ཡང་གསང་ཐུགས་ཐིག་ཆ་ལག་ལསཿ དྲེགས་པའི་མཆོད་སྒྲུབ་གློག་གི་ཞགས་པཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-07-JA-076
Wylie title yang gsang thugs thig cha lag las dregs pa'i mchod sgrub glog gi zhags pa
Location mdo mkhyen brtse bka' 'bum
Volume 7, Text 76, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Protector Rituals - gsol mchod  ·  Sadhanas - Evocation Ritual - sgrub thabs
Colophon

བདག་འདྲ་པདྨ་འབྱུང་གནས་ཀྱིསཿ དགའ་རབ་དཔའ་བོའི་བཀའ་བཞིན་དུཿ རྡོ་རྗེ་ཕག་མོས་བསྐུལ་བ་ལྟརཿ བཀའ་རྟགས་ཕྱག་རྒྱ་གཉེན་པོའི་ཟིལ་འོག་ཏུ་བཅུག་ནས་འཛམ་གླིང་དྲེགས་བྱེད་ཡོངས་ཀྱི་གཙོ་བོར་མངའ་གསོལ་ཞིང་སླར་ཡང་ཡང་གསང་ཐུགས་ཐིག་གཉེར་འཛིན་དུ་མངའ་གསོལ་བས་དྲག་རྩལ་རྣོ་མྱུར་ཐོག་དང་འདྲཿ ལྟོས་དང་རིགཿ ཉོན་དང་གོཿ སོམ་དང་གསལཿ ལས་ཀུན་འགྲུབ་བར་ཐེ་ཚོམ་མེད་དོཿ འདིའི་ལས་ཚོགས་ཀྱི་གཞུང་བེ་རོའི་གདམས་བ་ལས་གསལཿ འདོད་ཆགས་རྡོ་རྗེའི་འགྲུབ་སྣང་ལ། ཤར་བའི་གདམས་པ་འདི་དག་ཀུནཿ བྱང་ཆུབ་ལམ་དུ་ཐེ་ཚོམ་མེད། ཀུན་བཟང་ཐུགས་ཀྱི་ཀློང་དུ་ཨཱཿ དགེའོ། །

bdag 'dra pad+ma 'byung gnas kyis:_dga' rab dpa' bo'i bka' bzhin du:_rdo rje phag mos bskul ba ltar:_bka' rtags phyag rgya gnyen po'i zil 'og tu bcug nas 'dzam gling dregs byed yongs kyi gtso bor mnga' gsol zhing slar yang yang gsang thugs thig gnyer 'dzin du mnga' gsol bas drag rtsal rno myur thog dang 'draH_ltos dang rig:_nyon dang goH_som dang gsal:_las kun 'grub bar the tshom med do:_'di'i las tshogs kyi gzhung be ro'i gdams ba las gsal:_'dod chags rdo rje'i 'grub snang la:_shar ba'i gdams pa 'di dag kun:_byang chub lam du the tshom med/_kun bzang thugs kyi klong du A:_dge'o/_/

[edit]
