བདེ་གཤེགས་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རྣམ་ཐར་དང་མཐུན་པའི་གསོལ་འདེབས་ངེས་དོན་བྱིན་རླབས་ཆར་འབེབས།

From Khyentse Lineage - A Tsadra Foundation Project
Wylie title bde gshegs kun mkhyen dol po sangs rgyas kyi rnam thar dang mthun pa'i gsol 'debs nges don byin rlabs char 'bebs JKCL-KABUM-03-GA-068.pdf
Location chos kyi blo gros bka' 'bum
Volume 3, Text 68, Pages 223-244 (Folios 1a1 to 6b6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People དོལ་པོ་པ་ཤེས་རབ་རྒྱལ་མཚན་ (Dol po pa)
Citation 'jam dbyangs mkhyen brtse chos kyi blo gros. bde gshegs kun mkhyen dol po sangs rgyas kyi rnam thar dang mthun pa'i gsol 'debs nges don byin rlabs char 'bebs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 223-244. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Colophon

།ཅེས་པའང་རྒྱལ་ཟླའི་ཚེས་བརྒྱད་ལ་ཟུང་འཇུག་གདོད་མའི་ཤིང་རྟ་ཆེན་པོ་སྐྱབས་རྗེ་པདྨ་བི་ཛ་རྨི་ལམ་དུ་བྱུང་བ་དང་། ཁམས་བྱེའི་ཆོས་གྲྭར་མཁན་ཆོས་འཕེལ་དང་། དབུ་མ་གཞན་སྟོང་ཆེན་པོའི་འབེལ་གཏམས་བྱུང་ཞིང་། མདུན་ཐད་བར་སྣང་ལ་སྐུ་འདྲ་རྒྱུ་གང་ཡིན་གསལ་བར་མ་ངེས་པ་སྨུག་ནག་མཉམ་བཞག་ཚེ་བུམ་འཛིན་པའི་རྩེར་ཐུགས་ཀའི་ཐད་འཇམ་དཔལ་དམར་སེར་གཟི་འོད་འཕྲོ་བ་བཞུགས་པ་ལ་དཔེར་བྱས་ནས། ངེད་ནས་ཆོས་འཕེལ་ལ་སེམས་ཅན་ཐམས་ཀྱི་རྒྱུད་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱབ་པར་བཞུགས་ཡོད་པར་ཐལ། སོགས་ཀྱི་རྩོད་ངག་བཏང་བ་རྨིས་པས་དེ་ཡི་རྒྱུ་མཚན་དུ་བྱས་ཏེ་བསྟན་པ་རིས་མེད་པ་ལ་དག་པའི་སྣང་བ་རྒྱས་ཤིང་ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་ལ་དད་པའི་སྣང་བ་ཐོབ་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།།

/ces pa'ang rgyal zla'i tshes brgyad la zung 'jug gdod ma'i shing rta chen po skyabs rje pad+ma bi dza rmi lam du byung ba dang /__khams bye'i chos grwar mkhan chos 'phel dang /__dbu ma gzhan stong chen po'i 'bel gtams byung zhing /__mdun thad bar snang la sku 'dra rgyu gang yin gsal bar ma nges pa smug nag mnyam bzhag tshe bum 'dzin pa'i rtser thugs ka'i thad 'jam dpal dmar ser gzi 'od 'phro ba bzhugs pa la dper byas nas/__nged nas chos 'phel la sems can thams kyi rgyud la 'jam dpal ye shes sems dpa' khyab par bzhugs yod par thal/__sogs kyi rtsod ngag btang ba rmis pas de yi rgyu mtshan du byas te bstan pa ris med pa la dag pa'i snang ba rgyas shing kun mkhyen jo nang pa yab sras la dad pa'i snang ba thob pa 'jam dbyangs blo gros rgya mtshos gsol ba btab pa dge legs su gyur cig__/mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །བདེ་གཤེགས་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རྣམ་ཐར་དང་མཐུན་པའི་གསོལ་འདེབས་ངེས་དོན་བྱིན་རླབས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཤེས་བྱ་ཀུན་ལ་གཟིགས་པའི་བཅོམ་ལྡན་འདས། །དོན་གཉིས་ལྷུན་གྲུབ་འགྲོ་བའི་བླ་མ་མཆོག །རྐང་གཉིས་གཙོ་བོ་གསེར་གྱི་མདོག་ལྡན་པ། །ཐུབ་དབང་ཉི་མའི་གཉེན་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཡེ་ཤེས་རྟག་པ་དམ་པའི་གཟུགས། །དོལ་བོ་གྲུབ་པའི་ཚལ་དུ་སྣང་བ་ན། །ཤེས་རབ་མཆོག་གི་ངེས་དོན་བསྟན་པ་ཡི། །རྒྱལ་མཚན་བསྒྲེངས་མཛད་མཆོག་ལ་གསོལ་བ་འདེབས། །གང་གིས་འཁོར་ཚོགས་དབུས་ན་མི་ཡི་གཙོ། །ལི་ཙཱ་བི་ཞེས་གྲགས་པའི་རིགས་ཅན་དེས། །རྒྱལ་གསུང་ཆོས་ཀྱི་ཕུང་པོ་མཛོད་འཛིན་པ། །ཤཱཀྱའི་སྲས་ཀྱི་ཐུ་བོར་གསོལ་བ་འདེབས༴ །འཕགས་བོད་མཁས་གྲུབ་དུ་མའི་སྐྱེ་བ་བཞེས། །ཁྱད་པར་ཀླུ་སྒྲུབ་གཉིས་པ་འབྲི་གུང་པ། །རིན་ཆེན་དཔལ་ཞེས་གྲགས་པའི་བ་དན་བསྒྲེངས། །སྒྲུབ་བརྒྱུད་མགོན་དུ་གྱུར་ལ་གསོལ་བ༴ །རྔ་བོ་ཆེ་དང་སྤྲིན་ཆེན་མདོ་དག་ལས། །ལོ་ཙཱ་བི་ཞེས་གཞོན་ནུ་མཐོང་ན་དགའ། །མ་འོངས་ཀ་ཡོ་རི་ཡི་རྒྱུད་དུ་ནི། །སྟོན་པ་ང་ཡི་མཚན་དང་ལྡན་པ་ཡི། །དགེ་སློང་ཆོས་ཀྱི་རྔ་ཆེན་སྒྲོགས་འགྱུར་ཅེས། །རྒྱལ་བས་ལུང་བསྟན་ཐོབ་ལ༴ །འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ། །རིགས་ལྡན་པདྨ་དཀར་པོའི་སྤྲུལ་པའི་སྐུ། །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་དངོས། །ཀུན་མཁྱེན་ཆོས་རྗེའི་ཞབས་ལ༴ །མངའ་རིས་དོལ་པོ་བན་ཚང་སུམ་མདོ་རུ། །ནམ་སྟོན་ཡེ་དབང་ཚུལ་རྒྱན་ཞེས་པ་ཡི། །སྲས་སུ་ཆུ་འབྲུག་སྐུ་བལྟམས་ལྟས་མང་མངའ། །དོལ་པོ་སངས་རྒྱས་ཞབས་ལ༴ །བྱིས་པའི་དུས་ནས་ཡི་གེ་དྲུག་མ་གསུངས། །སྐྱི་སྟེང་པ་ལས་འཇམ་དཔལ་དབང་ཆེན་དང་། །བྱང་ཆུབ་སེངྒེར་སྔ་འགྱུར་ཆོས་སྐོར་གསན། །བྱིས་པའི་སྤྱོད་ལས་འདས་ལ༴ །མཁན་པོ་བཅུ་གསུམ་ཚུལ་ཁྲིམས་སྙིང་པོ་ལས། །རབ་བྱུང་ཤེས་རབ་རྒྱལ་མཚན་མཚན་གསོལ་ཞིང་། །ཕར་ཚད་ཆོས་མངོན་སྤྱོད་འཇུག་ལ་སོགས་པ། །དུས་ཅིག་ཐུགས་སུ་ཆུབ་ལ༴ །སློབ་དཔོན་རིན་ཡེར་བྱམས་པའི་ཆོས་ལྔ་གསན། །རྒྱལ་ཡུམ་རྒྱས་འབྲིང་བསྡུས་གསུམ་ཐུགས་ལ་མཁྱེན། །གཞན་ལ་འཆད་ཅིང་མཁས་རྣམས་མགུ་བ་བསྐྱེད། །སྤོབས་པའི་གཏེར་སྒོ་འབྱེད་ལ༴ །སྐྱི་སྟོན་གྲགས་རྒྱལ་ནམ་ལེགས་ཀུན་སྤངས་སོགས། །ཡོངས་འཛིན་བཤེས་གཉེན་བཅུ་ཕྲག་གསུམ་ལྷག་ལས། །མདོ་དང་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་གསན། །ཀུན་མཁྱེན་ཆེན་པོར་གྲགས་ལ༴ །ས་སྐྱར་རྣམ་ངེས་ལ་སོགས་གཞུང་ཆེན་གྱི། །ལེགས་བཤད་སྒྲོགས་ཤིང་དབུས་གཙང་གྲྭ་བསྐོར་བྱོན། །ལྷ་མི་ཐམས་ཅད་ངོ་མཚར་གཏམ་མང་སྒྲོགས། །མཁས་པའི་གཙུག་རྒྱན་མཆོག་ལ༴ །མཚུར་ཕུར་ཀུན་མཁྱེན་རང་བྱུང་རྡོ་རྗེས་ཀྱང་། །རིག་པས་ཕམ་པར་མ་ནུས་མ་འོངས་པར། །གཞན་སྟོང་གྲུབ་མཐའ་འཛིན་པར་འགྱུར་རོ་ཞེས། །ལུང་བསྟན་བསྔགས་པ་བརྗོད་ལ༴ །བྱ་རྒོད་གཤོངས་དང་ཁྲོ་ཕུ་ལ་སོགས་པར། །རྟེན་མཆོག་རྣམས་ལ་གསོལ་འདེབས་སྨོན་ལམ་མཛད། །ཉེར་བཞི་མཁན་ཆེན་བསོད་ནམས་གྲགས་པ་ལས། །བསྙེན་པར་རྫོགས་པ་མཛད་ལ༴ །བཅས་རང་ཉེས་པའི་དྲི་མས་མ་གོས་ཤིང་། །སྡོམ་པའི་ཚུལ་ལས་ནམ་ཡང་མི་འདའ་བར། །བརྟན་མཁས་ཕན་འདོགས་ཡོན་ཏན་རང་བཞིན་གྱི། །བཙུན་པའི་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །དུང་ལུང་གནས་སུ་དགྱེས་པ་རྡོ་རྗེ་ཡིས། །སྒྲུབ་མཆོད་མཛད་ཚེ་བུམ་ཆུ་ཁོལ་བ་དང་། །ཡི་དམ་ལྷ་ཚོགས་མང་པོའི་ཞལ་གཟིགས་ཤིང་། །བྱང་ཆུབ་སེམས་གཉིས་འབྱོངས་ལ་གསོལ་བ་འདེབས། །ཡོན་ཏན་རྒྱ་མཚོར་དཔལ་ལྡན་དུས་འཁོར་ལོའི། །དབང་རྒྱུད་གདམས་གསན་ཐུགས་དམ་སྙིང་པོར་མཛད། །སྦྱོར་དྲུག་ལམ་རྟགས་ཇི་བཞིན་མངོན་དུ་བརྙེས། །གྲུབ་པའི་ཁྱུ་མཆོག་ཆེན་པོར་གསོལ༴ །བླ་མས་བསྐུལ་ནས་ཇོ་ནང་གནས་མཆོག་ཏུ། །ཚོགས་ཆོས་གསུངས་ཤིང་ཇོ་ཤཱག་རྣམ་གཉིས་དྲུང་། །མཆོད་ཅིང་གསོལ་བཏབ་འགྲོ་དོན་འཕེལ་ལུང་ཐོབ། །ཐོས་བསམ་སྒྲུབ་པ་མཛད་ལ༴ །བཟང་ལྡན་ཆོས་ཁྲིར་མངའ་གསོལ་ཡོན་ཏན་པའི། །རྒྱལ་ཚབ་དམ་པར་དབང་བསྐུར་གདུལ་བྱ་བསྐྱངས། །པད་འབྱུང་རྒྱལ་ཆེན་སྡེ་བཞི་བསྐོར་བ་བྱོན། །མཆོད་རྟེན་ལུང་བསྟན་མཛད་ལ༴ །ལྷུན་པོ་བཞེངས་པས་རྒྱ་མཚོ་རྡོལ་བ་སྙམ། །གསུངས་ནས་སྙིང་པོ་མདོ་བཅུ་ལ་སོགས་པ། །རང་བཞིན་ཐུན་མིན་རྩལ་དུ་བཏོན་ནས་གསུངས། །ཤིང་རྟའི་ལམ་སྲོལ་འདྲེན་ལ༴ །བཟང་ལྡན་གོང་མར་བསགས་པའི་ས་རྡོ་ལས། །སྲོག་ཤིང་མདའ་བཞིན་ནམ་མཁར་འཕགས་ནས་སོང་། །གས་གྲུམ་མེད་པ་བཟང་ལྡན་འོག་མར་ཟུག །སྐྱེ་འགྲོ་དགའ་བ་བསྐྱེད་ལ༴ །རྟ་ལོ་ས་ཡི་ཆོ་ག་མཛད་པ་ན། །མཁའ་ལ་འཇའ་འོད་འཁྱིལ་པའི་གུར་ཁྱིམ་དུ། །དཔལ་ཆེན་རྟ་མགྲིན་དགྱེས་པའི་རང་ཞལ་སྟོན། །ཕན་ཡོན་རྒྱ་ཆེར་བསྔགས་ལ༴ །མཆོད་རྟེན་བརྩེགས་པ་རྣམས་ལ་ཏིང་ངེ་འཛིན། །ངང་གིས་སྐྱེ་ཞིང་མཉམ་བཞག་བོགས་འདོན་གྱུར། །ས་ཕྱོགས་སྲོག་ཆགས་ལྗགས་མཆིལ་གཏོར་བས་ཞིང་། །མཐུན་རྐྱེན་འབད་མེད་གྱུར་ལ༴ །རིང་བསྲེལ་རྣམ་ལྔས་རྟེན་མཆོག་ཕྱུར་བུར་གཏམས། །གུ་རུ་པདྨས་སྲོག་ཤིང་དངོས་སུ་འཛུགས། །དེ་ལས་འོད་འཕྲོས་ལྷ་རྣམས་སྒྲ་ཆེན་སྒྲོགས། །ལྷ་ཁང་བརྒྱ་བརྒྱད་བསྐྲུན་ལ༴ །མཆོད་རྟེན་ཁལ་བསྟོད་ཐུགས་དམ་བཞུགས་པ་དང་། །ཆོས་སྟོན་པ་སྟེ་དུས་གཅིག་སྐུའི་སྣང་བ། །མཚན་མར་གསལ་བས་མངོན་པར་ཤེས་པས་གཟིགས། །ཀུན་མཁྱེན་སྒྱུ་མ་ཆེན་མོར༴ །མཆོད་རྟེན་ཆུ་སྐྱོབས་ལྷ་ཡི་སྤོས་དྲི་ལྡང་། །གསུམ་དང་བརྒྱད་སོགས་སྤྲུལ་བསྒྱུར་སྣ་ཚོགས་སྟོན། །དབང་བསྐུར་ཚེ་ན་མེ་ཏོག་ཆར་ཆེན་བབས། ཀུན་ཀྱང་དད་མོས་རྒྱས་ལ༴ །ལྷ་འདྲེས་སྲུང་བའི་ལྕགས་ཟམ་གཉན་པོ་ཡང་། །བཀའ་ཤོག་དང་བཅས་འདྲེན་པས་ཚེགས་མེད་གྱུར། །གཞལ་ཡས་ཁང་གི་ཐོག་ཕུབ་གདུགས་ལ་སོགས། །རྫུ་འཕྲུལ་ཆེན་པོས་བཞེངས་ལ༴ །བཅའ་ལུང་ཆུ་ཐོན་རླུང་ཆར་གནོད་པ་སོགས། །བདེན་སྟོབས་བརྗོད་པས་ཞི་ཤིང་བྲག་གཟར་ངོས། །རྫུ་འཕྲུལ་གྱིས་བསྒྲོད་མཆོད་རྟེན་མང་དུ་བཞེངས། །ཡི་དམ་ཞལ་གཟིགས་མཆོག་ལ༴ །ཕྱོགས་བཞི་དག་ནས་རྟེན་མཆོག་མཐའ་ཡས་པ། །བྱོན་རྣམས་སྐུ་འབུམ་ཆེན་མོར་ལེགས་བཞུགས་ནས། །རབ་གནས་མཛད་ཚེ་ཕྱོགས་བཅུའི་སངས་རྒྱས་དང་། །ཞི་ཁྲོའི་ལྷ་ཚོགས་ཐིམ་ལ༴ །མཆོད་རྟེན་འོད་ཀྱིས་འཛམ་གླིང་ཁྱབ་པ་དང་། །འཕགས་པ་ཀླུ་སྒྲུབ་བྱོན་པ་མཐོང་བ་སོགས། །ལས་ཅན་རྣམས་ཀྱིས་དག་སྣང་དཔག་མེད་མཇལ། །ལྷ་ཡིས་མེ་ཏོག་འཐོར་ལ༴ །ཨོ་རྒྱན་པདྨས་མི་འགྱུར་སྲོག་ཤིང་བཙུགས། །ཀ་ཆེན་རྣམས་ཀྱང་རྒྱལ་ཆེན་སྡེ་བཞིས་བཀོད། །དཔའ་བོ་མཁའ་འགྲོས་འཁྲུལ་དང་འདྲ་བའི་གདུགས། །ཞེས་སོགས་བསྟོད་པ་མཛད་ལ༴ །ངོས་རེར་ཁྲུ་ཚད་ཉིས་བརྒྱ་བཅོ་ལྔ་པའི། །མཆོད་རྟེན་དཔལ་ཡོན་ཅན་ཞེས་རབ་གྲགས་པ། །འཛམ་བུ་གླིང་གི་མཆོད་སྡོང་གཅིག་པུར་གྱུར། །སྨོན་ལམ་མཐུ་ལས་གྲུབ་ལ༴ །མདོ་རྒྱུད་ངེས་གསང་ཆོས་ཀྱི་གཏེར་ཆེན་རྡོལ། །དྲང་ངེས་གཉིས་ཀྱིས་གཤགས་རལ་ཆེན་པོ་མཛད། །བདེ་གཤེགས་བསྟན་པའི་བཀའ་བསྡུ་བཞི་པ་ཡི། །སེང་གེའི་སྒྲ་ཆེན་སྒྲོགས་ལ༴ །མཁས་པའི་ཚོགས་ནང་ཐལ་འགྱུར་ལུང་རིག་གིདོན་དམ་གཞན་སྟོང་རྔ་བོ་ཆེ་བརྡུངས་པས། །ཐམས་ཅད་གུས་བཏུད་ཕྱོགས་ལས་རྣམ་པར་རྒྱལ། །ཀུན་མཁྱེན་སྟོན་པ་བཞི་ལྡན་ལ་ཕྱག་འཚལ། །བྱམས་མགོན་གཉིས་པ་རིན་ཆེན་གྲུབ་ཆེན་པོས། །རྨི་ལམ་བཟུང་ནས་དཔལ་ཡོན་མཇལ་བའི་ཚེ། །ཀུན་མཁྱེན་ཆེན་པོས་ཕཊ་སྒྲ་སྒྲོགས་པ་དང་། །མནལ་ལམ་སད་པར་མཛད་ལ་གསོལ་བ་འདེབས། །ཀུན་མཁྱེན་རྗེ་ཉིད་བུ་སྟོན་བཞུགས་པ་དང་། །ཉེར་བྱོན་རིན་ཆེན་གྲུབ་ཀྱིས་རྟེན་འབྲེལ་བརྟགས། །ལུང་བསྟན་མདོ་སྙེད་རྩོད་པའི་སྤྲོས་བསྐྱུངས་ཞེས། །འཇིག་རྟེན་སྙན་པར་བསྒྲགས་ལ་གསོལ༴ །དམིགས་མེད་སྙིང་རྗེ་ཆེན་པོ་རྟག་ཏུ་འཆང་། །བར་དོའི་འགྲོ་རྣམས་ཐར་པའི་ལམ་ལ་འགོད། །འཆི་ནད་དྲག་པོས་བཏབ་པ་ཚེ་བསྲིངས་ཤིང་། །སེམས་ཅན་དཔག་མེད་སྒྲོལ་ལ༴ །ཆོས་ཉིད་འོད་གསལ་དག་པ་ཆེན་པོ་ཡི། །སངས་རྒྱས་ཞིང་ཁམས་གྲངས་མེད་གཟིགས་པ་དང་། །སྤྱན་རས་གཟིགས་དང་མི་དང་མི་ལབ་བཞིན། །རྟག་ཏུ་བྱིན་བརླབ་མཛད་ལ༴ །ངེས་དོན་བདེ་བར་གཤེགས་པའི་སྙིང་པོ་ནི། །གསལ་བར་སྟོན་པའི་བསྟན་བཅོས་རྒྱལ་ཆེར་མཛད། །མཁས་གྲུབ་སློབ་ཚོགས་རྒྱུ་སྐར་བཞིན་དུ་བཀྲ། །འཇིག་རྟེན་བདེ་བར་མཛད་ལ༴ །ཕྱག་མཆོད་ཐུགས་དམ་མཛད་རེས་རིགས་གསུམ་དང་། །སྒྲོལ་མ་སྨན་བླ་བྱམས་པ་མགོན་པོ་རྣམས། །རེས་མོས་བྱོན་ཤིང་པད་འབྱུང་མཁའ་འགྲོའི་ཚོགས། །བྱོན་ནས་ཤིས་བརྗོད་མཛད་ལ༴ །མཆོད་རྟེན་ཆེན་པོར་འབྲེལ་ཚད་བདེ་ཆེན་ཞིང་། །སྐྱེ་བའི་མཚན་མ་བརྙེས་ཤིང་སྤུན་གསུམ་དུ། །ཇོ་བོ་ཆེན་པོ་རབ་ཏུ་གནས་པའི་ཚེ། །བཀྲ་ཤིས་མཚན་རྟགས་སྣང་ལ༴ །མཁས་པ་རྒྱ་མཚོའི་འབྱུང་གནས་ཁྱོད་གཅིག་པུ། །གྲུབ་རིགས་རྒྱ་མཚོའི་དབུས་ན་ལྷམ་མེ་བ། །སྲིད་གསུམ་འགྲན་ཟླ་བྲལ་བ་ཆོས་ཀྱི་རྗེ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ༴ །ལས་ཅན་སྣང་ངོར་ཐུགས་རྗེ་ཆེན་པོར་མཐོང་། །སྐུ་ལས་འོད་འཕྲོས་སེམས་ཅན་རྣམས་ལ་ཕོག །སྤྱན་རས་གཟིགས་གྱུར་ཆོས་རྗེའི་སྐུ་ལ་ཐིམ། །ངོ་མཚར་ཆོ་འཕྲུལ་སྟོན་ལ༴ །སྐྱོར་མོ་ལུང་ནས་ཇོ་བོར་མཆོད་འབུལ་ཚེ། །ལྷ་སའི་ཁྱམས་སོགས་མེ་ཏོག་སིལ་མ་བབ། །སྐལ་བཟང་རྣམས་ལ་དབང་ཁྲིད་གདམས་པ་ཡིས། །ཀུན་ཀྱང་གྲོལ་བར་མཛད་ལ༴ །ཙི་ནའི་རྒྱལ་པོ་ལ་སོགས་ཆེ་རྒུ་ཡི། །དངོས་པོའི་སྐྱེས་སྟོབས་གུས་པས་བསྙེན་བཀུར་ཀྱང་། །ཁེངས་དྲེགས་མི་མངའ་མུ་གེ་འབྱུང་བའི་དུས། །སྦྱིན་གཏོང་དཀའ་ཐུབ་མཛད་ལ༴ །མ་རུངས་དམག་གི་སྐུ་ལ་བརྡོ་བ་ན། །མཚོན་ཆས་གནོད་པར་མ་གྱུར་བྱམས་པས་བཏུལ། །གདོན་གྱིས་གཙེས་པར་སྤྲིང་ཡིག་བརྗོད་པས་གྱེར། །མཐུ་ཆེན་རྒྱལ་སྲས་དཔའ་བོར༴ །དབང་གི་ཡེ་ཤེས་འབེབས་པས་དུད་འགྲོ་ལ། །བྱིན་ཞུགས་གྱུར་ན་གཞན་ལ་ལྟ་ཅི་སྨོས། །དུས་སྐབས་གཅིག་ལས་དམ་པོར་འདེབས་པ་ཡང་། །སྟོང་དང་བརྒྱད་བརྒྱར་བྱུང་ལ༴ །ལྕགས་གླང་སྨལ་པོ་ཟླ་བའི་དཀར་ཕྱོགས་ཀྱི། །དགའ་བ་གཉིས་པའི་མཚན་མོའི་ཐུན་དང་པོར། །ཆོས་དབྱིངས་འོད་གསལ་ཆེན་པོར་ཞུགས་པ་དང་། །རྗེས་འཇུག་བྱིན་གྱིས་རློབས་ལ༴ །ཟླ་བ་བདུད་རྩི་སྟེང་ཕྱུར་གཙུག་ཏོར་འཕགས། །གསང་བ་སྦུབས་ནུབ་ཕྱི་ནང་རྟེན་འབྲེལ་གྱིས། །ཆུ་ཀླུང་ཆེན་པོ་གྱེན་དུ་ལོགས་ལ་སོགས། །ཡ་མཚན་ལྟས་མང་བྱུང་ལ༴ །འཇིག་རྟེན་མིག་གཅིག་བདེ་ཆེན་ཞིང་དུ་གཤེགས། །སངས་རྒྱས་བྱང་སེམས་ཚོགས་དང་བསྒྲོ་བ་མཛད། །སྐུ་གདུང་རིང་བསྲེལ་དད་པའི་རྟེན་བཞག་ནས། །ཚོགས་གཉིས་རྒྱ་མཚོ་སྤེལ་ལ༴ །སླར་ཡང་གྲུབ་ཐོབ་བརྩོན་འགྲུས་བཟང་པོ་སོགས། །གང་འདུལ་སྤྲུལ་པའི་རྣམ་རོལ་མཐའ་ཡས་པས། །འགྲོ་བ་སྨིན་གྲོལ་བསྟན་པ་རྒྱས་པར་མཛད། །ཐུགས་བསྐྱེད་བསམ་ཡས་ཁྱེད་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བཏབ་དུས་གསུམ་དགེ་བའི་ཚོགས། །ལུས་དང་ལོངས་སྤྱོད་བཅས་པ་ཡོངས་འབུལ་ན། །ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་ཁྱེད་ཉིད་ཀྱིས། །དངོས་སུ་བཞེས་ནས་བྱིན་གྱིས་བརླབ་པར་མཛོད། །སངས་རྒྱས་ཀུན་གྱི་བསྒྲོད་པ་གཅིག་པའི་ལམ། །སྐུ་གསུམ་ལྷུན་གྲུབ་བདེ་གཤེགས་སྙིང་པོ་ལ། །མ་རྟོག་ལོག་རྟོག་ཕྱོགས་ཙམ་ཉིད་རྟོགས་དང་། །ཡང་དག་མ་རྟོགས་མུན་པ་བསལ་དུ་གསོལ། །འཇམ་དབྱངས་བྱམས་པ་ཀླུ་སྒྲུབ་ཐོགས་མེད་ཀྱིས། །དགོངས་པ་གཅིག་ཏུ་སྒྲུབ་པའི་ཆོས་འཁོར་ལོ། །ཕྱིར་མི་ལྡོག་པའི་བསྟན་པའི་སྲོག་ཤིང་ཆེ། །མ་ནོར་ཇི་བཞིན་འཛིན་པར་བྱིན་གྱིས་རློབས། །རྟག་ཆད་མཐའ་གྲོལ་རང་བྱུང་སྙིང་པོའི་དོན། །རྡོ་རྗེའི་རྣལ་འབྱོར་ཟབ་མོ་མངོན་སུམ་རྟོགས། །མཐའ་ཡས་གདུལ་བྱའི་ཁམས་ཀྱིས་དྲི་བསལ་ཕྱིར། །སྐྱོ་ངལ་མེད་པས་འགྲོ་བའི་དོན་བྱེད་ཤོག །འཇམ་དཔལ་དབྱངས་ཀྱི་མཁྱེན་རབ་མཐའ་ཡས་དང་། །སྤྱན་རས་གཟིགས་ཀྱི་བརྩེ་བའི་སྙིང་རྗེའི་གཏེར། །གསང་བའི་བདག་པོའི་མཐུ་སྟོབས་ནུས་པ་རྣམས། །མ་ལུས་ཇི་བཞིན་བདག་གི་མངོན་བྱེད་ཤོག །མདོར་ན་བདེ་གཤེགས་ཤེས་རབ་རྒྱལ་མཚན་གྱི། །གསང་གསུམ་ཡོན་ཏན་རྒྱུད་ལ་ཞུགས་པ་དང་། །ཕྲིན་ལས་རོལ་མོ་ས་གསུམ་ཁྱབ་པར་སྒྲོགས། །ཐུབ་བསྟན་སྙིང་པོ་ཕྱོགས་བརྒྱར་དར་རྒྱས་ཤོག །ཤེས་དང་ཤེས་བྱ་རབ་འབྱམས་རོ་གཅིག་ཏུ། །གཟིགས་པ་སྒྲིབ་མེད་ཕྱོགས་ལས་རྣམ་རྒྱལ་བའི། །མདོ་སྔགས་བཞེད་གཞུང་མ་ནོར་ཕྱོགས་ཀུན་ཁྱབ། །བསྟན་པའི་རྒྱལ་མཚན་སྟོབས་ཀྱིས་སྒྲེང་བར་ཤོག །གང་གི་རྣམ་ཐར་ཡིད་ལ་བྱེད་པ་དང་། །མོས་གུས་རྒྱུན་མི་འཆད་པའི་གདུང་ཤུགས་ཀྱིས། །གསོལ་བ་སྙིང་ནས་འདེབས་པའི་གང་ཟག་ལ། །ཡེ་ཤེས་གཟིགས་པའི་བྱིན་བརླབ་འཇུག་གྱུར་ཅིག །ཅེས་པའང་རྒྱལ་ཟླའི་ཚེས་བརྒྱད་ལ་ཟུང་འཇུག་གདོད་མའི་ཤིང་རྟ་ཆེན་པོ་སྐྱབས་རྗེ་པདྨ་བི་ཛ་རྨི་ལམ་དུ་བྱུང་བ་དང་། ཁམས་བྱེའི་ཆོས་གྲྭར་མཁན་ཆོས་འཕེལ་དང་། དབུ་མ་གཞན་སྟོང་ཆེན་པོའི་འབེལ་གཏམས་བྱུང་ཞིང་། མདུན་ཐད་བར་སྣང་ལ་སྐུ་འདྲ་རྒྱུ་གང་ཡིན་གསལ་བར་མ་ངེས་པ་སྨུག་ནག་མཉམ་བཞག་ཚེ་བུམ་འཛིན་པའི་རྩེར་ཐུགས་ཀའི་ཐད་འཇམ་དཔལ་དམར་སེར་གཟི་འོད་འཕྲོ་བ་བཞུགས་པ་ལ་དཔེར་བྱས་ནས། ངེད་ནས་ཆོས་འཕེལ་ལ་སེམས་ཅན་ཐམས་ཀྱི་རྒྱུད་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱབ་པར་བཞུགས་ཡོད་པར་ཐལ། སོགས་ཀྱི་རྩོད་ངག་བཏང་བ་རྨིས་པས་དེ་ཡི་རྒྱུ་མཚན་དུ་བྱས་ཏེ་བསྟན་པ་རིས་མེད་པ་ལ་དག་པའི་སྣང་བ་རྒྱས་ཤིང་ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་ལ་དད་པའི་སྣང་བ་ཐོབ་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །།
[edit]

