན་དང་། སྒྲོན་མ་གསལ་བར། རྣལ་འབྱོར་ཀུན་གྱིས་དེ་ངོས་ནན་གྱི་སྨན་ཉིད་ཀྱིས། ཆེ་བའི་ཡོན་ཏན་རྒྱས་པར་བརྗོད་ཅིང་ལེགས་བསྟོད་དེ། སྨན་ཉིད་ཡུམ་གྱིས་བླང་སྟེ་གཙོ་ལ་གུས་ཤིང་དབུལ་ཞེས་དང་། བདུད་རྩི་མཆོད་བསྟོད་དངོས་གྲུབ་བསྡུས་པའི་དགོངས་དོན་རྣམས་ཆད་ལྷག་མེད་པར་གྲུབ་ནས། །ཕྱེ་མ་མར་བསྒྲུབ་པ་ལ་གསང་འཁོར་ལས། འཁོར་ལོ་སྦྱོར་བའི་འདུག་སྟངས་ཀྱི། །ཕོ་མོ་གཉིས་ཀྱིས་རྐང་བསྣོལ་ཏེ། །ལྕགས་ལས་བྱས་པའི་གཏན་གཏུན་གྱིས། །སྨན་རྣམས་ཧ་ནའི་སྔགས་གྱིས་བཏག་ཞེས་དང་། ཉེ་སྙིང་ལས། ལྷོ་ཡི་ཕྱོགས་སུ་བརྩག་བྱ་སྟེ། ཕྱེ་མ་དར་ཚག་ནང་ནས་རྒྱུ། །ཧོ་ས་ཡ་ཡི་སྔགས་ཀྱིས་བཙག །ཞེས་དང་། དེ་ལྟ་བུའི་ཕྱེ་མ་དེ་ཉིད་སྦོལ་ཞིང་གཞལ་སོགས་དང་རྒྱས་གདབ་བཞུགས་གསོལ། ཆེ་བའི་ཡོན་ཏན་བརྗོད་པ་དཔའ་བོ་འབྲུ་ལྔས་སྦྱོང་བ་རྣམས། ཕྱེ་བསྒྲུབ་དངོས་ཀྱི་དགོངས་པ་ལ་ལྔ་སྟེ། འཇུ་འདུལ་གྱིས་དགོངས་པ་དང་། བདུད་རྩི་བསྐྱིལ་བའི་དགོངས་པ་དང་། དབང་དུ་བྱ་བའི་དགོངས་པ་དང་། དངོས་གྲུབ་ལེན་པའི་དགོངས་པ་དང་། རྒྱ་བཀྲོལ་ཏེ་མཆོད་ཅིང་བོག་བརྩི་དགོངས་པ་རྣམས་སུ་མཆིས་པ་ལས། དང་པོ་དཀྱིལ་འཁོར་གསུམ་དབྱེར་མེད་དུ་སྒྲུབ་ཅིང་། སླར་ཐ་དད་དུ་ཕྱེས་ནས། ཕྱི་མ་ཆེ་མཆོག་རྩ་དཀྱིལ་ལ་ནང་གསེས་འགྲོ་བ་འདུལ་བའི་དཀྱིལ་འཁོར། རྟ་མགྲིན་དབང་གི་དཀྱིལ་འཁོར། སྐུ་གདུང་འབར་བའི་དཀྱིལ་འཁོར། མཁའ་མཉམ་ཀློང་གི་དཀྱིལ་འཁོར། འཆི་མེད་རྡོ་རྗེའི་དཀྱིལ་འཁོར་དང་། དེ་དག་སྦྱོར་བ་བརྒྱད་ཀྱི་དགོངས་པས་སྒྲུབ་ནས། བམ་བརྒྱད་ལས། རྟགས་དང་མཚན་མ་བདུན་གྱིས་འབྱུང་ཞེས་དང་། རྟགས་བྱུང་ནས་ནི་བསྐྱིལ་བའི་སྦྱོར་བ་རབ་ཏུ་གཅེས། སྨན་ཉིད་ལ་ནི་དབབ་པའི་སྦྱོར་བས་དབབ་བྱ་སྟེ། ཞེས་གསུངས་པ་སོགས་ཀྱི་དོན་སྔོན་དུ་ལེགས་པར་གྲུབ་ནས། གཉིས་པ་སྒྲུབ་པའི་འབྲས་བུ་དངོས་གྲུབ་བླང་བ་ལ། སྒྲུབ་པ་ཕྱི་ཡི་དངོས་གྲུབ་བླང་བ་དང་། བྱེ་བྲག་སྨན་གྱི་དགོངས་དོན་དངོས་གྲུབ་བླང་བ། གཞན་དོན་དུ་སྨན་དབང་བསྐུར་བ་དང་གསུམ་གྱིས་སྔ་མ་གཉིས་ཀྱི་དོན་ཡང་། བམ་བརྒྱད་ལས། དེ་ནས་མཆོད་ཅིང་དངོས་གྲུབ་བླང་། ཅེས་དང་། ཉེ་སྙིང་ལས། འདས་པའི་རྣལ་འབྱོར་རབ་གུས་ཀྱིས། །དངོས་གྲུབ་ཐོབ་ཕྱིར་གསོལ་བ་གདབ། །ཅེས་སོགས་ཀྱི་དགོངས་པ་ལེགས་པར་གྲུབ་ནས། གསུམ་པ་ནི། གསང་འཁོར་ལས། ཕོ་བྲང་དེ་ཉིད་སོའི་མགོན་པོ་བཞག་སྟེ། །ལས་དང་ལྡན་པར་དབང་རྣམས་བསྐུར་བར་བྱ། །ཞེས་གསུངས་པ། ཉིད་ཀྱི་སྐབས་སུ་བབས་པ་སྟེ། དེ་ལྟར་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པའི་བསྒྲུབ་པ་ཆེན་པོ་དང་བྱེ་བྲག་བདུད་རྩི་སྨན་གྱི་སྒྲུབ་པའི་དགོས་པ་དང་ཕན་ཡོན་ནི། སྤྱིར་གསང་སྔགས་ཐམས་ཅད་ཀྱི་སྲོག་དམ་ཚིག་ཡིན་ཅིང་། དེ་ལ་རྩ་བ་དང་ཡན་ལག་གི་དམ་ཚིག་གཉིས་ལས། ཕྱི་མ་ཡན་ལག་གི་དམ་ཚིག་ཉེར་ལྔའི་ནང་ཚན་དང་དུ་བླང་བའི་དམ་ཚིག་ལྔ་ཞེས་རྣལ་འབྱོར་བ་ལ་མེད་དུ་མི་རུང་བ་ཡིན་ཅིང་གཞན་ཡང་རྒྱུད་ཆེན་གསང་འདུས་ལས། དད་བརྩོན་དྲག་པོས་བསྒྲུབ་གྱུར་ན། །མཚམས་མེད་ལྔ་པོ་སྤྱད་པས་ཀྱང་། །དངོས་གྲུབ་ཐོབ་པ་གསང་སྔགས་བརྒྱད། །དམ་ལྡན་རྣམས་ལ་སྨོས་ཅི་དགོས། །ཞེས་སོགས་བརྗོད་པའི་མཐའ་ལས་འདས་ཤིང་། བྱེ་བྲག་སྨན་གྱི་ཡོན་ཏན་གྱི་རྒྱུད་ལས། འདི་གྲུབ་རྒྱལ་སྲས་དམ་པར་འགྱུར། །ཡོན་ཏན་མཆོག་འབྲས་ཡོངས་སུ་རྫོགས། །ཞེས་དང་། ཨོ་རྒྱན་ཆེན་པོས། སྒྲུབ་པ་པོ་ཡི་སུས་ཟོས་ཀྱང་། །ཕྱི་ཡི་ནད་གདོན་སྡིག་སྒྲིབ་སེལ། །ནང་གི་བསྐྱེད་རིམ་ཏིང་འཛིན་གསལ། །གསང་བ་རང་རིག་ཆོས་སྐུར་རྟོགས། །དམ་ཚིག་ཉམས་ཆགས་ཐམས་ཅད་སྐོང་། །སོགས་དང་། འདི་ཟོས་ཚེ་ཡི་དུས་བྱུང་ཡང་། །ཕོ་མོ་བཟང་ངན་མེད་པ་རུ། །རིག་པ་འཛིན་པའི་ས་ལ་གནས། །ཞེས་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བདུད་རྩིའི་ཕོ་བྲང་ཆེན་པོའི་དབང་བསྐུར་བ་དངོས་ལའང་། གཟུགས་བརྙན་དང་ཏིང་ངེ་འཛིན་གྱིས་ཕྱི་རོལ་དུ་རྫས་ལ་བརྟེན་ཏེ་དབང་ནོད་པ་གཙོ་བོར་བྱེད་པ་དང་། རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལས་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་དབང་རྫས་ལས་དབང་ནོད་པ་གཙོ་བོར་བྱེད་པ་དང་། རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བསྐུར་ཐོབ་མེད་པའི་ཆོས་ཉིད་ངོ་སྤྲད་པ་རིག་པ་རྩལ་གྱིས་དབང་བསྐུར་བ་གཙོ་བོར་བྱེད་པ་སྟེ་གསུམ་ལས། འདི་སྔ་མ་རྫས་ལ་བརྟེན་ཏེ་དབང་ནོད་པ་གཙོ་བོར་བྱེད་པ་ཡིན་པས་དམིགས་པ་འདི་བཞིན་མཛོད། བདུད་རྩིའི་དཀྱིལ་འཁོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་རྫོགས་པ་རྣམས་བྷཉྫ་ཁ་སྦྱོར་དུ་བསྐྱིལ་བའི་བདུད་རྩི་དཀར་ལ་དམར་བའི་མདངས་ཅན་དུ་གསལ་བ་ལས། དྭངས་མའི་བདུད་རྩི་འཛགས་པ་སྤྱི་གཙུག་ནས་ཞུགས་ཏེ་ལུས་ཀྱི་རྩ་འཁོར་ཐམས་ཅད་ཡོངས་སུ་གང་བས་དབང་བཞི་རྫོགས་པར་ཐོབ་པའི་ཐུགས་མོས་གནང་བར་ཞུ་ཞེས་བརྡ་སྦྱར། འདི་སྔར་རང་ལོ་བཅོ་བརྒྱད་གླིང་ཚངས་དུ་སྨན་སྒྲུབ་དང་པོ་འཚོགས་ནས་རྡོ་རྗེ་སློབ་དཔོན་གྱིས་ཨོ་ཟོབ་བྱེད་སྐབས་དངོས་གྲུབ་བླངས་བའི་མཚམས་སྦྱོར་ལ་བྲིས་པ་ལ་སླད་ནས་རང་ཉིད་ཀྱིས་ཞུས་དག་དོད་ཙམ་བྱས་པའོ། །༈འོ། དེ་ལྟར་ཕུན་སུམ་ཚོགས་པ་ལྔ་ཡིས་སྒྲུབ་པའི་གཞི་བཟུང་། བསྙེན་སྒྲུབ་ཡན་ལག་བཞི་ཡིས་གཞུང་བསྲང་། ལག་ལེན་རྩིས་འགོ་ཚང་བས་ཁྲེགས་ལ་ཕབ་ནས། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་རིགས་འདུས་འཆི་མེད་མཚོ་སྐྱེས་རྡོ་རྗེའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ཡ་གྱལ་རྩ་གསུམ་ཚེ་ཡི་ཟབ་པའི་སྙིང་བཅུད་སྒྱུ་འཕྲུལ་རིགས་ལྔའི་ཚེ་སྒྲུབ་ཀྱི་ལྷག་པའི་ལྷ་ཡི་གཟུགས་བརྙན་གྱིས་དཀྱིལ་འཁོར་ཆེན་པོ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་བཅས་མཐའ་རྒྱས་སུ་གྲུབ་ནས་དེ་ཡང་སྤྱིར་ཨོ་རྒྱན་སངས་རྒྱས་གཉིས་པའི་བསྟན་རྙིང་གཏེར་གྱི་ཆོས་ལ་དད་པ་ཐམས་ཅད་གུ་རུ་ཉིད་བོད་དུ་ཕེབས་པའི་སྐབས་སུ་ཞལ་གྱི་དཀྱིལ་འཁོར་མཐོང་བའི་སྐལ་བ་དང་ལྡན་པར་གསུངས་ཏེ། ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས། མ་འོངས་པདྨའི་ཆོས་ལ་མོས་པ་ཀུན། །དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ། །ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམ། །ཁོ་མོའི་ཚིག་འདི་རིན་ཆེན་གསེར་ལས་དཀོན། །ཞེས་གསུངས་པ་དང་། གཞུང་ཚད་ལྡན་ནས་བསྟན་པ་བཞིན་ཉམས་སུ་བླང་བ་ཀུན་ཀྱང་གུ་རུའི་ཐུགས་རྗེའི་རོལ་རྩལ་ཡིན་པར་གསུངས་ཏེ། དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས། མདོར་ན་ཨོ་རྒྱན་ངས་བསྟན་ཆོས་རྣམས་ལ༔གཞུང་བཞིན་སུ་དང་སུ་ཡིས་སྤྱོད་པ་ཀུནཿཐམས་ཅད་ང་ཡི་སྤྲུལ་པ་ཡིན་པར་ངེས༔མ་འོངས་ཀུན་གྱིས་ཡིད་གཉིས་ཐེ་ཚོམ་སྤང་༔གུས་པས་བསྐུར་བསྟི་ཕུ་དུད་འབྲེལ་བ་ཞོག༔ཅེས་གསུངས་པ་དང་། ཁྱད་པར་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ཆེན་པོ་བྱས་པའི་ཕན་ཡོན་ནི། གུ་རུ་ཉིད་ཀྱི་རྡོ་རྗེའི་གསུངས་ཟབ་བདུན་སྒྲུབ་ཆེན་སྤྱི་ཆིངས་ལས། ཨེ་མ་དེ་ལྟར་གསང་སྔགས་བླ་མེད་ཀྱི༔གཞན་དོན་ཚོམ་བུའི་སྒྲུབ་པ་བྱེད་པ་ཡི༔སྟོན་པ་དེ་ནི་རྡོ་རྗེ་སེམས་དཔའ་དངོས༔འཁོར་རྣམས་ཐམས་ཅད་བྱང་ཆུབ་སེམས་དཔའ་རིགས༔ཞག་བདུན་ཁོངས་སུ་རྒྱལ་བའི་སྲས་སུ་འགྱུར༔མཐར་ཐུག་ཡང་དག་འབྲས་བུ་དེ་ལས་ཅི༔ཞེས་དང་ཚེ་གཞུང་ལས། ལུས་ནི་འཆི་མེད་རྡོ་རྗེའི་སྐུ༔ངག་ནི་ཚངས་པའི་དབྱངས་དང་ལྡན༔ཡིད་ནི་ལྟ་བའི་གདེང་ཆེན་ཐོབ༔ཡོན་ཏན་ཚེ་ལ་ཟད་པ་མེད༔ཕྲིན་ལས་མཐའ་ཡས་འགྲོ་བ་སྒྲོལ༔ཞེས་མཆོག་གི་དངོས་གྲུབ་དང་། ཡང་སྤྱི་ཆིངས་ལས། གནས་སྐབས་སུ་ཡང་ཚེ་རིང་ནད་མེད་ཅིང་༔བཀྲ་ཤིས་དགེ་ཞིང་བསོད་ནམས་ལོངས་སྤྱོད་འཕེལཿབྱ་བ་ཐམས་ཅད་གེགས་མེད་འགྲུབ་པར་འགྱུར༔ཡུལ་དེར་ཆར་ཆུ་དུས་འབེབས་ལོ་ཕྱུག་ལེགས༔མི་ནད་འཁྲུགས་རྩོད་ཐམས་ཅད་ངང་གིས་ཞི༔འགོང་པོ་དམ་སྲི་འདྲེ་ངན་ཐམས་ཅད་བྲོས༔གཟུགས་མེད་ལྷ་ཀླུས་མཆོད་པ་གནས་དེར་བྱེད༔ཅེས་རྒྱ་ཆེར་བསྔགས་པ་ལ་ཐེ་ཚོམ་བྲལ་བའི་ངེས་ཤེས་དང་དད་མོས་དམ་ཚིག་རྣམ་པར་དག་པས་སྒྲུབ་ན་གྲུབ་པའི་འབྲས་བུ་འབྱིན་པ་ལ་བསླུ་བ་མེད་པས་སྤྲོ་དགའ་རྒྱ་ཆེར་བསྐྱེད་པ་དང་། ཁྱད་པར་རྡོ་རྗེའི་ཚེ་སྒྲུབ་པའི་དགོས་གནད་ཀྱང་། ཞལ་གདམས་སྙིང་བྱང་ལས། ལས་རྣམས་ཀུན་གྱི་ཐོག་མར་ནི༔རིག་འཛིན་ཚེ་ཡི་སྒྲུབ་པ་བྱ༔ཆོས་སྤྱོད་བསླབ་ལྡན་རྣམ་འབྱོར་པས༔ཚེ་རིང་བ་ནི་དག་པ་སྟེ༔འདི་དང་ཕྱི་མའི་དོན་འགྲུབ་ཅིང་༔དངོས་གྲུབ་ཀུན་ཀྱང་འགྲུབ་པར་འགྱུར༔ཞེས་གསུངས་པ་ལྟར། མཐོ་རིས་ཀྱི་ཡོན་ཏན་བདུན་གྱི་ཡ་གྱལ། མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་མཐའ་དག་སྒྲུབ་པའི་གཞི་རྟེན་རིང་འཚོའི་ཆོ་ག་ལ་འབད་པ་ནི་ལེགས་ཚོགས་ཐམས་ཅད་བསྐྱེད་པའི་གཞི་ཡིན་པ། དེས་ན་སངས་རྒྱས་གཉིས་པ་པདྨ་ཀཱ་རས་སྙིགས་མ་ལྔ་བདོའི་འགྲོ་བ་ཚེ་ཐུང་བའི་ཉེས་པར་གྱུར་པ་རྣམས། འཆི་མེད་ཀྱི་རྒྱལ་སར་དབུགས་དབྱུང་བའི་སླད་དུ་ཆོས་རྒྱལ་ཡབ་སྲས་གཙོ་བོར་གྱུར་པ་རྣམས་ལ་ཚེ་དཔག་མེད་ཡབ་ཡུམ་གྱི་རྒྱུད་ལུང་སྒྲུབ་ཐབས་མན་ངག་བསམ་གྱིས་མི་ཁྱབ་པ་ཡོངས་སུ་གདམས་པ་རྣམས་ཀྱི་ནང་ནས། བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་བཅུད་དྲིལ་ཟབ་པའི་མན་ངག་དུ་མས་ཁྱད་པར་དུ་གྱུར་པ་ནི། རིགས་ལྔ་སྒྱུ་འཕྲུལ་ཚེ་དཔག་མེད་སྤྱི་སྒྲུབ་ཀྱི་སྐོར་འདི་རྣམས་ཡིན་ཏེ། གཞུང་ལས། ཨེ་མ་བདག་ཉིད་པདྨ་འབྱུང་གནས་ཀྱིས༔མཱ་ར་ཏི་ཀར་འཆི་མེད་བསྒྲུབ་པའི་དུས༔ཚེ་དཔག་མེད་འཇལ་སྒྲུབ་ཐབས་བརྒྱ་རྩ་ཞུས༔ཀུན་གྱི་སྤྱི་སྒྲུབ་ཡང་དྲིལ་འདི་ལས་མེད༔ད་ལྟ་སྤེལ་འཕངས་རིན་ཆེན་གཏེར་དུ་སྦས༔མ་འོངས་མཆོག་གི་མིང་གྱུར་དེ་དང་སྤྲོད༔འགྲོ་བ་ཐམས་ཅད་ཚེ་དང་ཡེ་ཤེས་ཀྱི༔གོ་འཕང་བླ་མེད་འགྲུབ་པའི་རྒྱུར་གྱུར་ཅིག༔ཅེས་རྒྱ་ཆེར་བསྔགས་དོན་དང་ལྡན་པའི་དཀྱིལ་འཁོར་ཆེན་པོར་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་གྲུབ་པ་ལས་བྱུང་བའི་བདག་གཞན་རྣམས་ཀྱི་དགེ་ཚོགས་མཐའ་དག་ཡོངས་སུ་བསྔོ་བ་དང་། མར་མེ་གཅིག་ལ་བལྟས་པའི་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་མཆེད་ལྕམ་དམ་ཚིག་དག་པ་རྣམས་མཐར་ཐུག་འོག་མིན་པདྨ་དྲྭ་བར་ཚོམ་བུ་གཅིག་ཏུ་འཆི་མེད་རྡོ་རྗེར་མངོན་བྱང་ཆུབ་པའི་ཕྱིར་དུ་མར་མེའི་སྨོན་ལམ་གདབ་པར་སྐབས་སུ་བབ་པ་སྟེ། ཇི་སྐད་དུ། སངས་རྒྱས་ཀུན་གཞི་སྤྲོས་པ་མེད་པའི་དབྱིངས། །ཐིག་ལེ་ཆེན་པོ་མ་བཅོས་ལྷུན་གྲུབ་དང་། །སྐྱེ་འགགས་མེད་པ་བྱང་ཆུབ་སེམས་ཀྱི་དོན། །ཡེ་ཤེས་མར་མེ་སྟོང་རྩ་ཤར་བའོ། །ཞེས་གསུངས་པ་ལྟར། མཚོན་བྱ་དོན་གྱི་མར་མེ་ནང་དབྱིངས་ཀ་དག་སྤྲོས་བྲལ་གཏིང་གསལ་ལྷུན་གྲུབ་རང་བྱུང་གི་ཡེ་ཤེས་ཐོག་མ་དང་མཐའ་མ་མེད་པ་ཡེ་ནས་ཡོན་ཏན་རྒྱ་མཚོ་རང་ཆས་སུ་བྲི་གང་འཕོ་འགྱུར་དང་བྲལ་བར་གནས་པ་ཉིད། གཞི་སྣང་ལྷུན་གྲུབ་རང་གདང་གི་ཡེ་ཤེས་ཐར་ལུགས་བརྒྱད་ཀྱི་སྒོ་ནས་ཕྱིར་གསལ་གྱི་སྣང་ཆ་འཁོར་འདས་སྣ་ཚོགས་སུ་འཆར་བ་ནི་མཚོན་པ་བརྡ་ཡི་མར་མེ། འཁོར་ལོ་བཞིའི་དབུས་སུ་འོད་གསལ་ཐིག་ལེ་ཆེན་པོ་དང་། སྤྱི་བོ་ནས་རྟོག་མེད་ཡེ་ཤེས་ཀྱི་སྐུ་འཆར་བ་ནི་མཚོན་བྱེད་རྟགས་ཀྱི་མར་མེ་སྟེ། མཐར་ཐུག་མན་ངག་སྡེ་ལྟར་བཤད་པ་དང་། ཡང་ན་ཀུན་གཞི་རིག་པ་རང་བྱུང་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ནི་གནས་པ་གཞི་ཡི་མར་མེ། དེ་ཉིད་མངོན་དུ་བྱེད་པའི་ལམ་བསྐྱེད་རྫོགས་ལ་བརྟེན་ནས་འོད་གསལ་ཆེན་པོ་མངོན་དུ་བྱེད་པ་བསྒྲོད་པ་ལམ་གྱི་མར་མེ། མཐར་ཐུག་སྒྲིབ་གསུམ་བག་ཆགས་དང་བཅས་པ་བཅོམ་ནས་སྐུ་ལྔ་ཡེ་ཤེས་ལྔ་མངོན་ཏུ་གྱུར་པ་མཐར་ཕྱིན་འབྲས་བུའི་མར་མེ་སྟེ། དེ་རྣམས་ཀྱང་མཚོན་བྱེད་སྣང་གྱི་མར་མེ་འདིས་མཚོན་ནས། འོད་གསལ་ཡེ་ཤེས་ཆེན་པོའི་སྣང་བ་མཆོག་ཏུ་འབར་བས་རྒྱུ་དྲུག་འཁོར་བའི་མུན་པ་རྩད་ནས་བཅད། དུས་གསུམ་གྱི་རྒྱལ་བ་དང་། རིག་པ་འཛིན་པ་རྣམས་དང་། རྡོ་རྗེའི་ཁྲོ་རྒྱལ་རྣམས་ཀྱི་ཞལ་མཐོང་། རང་བྱུང་སྣང་བ་བཞི་ཡི་ཤུལ་མཚོན། རིག་སྟོང་བརྡའ་ཁྱབ་ཆེན་པོས་རྒྱབ་སྐྱོར། རང་གྲོལ་སྤྱོད་པ་ཅོག་བཞག་གི་མཐའ་བརྟེན་ཏེ། རིག་འཛིན་རྣམ་བཞིའི་གསང་ལམ་ཉི་ཟླའི་བགྲོད་པ་ལས་ཀྱི་མྱུར་བས་ཡེ་ཤེས་བླ་མའི་ས་མཆོག་ལ་དཀའ་བ་མེད་པར་ཕྱིན་པ་དང་། དེ་ལྟར་རྡོ་རྗེའི་ཚེ་མཆོག་སྒྲུབ་པས། བར་ཆད་བདུད་བཞིའི་འཕྲང་ལས་སྒྲོལ་ཞིང་། མི་ཤིག་གཉུག་མའི་བཙན་ས་ཟིན། སྐྱེ་བ་མེད་པའི་དོན་རྟོགས། འཆི་བ་མེད་པའི་གདིང་རྙེད། དུག་ལྔ་མ་སྤངས་རང་གྲོལ་འཁོར་འདས་ཀྱི་དྭངས་བཅུད་ཐིག་ལེ་ཆེན་པོའི་ཀློང་དུ་འུབ་ཆུབ། སྲིད་པ་གསུམ་པོ་ཡོངས་སུ་དག་པ་འོད་ཟེར་འཕྲུལ་བཞད་ཀྱི་ཀློང་དམ་པར་དབང་འབྱོར་ནས། གདོད་ནས་འཕོ་འགྱུར་བགྲེས་རྒུད་ཐམས་ཅད་དང་བྲལ་བའི་བླ་མ་རིག་འཛིན་རིགས་ལྔ་ཚེ་དཔག་མེད་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་དགོངས་པ་གདིང་ཆེན་ཐོབ། དབུགས་ཆེན་འབྱིན། རྩལ་ཆེན་རྫོགས་ནས། བདེ་ཆེན་ཡེ་ཤེས་དྭངས་མའི་བཅུད་ལེན་གྱིས་འཆི་མེད་རྟག་པ་རྒྱུན་གྱི་སྐུ་མཆོག་འགྱུར་མེད་མི་ཤིག་གཞོམ་བྲལ་དཔལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་ཚེ་དང་ལང་ཚོ་གྲུབ་པའི་ཐུགས་འདུན་རྩེ་གཅིག་ཏུ་མཛད་ནས་སྨོན་ལམ་གྱི་རྗེས་ཟློས་གནང་བར་ཞུ། །། །
[edit]

@#/__/bka' brgyad bdud rtsi sman sgrub la mkho ba'i dngos grub len chog gi stong thun bzhugs so/__/ 'o skal ba dang ldan pa'i rdo rje'i 'dus pa rgya mtsho'i tshogs rnams spyir chos thams cad kyi gzhi rten theg chen byang chub sems kyis kun slong rnam par dag pas gzhir bzung /__khyad par snang srid dag pa rab 'byams kyi 'khor lo chen po bya rtsol blo 'das gzhi dbyings rig stong khyab brdal chen po'i ngang nas ma yengs pa legs par gsan 'tshal/__de la gang zhig gsan par bya ba ni/__rgyal ba rnams kyis sems can gyi blo dang bsam pa dang /__bag la nyal dang rjes su mthun par chos kyi rnam grangs thug pa med pa zhig bka' stsal pa yin te ji srid sems kyis 'jug pa ma zad bar/__de srid theg pa'i mtha' la thug pa med zhes pa ltar yin la/__de dag kyang ris dang phyogs su bsdu na/__theg pa'i rim pa dgur dbye ba yod de/__kun 'byung 'dren dang dka' thub rig__/dbang sgyur thabs kyi theg pa'o/__/zhes pa ltar/__theg pa gsum/__nang dka' thub rig byed kyi theg pa gsum/__gsang dbang bsgyur thabs kyi theg pa dang gsum ste/__dbye ba de rnams kyang /__'og ma 'og ma las/__gong ma gong mas sngags dang cho ga thabs ting nge 'dzin rnams khyad par du 'phags la/__rim pa dgu po de dag rim pa gsum du bsdu ba yang rung ste/__bdud rtsi bam brgyad las/__bsam gyis mi khyab bstan pa dang /__brgyad khri bzhi stong rnam grangs kyang theg pa'i sgo ni gsum du 'dus/__zhes bshad pas/__de yang nyan rang gi theg pa ni myang 'das kyi lam dang 'bras bu rdzogs pa ma yin ste/__lam gyi gnad nyung zhing chod chung bas 'bras bu thar pa'i cha gcig tsam thob pa las med cing mthar thug gi theg pa chen po la gzod gzhol dgos pa'i phyir dgos pa'i dbang gis de ltar gsungs kyang /__don du snga ma gnyis po/__theg chen gyi lam kho nar 'du la/__de la yang rgyu 'bras kyi theg pa gnyis las/__rgyu yi theg par ni 'bras bu mthar thug bgrod byed lam rdzogs par mi 'byung bas dang por 'jug pa'i sgo dang /__lam ma lus pa rdzogs par ston pa ni rdo rje theg pa kho nar nges pa ste/__gong bshad ltar snga ma'i lam dang 'bras bu rnam pa thams cad ngo bo mi 'gal/__yon tan yar ldan gyi tshul du/__phyi mar tshang zhing /__phyi mar rang gi thun mong ma yin pa rnams snga mar med pa'i khyad chos yin pas don gyis sgo nas mthar thug 'bras bu theg pa gcig tu 'dus par bstan te/__'jam dpal sgyu 'phrul drwa ba las/__theg pa sna tshogs thabs tshul gyis/__/'gro ba'i don la rten pa po/__/theg pa gsum gyi nges 'byung la/__/theg pa gcig gi 'bras bur gnas/__/zhes gsungs pas/__theg pa chen po gsang sngags kyi sgo 'di ni sangs rgyas thams cad kyi bgrod pa gcig pa'i lam gyi mthar thug pa yin la/__rgyu mtshan des na/__rang cag rnams rnyed par dka' ba'i mtshan ldan gyi mi lus rin po che mi khom pa'i gnas brgyad dang bral zhing 'byor pa bcu tshang ba yid bzhin gyi nor bu dang mtshungs te/__dpal o rgyan chos kyi rgyal pos/__yang yang rnyed dka' u dum wa ra 'dra/__/rnyed pa don che yid bzhin nor dang mtshungs/__/zhes sogs/__shAkya'i bstan dang bstan 'dzin rnams kyi mdo rgyud bstan bcos kun nas rgya cher gsungs pa ltar lags shing /__dal 'byor de thob pa tsam gyis mi chog snying po len pa'i thabs la 'bad dgos/__len pa'i tshul tshe 'di 'jig rten chos brgyad kyi dbang du mi btang bar/__phyi ma'i don gtso bor bsten nas chos rnam dag zhig 'grub pa gal che/__chos de yang 'khrul pa dang bral ba zhig nyams su len dgos te/__bsreg bcad brdar ba'i gser bzhin du/__/legs par brtags la nga yi bka'/__/blang bar bya yis gus phyir min/__/zhes pa ltar/__ston pa'i gsungs/__rgya bod mkhas grub kyis bkral/__rig 'dzin byang chub sems dpa'i byin brlab kyi brgyud pa dang ldan pa zhig las/__khungs dang ma 'brel ba'i rtog ge'i tshig nyon mongs 'phel bar byed pa'i chos dag ni/__mu stegs kyi lam la zhugs pa dag gis bram ze'i rig byed bton pa lta bu las/__phan gnod gang yang ster mi nus zhing /__des na da lan skabs su bab pa'i chos 'di ni/__spyir gu h+ya zhes pa'i sgra las drangs nas gsang ba la 'jug ste/__lha dang snying po sngags kyis rim pa dag__/dbang ma thob pa'i snod min la gab cing /__snod ldan rnams la gsang ste ston pas dam tshig ma nyams na mchog thun gyi dngos grub thob pas de ltar grags la/__de la yang /__rgya gar 'phags pa'i yul na gsar rnying zhes pa'i dbye ba med kyang /__gangs can gyi ljongs su bstan pa bab lugs dang /__mdo rgyud kyi 'gyur mgo tshul snga phyi las/__gsar rnying gnyis su grags shing /__de gnyis ka'i bla med kyi rgyud rnams ni tshe gcig la mchog gi dngos grub ster nus pa can gyi rang bzhin yin la sgrub sde chen po 'di ni phyogs gang du gtogs na/__dpal rong zom zhabs kyis che ba drug ldan gyis khyad par 'phags pa gsang chen rnying ma zhes bsngags pa'i me tog 'thor zhing /__gzhan yang gangs ljongs su shing rta brgyad kyis bka' srol byon pa kun gyi slob dpon/__yongs su grags pa/__lha gcig dI pam kA ra/__bdag nyid chen po rngog blo ldan shes rab/__paN+Di ta kun dga' rgyal mtshan/__rje bdag nyid chen po sogs 'phags pa'i sa la bzhugs pa'i skyes chen du mas kyang /__bstan dang bstan 'dzin bcas pa kun la bsngags brjod kyi me tog yongs su 'thor ba'i 'os su gyur cing /__spyir de la'ang /__babs so chen po gsum du mnga' te/__ring brgyud bka' ma/__nye brgyud gter ma/__zab mo dag snang ma zhes gsum du dbye zhing /__de dag kyang /__rgyud sde dang /__sgrub sde gnyis su 'du/__'dir theg pa kun gyi yang rtse/__mdo rgyud thams cad kyi snying khu/__de dag kyang bskyed rdzogs rdzogs pa chen po'i bstan bya gtso bor 'chad pa'i dbang gis ma hA/__a nu a ti yo ga gsum du dbye zhing /__rgyud lung man ngag gsum ka'ang /__sbyang gzhi sngon du 'gro ba'i dbang gis yo ga skor gsum gyi rtsa ba bskyed pa ma ha yo ga'i skor rnams rgya bod kyi mkhas grub rnams kyis bshad sgrub kyi sgo nas gtan la phab cing /__de la'ang /__dpyad pa gsum gyis dag cing /__steng na rig 'dzin brgyud pa'i gral ma zhig__/sa la dkyil 'khor bsgrub pa'i bkrag ma yal/__bar na sman rag bdud rtsi'i mtsho ma skam/__mtha' na mkha' 'gro chos skyong gis g.yar dam ma bsnyel/__dam nyams dang 'dres cher gyis lhad ma zhugs/__mkha' 'gro'i kha rlang thu le ba/__man ngag nyams myong gi drod dang ldan pa/__sgrub sde bka' brgyad ces rgya bod mkhas grub kun gyi thugs dam mnog chos 'di la/__brgyud pa drug ldan mnga' bas de yi lo rgyus cung smros na/__thog ma'i mgon po bcom ldan 'das dpal kun tu bzang po dkyil 'khor thams cad kyi khyab bdag gi ngo bo rang bzhin thugs rjer bcas te gzhi las mngon par byang chub nas sku dang zhing khams rgya mtsho longs spyod rdzogs pa'i bkod pa'i dag pa dang /__thub pa drug la sogs pas ma dag pa'i 'gro ba rab 'byams rgya mtsho 'dul zhing /__nyid las mi gzhan pa'i 'khor gyi dkyil 'khor gang la gang 'dul du snang ba rnams dang thabs gcig__/nges don rdo rje theg pa'i bstan pa spyi dang /__bye brag bde gshegs 'dus pa chen po'i spyi rgyud lnga dang /__sgos brgyud bcu/__yan lag gi rgyud la'ang /__'jam dpal le'u khri drug stong /__zla gsang nag po le'u 'bum pa sogs 'jam dpal sku rgyud/__rta mchog rol pa rngog ma le brgan sogs pad+ma gsung rgyud/__gal po che chung sangs rgyas mnyam sbyor sogs yang dag thugs rgyud/__bdud rtsi bam brgyad bdud rtsi 'khor lo sogs bdud rtsi yon tan gyi rgyud/__rig mchog 'bum sde/__rdo rje rtse mo sogs phur pa phrin las kyi rgyud/__srid pa'i bem chen sku rgyud 'bum tig sogs rbod gtong ma mo'i rgyud/__dregs pa 'dus pa/__srog thig nag po sogs 'jig rten mchod bstod kyi rgyud/__shel phreng dkar po tsha ba mar 'dzin sogs dmod pa drag sngags kyi rgyud bsam gyis mi khyab pa rgyal ba dgongs pas brgyud de gsungs pa rnams/__mi mngon rig pa 'dzin pa'i gnas su rgyal ba kun gyi thugs kyi ye shes las byung ba'i rig 'dzin rdo rje chos kyi sku yi rnam 'gyur/__gsung gi brda'/__thugs kyi dgongs don ma lus pa rgyud kyi rang bzhin du gtan la phab ste ngag tu bsdus/__slar yang 'og min dga' ldan/__ri rab kyi rtse mo ste/__lha gnas gsum du grags pa'i gnas su yi ger bkod cing dgongs 'grel lung gi chos lnga bcas rig 'dzin brda yis brgyud de bston nas mkha' 'gro'i gtso mo gsang ba ye shes las kyi dbang mo che la gtad rgya dang bcas te gter du gdams pa na/__des kyang spyi bye brag gi rgyud rnam par so sor phyes nas rin po che'i sgrom bur bcug ste dur khrod bsil ba'i tshal gyi mchod rten bde byed brtsegs par gter du sbas pa gsang ba'i bdag po kuny+dza ra'i thugs kyi ye shes dgu'i rang gzugs dur khrod chen po brgyad na bzhugs pa'i slob dpon rnam pa dgu yis gung bdun du tshogs kyi 'khor lo bcas dgongs pa mdzad nas rgya bkrol te/__bka' brgyad bye brag gi sgrom bu brgyad/__'jam dpal bshes gnyen sogs grub brnyes rig 'dzin chen po brgyad la bab/__spyi rgyud kyi sgrom bu rin po che sna tshogs las byas pa skabs der rgya ma khrol ba phyis