DKR-KABUM-25-RA-017

From Khyentse Lineage - A Tsadra Foundation Project

རྗེ་བླ་མ་ཞེ་ཆེན་རྒྱལ་ཚབ་པདྨ་རྣམ་རྒྱལ་རིན་པོ་ཆེའི་བཀའ་འབུམ་གྱི་ཐོབ་ཡིག་ནོར་བུའི་ཕྲེང་བ།
Wylie title rje bla ma zhe chen rgyal tshab pad+ma rnam rgyal rin po che'i bka' 'bum gyi thob yig nor bu'i phreng ba DKR-KABUM-25-RA-017.pdf
Location dil mgo mkhyen brtse bka' 'bum
Volume 25, Text 17, Pages 298-304 (Folios 1a to 7a5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Rje bla ma zhe chen rgyal tshab pad+ma rnam rgyal rin po che'i bka' 'bum gyi thob yig nor bu'i phreng ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 25: 298-304. Delhi: Shechen Publications, 1994.
Genre Records of Teachings Received - thob yig - gsan yig

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །རྗེ་བླ་མ་ཞེ་ཆེན་རྒྱལ་ཚབ་པདྨ་རྣམ་རྒྱལ་རིན་པོ་ཆེའི་བཀའ་འབུམ་གྱི་ཐོབ་ཡིག་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

༄༅། །ཨོཾ་སྭ་སྟི་བི་ཛ་ཡནྟུ། །གཟོད་ནས་ཡེ་གྲོལ་ཀ་དག་ཆོས་ཀྱི་སྐུ། །ལྷུན་གྲུབ་མ་འགགས་གསལ་བ་ལོངས་སྤྱོད་རྫོགས། གང་འདུལ་དེར་འཆར་ཟུང་འཇུག་སྤྲུལ་པའི་སྐུ། དབྱེར་མེད་ཁྱབ་བདག་བླ་མས་དགེ་ལེགས་སྩོལ། །འགྱུར་བཅས་སྒྲིབ་རྒྱ་ལས་གྲོལ་འདུས་མ་བྱས། །ཟབ་གསལ་གཉིས་མེད་རང་བྱུང་བྱང་ཆུབ་སེམས། །བདེན་དོན་མངོན་གཟིགས་པདྨའི་གདུང་འཚོབ་མཆོག །རྣམ་པར་རྒྱལ་བའི་ཞབས་པད་གཙུག་ན་མཆོད། །རྒྱལ་བས་ལེགས་གསུངས་ཟབ་དང་རྒྱ་ཆེའི་ཆོས། གཅིག་ཅར་འདོམས་པའི་ལེགས་བཤད་ངོ་མཚར་རྨད། །དཔལ་ལྡན་བླ་མའི་གསུང་གསང་རིན་ཆེན་མཛོད། །མི་ནུབ་དཀར་ཆག་ནོར་བུའི་ཕྲེང་བ་སྤེལ། །དེ་ལ་དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་ཏུ་འདུས་པའི་རང་གཟུགས་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག །ཚད་མེད་པའི་ཐུགས་རྗེ་དང༌།དྲི་མ་མེད་པའི་ཡེ་ཤེས་ལ་མངའ་དབང་འབྱོར་བའི་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་བཀའ་དྲིན་མཉམ་མེད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་བླ་མ་མཚན་བརྗོད་པར་དཀའ་བ། འགྱུར་མེད་པདྨ་བསྟན་འཛིན་མཁས་གྲུབ་རྒྱ་མཚོའི་དབང་པོའི་སྡེ་འམ། མཚན་གཞན། འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོའམ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་ཞེས་སྙན་པའི་བ་དན་སྲིད་རྩེའི་བླ་ན་མངོན་པར་མཐོ་བའི་དཔལ་མགོན་བླ་མ་དམ་པའི་གསུང་གསང་བདུད་རྩིའི་ཕྲེང་བ་ཟབ་རྒྱས་གདམས་པ་ཀུན་གྱི་གནད་གསང་གཅིག་ཏུ་བསྡུས་པའི་བཀའ་འབུམ་རིན་པོ་ཆེ་རྣམས། སྤར་གྱི་ཕྱི་མོར་བསྐྲུན་པའི་དུས་འདིར་དཔེ་རྒྱུན་མི་ཉམས་ཤིང་འཚོལ་སླ་བ་སོགས་ཀྱི་ཆེད་དུ་ཕྱོགས་གཅིག་ཏུ་བསྡེབས་བ་དཀར་ཆག་གི་རི་མོའི་ལམ་དུ་སྤེལ་བ་ལ། དབང་བཅུའམ་སྟོབས་བཅུ་མངའ་བའི་གོ་འཕང་ལ་སྐལ་ལྡན་རྣམས་དཀྲི་བའི་ལམ་གྱི་ཆ་རྐྱེན་རྫོགས་པར་སྟོན་པའི་བརྡར་སྐོར་ཚོ་བཅུར་ཕྱེ་བ་ལས། དང་པོ། ཀ༽ པར། ཐོག་མར་དགེ་བ་ལེགས་བྱེད་མཐར་ཕྱིན་པར་བྱེད་པའི་སྒོ་དང་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྤེལ་བ་སྔོན་དུ་འགྲོ་བའི་སྐོར་ལ། ཚོགས་གསོག་མཆོད་འབུལ་སྣ་ཚོགས་ཀྱི་སྐོར་ཚོགས་གཉིས་ནོར་བུ་རྒྱས་པའི་སྤྲིན་ཆེན། ལྡེབ་༡༢༣ འཇམ་མགོན་བླ་མའི་ལམ་ཟབ་བླ་མ་མཆོད་པའི་རིམ་པ་གྲུབ་གཉིས་ནོར་བུའི་གཏེར་མཛོད། ལྡེབ་ ༡༧ འཕགས་པ་ས་ཡི་སྙིང་པོ་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་བརྟན་གཡོའི་བཅུད་སྤེལ་རིན་པོ་ཆེ་དབང་གི་རྒྱལ་པོ། ལྡེབ ༤༨ རྒྱལ་བའི་རྟེན་གསུམ་བཞེངས་པ་དང་མཆོད་པའི་ཕན་ཡོན་ལས་འཕྲོས་པའི་གཏམ་ཚོགས་གཉིས་པད་ཚལ་བཞད་བྱེད་ཡིད་ཆེས་ལུང་གི་ཉི་མ། ལྡེབ་ ༢༡༢ བཅས། ཁ༽ པར། ཉིས་པ་རྩོམ་པ་དོན་ལྡན་དུ་བྱ་བའི་ཕྱིར་སྒོ་གཉིས་པ། ཡུལ་ཁྱད་པར་ཅན་རྣམས་ལ་རྗེས་སུ་བསྔགས་པའི་བསྟོད་ཚོགས་ཀྱི་སྐོར་ཡོན་ཏན་རྒྱ་མཚོའི་སྤྲིན་ཕུང༌། ལྡེབ་ ༢༡༨ གསུམ་པ་རང་གཞན་གྱི་དོན་གཉིས་ཡིད་བཞིན་དུ་འགྲུབ་པར་བྱ་བའི་ཕྱིར་སྒོ་གསུམ་པ། བླ་མ་རྒྱངས་འབོད་དང་ཡུལ་དམ་པ་རྣམས་ལ་གསོལ་འདེབས་ཞབས་བརྟན་གྱི་སྐོར་དད་བསོད་རྒྱ་མཚོའི་སྤྲིན་ཆེན། ལྡེབ་ ༡༢༠ བཅས། ག༽ པར། བཞི་པ་བར་དུ་དགེ་བ་ལས་ཐོག་མར་ཡིད་ཆེས་བསྐྱེད་བྱེད་ལོ་རྒྱུས་ཀྱི་སྐོར་ལ། སྔ་འགྱུར་རྡོ་རྫེ་ཐེག་པ་གཙོ་བོར་གྱུར་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་བརྗོད་པའི་གཏམ་མདོར་བསྡུས་ལེགས་བཤད་པདྨ་དཀར་པོའི་རྫིང་བུ། ལྡེབ་༢༦༩ རིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོ་ལས་འཕྲོས་པའི་གཏམ་ཉུང་གསལ་དྲང་པོར་བརྗོད་པ་ལྷའི་རྔ་སྒྲ། ལྡེབ་ ༧༢ བཅས། ང༽ པར། ལྔ་པ་ཐུན་མོང་རིག་གནས་སྐོར་ལ། ལུང་སྟོན་པ་ཀ་ལཱ་པའི་མཚམས་སྦྱོར་ལྔ་པའི་ལག་ལེན་བདུད་རྩིའི་ཉིང་ཁུ། ལྡེབ་༣༣ ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན། ལྡེབ་ ༦༠ རྒྱན་གྱི་བསྟན་བཅོས་མེ་ལོང་གི་དོན་འགྲེལ་དཔེར་བརྗོད་གསར་སྐྲུན་ངོ་མཚར་པདྨ་དཀར་པོའི་ཆུན་འཕྱང༌། ལྡེབ་༡༡༢ སྙན་ངག་དོན་རྒྱན་སོ་ལྔའི་དཔེར་བརྗོད་ཁོལ་ཕྱུང་ཡིད་སྐྱེས་གཞོན་ནུའི་ཟློས་གར། ལྡེབ་ ༢༨ བསྟན་རྩིས་ཉེར་མཁོ་རབ་གསལ་མེ་ལོང༌། ལྡེབ་ ༡༢ འབྱུང་རྩིས་ཀྱི་རེའུ་མིག་ཉེར་མཁོ་བལྟ་བདེར་སྤེལ་བ་ཀུ་མུ་དཱའི་རྫིང༌། ལྡེབ་ ༡༨ ཀེག་རྩིས་ཞེ་བདུན་མའི་རྡེལ་བཤད་རབ་གསལ་མེ་ལོང༌། ལྡེབ་༡༢ བལ་མོ་ལྡིང་སྐོ་གྱི་རྡིལ་བཤད་ཨུཏྤལ་དཀར་པོའི་ཕྲེང་བ། ལྡེབ་ ༡༠ དྲུག་པ་བླང་དོར་གྱི་གནས་གསལ་བར་བྱེད་པའི་སྐོར་ལ། ཞལ་གདམས་གཏམས་ཚོགས་དང་བཅའ་ཡིག་གི་སྐོར་བླང་དོར་རབ་གསལ་ནོར་བུའི་སྤྲིན་ཆེན། ལྡེབ་ ༡༣༢ བཅས། ཅ༽ པར། ཞལ་གདམས་དང་གསུང་མགུར་སྣ་ཚོགས་ཀྱི་སྐོར་ཀུན་ཕན་བདུད་རྩིའི་སྤྲིན་ཆེན། ༣༠༦ ཟུར་ཆུང་ཤེས་རབ་རབ་གྲགས་པའི་ཞལ་གྱི་གདམས་པ་བརྒྱད་ཅུ་པ་བསླབ་གསུམ་རིན་པོ་ཆེའི་གདམས་ངག་གི་མཆན་འགྲེལ་རིན་པོ་ཆེའི་ཕྲེང་བ། ལྡེབ་ ༣༩ བཅས། ཆ༽ པར། བདུན་པ་ཐུན་མོང་གི་ཆོས་བཤད་ཁྲིད་ཡིག་གི་སྐོར་ལ། ཐེག་པ་ཆེན་པོའི་བློ་སྦྱོང་གི་མན་ངག་ཟབ་དོན་སྦྲང་རྩི་བུམ་བཟང༌། ལྡེབ་༢༧༠ ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྔོན་འགྲོའི་ཁྲིད་ཟིན་ཉུང་གསལ་བློ་དམན་འཇུག་བདེར་སྤེལ་བ་རབ་གསལ་སྒྲོན་མེ། ལྡེབ་༢༨ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིམ་པ་དང་པོའི་ཁྲིད་ཀྱི་ཟིན་བྲིས་ལྷ་རྫས་མེ་ཏོག །ལྡེབ་ ༥༥ བཅས། ཇ༽ པར། རྡོ་རྗེ་ཐེག་པའི་ཐུན་མོང་གི་སྔོན་འགྲོ་སྤྱི་ལ་སྦྱོར་ཆོག་པའི་ཁྲིད་ཀྱི་རྒྱབ་ཡིག་ཀུན་མཁྱེན་ཞལ་ལུང་རྣམ་གྲོལ་ཤིང་རྟ། ལྡེབ་ ༣༦༤ བཅས། ཉ༽ པར། དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་སྐྱེས་པའི་གཏམ་རྒྱུད་སྣ་ཚོགས་མདོ་ལས་གསུང་པའི་དོན་སྙིང་པོར་བསྡུས་པ་ཡང་དག་ཐར་ལམ་བགྲོད་པའི་ཐེམ་སྐས། ལྡེབ་ ༥༢༣ བཅས། ཏ༽ པར། བརྒྱད་པ་ཐུན་མིན་བསྐྱེད་རྫོགས་དང་རྣམ་བཤད་འགྲེལ་ཊིག་སྐོར་ལ། ལས་དང་པོ་བ་ལ་ཕན་པའི་བསྐྱེད་རྫོགས་ཀྱི་གོ་དོན་ཕྱོགས་མཚོན་ཉུང་གསལ་གོ་བདེར་བརྗོད་པ། ལྡེབ་ ༡༡ བསྐྱེད་རིམ་སྤྱིའི་རྣམ་པར་བཞག་པ་ཉུང་གསལ་གོ་བདེར་བརྗོད་པ་རབ་གསལ་ནོར་བུའི་མེ་ལོང༌། ལྡེབ་༧༩ ངེས་དོན་སྙིང་པོའི་གནད་མདོར་བསྡུས་པ་རིན་པོ་ཆེའི་སྒྲོན་མེ། ལྡེབ་༨༠ ངེས་དོན་སྙིང་པའི་གནད་མདོར་བསྡུས་པའི་ས་བཅད། ལྡེབ་ ༣ བདེན་གཉིས་བསལ་བཞག་དང་བྲལ་བའི་དོན་གྱི་དགོངས་བཤད་ཀློག་གི་སྒྲོན་མེ། ལྡེབ་༨༩ རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འི་རྣམ་བཤད་མདོར་བསྡུས་སྙིང་པོར་དྲིལ་བ་རིག་པ་འཛིན་པའི་ཞལ་ལུང༌། ལྡེབ་༦༠ སྙོན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་རྣམ་བཤད་སྙིང་པོར་དྲིལ་བ་གྲུབ་གཉིས་འདོད་འཇོའི་དགའ་ཚལ། ལྡེབ་ ༡༡༧ བཅས། ཐ༽ པར། གྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་གྱི་དམིགས་རིམ་ཟིན་བྲིས་གྲུབ་པ་མཆོག་གི་ཞལ་ལུང༌། ལྡེབ། ༢༢ སེམས་དོན་དངོས་གཞིའི་ཉམས་ལེན་གནད་བསྡུས་རབ་གསལ་སྒྲོན་མེ། ལྡེབ་ ༥༩ བཤེས་སྤྲིངས་མཆན་འགྲེལ་པདྨ་དཀར་པོའི་ཕྲེང་བ། ལྡེབ་༣༡ བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་ཤེས་རབ་ལེའུའི་མཆན་འགྲེལ་དོན་གསལ་མེ་ལོང༌། ལྡེབ་ ༩ སྤྱོད་འཇུག་ཤེར་ལེའི་འབྲུ་འགྲེལ་ཀུན་མཁྱེན་བླ་མའི་གསུང་ལས་བཏུས་པ་རབ་གསལ་ནོར་བུའི་སྒྲོན་མེ། ལྡེབ་ ༡༠༠ དཀོན་མཆོག་གསུམ་གྱི་དོན་རྣམ་པར་བཞག་པ་མདོར་བསྡུས་སུ་བརྗོད་པ་དད་པའི་རླབས་ཕྲེང་རྣམ་པར་གཡོ་བའི་ཆུ་གཏེར་ལྡེབ་༦༠ སྔ་འགྱུར་རྡོ་རྗེ་ཐེག་པ་རིམ་དགུའི་རྣམ་བཞག་མདོར་བསྡུས་སུ་བརྗོད་པ་རིན་པོ་ཆེའི་ཐེམ་སྐས། ལྡེབ་ ༡༧༩ ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་ཆུང་པདྨ་དཀར་པོའི་འཁྲི་ཤིང༌། ལྡེབ ་༡༦༩ སྔ་འགྱུར་ཐེག་དགུ་སོགས་ཀྱི་ཚོགས་བཤད་མདོར་བསྡུས་ནོར་བུའི་ཏམ་བུ་ར། ལྡེབ་ ༩༣ དགུ་པ་ཐོར་བུ་སྣ་ཚོགས་པའི་སྐོར་ལ། ལམ་ཟབ་བླ་མའི་རྣལ་འབྱོར་གྱི་སྐོར་བྱིན་རླབས་རྒྱ་མཚོའི་སྤྲིན་ཆེན། ལྡེབ་༣༧ རྒྱལ་དབང་རང་བྱུང་རྡོ་རྫེ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འོད་གསལ་སྤྲིན་གྱི་རོལ་མོ་ཡེ་ཤེས་མཆོག་གི་ཆར་འབེབས། ལྡེབ་ ༦ བཅས ན༽ པར། ཉེར་མཁོ་ཐོར་བུ་སྣ་ཚོགས་ཀྱི་སྐོར་འདོད་འབྱུང་ནོར་བུའི་སྤྲིན་ཆེན། ལྡེ༩༦ ཉེར་མཁོ་དབང་གི་མཚམས་སྦྱོར་སྣ་ཚོགས་པ་རིན་པོ་ཆེའི་ཕྲེང་བ་ལྡེབ་ ༧༣ ལྷག་པའི་ལྷ་སྣ་ཚོགས་ཀྱི་སྒྲུབ་ཐབས་དང་བསྙེན་ཡིག་སོགས་ཀྱི་སྐོར་རྫོགས་ལྡན་ནོར་བུའི་སྤྲིན་ཆེན་ལྡེབ་༡༡༨ རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་ཡིད་བཞིན་ནོར་བུའི་གསོལ་མཆོད་དཔག་བསམ་ཡོངས་འདུའི་འཁྲི་ཤིང༌། ལྡེབ་ ༢༠ བཅས། ཨ༽ པར། འཇམ་མགོན་བླ་མའི་གདུང་རྟེན་རྣམ་གཉིས་ཀྱི་དཀར་ཆག་མདོར་བསྡུས་ངོ་མཚར་སྣང་བ། ལྡེབ་༣༡ བཅུ་པ་བསྔོ་སྨོན་དང་བཀྲ་ཤིས་ཀྱི་སྐོར་དགེ་ལེགས་རྒྱ་མཚོའི་སྤྲིན་ཆེན། ལྡེབ་༣༦ སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་གྱི་འགྲེལ་བ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ༡༢༥ དཀར་ཆག་ནོར་བུའི་ཕྲེང་བ་རང༌། ལྡེབ་ ༦ བཅས་བཞུགས་སོ། །སླར་སྨྲས་པ། གང་གི་མཁྱེན་རབ་ལྷས་རྩེན་རོལ་བའི་གནས། །ཚད་མེད་ཐུགས་རྗེའི་རླུང་གི་ཤིང་རྟ་འཁྲིགས། །ནུས་མཐུའི་སྦྲང་ཆར་གདུལ་བྱའི་ཞིང་སར་འབེབས། །ཁྱབ་བདག་བླ་མའི་གསུང་གསང་རིན་ཆེན་མཛོད། །ཐོག་མཐའ་བར་དགེ་ངག་ཚིག་རྙོག་མས་དབེན། །ཚད་མ་གསུམ་ལྡན་ལུང་རིགས་རྦ་རླབས་འཁྲུགས། །ཉོན་མོང་གདུང་སེལ་གསུང་རབ་ཆུ་ཡི་གཏེར། །སྲིད་མཐའི་བར་དུ་མི་ནུབ་སྣང་བའི་ཕྱིར། །མཁྱེན་བརྩེའི་རང་གཟུགས་ཕྲིན་ལས་སྤྲུལ་འི་གར། །ཆོས་ཀྱི་བློ་གྲོས་བཀའ་ཡིས་ཉེར་བསྐུལ་ཏེ། །སྤྲུལ་མིང་འཛིན་པ་པདྨ་དྲི་མ་མེད། །དབོན་རྒན་དམ་པ་དགེ་ལེགས་རྒྱ་མཚོ་འི་དཔལ། །མཉེས་པ་གསུམ་སྒྲུབ་དགེ་སློང་ཞིང་སྐྱོང་དང༌། །པདྨ་ལྷུན་གྲུབ་པད་ནོར་ལ་སོགས་ཀྱི། །གཅིག་ལས་དུ་མར་འཆར་པའི་སྤར་གྱི་འཕྲུལ། །བསྟན་གཉིས་དར་རྒྱས་གླིང་གི་ཆོས་སྡེར་བསྒྲུབས། །སྐལ་བཟང་བློ་ལྡན་དབྱར་སྐྱེས་བྷྲ་མ་ར། །ལེགས་བཤད་རྨད་བྱུང་དགོངས་འགྲེལ་པདྨའི་ཚལ། །ཟབ་དོན་རོ་ནུས་དཔལ་ལ་རྟག་སྤྱོད་ནས། །བསྟན་འགྲོའི་ཕན་བདེའི་འགའ་སྟོན་གསོས་སྦྱིན་མཛོད། །འདིར་འབད་བསོད་ནམས་རབ་དཀར་སྟོན་ཟླའི་མདངས། །བདག་གཞན་བྱང་ཆེན་ཤུལ་ལམ་མཚོན་པའི་ཕྱིར། །ཡོངས་བསྔོས་རྒྱས་བཏབ་རྒྱལ་དང་དེ་སྲས་ཀྱི། །རྣམ་ཐར་སྤྱོད་པ་རྒྱ་མཚོའི་རྗེས་སུ་སློབ། །དཔལ་ལྡན་བླ་མའི་བསྟན་པ་རིན་པོ་ཆེ། །སྲིད་མཐའི་བར་དུ་མི་ནུབ་དར་ཞིང་རྒྱས། །འབྲེལ་ཐོབ་ལུས་ཅན་མགོན་དེའི་གོ་ཕང་མཆོག །དཀའ་ཚེགས་མེད་པར་མྱུར་དུ་ཕྱིན་གྱུར་ཅིག །བསྟན་འཛིན་ཐུགས་མཐུན་བསྐལ་བརྒྱར་ཞབས་པད་བརྟན། །དགེ་འདུན་སྡེ་འཕེལ་སྤོང་ཀློག་བྱ་བར་བརྩོན། །རྒྱལ་ཁམས་ཀུན་ཏུ་སྐལ་ངན་རྒུ་ད་པ་ཞི། །ཚེ་བསོད་དཔལ་འབྱོར་ལེགས་ཚོགས་གོང་འཕེལ་ཤོག །རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་གྱི། །རིང་ལུགས་དྲི་མེད་ཟླ་གཞོན་ལང་ཚོའི་གཟི། །ནག་ཕྱོགས་གདུག་པའི་ཆུ་འཛིན་ལས་གྲོལ་ཞིང༌། །བསྟན་འགྲོའི་བདེ་འབྱུང་རལ་བའི་རྒྱན་མཛེས་ཤོག །བདག་ཀྱང་རིགས་བདག་བླ་མས་རྗེས་འཛིན་ཅིང༌། །ཆོས་མིན་བསམ་པ་སྐད་ཅིག་མི་སྐྱེ་བར། །སྒོ་གསུམ་བྱ་བ་ཆོས་ལྡན་ཡིད་བཞིན་སྒྲུབ། །དོན་གཉིས་བསམ་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག །མདོར་ན་མགོན་ཁྱོད་མངོན་པར་བྱང་ཆུབ་པའི། །འདུས་པ་དང་པོའི་འཁོར་དུ་བདག་སྐྱེས་ནས། །བྱང་ཆེན་སྤྱོད་པ་རྒྱ་མཚོ་སྦྱངས་བྱས་ཏེ། །འགྲོ་ཀུན་འདྲེན་པའི་དེད་དཔོན་ཉིད་གྱུར་ཅིག །བཀྲ་ཤིས་གང་ཞིག་རང་བྱུང་ལྷན་སྐྱེས་ཟབ་གསལ་གཉིས་མེད་བདེ་བ་ཆེ། བཀྲ་ཤིས་གང་ཞིག་ཚོགས་གཉིས་ཟུང་འཇུག་ལམ་རྐྱེན་ཟབ་མོ་ལ་བརྟེན་ནས། བཀྲ་ཤིས་གང་ཞིག་སྒྲིབ་རྒྱ་ལས་གྲོལ་མཐར་ཕྱིན་ཡེ་ཤེས་མངོན་གྱུར་ཏེ། བཀྲ་ཤིས་གང་ཞིག་སྲིད་འདིར་གཡོ་མེད་རྟག་ཁྱབ་ལྷུན་གྲུབ་མཛེས་གྱུར་ཅིག །ཅེས་སྐྱབས་མཆོག་འཁོར་ལོའི་མགོན་པོ་རིགས་བརྒྱའི་ཁྱབ་བདག་བཀའ་དྲིན་མཉམ་མེད་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ཆེན་པོ། འགྱུར་མེད་པདྨ་རྣམ་རྒྱལ་གྱི་གསུང་རབ་བླ་ན་མེད་པའི་ཕྲེང་བ་རྣམས་སྤར་གྱི་ཕྱི་མོར་བསྐྲུན་པའི་དུས་འདིར་ཕྱོགས་གཅིག་ཏུ་བསྡེབས་པའི་དཀར་ཆག་ནོར་བུའི་ཕྲེང་བ་ཞེས་བྱ་བ་ཉུང་ངུའི་ཚིག་གི་ལམ་ནས་དྲངས་བ་འདི་ཡང༌། མགོན་པོ་གང་གི་བྲན་དུ་སྐྱེ་ཀུན་སྨོན་པའི་གུས་འབངས་ཐ་ཤལ་བ་ཆོས་མེད་རྨོང་པ་པདྨ་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་མེ་ཡོས་གསར་འཆར་གྱི་ཟླ༦་ཚེས༡༣་དགེ་བར་རྗེ་བླ་མའི་གཟིམས་སྤྱིལ་བདེ་མཆོག་བཀྲ་ཤིས་དགེ་འཕེལ་ནས་བྲིས་པ་སྐྱེ་ཀུན་དཔལ་ལྡན་བླ་མས་རྗེས་སུ་འཛིན་ཅིང་གསུང་གི་གསང་བ་ཟབ་མོར་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག །མངྒ་ལམ། དགེའོ། །དགེའི། །དགེའོ།། །། ༈ གོང་གི་དཀར་ཆག་ནང་བཞུགས་སོ་ཅོག་ཁྱབ་བདག་འཁོར་ལོའི་མགོན་པོ་བཀའ་དྲིན་གསུམ་ལྡན་འགྱུར་མེད་པདྨ་རྣམ་རྒྱལ་དཔལ་བཟང་པོ་ཉིད་ཀྱི་ཞལ་སྔ་ནས་བདག་མངྒ་ལ་ཤྲཱི་བྷུ་ཏིའི་ཉམས་སུ་མྱོང་བའི་སྐལ་བཟང་བླ་མེད་འགྱུར་བའོ།། །།