@#/____/bde gshegs kun mkhyen dol po sangs rgyas kyi rnam thar dang mthun pa'i gsol 'debs nges don byin rlabs char 'bebs zhes bya ba bzhugs so/____/ bla ma dang mgon po 'jam pa'i dbyangs la phyag 'tshal lo/____/shes bya kun la gzigs pa'i bcom ldan 'das/____/don gnyis lhun grub 'gro ba'i bla ma mchog__/rkang gnyis gtso bo gser gyi mdog ldan pa/____/thub dbang nyi ma'i gnyen la phyag 'tshal lo/____/kun mkhyen ye shes rtag pa dam pa'i gzugs/____/dol bo grub pa'i tshal du snang ba na/____/shes rab mchog gi nges don bstan pa yi/____/rgyal mtshan bsgrengs mdzad mchog la gsol ba 'debs/____/gang gis 'khor tshogs dbus na mi yi gtso/____/li tsA bi zhes grags pa'i rigs can des/____/rgyal gsung chos kyi phung po mdzod 'dzin pa/____/shAkya'i sras kyi thu bor gsol ba 'debs=____/'phags bod mkhas grub du ma'i skye ba bzhes/____/khyad par klu sgrub gnyis pa 'bri gung pa/____/rin chen dpal zhes grags pa'i ba dan bsgrengs/____/sgrub brgyud mgon du gyur la gsol ba=____/rnga bo che dang sprin chen mdo dag las/____/lo tsA bi zhes gzhon nu mthong na dga'/____/ma 'ongs ka yo ri yi rgyud du ni/____/ston pa nga yi mtshan dang ldan pa yi/____/dge slong chos kyi rnga chen sgrogs 'gyur ces/____/rgyal bas lung bstan thob la=____/'phags pa spyan ras gzigs kyi rnam par 'phrul/____/rigs ldan pad+ma dkar po'i sprul pa'i sku/____/dus gsum sangs rgyas thams cad 'dus pa'i dngos/____/kun mkhyen chos rje'i zhabs la=____/mnga' ris dol po ban tshang sum mdo ru/____/nam ston ye dbang tshul rgyan zhes pa yi/____/sras su chu 'brug sku bltams ltas mang mnga'/____/dol po sangs rgyas zhabs la=____/byis pa'i dus nas yi ge drug ma gsungs/____/skyi steng pa las 'jam dpal dbang chen dang /____/byang chub seng+ger snga 'gyur chos skor gsan/____/byis pa'i spyod las 'das la=____/mkhan po bcu gsum tshul khrims snying po las/____/rab byung shes rab rgyal mtshan mtshan gsol zhing /____/phar tshad chos mngon spyod 'jug la sogs pa/____/dus cig thugs su chub la=____/slob dpon rin yer byams pa'i chos lnga gsan/____/rgyal yum rgyas 'bring bsdus gsum thugs la mkhyen/____/gzhan la 'chad cing mkhas rnams mgu ba bskyed/____/spobs pa'i gter sgo 'byed la=____/skyi ston grags rgyal nam legs kun spangs sogs/____/yongs 'dzin bshes gnyen bcu phrag gsum lhag las/____/mdo dang sngags kyi chos tshul rgya mtsho gsan/____/kun mkhyen chen por grags la=____/sa skyar rnam nges la sogs gzhung chen gyi/____/legs bshad sgrogs shing dbus gtsang grwa bskor byon/____/lha mi thams cad ngo mtshar gtam mang sgrogs/____/mkhas pa'i gtsug rgyan mchog la=____/mtshur phur kun mkhyen rang byung rdo rjes kyang /____/rig pas pham par ma nus ma 'ongs par/____/gzhan stong grub mtha' 'dzin par 'gyur ro zhes/____/lung bstan bsngags pa brjod la=____/bya rgod gshongs dang khro phu la sogs par/____/rten mchog rnams la gsol 'debs smon lam mdzad/____/nyer bzhi mkhan chen bsod nams grags pa las/____/bsnyen par rdzogs pa mdzad la=____/bcas rang nyes pa'i dri mas ma gos shing /____/sdom pa'i tshul las nam yang mi 'da' bar/____/brtan mkhas phan 'dogs yon tan rang bzhin gyi/____/btsun pa'i mchog