kun 'dus rig 'dzin chen po pad+ma thod phreng rtsal gyis spyan drangs/__thams cad kyang mchog thun mong gi grub pa brnyes pa'i tshul bstan/__che ba'i yon tan du ma dang ldan pa snang srid zil gnon gyi slob dpon de nyid 'jam dbyangs sprul pa'i thugs bzhed skong phyir bod du phebs bod rje 'bangs la bka' drin bsam pa'i mtha' las 'das shing skal ldan las can dag la zab mo'i gdams pa mang du stsal ba las/__chos 'di gdul bya dus la bab pa'i tshe/__'jig rten mig gcig lha btsan po khri srong lde'u btsan zhes 'jam dbyangs mi yi brdzu bag la zhugs pa de nyid kyis/__bsam yas mchims phu brag dmar ke'u tshang zhes sgrub gnas byin che la/__rlung rig dwang ba/__gnas kyis gang zag byin rlabs nus pa de nyid du gnubs chen sangs rgyas ye shes sogs skal ldan las can snying gi bu dgu la sgrub pa bka' brgyad kyi dkyil 'khor chen po zhal phyes nas dbang bskur ba'i dus su so so'i me tog ji ltar phog pa'i dkyil 'khor gyi zhal mthong zhing /__thun mong gi grub pa'i rtags sprul sgyur sogs dang /__mchog gi dngos grub sku tshe de nyid la rigs kyi bdag po'i thugs kar 'od du thim/__'bras bu he ru ka dang gzhi dus kyi he ru ka gnyis dbyer med du gyur/__gzhan yang rje 'bangs nyer gcig__/yer pa'i grub thob brgya rtsa/__shel brag gi sngags pa sum cu/__yang rdzong gi rtogs ldan nga lnga sogs gang brag snyan khungs brgyud pas mchog thun dngos grub brnyes pa bsam gyis mi khyab pa byon zhing /__bde gshegs 'dus pa 'di bka' ring brgyud rgya gar mkhas pa mi bzhi/__bod gnyags lo ye shes gzhon nu la gnang nas rim par brgyud de/__grub thob dngos grub zhabs la mnga' bdag nyang chen pos gsan nas de phyin bka' gter chu bo gcig 'dres su gyur pa dang /__gter chos smon lam gyi brgyud pa la'ang rje 'bangs so so'i dbang skal du stsal ba mi 'dra ba du ma mchis pa'i nang nas yongs su grags pa'i thugs gter lnga ni/__snying dang 'dra ba bde gshegs 'dus pa/__snying khrag dang 'dra ba gsang rdzogs/__dwangs ma dang 'dra ba rang byung rang shar/__srog dang 'dra ba thugs kyi me long /__lus dang 'dra ba yang gsang dregs 'dul rnams nyang gur rgod sdem ste/__mchog gi sprul sku gsum dang pad+ma gling pa/__bsam gtan bde chen gling pa rnams kyis spyan drangs/__gzhan yang bka' 'dus chos kyi rgya mtsho sprul pa'i gter ston yab rje o rgyan gling pas spyan drangs zhing slar yang yang gter du sbas pa phyis kun mkhyen rdo rje gzi brjid rtsal la bka' bab cing snying po tsam gtan la dbab pa sogs bzhugs shing de kun las khyad du 'phags pa/__chos rgyal tshangs pa lha yi me tog gi chos skal/__bde gshegs 'dus pa'i skor rnams lo chen bai ro dang ldan ma tses mang gi phyag bris rgyal po'i bla dpe rnams brag dmar mgrin bzang la gter du sbas pa/__mkha' 'gro ma rnams kyis gter gnas spos te/__lho brag mkhon mthing rnam snang gi sku rgyab bzhugs pa'i kha byang bsam yas 'khor bar ma nas grub thob dngos grub kyis bton te/__mnga' bdag tshangs pa lha yi me tog sku yi skye ba bco lnga bzhes pa'i mthar srid pa tha ma'i byang sems chen po/__zab gter 'dzin pa kun gyi mnga' bdag__/nyang ral nyi ma 'od zer zhes/__sku che pa'i yon tan du ma dang ldan pa de nyid kyis spyan drangs nas bka' babs kyi bu lnga po sogs rim par grub brnyes kyi brgyud pa mi 'dra ba du ma gyes pa las/__khyad par du gyur pa sras chung 'gro ba'i mgon po sogs mnga' bdag gdung rabs brgyud pa bdun gyi mthar/__mnga' bdag kun dga' 'od zer gyi slob ma ri brag la zang thal du 'phur ba sogs/__grub pa brnyes pa'i rtags mtshan thun mong du ston nus pa rje rig 'dzin nam mkha'i rnal 'byor gyi thugs sras/__yul mnga' ris kyi paN+Di ta pad+ma dbang rgyal rdo rje zhes rigs gsum sems dpa'i pad+ma ka ra bcas kyi thugs rje dang mkhyen rab gcig tu bsdus pa ngo mtshar sprul pa'i gter ston chen po de nyid/__nges pa'i don du gzhi thog dang po'i sangs rgyas dang rnam dbyer med kyang /__drang don du gdul bya kha drang ba'i phyir gnas thos dang bsam pa dang /__sgom pa la rim gyis sbyong ba mdzad cing /__mdzad pa'i tshul bstan 'dzin skyes bu gzhan las khyad par du 'phags shing gsan bsam bsgom med du mdzad/__khyad par gsang sngags snga 'gyur rdo rje theg pa'i bstan pa snum zad mar me bzhin gyur cing bka' brgyad rnam gsum 'ja' skur 'grub la nye ba'i dus bka' brgyad bka' gter gyi dbang lung lan grangs nyer lnga gsan pa/__des mtshon bka' gter rgyun bzhugs so cog 'bad pa du mas gsan cing bstan pa'i me ro rmang nas bslang zhing thugs nyams su bzhes pa sku tshe de nyid la mchog gi dngos grub brnyes pa'i rdo rje'i slob dpon chen po de nyid la dbang rgyud lung man ngag thams cad kyi bka' bab/__de nas brgyud pa 'ga' zhig gi mthar lo chen bai ro bsam bzhin srid pa bzung ba'i mtshan brjod par dka' ba chos rgyal gter bdag gling pa zhes snga 'gyur bstan pa'i shing rta chen po de la mnga' bdag chen po nyang gi ye shes kyi skus rjes su bzung zhing gnang ba stsal ba ltar lag len 'jug pa bde bar mdzad cing /__de'i rjes 'brangs mkhas grub rnams nas rim par brgyud de/__bdag cag gi dpal ldan bla ma dam pa'i bar du brgyud pa bar ma chad pa byon pa'i snyan brgyud tshad ma bzhi ldan gyi zab chos khyad du 'phags pa'i sgo nas sgrub pa chen po'i rim pa nyams su len pa la'ang 'jug pa'i mtha' bcus gsang sngags kyi chos la zhugs dgos te/__sgo dbang gis phye/__srog dam tshig gis gzung /__thag lta bas bcad/__la spyod pas dor/__nyams ting nge 'dzin gyis blangs/__don man ngag zab mos sgrubs/__rgyud thos pas grol/__sgo theg pa kun gyi shes bya phyogs med la bslab/__dgongs don du ma ro gcig tu bsdu ba'o/__/de rnams kyis lo rgyus 'jug thabs dang bcas pa shin tu mdor bsdus pa'i tshul du smros shing /__yid ches kyis nges pa bskyed nas sgrub pa dngos kyi las rim la'ang /__sbyor dngos rjes gsum gyi/__/dang po la/__sgrub pa'i gzhi bzung ba dang /__sgrub pa'i sngon 'gro dang gnyis las/__dang po la ston pa gnas dang 'khor dang dus/__yo byad la sogs gzhir ldan nas/__zhes gsungs pa ltar/__phun sum tshogs pa lnga lhun gyis grub nas/__gnyis pa la lnga las/__dang po sa yi cho ga la sa brtags pa/__bslang ba/__dbang du bya ba/__sbyangs ba/__bzung ba rnams brgyud pa'i phyag bzhes dang /__rgyud las gsungs pa ltar/__chad lhag med par mdor bsdus pa'i tshul du bsgrubs nas/__gnyis pa mtshams bcad pa la'ang phyi'i