རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མའི་བཀའ་འབུམ་གྱི་ལུང་གི་ཐོབ་ཡིག།

From Khyentse Lineage - A Tsadra Foundation Project
DKR-KABUM-25-RA-016
Wylie title rdo grub 'jigs med bstan pa'i nyi ma'i bka' 'bum gyi lung gi thob yig DKR-KABUM-25-RA-016.pdf
Location dil mgo mkhyen brtse bka' 'bum
Volume 25, Text 16, Pages 289-297 (Folios 1a to 9a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Rdo grub 'jigs med bstan pa'i nyi ma'i bka' 'bum gyi lung gi thob yig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 25: 289-297. Delhi: Shechen Publications, 1994.
Genre Records of Teachings Received - thob yig - gsan yig
[edit]
༄༅། །རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མའི་བཀའ་འབུམ་གྱི་ལུང་གི་ཐོབ་ཡིག་བཞུགས། །

ཀུན་མཁྱེན་ཡེ་ཤེས་ཉི་མ་གཞོན་ནུའི་ཟེར། །མཐའ་ཡས་ཞིང་གི་ཕྱོགས་ཀུན་མཛེས་པ་ལས། །ལུང་རྟོགས་ཨུཏྤལ་བཞད་པའི་གཉེན་གཅིག་པུ། །འཇིགས་མེད་བསྟན་པའི་ཉི་མ་རྒྱལ་གྱུར་ཅིག །དེ་ལ་འདིར་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའི་མཛེས་རྒྱན། མཁས་བཙུན་གྲུབ་པའི་དབང་ཕྱུག །ཀུན་མཁྱེན་བླ་མ་འཇིགས་མེད་བསྟན་པའི་ཉི་མ་མཆོག་གི་ལེགས་བཤད་བདུད་རྩིའི་དགའ་སྟོན་གྱི་སྐྱེས་བཟང་གི་སྐོར་ཇི་ལྟར་བཀའ་དྲིན་དུ་ཐོབ་པའི་ཚུལ་ལ། ཐོག་མར་གླེགས་བམ། ཀ༽ པར་བསྟོད་ཚིག་མཚོ་བྱུང་མགྲིན་གླུའི་སྐོར་ལ། རྒྱལ་བ་ཚེ་དཔག་ཏུ་མེད་པ་ལ་བསྟོད་པ་དགེ་ལེགས་ཉིན་བྱེད་འདྲེན་པའི་ཤིང་རྟ། བཀྲ་ཤིས་པདྨ་རྒྱས་པའི་ཡིད་འོང་སོགས། སངས་རྒྱས་མཚན་ཐོས་སོགས་ལྡེབ་བརྒྱད། འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཡི་གེ་དྲུག་པའི་རིག་སྔགས་ཀྱི་སྒོ་ནས་བསྟོད་པ། འཇིག་རྟེན་དབང་ཕྱུག་གི་ཨུཏྤལ་གཞོན་ནུའི་སྤྱན་རས་གཟིགས་ལ་བསྟོད་པ། བུང་བ་རོལ་པའི་གླུ་དབྱངས། རྟ་མགྲིན་ལ་ཐུན་མོང་གི་བསྟོད་པ་ཀུན་དགའི་རྒྱུད་མང༌། ཕུན་ཚོགས་ཆོས་དབྱིངས་སོགས། ཕུན་ཚོགས་སྐྱེ་དགུའི་སོགས། འཇིག་རྟེན་དབང་ཕྱུག་གི་ཚུལ་སོགས། ཟབ་དང་རྒྱ་ཆེའི་ཆོས་ཚུལ་སོགས། འཇམ་དབྱངས་བསྟོད་པ། ན་མོ་ཨཱརྻ་མཉྫུ་ཤྲཱི་ཡེ། རབ་འབྱམས་ཞིང་གི་སོགས། སྒྲོལ་བསྟོད་མཆོག་གསུམ་རྣམ་་པར་རྒྱལ་བའི་རྔ་སྒྲ། ན་མོ་ཨཱརྻ་ཏཱ་རེ། སྒྲོལ་མའི་ཕྱག་མཐིལ་སོགས། ན་མོ་གུ་རུ་པདྨཱ་ཀ་ར་ཡེ། གང་གི་འགྱུར་མེད་ཡེ་ཤེས་སོགས་དཔའ་བོ་ཡིད་འཛིན། ན་མོ་ཛྙཱ་ན་ཙཎྜ་ལི་ཡེ། རབ་དམར་ཉི་མ་སོགས་རྡོ་རྗེ་སྒྲ་མའི་རྒྱུད་མང༌། སྙིང་རྗེའི་དབང་ཕྱུག་སོགས། འཇིགས་མེད་རྔ་སྒྲའི་དབྱངས་སོགས། རྣམ་པར་དཀར་བའི་ལེགས་བྱས་སོགས། དཔལ་ངག་གི་དབང་པོ་ལ་ཕྱག་འཚལ་ལོ། །རྟ་མཆོག་གྲུབ་པ་སོགས། ཀུན་མཁྱེན་བསྟོད་པ། ན་མོ་གུ་རུ་ཨ་བྷྱ་པ་དཱི་པ་སེ་ན་ཡ་སོགས་འཇིགས་གླིང་བསྟོད་པ་དད་བརྒྱའི་པདྨོ་རྒྱས་བྱེད་བདུད་རྩིའི་ཟིལ་ཆར། འཇིགས་མེད་ཕྲིན་ལས་འོད་ཟེར་གསོལ་འདེབས་དཔག་ཡས་དཔག་བསམ་ལྗོན་པའི་མེ་ཏོག །གང་གི་རྨད་བྱུང་ཐབས་སོགས། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། འཇྃམ་ཞིང་ཟབ་སོགས་མཁྱེན་བསྟོད། རྒྱ་གར་ཆོས་ཀྱི་སོགས། དཔལ་ལྡན་བླ་མ་དམ་པ་ལ་བསྟོད་པ་དང༌། དམ་ཆོས་ཤོག་སྡེ་བརྒྱད་པའི་ཆོས་འབྱུང་ལས་ལྡེབ་༡༤ཆད། ན་མོ་གུ་རུ། གང་གི་མཚན་ཡང་བསོད་ནམས་གཏེར་སོགས། དཔལ་སྤྲུལ་བསྟོད་པ། རྒྱལ་ཀུན་ཡེ་ཤེས་སྐུ་ཅན་སོགས་དང༌། ལུང་པའི་རི་ངོགས་སོགས་དང༌། ཟབ་དོན་རྡོ་རྗེའི་ཀ་མ་ལཱ། བླ་མ་འཇམ་པའི་སོགས། ཆོས་ཉིད་བསྟོད་པའི་སྣང་བ་སོགས་གསུམ་མཁྱེན་བསྟོད། དཔལ་ཤཱཀྱ་སེངྒེ་ལ་ཕྱག་འཚལ་ལོ། །གྲངས་མེད་བསྐལ་སོགས་ཐུབ་བསྟོད་མིའམ་ཅི་རབ་དགའི་གླུ་ཕྲེང༌། ཡེ་ཤེས་སྒྱུ་མ་འབར་བའི་སོགས་དང༌། མིག་ཡོར་ལྟར་བུའི་གཟུགས་ཀྱིས་སོགས། འདི་ན་ལང་ཚོའི་རྒྱགས་པ་སོགས། བསྟོད་ཚིག་ཐམས་ཅད་བྱུང་མ། འཇམ་བསྟོད་པ་ཤི་ཀའི་མེ་ཏོག །མེ་ཏོག་ཆུན་འཕྱང་འཛིན་པའི་སོགས། རྒྱལ་ཀུན་གསང་བ་སོགས། མཆོག་གི་ཡེ་ཤེས་ཆུ་གཏེར་སོགས། མཐའ་བཞིའི་མཚན་མ་སོགས། སོར་མོའི་ཞགས་པ་སོགས། གང་གི་ཞབས་སེན་སོགས། ཟླ་བྲལ་བླ་མ་ཁྱབ་བདག་སོགས། ཇི་ལྟ་ཇི་ལྟར་སོགས། མཁྱེན་གཉིས་ཡེ་ཤེས་དམ་པ་སོགས། གློག་གི་སྒྲོན་མ་འབར་བའི་སོགས། སྐབས་གསུམ་གནས་ཀྱི་སོགས། སྤྲོས་མཚན་རྟོགས་པའི་དྲྭ་བ་སོགས། ཡོད་མེད་ཡིན་མིན་སོགས། གང་དུ་གཉིས་སྣང་སོགས། ཤེས་བྱ་མཁྱེན་ལ་སོགས། འཇམ་དཔལ་