ཨཱྂཿ ཡང་གསང་ཐུགས་ཐིག་ཆ་ལག་ལསཿ དྲེགས་པའི་མཆོད་སྒྲུབ་གློག་གི་ཞགས་པ་བཞུགས་སོཿ

ཨཱོཾཿ རཀྴ་ཐོད་ཕྲེང་གདུག་པའི་གཤེད༔ མི་སྲུན་དྲེགས་པའི་ཚུལ་བཟུང་བཿ དྲེགས་པ་སྲོག་གི་སྤུ་གྲི་ཡིཿ མཆོད་སྒྲུབ་གློག་གི་ཞགས་བ་བསྟན༔ གཏོར་མ་ཕུད་མཆོད་རྒྱས་པར་བཤམསཿ སྐུ་རྟེན་བཀྲམ་ཞིང་སྤྱན་གཟིགས་བཀོདཿ ལྟ་བ་གྱད་ཀྱི་ངར་ལྡན་པསཿ ཐོད་ཕྲེང་རྩལ་ཀྱི་ང་རྒྱལ་ངང་ཿ རཾ་ཡཾ་ཁཾཿ གཏོར་མའི་མ་དག་པའི་དངོས་པོ་བསྲེགས་གཏོར་སྦྱངས་ཤིང་སླར་ཡང་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དམ་ཉམས་གདུག་བ་ཅན་བསྒྲལ་བའི་ཤ་རུས་ཁྲག་མཚོ་རུས་ཁྲོལ་རྐང་དང་ཀླད་པ་ནང་རོལ་ཁ་དོག་དྲི་རོ་ནུས་བ་ཕུན་སུམ་ཚོགས་པར་གྱུརཿ ཨོཾ་ཨཱ༔་ཧཱུྃ་ཧ་ཧོ་ཧྲཱིཿམ་ཧཱ་པཉྩ་བ་ལིངྟ་ཙིཏྟ་རཀྟ་མཾ་ས་རཀྟ་ཀོ་རོ་ཙ་ན་བ་སུ་ཏ་ཀེཾ་ནི་རི་ཏི་ཧཱུྃ་ཧྲཱིཿཐཿ ཅེས་བྱིན་གྱིས་བརླབས་ལཿ ཧཱུྃ་ཧྲཱི༔ རྔ་ཡབ་འབར་བ་ལང་ཀའི་གྲོང་ཁྱེར་དབུསཿ ཟ་བྱེད་སྲིན་པོ་འབུམ་བརྡལ་ཕོ་བྲང་ནསཿ པད་འབྱུང་རཀྴ་ཐོད་ཕྲེང་སྤྲུལ་བསྒྱུར་གརཿ གདུག་པ་འདུལ་བའི་གཤེད་དུ་རབ་རྔམས་པཿ དམར་ནག་ཁྲོ་བོ་འཆོལ་པའི་རྣམ་འགྱུར་ཅནཿ རང་རྟགས་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགསཿ མཎ་ཏྲི་ལ་སོགས་གསང་བའི་ཕྱག་རྒྱ་ཅནཿ ཕྱག་གཡས་གསེར་གྱི་སྤུ་གྲི་འབར་བ་ཕྱརཿ གཡོན་པས་མཚོན་ཆ་ཟངས་ལྕགས་འཁོར་ལོ་གདེང༔ འགྱིང་བའི་སྟབས་སུ་རྒྱལ་འགོང་དམ་སྲི་གནོནཿ གསང་བའི་རིག་མ་གསུམ་ནི་རྒྱབ་ཏུ་སྦཿ གཡོན་དུ་ཉི་གཞོན་མདུན་གཡོན་དྲེགས་རྒྱལ་དང༔ མདུན་དབུས་གནོད་སྦྱིན་མདུན་གཡས་དྲག་དབང་གསུམཿ གཡས་སུ་གནོད་སྦྱིན་འབར་བ་གཏུམ་པོ་རྩལ༔ རང་རང་འཁོར་ཚོགས་བྱེ་བ་འབུམ་སྡེས་བསྐོརཿ གཙོ་བོའི་འཁོར་དུ་ཌཱཀྐི་རྒྱ་མཚོ་དང༔ དམ་ཚིག་ལས་བྱེད་དྲེགས་ཚོགས་བྱེ་བ་འབུམཿ མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལཿ གར་བཞུགས་སྤྲུལ་པའི་གནས་མཆོག་དམ་པ་འདིརཿ ཟློས་པའི་གར་བསྒྱུར་སྤྲུལ་པའི་དྲེགས་པ་ཆེཿ སླར་ཡང་སྒྱུ་མའི་ཆོ་འཕྲུལ་འགྱེད་པ་བཞིནཿ སྤྲུལ་པའི་གནས་འདིར་དམ་ཚིག་ས་མ་ཡཿ ཧྲཱི༔ དགྱེས་བཞུགས་དམ་ཚིག་གཉེན་བོ་གཅིག་ཏུ་བསྲེཿ ཁྱེད་ལ་གུས་པས་འདུད་དོ་ཕྱག་འཚལ་ལོ༔ རྡོ་རྗེའི་ཐ་ཚིག་གཅིག་ཏུ་བསྲེ་བ་ལཿ གཡེལ་བར་མ་འདོར་ཁྱོད་དང་ཐ་ཚིག་གཅིགཿ སྔར་བྱས་ལས་ཀྱི་འབྲས་བུ་དུས་འདིར་དགོངསཿ ཨ་ཧུ་ལ་ས་མ་ཡ་རཀྵནྟུ་ན་རཀྐནཿ ཧྲཱིཿ ལང་ཀ་པུ་རིའི་གྲོང་ཁྱེར་གཙོཿ དྲེགས་པ་ཁྱོད་ལ་མཆོད་པ་ནི༔ བ་ལིངྟ་དང་བདུད་རྩི་སྨནཿ རཀྟ་དམར་གྱི་ཨརྒྷཾ་དང༔ མཾ་ས་ཙིཏྟ་ཀོ་རོ་ཙཿ བསུ་ཏ་དང་ཀེཾ་ནིརྟིཿ འདོད་ཡོན་ལྔ་དང་སྦྱན་གཟིགས་ཚོགསཿ གཞན་ཡང་མཐུན་རྫས་ལོངས་སྤྱོད་གཏེརཿ དངོས་སུ་འབྱོར་དང་ཡིད་ཀྱིས་སྤུལཿ ཏིང་འཛིན་ནམ་མཁའ་མཛོད་ལྟ་བུརཿ བྱིན་གྱིས་བརླབས་པའི་རྫས་མཆོག་འདིཿ དྲེགས་པའི་གཙོ་བོ་འཁོར་བཅས་ལཿ མཆོད་དོ་འབུལ་ལོ་ཐུགས་དམ་བསྐངཿ ཉི་གཞོན་དྲག་དབང་དྲེགས་རྒྱལ་གཙོསཿ ཙིའུ་དམར་བོ་གནོད་སྦྱིན་རྒྱལཿ སྤྲུལ་པ་ཡང་སྤྲུལ་དྲེགས་པའི་སྡེཿ མཆོད་དོ་འབུལ་ལོ་ཐུགས་དམ་བསྐང༔ ས་འཛིན་དགའ་མའི་ལྟོར་འཁྲུངས་པའིཿ ལྷ་ཀླུ་གཉན་བཙན་དྲེགས་པའི་ཚོགསཿ དཀར་ཕྱོགས་སྐྱོང་བའི་ཚོགས་དང་བཅསཿ ཐ་ཚིག་གཉན་པོ་གང་གནས་པཿ མཆོད་དོ་འབུལ་ལོ་ཐུགས་དམ་བསྐངཿ ཉམས་ཆག་འགལ་འཁྲུལ་ཀུན་བྱང་ནས༔ བདེ་སྟོང་ཟག་མེད་ཡེ་ཤེས་ཀྱིཿ མཆོད་པའི་དགའ་སྟོན་ཆེན་པོར་རོལཿ ཟག་པ་མེད་པའི་བདེ་སྟོང་གིཿ ཉམས་ལེན་འདི་ལ་རྟག་རོལ་ནསཿ དགའ་བཞིའི་ཡེ་ཤེས་ཆེན་པོ་ཡིཿ ལས་ཀྱི་གཉེར་ཁ་ཁྱོད་ཀྱིས་ཟུངསཿ ཕྲིན་ལས་རྣམ་བཞི་མྱུར་འགྲུབ་མཛོདཿ ཧྲཱིཿའབར་བ་དབང་གི་ཕོ་བྲང་ཉམས་དགའ་བརཿ སྲིན་པོའི་རྒྱལ་པོ་རཀྴ་ཐོད་ཕྲེང་རྩལཿ གདུག་པའི་གཤེད་པོ་སྲོག་གི་སྤུ་གྲི་ཁྱོདཿ སྟོབས་དང་མངོན་སྤྱོད་ཕྲིན་ལས་མྱུར་འགྲུབ་མཛོདཿ ཕྲིན་ལས་བཅོལ་ལོ་རྣམ་བཞིའི་ལས་ཀུན་སྒྲུབསཿ ཡང་གསང་ཐུགས་ཐིག་བསྟན་པའི་པད་ཚལ་རྒྱསཿ མ་ཧཱ་ཨ་ནུ་ཨ་ཏི་ཡོ་ག་གསུམཿ ཉམས་སུ་ལེན་པའི་གང་ཟག་ཕོ་མོ་སྐྱོངས༔ བརྒྱུད་འཛིན་བུ་སློབ་ཡོན་བདག་ཡན་ཆད་ཀུནཿ གཉེར་དུ་གཏད་པའི་མེལ་ཚེ་ཁྱོད་ཀྱི་གྱིསཿ རྡོ་རྗེ་སློབ་དཔོན་རིགས་བརྒྱ་འདུས་བའི་དཔལཿ རྒྱལ་བའི་སྲས་པོ་རིག་སྔགས་འཆང་བའི་སྡེཿ གསང་བའི་རིག་མ་རྡོ་རྗེའི་མཆེད་ལྕམ་ཚོགས༔ སྲུང་སྐྱོབ་མགོན་དང་སྡོང་གྲོགས་གཉན་པོ་མཛོདཿ བཀའ་འགལ་ཐུགས་དཀྲུགས་ལོག་ལྟ་དམ་ཉམས་རིགས༔ གནོད་སྦྱོར་རྩོམ་པའི་མི་དང་མི་མིན་ཚོགསཿ རྡོ་རྗེའི་གནམ་ལྕགས་འབར་བའི་མཚོན་ཆ་ཡིསཿ བཀའ་ཡི་ཆད་པ་དྲག་པོ་ཐོག་བཞིན་ཕོབཿ དྲག་པོའི་ལས་ཀྱི་ཕྲིན་ལས་གང་བཅོལ་བཿ ཁྱེད་ཀྱིས་འགྲུབ་པར་གྱིས་ཤིག་ས་མ་ཡཿ མ་བཅོལ་པར་ཡང་ཕྲིན་ལས་སྒྲུབ་པ་དང༔ མ་བསྐུལ་པར་ཡང་དམ་ཉམས་སྒྲོལ་བ་ཡིསཿ ལས་ཀྱི་གཉེར་དམ་གཏད་དོ་ཐ་ཚིག་རྒྱཿ ཁྱོད་དང་ལས་ཀྱིས་འབྲེལ་བའི་གང་ཟག་ཀུན༔ ཡང་གསང་ཐུགས་ཐིག་གདུལ་བྱར་གྱུར་ནས་ཀྱང༔ ཚོམ་བུ་གཅིག་ཏུ་མངོན་པར་སངས་རྒྱས་ཤོགཿ བདེ་སྟེར་ཆགས་པའི་ཌཱཀྐི་མའིཿ ཚིག་གིས་བསྐུལ་བ་ལ་བརྟེན་ནས༔ ཡང་གསང་ཌཱཀྐིའི་གསང་མཛོད་རྡོལ༔ ཐོད་ཕྲེང་དྲག་རྩལ་དཔའ་བོ་ཡིས༔ སྨྲས་པ་དམ་ལྡན་རིགས་ཀྱི་བུཿ བདེ་བའི་རྡོ་རྗེ་དེས་བྲིས་སོཿ དམ་ལྡན་དག་གིས་ཉམས་བླང་ནཿ ཕྲིན་ལས་འགྲུབ་ཅིང་དངོས་གྲུབ་ཐོབཿ དམ་མེད་དག་གིས་ཉམས་བླང་ནཿ རང་གི་སྲོག་གི་གཤེད་མར་འགྱུརཿ ལྔ་ཕྲག་ཐ་མའི་དུས་ཀྱི་ཚེ༔ ཡེ་ཤེས་འགྲུབ་ཐག་རིང་བའི་དུསཿ དྲེགས་པའི་ཕྲིན་ལས་གློག་ལྟར་མྱུརཿ དེ་ཕྱིར་འདི་ལ་འབད་པར་འཚལཿ ཡང་གསང་ཐུགས་ཐིག་ཞབས་ཐོག་ཏུཿ ཐོད་ཕྲེང་ཕག་མོ་གཉིས་ཀྱིས་བཞགཿ དམ་ཚིག་འདི་ལས་མ་འགལ་ཞིགཿ ས་མ་ཡཿ ཨི་ཐིཾཿ བདག་འདྲ་པདྨ་འབྱུང་གནས་ཀྱིསཿ དགའ་རབ་དཔའ་བོའི་བཀའ་བཞིན་དུཿ རྡོ་རྗེ་ཕག་མོས་བསྐུལ་བ་ལྟརཿ བཀའ་རྟགས་ཕྱག་རྒྱ་གཉེན་པོའི་ཟིལ་འོག་ཏུ་བཅུག་ནས་འཛམ་གླིང་དྲེགས་བྱེད་ཡོངས་ཀྱི་གཙོ་བོར་མངའ་གསོལ་ཞིང་སླར་ཡང་ཡང་གསང་ཐུགས་ཐིག་གཉེར་འཛིན་དུ་མངའ་གསོལ་བས་དྲག་རྩལ་རྣོ་མྱུར་ཐོག་དང་འདྲཿ ལྟོས་དང་རིགཿ ཉོན་དང་གོཿ སོམ་དང་གསལཿ ལས་ཀུན་འགྲུབ་བར་ཐེ་ཚོམ་མེད་དོཿ འདིའི་ལས་ཚོགས་ཀྱི་གཞུང་བེ་རོའི་གདམས་བ་ལས་གསལཿ འདོད་ཆགས་རྡོ་རྗེའི་འགྲུབ་སྣང་ལ། ཤར་བའི་གདམས་པ་འདི་དག་ཀུནཿ བྱང་ཆུབ་ལམ་དུ་ཐེ་ཚོམ་མེད། ཀུན་བཟང་ཐུགས་ཀྱི་ཀློང་དུ་ཨཱཿ དགེའོ། །