mtshams bcad pa rgyal chen sde bzhi la gtor ma 'bul zhing /__phrin las bcol ba dang /__bar mtshams la'ang gnyis las/__dang po dngos grub la bar du gcod pa'i dam nyams bdud kyi rigs rnams/__thar med las kyi btson khang du bcug nas stong pa nyid dang 'byung chen bzhi'i rgyas btab las bzhi lhun grub kyis bro brdung /__gnyis pa las kyi gshin rje ya ma rA dza dang khro bo'i rgyal po mi g.yo ba gnyis la gtor ma btang zhing /__phrin las zhu ba rnams kyis bsgrub/__gsum pa nang mtshams bcad pa la/__yid lhan skyes dang /__kun btags kyi ma rig pa'i rtsal las chos gnyis 'dzin du shar nas nga dang bdag tu bzung nas srid par 'khor byed kyi 'dre bo che la ma Tam zhes brtags shing /__de yang sngon byung gi lo rgyus smos te/__de nas 'jug gdul bya'i nyams len gyi steng du phab nas/__zung 'jug lha yi phyag rgya dpal chen khros pas chos kyi dbyings thams cad 'dus pa chen po'i klong du lta ba gyad du gyur pas bsgral zhing /__phyi nang gsang ba'i mtshan 'dzin gcod cing /__rtsa rlung thig le'i rang bzhin/__phyi rol du shar ba'i ma Tam gyi khog pa gdod nas grub pa'i bsgrub pa gnas kyi dur khrod chen por byin gyis brlabs pa ste/__rtsa rgyud las/__mthong dang rig dang shes dang spyad/__/'di las 'da' bar ma gyur na/__/log par lta ba 'dul nus shing /__/sangs rgyas rnams nyid 'grub ces dang /__/shin tu khro zhing gtum pa la/__/zhi bas phan par mi 'gyur te/__/shes rab thabs kyi ngo bo las/__/khro bo de bzhin gshegs sprul mdzad/__/khro bo'i tshul 'chang khros pas kyang /__/'jig rten gsum rnams bsreg byed na/__/sangs rgyas thams cad khros pa yi/__/khams gsum ma lus smos ci dgos/__/zhes sogs rgya cher gsungs pa ltar gyis don rnams dang 'bar ba'i stang stabs la sogs pa lnga dang de bzhin nyid/__gsang ba'i mtshams gcod bcas legs par bsgrubs/__gsum pa rten gyi dkyil 'khor la/__dbang po tha ma rdul tshon/__'bring ras bris/__rab tshom bu/__yang rab bla ma'i lus dkyil la brten pa bzhi'am/__yang na bskyed pa ma ha yo ga ltar/__thabs rgyud kyi brjod bya thams cad phyi dkyil kun rdzob drang don gyi gzugs brnyan gyi dkyil 'khor steng du gtan la phabs te sgrubs/__nang a nu yo ga ltar/__sher rab rgyud kyi brjod bya/__phung khams skye mched/__rtsa thig rlung gsum bde chen byang chub sems kyi dkyil 'khor du gtan la phab ste sgrub pa dang /__gsang ba rdzogs chen a ti yo ga ltar/__bskyed rdzogs sogs spros bcas kyi rim pa/__spros bral rang bzhin gdod ma'i dkyil 'khor rtsol med du lam du byed pa'i sgo nas gtan la phabs pa rnams mchis pa las 'jug pa bde ba dang po'i las can gyi blo dang 'tshams par phyi dkyil la brten nas bsgrub pa'i lugs la/__gang du bya ba'i gzhi la bdud rtsi lnga yis chag chag btab pa/__ye shes lnga yis thig gsal stong brjod bral nam mkha' la btab nas/__slar bris pa'i maN+Dal bstim pa rnams grub cing /__gzhal yas kyi rgyan bkram pa/__mchod pa'i tshogs spel zhing byin gyis brlabs pa dag kyang ngo /__/bzhi pa gnas su 'god pa/__lnga pa lha tshogs spyan drangs zhing /__rten 'god pa dag kyang /__phyag len gab 'khrugs med pa legs par brgyud pa'i phyag bzhes bzhin bsgrubs pa lags/__gnyis pa dngos gzhi la sgrub pa dang /__mchog gi las sbyor dang gnyis las dang po bsnyen sgrub phrin las kyi rim pa la'ang stan thog gcig tu bsnyen sgrub yan lag bzhi ka tshang ba'i rim pa dang /__lam rim bgrod kyi dbang du byas pa gnyis las/__snga ma ltar stan thog gcig tu bzhi ka tshang ba'i sgo nas zhi bar bsnyan cing khro bor bsgrub pa bskyed rdzogs chen mo'i lugs dkyil 'khor gyi 'khor lo bdun brgya nyer lnga gsal brtan dag gsum gyi sgo nas lha brgyad du gyur pa sku/__sngags kyi gzhi/__gzungs kyi sgo/__'phro 'du'i phreng ba dang bcas bzlas pa gsung /__zhi ba rdor dbyings lhun rdzogs thig le nyag gcig__/'jam dpal 'khor lo bzhi/__rta mgrin rta skad thengs gsum/__yang dag ru lu 'bru brgyad/__che mchog bdud rtsi sman bzhi/__rdo rje gzhon nu thal 'byin rnam bzhi/__ma mo kun khyab/__rig 'dzin thugs gsal rnam dag__/dregs 'du sgrub lugs don bzhi/__drags sngags rang bsad de/__dgongs pa de rnams dang ldan pa thugs kyi bsgrub pa ste sgrub lugs de dag dang ldan cing sa lam bgrod med/__rang byung lhun rdzogs snang ba chos nyid/__dgag sgrub rang grol/__chos sku rang gnas kyi don shes pa'i sgo nas bsgrub pa ste/__sgyu 'phrul las/__stong gsum yungs 'bru zhugs tshul du/__/dbyings nas dkyil 'khor spyan drangs mchod/__/ces gsungs pa ltar/__stong gsum lha yi dkyil 'khor du gsal bas dkyil 'khor la che chung dang yang dog med/__bar chad gdon bgegs kyi yul bral/__bzang ngan gyi mtshan 'dzin med/__stong mi stong gi skyon zad/__chos ma lus pa rang sems la rdzogs pa ste/__don lnga gsal ba lnga dang ldan pa lta ba'i gding /__sgom pa'i nyams/__spyod pa brtul zhugs/__brda don rtag gsum/__de kun kyang nyi ma dang 'od zer bzhin du gnas pa la snang srid gzhir bzhengs/__rang byung gi dkyil 'khor zhes pa'ang rgyud las/__don grub dngos grub thob pa ni/__/sngags kyi bzlas pas 'grub pa yin/__/zhes pa ltar rtsol bcas spro bsdu rdor bzlas 'gog bzlas/__rtsol med chos nyid rang byung gi ye shes la dbang 'byor bas gzhom med rdo rje nA da'i gsung dang ye nas ldan pa'i phyir ngag tu brjod pa med kyang mi gsungs mnyam par bzhag par sngags kyi rgyal po ste/__don de dag nyams len du gtan la dbab pa'i sgo nas bsgrubs pa'o/__/gnyis pa mchog gi las sbyor bdud rtsi sman gyi sgrub pa'i rnam bzhag 'chad pa la gnyis las/__bdud rtsi'i mtshan nyid spyir bstan pa dang /__mtshan nyid de ldan gyi sgrub pa dngos gnyis kyis dang po ni/__spyir 'khor 'das kyis bsdus pa'i chos thams cad bzang ngan phyogs lhung dang bral ba'i chos kyi dbyings rang bzhin rnam par dag pa'i klong du ro gcig cing /__rgyu 'bras blang dor las 'das pa rang byung gi ye shes bde ba chen po'i bdag nyid du gnas pa bdud rtsi rnam dag gi dgongs pa yin la/__tshul de chos kyi bdud rtsi dang /__don gyi bdud rtsi/__rtags sam sman gyi bdud rtsi/__rdzas kyi bdud rtsi ste rnam pa bzhi'i tshul gyis gtan la phab ste bstan pa ni/__chos bdud rtsi thams cad tshang ba rnam brgyad du bsdus te bshad pa dang /__don bdud rtsi thams cad shes pa rnam pa brgyad du bsdus te bshad pa dang /__sman bdud rtsi thams cad dmigs rnam brgyad du bsdus te bshad pa dang /__rdzas bdud rtsi thams cad sgom pa rnam brgyad du bshad pa dang bzhi las/__dang po/__chos sems la tshang /__sman ro lngar tshang /__dam tshig rtsa ba gsum du tshang /__phrin las sbyor sgrol du tshang /__dkyil 'khor brgyad du tshang /__ye shes lngar tshang /__sgrub pa bdud rtsi sgrub par tshangs/__sangs rgyas kun rdor dbyings la tshang /__gnyis pa/__sems nyid rang byung gi ye shes he ru ka shes par bya/__'byung lnga yum lnga shes/__phung lnga rigs lngar shes/__bdud rtsi lnga dug lnga ye shes lnga shes/__rnam shes sku lngar shes/__srid gsum bdud rtsi'i dkyil 'khor du shes/__skye 'gro bdud rtsi lha ru shes/__dam rdzas bdud kyi dngos grub yin par shes par bya'o/__/gsum pa ni/__chos thams cad thig le chen po dmigs/__yul sems tha dad du ma grub pa'i stong nyid pa dmigs/__'byung lnga'i bskyed gnas rA sa ya nar dmigs/__byang sems gsang mchod dang dngos grub tu dmigs/__yum rigs yul du dmigs/__bdag rigs gtso gang yin par dmigs/__sgrub rdzas kun la lus ngag yid gsum dang thabs shes kyi cha yod par dmigs/__bdag phung skye mched gsang ba mchog gi dkyil 'khor du dmigs so/__/bzhi pa ni/__srid gsum bdud rtsi dkyil 'khor du bsgom/__thams cad sangs rgyas su bsgom/__ye sangs rgyas par bsgom/__rtsa sbur 'jag ma yan chad rA sa ya na yan lag stong ldan du bsgom/__phyi nang gis bsdus pa'i chos kun don dbyings ye/__rtags thabs shes gnyis med byang sems su bsgom/__phyi nang phung khams skye mched/__yab lnga yum lnga lha lha mo sems dpa' sems ma'i dkyil 'khor du bsgom/__bdud rtsi lnga rdor dbyings kyi dkyil 'khor du bsgom/__rang bzhin gyi gnas nas ye shes pa spyan drangs dam tshig pa la thim nas gnyis med du bsgom/__des mtshon gzhan yang sbyor tshul gyi rim par mang yang /__mdor na de bzhi po yang bsdu na/__gnyis su 'dus te/__ma 'dres pa'i bdud rtsi/__yongs su rdzogs pa'i bdud rtsi gnyis/__snga ma la don brgyad de/__rgyu dang rang bzhin spyod pa dang /__las dang yon tan don dang lung /__/bdud rtsi man ngag rnam pa brgyad/__/zhes pa ste/__don brgyad kyis 'chad du yod la/__phyi ma ni/__bdud rtsi chen po dbye bsal med par thams cad bdud rtsi bde ba chen po thig le nyag gcig tu bzlas pa ni/__chos rnams bdud rtsi lngar zhi nas zhes bya ba/__de yang bdud rtsi'i nges tshig ni/__mr-ing srog gtong ba'i khams la rak+ta'i rkyen dang /__sngon du dgag pa'i tshig bzhag pas a mr-i ta/__'chi med zhes pa'i sgra las bdud rtsir 'jug ste/__'chi ba'i 'jigs sel gyis gsol lam sman du gyur pa'i phyir bdud rtsi zhes grags te/__slob dpon chen pos/__dam rdzas bdud rtsi rnam dag ces bya ba ni lnga ste/__dri chen dang /__dri chu dang /__byang sems dang /__rak+ta dang /__sha chen dang lnga po de mi gtsang sme bar mthong ba'i bdud dang 'dra la/__rang las byung zhing gdod nas dag pa'i rtsi dang 'dra ste/__bdud rtsi des nyon mongs dang dug lnga 'joms zhing dag par byed pas na/__dam rdzas bdud rtsi zhes bya chos/__/bdud kyi bdag 'dzin rtog tshogs bcas/__/rtsi shing rang rig mnyam pa nyid/__/ces dang /__lung rab gsal las kyang /__gtsang smer 'dzin bdud dam rdzas rtsis/__/ye shes dang du ro gcig pa/__/zhes gsungs pa ltar/__bdud ni nyon mongs pa'i rnam par rtog pa yin la/__rtsi'i ye shes kyi rang bzhin te/__don la thams cad ye shes lnga'i rang bzhin gyi bdud rtsi chen por ye nas gnas pa ste/__de ma rtogs par gtsang sme gnyis 'dzin gyi rtog pas bcing zhing de las bzlog pa'i rig pa byang chub sems kyi klong du gtsang sme ro mnyam pa las 'chi med bdud rtsi mchog gi go 'phang grub pa yin ste/__sgyu 'phrul man ngag las/__bdud rtsi ye nas dag pa'i chos/__/blang dor med pa kun las 'das/__/ye srung chen po'i dam tshig tu/__/mkhas pas dang du blangs bar bya/__zhes dang /__sgyu 'phrul drwa ba las/__bdud rtsi lnga ni rigs lnga'i don/__/dri chen dri chu byang chub sems/__/zhes dang /__thugs rgyud gsang 'dus las/__sha chen dam tshig mchog gis ni/__/rdo rje gsum mchog bsgrub par bya/__/bshang gci dam tshig mchog gis ni/__/rig pa 'dzin pa'i gtso bor 'gyur/__/glang po'i sha yi dam tshig gis/__/mngon par shes pa lnga thob 'gyur/__/rta sha dag gi dam tshig gis/__/mi snang ba yi bdag por 'gyur/__/khyi sha dag gi dam tshig gis/__/dngos grub thams cad 'gug par 'gyur/__/ba glang sha yi dam tshig gis/__/rdo rje 'gug pa'i mchog tu 'gyur/__/zhes dang /__'dus mdor las/__sngon gyi rgyal ba grangs med kyis/__/brtul zhugs 'di lnga gtsor spyad cing /__/dam tshig dam par bzung bas na/__/sngon gyi dam tshig yin par grags/__/ces gsungs pa dang /__'khor 'das kyi chos thams cad ye shes chen por rgyas 'debs pa'i sman yin pas na chos sman zhes bya ste/__'khor 'das chos kun ye shes sman/__/rgyas btabs chos sman de spyad na/__/nyon mongs dug rnams sman du 'gyur/__/zhes dang /__don gyi bdud rtsi yin pa'i tshul/__bam brgyad las/__srid gsum ye nas bdud rtsi lnga/__/dam chos lhun grub rdzogs sangs rgyas/__/dus gsum srid gsum sku gsung thugs/__/ye nas bdud rtsi yin pa'i phyir nges pa'i klong nas bka' stsal to/__/zhes dang /__nyang gter bdud rtsi'i man ngag las/__dang po bdud rtsi'i ngo bo ni/__/rang byung gdod nas rnam par dag pa'o/__/zhes dang /__sangs rgyas kun dang mnyam sbyor pa'i/__/rang byung gdod nas rnam par dag__/zhes sogs rgya cher gsung shing /__gnyis pa mtshan nyid de ldan gyi bdud rtsi sgrub pa dngos la/__bsgrub gzhi khol bu dang /__phye ma'i sman 'du byas nas/__sgrub chos sbyong ba dang byin gyis brlabs pa'i dkyil 'khor gyi 'khor lo'i bsgom bzlas dang /__sgrub pa'i 'bras bu dngos grub kyis dga' ston spel ba gnyis las/__dang po ni/__sngon byung gi rtsa brgyad dang sbyar ba/__phyi yi rtsa brgyad dang nang gi rtsa brgyad mchog chen mi la tshang /__gsang ba'i rtsa brgyad yab kyi rgyu bzhi yun gyi rkyen bzhi ste brgyad/__sgrub pa lag len gyi rtsa brgyad la lnga tshan brgyad de/__gtso bo lnga/__snying po lnga/__'bras bu lnga/__yon tan lnga/__sdud pa lnga/__dul ba lnga/__dgos don lnga/__dgos chas lnga ste lnga tshan brgyad de/__de dag gi nges pa'ang /__snang srid rtsib bcud sman du sdud/__ces dang /__bam brgyad las/__ra sa yA na la sogs rdzas/__/rtsa ba 'bum phrag yangs pa'i bcud/__/ces gsungs pa ltar las/__dam rdzas bdud rtsi gtso bo sha lnga dang bdud rtsi lnga yis gtso bor byas pa'i/__rtsa ba brgyad dang yan lag stong gi sman legs