[edit]

@#/_/rje bla ma zhe chen rgyal tshab pad+ma rnam rgyal rin po che'i bka' 'bum gyi thob yig nor bu'i phreng ba zhes bya ba bzhugs so// oM swa sti bi dza yan+tu/_/gzod nas ye grol ka dag chos kyi sku/_/lhun grub ma 'gags gsal ba longs spyod rdzogs/_gang 'dul der 'char zung 'jug sprul pa'i sku/_dbyer med khyab bdag bla mas dge legs stsol/_/'gyur bcas sgrib rgya las grol 'dus ma byas/_/zab gsal gnyis med rang byung byang chub sems/_/bden don mngon gzigs pad+ma'i gdung 'tshob mchog_/rnam par rgyal ba'i zhabs pad gtsug na mchod/_/rgyal bas legs gsungs zab dang rgya che'i chos/_gcig car 'doms pa'i legs bshad ngo mtshar rmad/_/dpal ldan bla ma'i gsung gsang rin chen mdzod/_/mi nub dkar chag nor bu'i phreng ba spel/_/de la dus gsum rgyal ba kun gyi ye shes gcig tu 'dus pa'i rang gzugs rigs dang dkyil 'khor kun gyi khyab bdag_/tshad med pa'i thugs rje dang*/dri ma med pa'i ye shes la mnga' dbang 'byor ba'i nges pa don gyi rdo rje 'chang chen po bka' drin mnyam med khams gsum chos kyi rgyal po 'jam mgon bla ma mtshan brjod par dka' ba/_'gyur med pad+ma bstan 'dzin mkhas grub rgya mtsho'i dbang po'i sde 'am/_mtshan gzhan/_'gyur med pad+ma rnam rgyal dpal bzang po'am rdo rje dbang mchog dgyes pa rtsal zhes snyan pa'i ba dan srid rtse'i bla na mngon par mtho ba'i dpal mgon bla ma dam pa'i gsung gsang bdud rtsi'i phreng ba zab rgyas gdams pa kun gyi gnad gsang gcig tu bsdus pa'i bka' 'bum rin po che rnams/_spar gyi phyi mor bskrun pa'i dus 'dir dpe rgyun mi nyams shing 'tshol sla ba sogs kyi ched du phyogs gcig tu bsdebs ba dkar chag gi ri mo'i lam du spel ba la/_dbang bcu'am stobs bcu mnga' ba'i go 'phang la skal ldan rnams dkri ba'i lam gyi cha rkyen rdzogs par ston pa'i brdar skor tsho bcur phye ba las/_dang po/_ka)_par/_thog mar dge ba