བསྟོད་པ་དང༌། ཀུན་རྟོག་སྤྲོས་པའི་གྲྭ་ཟུར་སོགས། དྲི་མེད་སིནྡྷུའི་རྒྱ་མཚོར་སོགས། མཐིང་མདོག་འོད་བརྒྱས་སོགས་གུ་རུ་རིན་པོ་ཆེ། འཕགས་ཡུལ་ཆོས་ཀྱི་འདུན་ཁང་སོགས་ཞི་འཚོ། ཤིན་ཏུ་ཞི་བ་སོགས་ཆོས་གྲགས། ལེགས་བྱས་ལམ་བཟང་སྤྲོས་པའི་སོགས་སྲོང་བཙན། རྒྱལ་བསྟན་མདོ་དང་སྔགས་སོགས་མི་ཕམ་རིན་པོ་ཆེ། ཕུན་ཚོགས་དམ་པ་གཉིས་སོགས་ལེགས་ལྡན། ཧྲཱིཿ ཛ་ལནྡྷ་རའི་བ་གམ་སོགས་ཚེ་རིང་མའི་བསྟོད་པ། ༈ བླ་མའི་རྣལ་འབྱོར་དང་གསོལ་འདེབས་སྐོར་ཟབ་དོན་རྨད་བྱུང་ལ། ན་མོ་གུ་རུ། གང་ཞིག་བླ་མ་དང་དཔལ་སོགས་གུ་རུ། ན་མོ་གུ་རུ་བྷྱཿ གང་ཞིག་བླ་མ་སོགས་བསྟན་པའི་ཉི་མ། དཔལ་ལྡན་གྲུ་འཛིན་སོགས་དང་བླ་མ་ལ་ཕྱག་འཚལ་ལོ། །གང་ཞིག་གིས་སོགས་དང༌། གང་ཞིག་གིས་བླ་མ་སྒྲུབ་པར་འདོད་པས་སོགས་གསུམ་དཔལ་སྤྲུལ་རིན་པོ་ཆེ། བླ་མ་ལ་ན་མོ་སོགས་ཚིག་བདུན་བཀླག་ཐབས། ཨེ་མ་ཧོ། ཀ་དག་སྐྱེ་མེད་སོགས། བླ་མ་ལ་ཕྱག་འཚལ་ལོ་སོགས་ཚིག་བདུན་གསོལ་འདེབས་འགྲེལ་པ། ༈ གསོལ་འདེབས་སྐོར་བྱིན་རླབས་སྤྲིན་ཕྲེང་ལ། ཨེ་མ་ཧོ། རང་རིག་སྤྲོས་བྲལ་སོགས། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་སོགས། མཁའ་མཉམ་འགྲོ་ལ་སོགས། འཇིགས་མེད་གྲུབ་བརྒྱའི། འཇིགས་བྲལ་འཆི་མེད་སོགས། སྐལ་བཟང་ཐར་པར། རྒྱལ་བ་འོད་དཔག་སོགས། འཇིགས་རུང་འཁོར་མཚོ་སོགས། འཇིགས་བྲལ་ཟླ་མེད་སྟོན་པ་སོགས། འཇིགས་མེད་གླིང་པའི་སོགས། རྫོགས་ཆེན་སྨོན་ལམ་མི་ཤིག་ནཱ་དའི་རོལ་མཚོ། མཐོན་མཐིང་རལ་པའི་ཟུར་ཕུད་སོགས། བཀའ་དྲིན་མཉམ་མེད་སོགས། ན་མོ་རཏྣ་ཏྲ་ཡཱ་ཡ། བདག་ནི་སྐྱེ་ཞིང་སྐྱེ་བའི་སོགས། བྱམས་བརྩེའི་འགྲོ་བ་སོགས། མཚོ་སྐྱེས་ཕྲིན་ལས་རྒྱས་པའི་སྨོན་ལམ་བཀྲ་ཤིས་འཁྱིལ་བའི་སྒྲ་དབྱངས། སྐྱིད་ན་བསྙེན་བཀུར་སོགས། སྲིད་ཞིའི་འཇིགས་སྒྲོལ་སོགས། རྡོ་རྗེ་འཆང་སོགས། ཕྱོགས་བཅུ་ན་བཞུགས་སོགས་གསོལ་འདེབས་དང༌། སྨོན་ལམ་སྣ་ཚོགས། ༈ སྒྲུབ་ཐབས་སྐོར་གྲུབ་གཉིས་སྲོག་འཛིན། ན་མོ་མཉྫུ་ཤྲཱི་ཡེ། འཕགས་པ་འཇམ་དཔལ་སོགས། ན་མོ་མཉྫུ་ཤྲཱི་ཡེ། གང་ཞིག་གིས་འཇམ་དཔལ་ཡེ་ཤེས་སོགས། ན་མོ་མཉྫུ་ཤྲཱི་ཡེ། གང་གིས་འཕགས་པ་སོགས། ཐུགས་རྗེ་ཆེན་པོའི་ཚེ་སྒྲུབ་ནི་སོགས། བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་སོགས། མ་ཎི་བསྐུལ་ཚིག་སྐྱོ་ཤས་ཀྱི་ལྕགས་ཀྱུ། བླ་མ་ལ་ཕྱག་འཚལ་ལོ། །འཕགས་པ་ཐུགས་རྗེ་ཆེན་པོའི་སོགས། རིག་འཛིན་ཡུམ་བཀའི་དབང་གི་མཚམས་སྦྱོར་མུ་ཏིག་གི་ཆུན་པོ་སོགས། རྒྱུན་ཁྱེར་རྡོ་རྗེ་བཙུན་མོའི་ཞལ་ལུང༌། བསྐང་བ། ན་མོ་གུ་རུ་སོགས། ན་མོ་གུ་རུ་ཛྙཱ་ན་ཌཱཀྐི་སོགས། ཚོགས་གླུ། མཁའ་འགྲོ་སྙིང་ཐིག་གི་བློ་ལྡན་མཆོག་སྲེད་ཀྱི་ཧཱུྃ་སྒྲུབ། ཉི་མ་འོད་ཟེར་གྱི་ཚེ་སྒྲུབ། བླ་མ་འཇམ་པའི་རྡོ་རྗེ་ལ་ན་མོ། རྣལ་འབྱོར་པ་གང་ཞིག་སོགས་ཐོད་སྒྲུབ། བླ་མ་བློ་ལྡན་མཆོག་སྲེད་ལ་ན་མོ་སོགས་ཚོགས་མཆོད། རྟ་མགྲིན་མངོན་རྟོགས་བསྡུས་པ། རྒྱུད་ཕུར་རྒྱལ་དབང་མཆོག་གི་སྦྱིན་སྲེག་ཞལ་སྒྱུར། གཡང་རྫས་བསགས་ཚུལ་སོགས། བདེ་གཤེགས་སྨན་གྱི་བླ་མ་སོགས་སྨན་བླའི་བྱིན་རླབས། ཟབ་མོ་གཅོད་ཀྱི་ལས་ཚོགས་གཤིན་པོའི་སྡུག་བསྔལ་སྦྱོང་བྱེད་སོགས། འཕྲོག་བྱེད་ཞལ་ཅན་མའི་བསྐང་བ། དཔལ་འདུས་བསྐང་བ། རིག་འདུས་བརྒྱུད་འདེབས། ཐུན་དྲུག་རྣལ་འབྱོར། སྙིང་ཐིག་བརྒྱུད་འདེབས་ཁ་སྐོང༌། མཁའ་འགྲོའི་བརྒྱུད་འདེབས་ཁ་སྐོང༌། དཔལ་ཆེན་བརྒྱུད་འདེབས། རྒྱུད་ཕུར། སེང་གདོང༌། བདུད་འདུལ་དྲག་མོ་སེང་ཞལ་མའི་རྒྱལ་དབྱངས་བ་དན་དཀར་པོའི་ཆེ་རྟགས། རྩ་གསུམ་དྲིལ་སྒྲུབ་དབང་བཤད། ༈ ཞལ་གདམས་སྐོར་སྐལ་བཟང་སྙིང་གི་གདུང་སེལ་སྐོར་ལ། ན་མོ་གུ་རུ་ཤྲཱི་པདྨཱ་ཀ་ར་ཡ། དལ་བ་རྙེད་དང་སོགས། མཁྱེན་པས་བཟང་གོམས་སོགས། བསླབ་བྱ་ཞིམ་མངར་སྦྲང་རྩིའི་གོང་བུ། བླ་མ་དཀོན་མཆོག་མཁྱེན་སོགས། དགེ་ཚུལ་ཡེ་ཤེས་བཟང་པོ་ནས་སོགས། འཕགས་པ་དམ་པའི་ཆོས་གཤའ་མ་སོགས། ལར་སྟོན་པ་ཐམས་ཅད་མཁྱེན་སོགས། ལགས། བདག་ཅག་གི་སྟོན་པ་སོགས། ཤར་རྒྱལ་མོ་རོང་པ་སོགས། ལག་ཚིག་གི་སྦྱོར་བ་ཞིམ་མངར་སོགས། ཇི་སྐད་དུ་འཕགས་པ་ཡུལ་འཁོར་སོགས། དཔལ་རི་བ་དོན་གྲུབ་རྡོ་རྗེ་སོགས། རྩིས་མདའི་གར་དབང་གི་སོགས། བླ་མ་ཀུན་དགའ་ལ་གཏམ་བྱ་བ་སོགས། མེ་ཏོག་འཛུམ་པའི་ལང་ཚོ་སོགས། དུས་གསུམ་རྒྱལ་བའི་སོགས། ཉོན་དང་མཐའ་གྲོལ་སོགས། ལར་དངོས་གཞིའི་ལམ་གྱི་སོགས། མགོན་སྲས་བཅས་རྒྱལ་སོགས། བླ་མ་ཐུབ་དབང་ཤཱཀྱ་སོགས། དགེ་ཚོགས་ཆེན་སོགས། བློ་གྲོས་སྣང་བ་སོགས། ན་མོ་མཉྫུ་ཤྲཱི། གྲོང་ཁྱེར་ཝ་ར་ཎ་སོགས། བླ་མ་ལ་ཕྱག་འཚལ་ལོ། །ཉོན་དང་བསོད་ནམས་རྡོ་རྗེ་སོགས། བཤད་ན་ཉམས་མྱོང་མེད་སོགས། ཚེ་འདིའི་བྱ་བ་མཆིལ་སོགས། ལག་པ་དལ་མེད་སོགས། ན་མ་ཤཱཀྱ་མུ་ན་ཡེ། ཕུན་ཚོགས་ཞི་བ་སོགས། ན་མོ་གུ་རུ། བླ་མ་བསོད་ནམས་རྡོ་རྗེའི་སོགས། ཞལ་གདམས་ཟེར་བ་སོགས། གང་ཞིག་སྲིད་པའི་སོགས། ན་མོ་གུ་རུ། སྲིད་འདིར་འགྲོ་བའི་སོགས། ཆོས་ཀྱི་དང་པོ་སོགས། ཟླ་བྲལ་སྟོན་པ་སོགས། ཀྱེ་ལགས་ཁྱེད་ནི་སོགས། རྒ་བས་ནོན་སོགས། གུས་པས་ཉོན་དང་སོགས། འཕགས་མཆོག་ལག་ན་སོགས། རྫིང་ན་མེད་པ་ཡུར་སོགས། ཐམས་ཅ་མཁྱེན་པ་སོགས། ལུས་ཅན་ཕན་བདེ་སོགས། དཀོན་མཆོག་གསུམ་ལ་སོགས། རྨོས་ཀྱིན་དུལ་བ་སོགས། ལམ་གྱི་རྩ་བ་སོགས། ལེགས་ཚོགས་བརྒྱ་ལས་སོགས། སྙིང་ནས་བྱང་ཆུབ་སོགས། ཀྱེ་ལགས་རྣམ་གྲོལ་སོགས། ཚེ་འདིའི་ཕུན་ཚོགས་སོགས། རྒྱལ་བས་ཚུལ་ཁྲིམས་སོགས། ཡོན་ཏན་རྟེན་གྱི་གཞི་ཚུལ་ཁྲིམས་སོགས། གོམ་རེ་བཞིན་ཡང་སོགས། ཉེར་ལེན་ཕུང་པོའི་སོགས། ཕུན་ཚོགས་ཚངས་དབྱངས་སོགས། ཕ་ཀུན་མཁྱེན་བརྒྱུད་པའི་སོགས། དམ་པའི་ངང་ཚུལ་སོགས། ༈ ཞལ་གདམས་སྐོར་ཀུན་ཕན་བདུད་རྩིའི་སྣང་བ། ཨ་ཧོ། སྐལ་ལྡན་ཤིང་རྟའི་སོགས། ངོ་མཚར་ལ་ཨ་ཧོ་སོགས། ཨ་ཧོ་ནམ་མཁའི་རྣལ་འབྱོར་སོགས། ཞིང་རབ་འབྱམས་རྒྱལ་སོགས། ཧོ་ཧོ། མཐའ་བརྒྱད་དང་བྲལ་སོགས། དབྱིངས་དག་ཆེན་འཁོར་ལོ་སོགས། ཕ་སྙན་བརྒྱུད་རྡོ་རྗེའི་སོགས། རྒྱ་ཡན་ཅོག་བཞག་སོགས། གཉུག་མ་མཐའ་བྲལ་སོགས། ཐ་མལ་གྱི་ཤེས་པ་སོགས། འཇམ་དཔལ་སྤྱན་འདྲེན་དད་པའི་མྱུ་གུ། དབྱིངས་དག་པ་རབ་འབྱམས་སོགས། སྙིང་ལ་བློ་གྲོས་སྣང་བ་སོགས། ཕ་བཀའ་དྲིན་འཁོར་མེད་སོགས། ཕ་ཟབ་ལམ་རྡོ་རྗེའི་བླ་མ་སོགས། ཕ་བླ་མ་མཁྱེན་བརྩེའི་ཟློས་གར་སོགས། ཕ་ཀུན་མཁྱེན་བརྒྱུད་པ་སོགས། འོད་གསལ་གྱི་རིག་པ་སོགས། མཉམ་པ་ཆེན་པོའི་ཆོས་ཉིད་སོགས། མཆོག་ཏུ་མི་འགྱུར་བདེ་བའི་སོགས། སྣང་སྟོང་མི་ཤིག་སོགས། ཕ་བདེ་གཤེགས་ཀུན་དངོས་སོགས། ཕ་རིག་འཛིན་པདྨའི་སོགས། ལམ་བྱང་ཆུབ་ཞི་བའི་སོགས། ནམ་ཡང་མི་བསླུའི་སོགས། སྨྲ་འདོད་ཀྱི་ཕོ་ནད་སོགས། སྒྱུ་ལུས་ཀྱི་ཁུར་ནས་སོགས། ཐང་ཆེན་པོ་སྔོ་ཕྱུག་དར་སོགས། ཚོགས་གླུ་བཛྲ་གཱིརྟིའི་རྒྱུད་མང༌། མཚོ་སྐྱེས་རིག་འཛིན་དགྱེས་པའི་དགའ་སྟོན། སྙན་འགྱུར་མགྲིན་པའི་སོགས་ཐི་བྱ་ལ་གསུངས་པ། གླུ་ཚིག་བྱིས་པའི་རྩེད་འཇོ། ལ་མཐོན་པོ་ལ་གྱེར་ཡག་སོགས། སྤྲིན་རབ་དཀར་སོགས། མ་ཉལ་ལོངས་ལ་སོགས། ཚིག་གི་མེ་ཏོག་ཞེས་བྱ་བ། ངས་སྐྱ་ག་ལ་འདི་བྱས་སོགས། ཤར་མདོ་སྨད་སླ་ངའི་སོགས། རྩ་སྐྱ་ཁ་བས་གཡོགས་སོགས། སྔོན་ཆད་དྲིན་གྱིས་སོགས། ཤར་ཉི་མ་སེར་པོའི་སོགས། ཁར་སང་ཟླ་བ་སོགས། ༈ དཔལ་འདུས་སྒྲུབ་ཁོག་རྣམ་པར་འབྱེད་པ། རྫོགས་ཆེན་སྐོར་འོད་གསལ་ཐིག་ལེའི་སྤྲིན་སྒྲ་ལ། ཀ་དག་དྲི་མེད་གཉུག་མ་སོགས། བླ་མ་ལ་ཕྱག་འཚལ་ལོ། །སྙིང་ཐིག་ཁྲིད་ཡིག་ཆེན་པོར་སོགས། གང་གི་རང་བཞིན་སོགས། ༈ ཁ༽ གསང་སྙིང་སྤྱི་དོན་རིན་ཆེན་མཛོད་ཀྱི་ལྡེའུ་རྡོ་གྲུབ་མཁན་པོ་དཀོན་རྣམ། མཁན་པོ་ཆོས་ཁྱུང་མཆོག་རིག་འདུས་འགྲེལ་པ་མཛད་མཁན་གང་རུང་ལས་སོ། མིག །གླེང་གཞི་ལས་འཕྲོས་ཏེ་སོགས། བདེ་བ་ཅན་གྱི་ཞིང་ལས་བརྩམས་པའི་གཏམ་དགེ་བའི་ལོག་ཏོག་སྤེལ་བྱེད་དབྱར་སྐྱེས་སྤྲིན་ཆེན་གླལ་བའི་སྒྲ་དབྱངས། སྐྱིད་སྡུག་ལམ་ཁྱེར་གྱི་མན་ངག །དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པའི་དོན་འགྲེལ་ལེགས་པར་བཤད་པའི་གན་མཛོད། ཡང་འཕགས་པ་དགྱེས་པའི་ངག་གི་རོལ་མོ། སྲས་བཅས་རྒྱལ་བ་ཀུན་གྱི་སོགས། རྒྱལ་བའི་སྲས་ཀྱི་བསླབ་བྱའི་རྣམ་འགྲེལ་མདོར་བསྡུས། སྲས་བཅས་རྒྱལ་བ་ཀུན་དངོས་སོགས་རྒྱལ་སྲས་བསླབ་བྱའི་ཉམས་ལེན་སྙིང་པོ། ནག་པོ་ཆེན་པོའི་རྒྱུད་ལུང་གི་བཤད་པ་བདུད་དཔུང་ཕྱེ་འཐག་རྡོ་རྗེ་འབར་བའི་འཕྲུལ་འཁོར། གཙུག་ལག་ཁང་ཕྱག་དར་གྱི་གཏམ་བསོད་ནམས་སྤྲིན་གྱི་རྔ་སྒྲ། མེ་ཏོག་མཆོད་པའི་ཕན་ཡོན་བླ་མ་སངས་རྒྱས་ལ་ཕྱག་འཚལ་ལོ་སོགས། ༈ གཏམ་ཚོགས་སྐོར། གསུང་མཆོག་རྡོ་རྗེ་སོགས་རྡོ་སྒར་བཅའ་ཡིག །སངས་རྒྱས་འཇིག་རྟེན་ལ་སོགས་སྐྱབས་འགྲོའི་རྣམ་བཞག །གང་གི་དམིགས་པ་མེད་སོགས་སྐྱབས་འགྲོའི་དོན། བྱང་ཆུབ་སེམས་དཔའ་ཆེན་པོ་སོགས་བྱང་སེམས་བསྐྱེད་ཚུལ། རྗེ་བཙུན་བླ་མ་དམིགས་པ་སོགས། བྱང་ཆུབ་སེམས་དཔའི་རྒྱན་གཟུངས་ཀྱི་རིན་པོ་ཆེ་མི་ཟད་པའི་མཛོད། གང་གི་རིག་སྔགས་སོགས། སྒོ་དྲུག་གི་དོན་རྣམ་པར་དབྱེ་བ་སོགས། འཇམ་དཔལ་གཞོན་ནུར་གྱུར་པ་སོགས་སྤྱོད་འཇུག་ཤེར་ལེའི་བསྡུས་དོན་བཻཌཱུར་དབང་པོའི་མེ་ལོང༌། བདེ་སྨོན་ཟིན་ཐོ་དུམ་དུམ་ཁྲིགས། བདེ་ལེགས་སྣང་བ་སོགས། སྐལ་བཟང་སྐྱེས་དགུའི་སོགས་བདེ་བཀོད་བྲི་ཚུལ་གུ་རུ་སིདྡྷིའི་རྣམ་བཤད་ཀུ་མུ་ཏའི་ཕྲེང་བ། བཤེས་གཉེན་བསྟེན་ཚུལ་དད་པའི་པདྨ་རྒྱས་པའི་ཉིན་བྱེད། བླ་མ་འཇམ་པའི་དབྱངས་སོགས། མཚན་དཔེའི་སྙེ་མ་དར་ནན་སོགས་ནགས་ཀྱི་གཏམ་པདྨ་དཀར་པོ། ལྷ་ཡི་ལྷ་མཆོག་སོགས་བདེན་གཉིས་རྣམ་བཞག་མེ་ཏོག་གི་སྒྲོན། མཆོད་པའི་གཏམ་མེ་ཏོག་གི་སྒྲོན། རྨོངས་པའི་བྱིས་པ་སོགས་དབེན་པའི་གཏམས། རྟེན་འབྲེལ་ཆུ་ཡི་ཟླ་བ་སོགས་རྟེན་འབྲེལ་བཅུ་གཉིས་གཏམ། ཡོངས་ཀྱི་དགེ་བའི་བཤེས་གཉེན་སོགས་འབེལ་གཏམ། ཚངས་དབང་ཁྲག་ཁྲིག་སོགས། གཉིད་ཐུན་གཅིག་ལ་སོགས། གསང་སྔགས་ཀྱི་གཞུང་དུ་སོགས། ན་མོ་གུ་རུ་པདྨཱ་ཀ་ར་ཡེ་སོགས། འཆི་ཁ་མའི་མན་ངག་སོགས། བླ་མ་གང་ཞིག་འཁྲུལ་སྤོང་སོགས། ནང་ནས་བསླབ་པ་རྣམ་དག་སོགས། ཡི་གེ་འཇུག་པ་གཅིག་ཀྱང་སོགས། རྗེ་བཙུན་འཇམ་པའི་དབྱངས་མཁྱེན་སོགས། སྨྲ་བའི་སེང་གེ་ཟུར་ཕུད་ལྔ་པ་སོགས་བདེན་བཞིའི་རྣམ་བཞག །འདིར་སྔགས་པ་རྣམས་ཀྱི་སོགས། དྲིས་ལན་འདོད་རབ་ཞེས་བྱ་བ་སོགས། བདེ་སྐྱིད་བཀྲ་ཤིས་འབྱུང་སོགས། ༈ བླ་རྣལ་ཉེར་མཁོ་པདྨ་འོད་དུ་བགྲོད་པའི་ཐེམ་སྐས། ལས་འཕྲོ་གཏེར་བརྒྱུད་ཀྱི་རྣམ་བཤད་ངོ་མཚར་རྒྱ་མཚོ། རྟ་ཁྱུང་འབར་བའི་བསྙེལ་ཐོ་རིན་ཆེན་སྒྲོན་མ། ཕུར་པ་བདུད་དཔུང་ཟིལ་གནོན་བསྙེན་ཐོ། ཁྱབ་བདག་བླ་མ་ཧེ་རུ་ཀ་སོགས། སྒྲུབ་ཆེན་ཟིན་བྲིས་རིག་འཛིན་དགའ་བའི་སྐྱེད་ཚལ། དཔལ་སྤྲུལ་རྣམ་ཐར་བདུད་རྩིའི་ཟིལ་ཐིག །མཉྫུ་ཤྲཱི་དྷརྨ་མ་ཏའི་རྣམ་ཐར་འཇིག་རྟེན་ཀུན་ཏུ་དགའ་བའི་གཏེར། སངས་རྒྱས་བྱང་སེམས་ཀྱི་མཚན་ཐོས་པ་དོན་ལྡན་ངག་གི་རོལ་མོ། རྟེན་སྙིང་གི་གཟུངས་ཟློ་བའི་ཆོ་ག་ངག་འདོན། རྟེན་སྙིང་ལ་བརྟེན་ནས་གཏོར་མ་བསྔོ་བ། འཇམ་དཔལ་བླ་མའི་རྣལ་འབྱོར་ཡེ་ཤེས་མཆོག་སྩོལ་ཁྲིད་ཡིག་གྲུབ་པ་མཆོག་གི་དཔལ་སྟེར། བརྗེད་ཐོ་སྣ་ཚོགས། བྱིན་རླབས་ཀྱི་རྩ་བ་བླ་མ་སོགས། མཁྱེན་བརྩེ་རིན་པོ་ཆེའི་སྐུ་བསྟོད་གསོལ་འདེབས་ཙནྡན་ནགས་ཀླུང༌། ཐུབ་དབང་གནས་བརྟན་འཁོར་བཅས་མཆོད་ཆོག་འཕགས་པ་དགྱེས་པའི་རོལ་མོ། ཕུང་པོ་གསུམ་པའི་མདོ་འདོན་པའི་ཆོ་ག་བསོད་ནམས་ཡིད་བཞིན་རིན་པོ་ཆེའི་སྤྲིན། འཕགས་ཚོགས་མཆོད་ཆོག་རྣམ་ཐར་རྒྱ་མཚོའི་མེ་ཏོག་གི་སྤྲིན། བདེ་ཆེན་ཞིང་སྒྲུབ་ཞིང་མཆོག་བགྲོད་པའི་བདེ་ལམ། ཡང་ཞིང་སྒྲུབ་ཆོ་ག །བཅོམ་ལྡན་འདས་འོད་དཔག་མེད་སོགས་དང༌། གང་ཞིག་འོད་མཚན་གྲགས་པ་སོགས་བདེ་སྨོན། རྟེན་འབྲེལ་སྙིང་པོའི་གླུད་བསྔོ་བྱམས་ཆེན་སྤྲིན་གྱི་རྔ་སྒྲ། རྟེན་སྙིང་གི་མཆོད་སྦྱིན་གཏེར་གྱི་རྒྱ་མཚོ། རྟེན་སྙིང་སྔགས་ཀྱི་མདེའུ། རྟེན་སྙིང་མདོས་བསྡུས་འཇིག་རྟེན་གསུམ་གྱི་རྣ་རྒྱན། རྟེན་འབྲེལ་མདོས་ཀྱི་བཅའ་ཐབས། ལས་སྦྱོར་ཤམ་བུ། གླུད་བསྔོ་ཉུང་ལ་འདོན་བདེ། རྟེན་སྙིང་མདོས་ཀྱི་ལས་འགྲིགས། ས་གར་སོང་དུ་སོགས། རྟེན་སྙིང་མདོས་ཀྱི་ཤོམས་དང་འདོན་འགྲིགས། རིན་པོ་ཆེའམ་རྫ་ཡི་སྣོད་སོགས། གླུད་བསྔོ། རྟེན་སྙིང་ཁྲོམ་བྱའི་འཆི་བའི་འཇིགས་སྒྲོལ། རྣོ་མཐོང་ཟླ་ཤེལ་ནོར་བུའི་མེ་ལོང༌། གཏམ་ལན་མདོར་བསྡུས་སྣ་ཚོགས། རི་མོ། བོད་ཡུལ་མདོ་སྨད་ཀྱི་ཆ་ཤས་སོགས། ཕྱུག་པོ་བུ་བརྒྱ་མ་ཟེར་བ་སོགས། བླ་མ་ངག་གི་དབང་ཕྱུག་སོགས། གནོད་སྦྱིན་ཙིཏྟ་དམར་པོའི་བསྟོད་པ་བདུད་ལས་རྣམ་པར་རྒྱལ་བའི་རུ་མཚོན། བཙན་གྱི་ཞགས་པ་དམར་པོ་སོགས། ཚེ་རིང་མའི་མངའ་གསོལ་ཕན་བདེའི་ཕོ་ཉ། ཤན་པ་སྲོག་སྒྲུབ་མའི་མཆོད་སྐོང༌། བླ་མ་ལ་ཕྱག་འཚལ་ལོ་སོགས་རྡོ་བསང༌། བླ་མ་བློ་ལྡན་མཆོག་སྲེད་སོགས་ལེགས་ལྡན་མངའ་གསོལ། ཤྲཱི་ཧེ་རུ་ཀ་སོགས་མ་མོའི་འཁྲུགས་སྐོང་ཉེར་བསྡུས། སྔགས་སྲུང་བསྟོད་ཕྲིན་བདུད་ལས་རྣམ་པར་རྒྱལ་བའི་རྔ་སྒྲ། དུར་ཁྲོད་ལྷ་མོའི་བསྟོད་པ་གནོད་སྦྱིན་ཀུན་ཏུ་དགའ་བའི་དབྱངས། མངའ་གསོལ་ཡིད་བཞིན་འཕྲུལ་གྱི་ལྕགས་ཀྱུ། གནོད་སྦྱིན་ཡང་ལེ་བེར་གྱི་གསོལ་མཆོད། ཛམ་གླིང་གི་གཞི་བདག་ལ་མཆོད་པ་བྱ་ཚུལ་ཀུན་ཏུ་དགེ་བའི་རྔ་སྒྲ། བྲག་ལྷ་མགོན་པོའི་མངའ་གསོལ། རྡོ་བསང་བཏང་ཚུལ། ཁྱད་པར་དུ་ཡང་བདག་ཅག་གནས་སོགས་ཕྲིན་བཅོལ། ན་མོ་གུ་རུ། ད་ལམ་རྗེ་ཉིད་ཀྱིས་རྫོགས་ཆེན་སོགས་མཁྱེན་གཟིགས་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་དྲིས་ལན་བཅས་བཀའ་འབུམ་པུསྟི་བཞིའི་ལུང༌། མཛད་པ་པོ་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ། འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ། རྡོ་གྲུབ་མཆོག་སྤྲུལ་ཐུབ་བསྟན་ཕྲིན་ལས་དཔལ་བཟང་ལས་བཀའ་དྲིན་ཐོབ་པའོ།། །།

Footnotes

Other Information