par tshang zhing /__dag cing gtsang la byin brlab dang ldan pa sha stag legs par 'dzom nas/__sgrub pa'i cho ga rnam par dag pas chos kyi rgyal po gter bdag gling pa'i dgongs don gtso bor ston/__'jigs bral gyi rdo rje'i slob dpon chen po rdo rje gzi brjid rtsal dang /__lo chen rnam snang srungs ba dang gter chen chos kyi rgyal po slar yang bsam bzhin du srid pa gzungs ba 'jam mgon blo gros mtha' yas/__o rgyan pad+ma kA ra'i rgyal tshab sprul pa'i gter ston o rgyan mchog gyur gling pa ste rigs gsum mi yi brdzu bag gsum gyis phyag bzhes dang gter byon dam rdzas dag gis thog mtha' bar gsum gyi rgyan du mdzes par byas so/__/bsgrub pa dngos la khrol bur rigs brgya rigs lnga rigs gcig gis sbyangs ba rnams kyang rdo rje bkod pa las dam pa de nyid gsang chen gyis/__rigs brgya rigs lnga rig gcig gis/__/thams cad sbyong ba'i mchog tu bya/__/zhes gsungs pa'i dgongs don dang /__sgron ma gsal bar/__rnal 'byor kun gyis de ngos nan gyi sman nyid kyis/__che ba'i yon tan rgyas par brjod cing legs bstod de/__sman nyid yum gyis blang ste gtso la gus shing dbul zhes dang /__bdud rtsi mchod bstod dngos grub bsdus pa'i dgongs don rnams chad lhag med par grub nas/__/phye ma mar bsgrub pa la gsang 'khor las/__'khor lo sbyor ba'i 'dug stangs kyi/__/pho mo gnyis kyis rkang bsnol te/__/lcags las byas pa'i gtan gtun gyis/__/sman rnams ha na'i sngags gyis btag zhes dang /__nye snying las/__lho yi phyogs su brtsag bya ste/__phye ma dar tshag nang nas rgyu/__/ho sa ya yi sngags kyis btsag__/zhes dang /__de lta bu'i phye ma de nyid sbol zhing gzhal sogs dang rgyas gdab bzhugs gsol/__che ba'i yon tan brjod pa dpa' bo 'bru lngas sbyong ba rnams/__phye bsgrub dngos kyi dgongs pa la lnga ste/__'ju 'dul gyis dgongs pa dang /__bdud rtsi bskyil ba'i dgongs pa dang /__dbang du bya ba'i dgongs pa dang /__dngos grub len pa'i dgongs pa dang /__rgya bkrol te mchod cing bog brtsi dgongs pa rnams su mchis pa las/__dang po dkyil 'khor gsum dbyer med du sgrub cing /__slar tha dad du phyes nas/__phyi ma che mchog rtsa dkyil la nang gses 'gro ba 'dul ba'i dkyil 'khor/__rta mgrin dbang gi dkyil 'khor/__sku gdung 'bar ba'i dkyil 'khor/__mkha' mnyam klong gi dkyil 'khor/__'chi med rdo rje'i dkyil 'khor dang /__de dag sbyor ba brgyad kyi dgongs pas sgrub nas/__bam brgyad las/__rtags dang mtshan ma bdun gyis 'byung zhes dang /__rtags byung nas ni bskyil ba'i sbyor ba rab tu gces/__sman nyid la ni dbab pa'i sbyor bas dbab bya ste/__zhes gsungs pa sogs kyi don sngon du legs par grub nas/__gnyis pa sgrub pa'i 'bras bu dngos grub blang ba la/__sgrub pa phyi yi dngos grub blang ba dang /__bye brag sman gyi dgongs don dngos grub blang ba/__gzhan don du sman dbang bskur ba dang gsum gyis snga ma gnyis kyi don yang /__bam brgyad las/__de nas mchod cing dngos grub blang /__ces dang /__nye snying las/__'das pa'i rnal 'byor rab gus kyis/__/dngos grub thob phyir gsol ba gdab/__/ces sogs kyi dgongs pa legs par grub nas/__gsum pa ni/__gsang 'khor las/__pho brang de nyid so'i mgon po bzhag ste/__/las dang ldan par dbang rnams bskur bar bya/__/zhes gsungs pa/__nyid kyi skabs su babs pa ste/__de ltar che ba'i yon tan du ma dang ldan pa'i bsgrub pa chen po dang bye brag bdud rtsi sman gyi sgrub pa'i dgos pa dang phan yon ni/__spyir gsang sngags thams cad kyi srog dam tshig yin cing /__de la rtsa ba dang yan lag gi dam tshig gnyis las/__phyi ma yan lag gi dam tshig nyer lnga'i nang tshan dang du blang ba'i dam tshig lnga zhes rnal 'byor ba la med du mi rung ba yin cing gzhan yang rgyud chen gsang 'dus las/__dad brtson drag pos bsgrub gyur na/__/mtshams med lnga po spyad pas kyang /__/dngos grub thob pa gsang sngags brgyad/__/dam ldan rnams la smos ci dgos/__/zhes sogs brjod pa'i mtha' las 'das shing /__bye brag sman gyi yon tan gyi rgyud las/__'di grub rgyal sras dam par 'gyur/__/yon tan mchog 'bras yongs su rdzogs/__/zhes dang /__o rgyan chen pos/__sgrub pa po yi sus zos kyang /__/phyi yi nad gdon sdig sgrib sel/__/nang gi bskyed rim ting 'dzin gsal/__/gsang ba rang rig chos skur rtogs/__/dam tshig nyams chags thams cad skong /__/sogs dang /__'di zos tshe yi dus byung yang /__/pho mo bzang ngan med pa ru/__/rig pa 'dzin pa'i sa la gnas/__/zhes sogs phan yon bsam gyis mi khyab pa dang ldan pa'i bdud rtsi'i pho brang chen po'i dbang bskur ba dngos la'ang /__gzugs brnyan dang ting nge 'dzin gyis phyi rol du rdzas la brten te dbang nod pa gtso bor byed pa dang /__rdo rje lus kyi dkyil 'khor las yab yum mnyam par sbyor ba'i byang chub sems kyi dbang rdzas las dbang nod pa gtso bor byed pa dang /__rig pa byang chub sems kyi dkyil 'khor du bskur thob med pa'i chos nyid ngo sprad pa rig pa rtsal gyis dbang bskur ba gtso bor byed pa ste gsum las/__'di snga ma rdzas la brten te dbang nod pa gtso bor byed pa yin pas dmigs pa 'di bzhin mdzod/__bdud rtsi'i dkyil 'khor de bzhin gshegs pa thams cad kyi sku gsung thugs rdo rje'i rang bzhin du rdzogs pa rnams b+hany+dza kha sbyor du bskyil ba'i bdud rtsi dkar la dmar ba'i mdangs can du gsal ba las/__dwangs ma'i bdud rtsi 'dzags pa spyi gtsug nas zhugs te lus kyi rtsa 'khor thams cad yongs su gang bas dbang bzhi rdzogs par thob pa'i thugs mos gnang bar zhu zhes brda sbyar/__'di sngar rang lo bco brgyad gling tshangs du sman sgrub dang po 'tshogs nas rdo rje slob dpon gyis o zob byed skabs dngos grub blangs ba'i mtshams sbyor la bris pa la slad nas rang nyid kyis zhus dag dod tsam byas pa'o/__/!'o/__de ltar phun sum tshogs pa lnga yis sgrub pa'i gzhi bzung /__bsnyen sgrub yan lag bzhi yis gzhung bsrang /__lag len rtsis 'go tshang bas khregs la phab nas/__dpal o rgyan gyi slob dpon chen po rigs 'dus 'chi med mtsho skyes rdo rje'i thugs dam zab pa skor bdun gyi ya gyal rtsa gsum tshe yi zab pa'i snying bcud sgyu 'phrul rigs lnga'i tshe sgrub kyi lhag pa'i lha yi gzugs brnyan gyis dkyil 'khor chen po sngon 'gro dngos gzhi rjes kyi bya ba bcas mtha' rgyas su grub nas de yang spyir o rgyan sangs rgyas gnyis pa'i bstan rnying gter gyi chos la dad pa thams cad gu ru nyid bod du phebs pa'i skabs su zhal gyi dkyil 'khor mthong ba'i skal ba dang ldan par gsungs