gyur khyod la phyag 'tshal lo/____/dung lung gnas su dgyes pa rdo rje yis/____/sgrub mchod mdzad tshe bum chu khol ba dang /____/yi dam lha tshogs mang po'i zhal gzigs shing /____/byang chub sems gnyis 'byongs la gsol ba 'debs/____/yon tan rgya mtshor dpal ldan dus 'khor lo'i/____/dbang rgyud gdams gsan thugs dam snying por mdzad/____/sbyor drug lam rtags ji bzhin mngon du brnyes/____/grub pa'i khyu mchog chen por gsol=____/bla mas bskul nas jo nang gnas mchog tu/____/tshogs chos gsungs shing jo shAg rnam gnyis drung /____/mchod cing gsol btab 'gro don 'phel lung thob/____/thos bsam sgrub pa mdzad la=____/bzang ldan chos khrir mnga' gsol yon tan pa'i/____/rgyal tshab dam par dbang bskur gdul bya bskyangs/____/pad 'byung rgyal chen sde bzhi bskor ba byon/____/mchod rten lung bstan mdzad la=____/lhun po bzhengs pas rgya mtsho rdol ba snyam/____/gsungs nas snying po mdo bcu la sogs pa/____/rang bzhin thun min rtsal du bton nas gsungs/____/shing rta'i lam srol 'dren la=____/bzang ldan gong mar bsags pa'i sa rdo las/____/srog shing mda' bzhin nam mkhar 'phags nas song /____/gas grum med pa bzang ldan 'og mar zug__/skye 'gro dga' ba bskyed la=____/rta lo sa yi cho ga mdzad pa na/____/mkha' la 'ja' 'od 'khyil pa'i gur khyim du/____/dpal chen rta mgrin dgyes pa'i rang zhal ston/____/phan yon rgya cher bsngags la=____/mchod rten brtsegs pa rnams la ting nge 'dzin/____/ngang gis skye zhing mnyam bzhag bogs 'don gyur/____/sa phyogs srog chags ljags mchil gtor bas zhing /____/mthun rkyen 'bad med gyur la=____/ring bsrel rnam lngas rten mchog phyur bur gtams/____/gu ru pad+mas srog shing dngos su 'dzugs/____/de las 'od 'phros lha rnams sgra chen sgrogs/____/lha khang brgya brgyad bskrun la=____/mchod rten khal bstod thugs dam bzhugs pa dang /____/chos ston pa ste dus gcig sku'i snang ba/____/mtshan mar gsal bas mngon par shes pas gzigs/____/kun mkhyen sgyu ma chen mor=____/mchod rten chu skyobs lha yi spos dri ldang /____/gsum dang brgyad sogs sprul bsgyur sna tshogs ston/____/dbang bskur tshe na me tog char chen babs/__kun kyang dad mos rgyas la=____/lha 'dres srung ba'i lcags zam gnyan po yang /____/bka' shog dang bcas 'dren pas tshegs med gyur/____/gzhal yas khang gi thog phub gdugs la sogs/____/rdzu 'phrul chen pos bzhengs la=____/bca' lung chu thon rlung char gnod pa sogs/____/bden stobs brjod pas zhi shing brag gzar ngos/____/rdzu 'phrul gyis bsgrod mchod rten mang du bzhengs/____/yi dam zhal gzigs mchog la=____/phyogs bzhi dag nas rten mchog mtha' yas pa/____/byon rnams sku 'bum chen mor legs bzhugs nas/____/rab gnas mdzad tshe phyogs bcu'i sangs rgyas dang /____/zhi khro'i lha tshogs thim la=____/mchod rten 'od kyis 'dzam gling khyab pa dang /____/'phags pa klu sgrub byon pa mthong ba sogs/____/las can rnams kyis dag snang dpag med mjal/____/lha yis me tog 'thor la=____/o rgyan pad+mas mi 'gyur srog shing btsugs/____/ka chen rnams kyang rgyal chen sde bzhis bkod/____/dpa' bo mkha' 'gros 'khrul dang 'dra ba'i gdugs/____/zhes sogs bstod pa mdzad la=____/ngos rer khru tshad nyis brgya bco lnga pa'i/____/mchod rten dpal yon can zhes rab grags pa/____/'dzam bu gling gi mchod sdong gcig pur gyur/____/smon lam mthu las grub la=____/mdo rgyud nges gsang chos kyi gter chen rdol/____/drang nges gnyis kyis gshags ral chen po mdzad/____/bde gshegs bstan pa'i bka' bsdu bzhi pa yi/____/seng ge'i sgra chen sgrogs la=____/mkhas pa'i tshogs nang thal 'gyur lung rig gidon dam gzhan stong rnga bo che brdungs pas/____/thams cad gus btud phyogs las rnam par rgyal/____/kun mkhyen ston pa bzhi ldan la phyag 'tshal/____/byams mgon gnyis pa rin chen grub chen pos/____/rmi lam bzung nas dpal yon mjal ba'i tshe/____/kun mkhyen chen pos phaT sgra sgrogs pa dang /____/mnal lam sad par mdzad la gsol ba 'debs/____/kun mkhyen rje nyid bu ston bzhugs pa dang /____/nyer byon rin chen grub kyis rten 'brel brtags/____/lung bstan mdo snyed rtsod pa'i spros bskyungs zhes/____/'jig rten snyan par bsgrags la gsol=____/dmigs med snying rje chen po rtag tu 'chang /____/bar do'i 'gro rnams thar pa'i lam la 'god/____/'chi nad drag pos btab pa tshe bsrings shing /____/sems can dpag med sgrol la=____/chos nyid 'od gsal dag pa chen po yi/____/sangs rgyas zhing khams grangs med gzigs pa dang /____/spyan ras gzigs dang mi dang mi lab bzhin/____/rtag tu byin brlab mdzad la=____/nges don bde bar gshegs pa'i snying po ni/____/gsal bar ston pa'i bstan bcos rgyal cher mdzad/____/mkhas grub slob tshogs rgyu skar bzhin du bkra/____/'jig rten bde bar mdzad la=____/phyag mchod thugs dam mdzad res rigs gsum dang /____/sgrol ma sman bla byams pa mgon po rnams/____/res mos byon shing pad 'byung mkha' 'gro'i tshogs/____/byon nas shis brjod mdzad la=____/mchod rten chen por 'brel tshad bde chen zhing /____/skye ba'i mtshan ma brnyes shing spun gsum du/____/jo bo chen po rab tu gnas pa'i tshe/____/bkra shis mtshan rtags snang la=____/mkhas pa rgya mtsho'i 'byung gnas khyod gcig pu/____/grub rigs rgya mtsho'i dbus na lham me ba/____/srid gsum 'gran zla bral ba chos kyi rje/____/chos kyi rgyal po'i zhabs la=____/las can snang ngor thugs rje chen por mthong /____/sku las 'od 'phros sems can rnams la phog__/spyan ras gzigs gyur chos rje'i sku la thim/____/ngo mtshar cho 'phrul ston la=____/skyor mo lung nas jo bor mchod 'bul tshe/____/lha sa'i khyams sogs me tog sil ma bab/____/skal bzang rnams la dbang khrid gdams pa yis/____/kun kyang grol bar mdzad la=____/tsi na'i rgyal po la sogs che rgu yi/____/dngos po'i skyes stobs gus pas bsnyen bkur kyang /____/khengs dregs mi mnga' mu ge 'byung ba'i dus/____/sbyin gtong dka' thub mdzad la=____/ma rungs dmag gi sku la brdo ba na/____/mtshon chas gnod par ma gyur byams pas btul/____/gdon gyis gtses par spring yig brjod pas gyer/____/mthu chen rgyal sras dpa' bor=____/dbang gi ye shes 'bebs pas dud 'gro la/____/byin zhugs gyur na gzhan la lta ci smos/____/dus skabs gcig las dam por 'debs pa yang /____/stong dang brgyad brgyar byung la=____/lcags glang smal po zla ba'i dkar phyogs kyi/____/dga' ba gnyis pa'i mtshan mo'i thun dang por/____/chos dbyings 'od gsal chen por zhugs pa dang /____/rjes 'jug byin gyis rlobs la=____/zla ba bdud rtsi steng phyur gtsug tor 'phags/____/gsang ba sbubs nub phyi nang rten 'brel gyis/____/chu klung chen po gyen du logs la sogs/____/ya mtshan ltas mang byung la=____/'jig rten mig gcig bde chen zhing du gshegs/____/sangs rgyas byang sems tshogs dang bsgro ba mdzad/____/sku gdung ring bsrel dad pa'i rten bzhag nas/____/tshogs gnyis rgya mtsho spel la=____/slar yang grub thob brtson 'grus bzang po sogs/____/gang 'dul sprul pa'i rnam rol mtha' yas pas/____/'gro ba smin grol bstan pa rgyas par mdzad/____/thugs bskyed bsam yas khyed la gsol ba 'debs/____/de ltar gsol btab dus gsum dge ba'i tshogs/____/lus dang longs spyod bcas pa yongs 'bul na/____/kun mkhyen ye shes spyan ldan khyed nyid kyis/____/dngos su bzhes nas byin gyis brlab par mdzod/____/sangs rgyas kun gyi bsgrod pa gcig pa'i lam/____/sku gsum lhun grub bde gshegs snying po la/____/ma rtog log rtog phyogs tsam nyid rtogs dang /____/yang dag ma rtogs mun pa bsal du gsol/____/'jam dbyangs byams pa klu sgrub thogs med kyis/____/dgongs pa gcig tu sgrub pa'i chos 'khor lo/____/phyir mi ldog pa'i bstan pa'i srog shing che/____/ma nor ji bzhin 'dzin par byin gyis rlobs/____/rtag chad mtha' grol rang byung snying po'i don/____/rdo rje'i rnal 'byor zab mo mngon sum rtogs/____/mtha' yas gdul bya'i khams kyis dri bsal phyir/____/skyo ngal med pas 'gro ba'i don byed shog__/'jam dpal dbyangs kyi mkhyen rab mtha' yas dang /____/spyan ras gzigs kyi brtse ba'i snying rje'i gter/____/gsang ba'i bdag po'i mthu stobs nus pa rnams/____/ma lus ji bzhin bdag gi mngon byed shog__/mdor na bde gshegs shes rab rgyal mtshan gyi/____/gsang gsum yon tan rgyud la zhugs pa dang /____/phrin las rol mo sa gsum khyab par sgrogs/____/thub bstan snying po phyogs brgyar dar rgyas shog__/shes dang shes bya rab 'byams ro gcig tu/____/gzigs pa sgrib med phyogs las rnam rgyal ba'i/____/mdo sngags bzhed gzhung ma nor phyogs kun khyab/____/bstan pa'i rgyal mtshan stobs kyis sgreng bar shog__/gang gi rnam thar yid la byed pa dang /____/mos gus rgyun mi 'chad pa'i gdung shugs kyis/____/gsol ba snying nas 'debs pa'i gang zag la/____/ye shes gzigs pa'i byin brlab 'jug gyur cig__/ces pa'ang rgyal zla'i tshes brgyad la zung 'jug gdod ma'i shing rta chen po skyabs rje pad+ma bi dza rmi lam du byung ba dang /__khams bye'i chos grwar mkhan chos 'phel dang /__dbu ma gzhan stong chen po'i 'bel gtams byung zhing /__mdun thad bar snang la sku 'dra rgyu gang yin gsal bar ma nges pa smug nag mnyam bzhag tshe bum 'dzin pa'i rtser thugs ka'i thad 'jam dpal dmar ser gzi 'od 'phro ba bzhugs pa la dper byas nas/__nged nas chos 'phel la sems can thams kyi rgyud la 'jam dpal ye shes sems dpa' khyab par bzhugs yod par thal/__sogs kyi rtsod ngag btang ba rmis pas de yi rgyu mtshan du byas te bstan pa ris med pa la dag pa'i snang ba rgyas shing kun mkhyen jo nang pa yab sras la dad pa'i snang ba thob pa 'jam dbyangs blo gros rgya mtshos gsol ba btab pa dge legs su gyur cig__/mang+ga laM//____//__

Footnotes

Other Information