te/__ye shes mtsho rgyal gyi zhal nas/__ma 'ongs pad+ma'i chos la mos pa kun/__/deng sang gu ru'i zhal mthong smon lam btab/__/thams cad las can yin pas dga' ba sgom/__/kho mo'i tshig 'di rin chen gser las dkon/__/zhes gsungs pa dang /__gzhung tshad ldan nas bstan pa bzhin nyams su blang ba kun kyang gu ru'i thugs rje'i rol rtsal yin par gsungs te/__dgongs 'dus lung bstan bka' rgya ma las/__mdor na o rgyan ngas bstan chos rnams la:gzhung bzhin su dang su yis spyod pa kunaHthams cad nga yi sprul pa yin par nges:ma 'ongs kun gyis yid gnyis the tshom spang :gus pas bskur bsti phu dud 'brel ba zhog:ces gsungs pa dang /__khyad par tshom bu tshogs kyi sgrub pa chen po byas pa'i phan yon ni/__gu ru nyid kyi rdo rje'i gsungs zab bdun sgrub chen spyi chings las/__e ma de ltar gsang sngags bla med kyi:gzhan don tshom bu'i sgrub pa byed pa yi:ston pa de ni rdo rje sems dpa' dngos:'khor rnams thams cad byang chub sems dpa' rigs:zhag bdun khongs su rgyal ba'i sras su 'gyur:mthar thug yang dag 'bras bu de las ci:zhes dang tshe gzhung las/__lus ni 'chi med rdo rje'i sku:ngag ni tshangs pa'i dbyangs dang ldan:yid ni lta ba'i gdeng chen thob:yon tan tshe la zad pa med:phrin las mtha' yas 'gro ba sgrol:zhes mchog gi dngos grub dang /__yang spyi chings las/__gnas skabs su yang tshe ring nad med cing :bkra shis dge zhing bsod nams longs spyod 'phelaHbya ba thams cad gegs med 'grub par 'gyur:yul der char chu dus 'bebs lo phyug legs:mi nad 'khrugs rtsod thams cad ngang gis zhi:'gong po dam sri 'dre ngan thams cad bros:gzugs med lha klus mchod pa gnas der byed:ces rgya cher bsngags pa la the tshom bral ba'i nges shes dang dad mos dam tshig rnam par dag pas sgrub na grub pa'i 'bras bu 'byin pa la bslu ba med pas spro dga' rgya cher bskyed pa dang /__khyad par rdo rje'i tshe sgrub pa'i dgos gnad kyang /__zhal gdams snying byang las/__las rnams kun gyi thog mar ni:rig 'dzin tshe yi sgrub pa bya:chos spyod bslab ldan rnam 'byor pas:tshe ring ba ni dag pa ste:'di dang phyi ma'i don 'grub cing :dngos grub kun kyang 'grub par 'gyur:zhes gsungs pa ltar/__mtho ris kyi yon tan bdun gyi ya gyal/__mngon mtho dang nges legs kyi go 'phang mtha' dag sgrub pa'i gzhi rten ring 'tsho'i cho ga la 'bad pa ni legs tshogs thams cad bskyed pa'i gzhi yin pa/__des na sangs rgyas gnyis pa pad+ma kA ras snyigs ma lnga bdo'i 'gro ba tshe thung ba'i nyes par gyur pa rnams/__'chi med kyi rgyal sar dbugs dbyung ba'i slad du chos rgyal yab sras gtso bor gyur pa rnams la tshe dpag med yab yum gyi rgyud lung sgrub thabs man ngag bsam gyis mi khyab pa yongs su gdams pa rnams kyi nang nas/__bskyed rdzogs rdzogs chen gsum gyi bcud dril zab pa'i man ngag du mas khyad par du gyur pa ni/__rigs lnga sgyu 'phrul tshe dpag med spyi sgrub kyi skor 'di rnams yin te/__gzhung las/__e ma bdag nyid pad+ma 'byung gnas kyis:mA ra ti kar 'chi med bsgrub pa'i dus:tshe dpag med 'jal sgrub thabs brgya rtsa zhus:kun gyi spyi sgrub yang dril 'di las med:da lta spel 'phangs rin chen gter du sbas:ma 'ongs mchog gi ming gyur de dang sprod:'gro ba thams cad tshe dang ye shes kyi:go 'phang bla med 'grub pa'i rgyur gyur cig:ces rgya cher bsngags don dang ldan pa'i dkyil 'khor chen por tshom bu tshogs kyi sgrub pa grub pa las byung ba'i bdag gzhan rnams kyi dge tshogs mtha' dag yongs su bsngo ba dang /__mar me gcig la bltas pa'i rdo rje rgyal po yab yum mched lcam dam tshig dag pa rnams mthar thug 'og min pad+ma drwa bar tshom bu gcig tu 'chi med rdo rjer mngon byang chub pa'i phyir du mar me'i smon lam gdab par skabs su bab pa ste/__ji skad du/__sangs rgyas kun gzhi spros pa med pa'i dbyings/__/thig le chen po ma bcos lhun grub dang /__/skye 'gags med pa byang chub sems kyi don/__/ye shes mar me stong rtsa shar ba'o/__/zhes gsungs pa ltar/__mtshon bya don gyi mar me nang dbyings ka dag spros bral gting gsal lhun grub rang byung gi ye shes thog ma dang mtha' ma med pa ye nas yon tan rgya mtsho rang chas su bri gang 'pho 'gyur dang bral bar gnas pa nyid/__gzhi snang lhun grub rang gdang gi ye shes thar lugs brgyad kyi sgo nas phyir gsal gyi snang cha 'khor 'das sna tshogs su 'char ba ni mtshon pa brda yi mar me/__'khor lo bzhi'i dbus su 'od gsal thig le chen po dang /__spyi bo nas rtog med ye shes kyi sku 'char ba ni mtshon byed rtags kyi mar me ste/__mthar thug man ngag sde ltar bshad pa dang /__yang na kun gzhi rig pa rang byung byang chub kyi sems bde ba chen po ni gnas pa gzhi yi mar me/__de nyid mngon du byed pa'i lam bskyed rdzogs la brten nas 'od gsal chen po mngon du byed pa bsgrod pa lam gyi mar me/__mthar thug sgrib gsum bag chags dang bcas pa bcom nas sku lnga ye shes lnga mngon tu gyur pa mthar phyin 'bras bu'i mar me ste/__de rnams kyang mtshon byed snang gyi mar me 'dis mtshon nas/__'od gsal ye shes chen po'i snang ba mchog tu 'bar bas rgyu drug 'khor ba'i mun pa rtsad nas bcad/__dus gsum gyi rgyal ba dang /__rig pa 'dzin pa rnams dang /__rdo rje'i khro rgyal rnams kyi zhal mthong /__rang byung snang ba bzhi yi shul mtshon/__rig stong brda' khyab chen pos rgyab skyor/__rang grol spyod pa cog bzhag gi mtha' brten te/__rig 'dzin rnam bzhi'i gsang lam nyi zla'i bgrod pa las kyi myur bas ye shes bla ma'i sa mchog la dka' ba med par phyin pa dang /__de ltar rdo rje'i tshe mchog sgrub pas/__bar chad bdud bzhi'i 'phrang las sgrol zhing /__mi shig gnyug ma'i btsan sa zin/__skye ba med pa'i don rtogs/__'chi ba med pa'i gding rnyed/__dug lnga ma spangs rang grol 'khor 'das kyi dwangs bcud thig le chen po'i klong du 'ub chub/__srid pa gsum po yongs su dag pa 'od zer 'phrul bzhad kyi klong dam par dbang 'byor nas/__gdod nas 'pho 'gyur bgres rgud thams cad dang bral ba'i bla ma rig 'dzin rigs lnga tshe dpag med kyi ye shes sgyu 'phrul drwa ba'i dgongs pa gding chen thob/__dbugs chen 'byin/__rtsal chen rdzogs nas/__bde chen ye shes dwangs ma'i bcud len gyis 'chi med rtag pa rgyun gyi sku mchog 'gyur med mi shig gzhom bral dpal rdo rje sems dpa' bde ba chen po'i tshe dang lang tsho grub pa'i thugs 'dun rtse gcig tu mdzad nas smon lam gyi rjes zlos gnang bar zhu/__//__/

Footnotes

Other Information