legs byed mthar phyin par byed pa'i sgo dang po bsod nams dang ye shes kyi tshogs spel ba sngon du 'gro ba'i skor la/_tshogs gsog mchod 'bul sna tshogs kyi skor tshogs gnyis nor bu rgyas pa'i sprin chen/_ldeb 123_'jam mgon bla ma'i lam zab bla ma mchod pa'i rim pa grub gnyis nor bu'i gter mdzod/_ldeb _17_'phags pa sa yi snying po mchod cing gsol ba gdab pa'i cho ga brtan g.yo'i bcud spel rin po che dbang gi rgyal po/_ldeb_48_rgyal ba'i rten gsum bzhengs pa dang mchod pa'i phan yon las 'phros pa'i gtam tshogs gnyis pad tshal bzhad byed yid ches lung gi nyi ma/_ldeb _212_bcas/__kha)_par/_nyis pa rtsom pa don ldan du bya ba'i phyir sgo gnyis pa/_yul khyad par can rnams la rjes su bsngags pa'i bstod tshogs kyi skor yon tan rgya mtsho'i sprin phung*/_ldeb _218_gsum pa rang gzhan gyi don gnyis yid bzhin du 'grub par bya ba'i phyir sgo gsum pa/_bla ma rgyangs 'bod dang yul dam pa rnams la gsol 'debs zhabs brtan gyi skor dad bsod rgya mtsho'i sprin chen/_ldeb _120_bcas/__ga)_par/_bzhi pa bar du dge ba las thog mar yid ches bskyed byed lo rgyus kyi skor la/_snga 'gyur rdo rdze theg pa gtso bor gyur pa'i sgrub brgyud shing rta brgyad kyi byung ba brjod pa'i gtam mdor bsdus legs bshad pad+ma dkar po'i rdzing bu/_ldeb 269_rin po che gter gyi mdzod chen po las 'phros pa'i gtam nyung gsal drang por brjod pa lha'i rnga sgra/_ldeb _72_bcas/__nga)_par/_lnga pa thun mong rig gnas skor la/_lung ston pa ka lA pa'i mtshams sbyor lnga pa'i lag len bdud rtsi'i nying khu/_ldeb 33_yi ge'i brda dag gsal bar ston pa'i bstan bcos blo gsal mgul rgyan/_ldeb _60_rgyan gyi bstan bcos me long gi don 'grel dper brjod gsar skrun ngo mtshar pad+ma dkar po'i chun 'phyang*/_ldeb 112_snyan ngag don rgyan so lnga'i dper brjod khol phyung yid skyes gzhon nu'i zlos gar/_ldeb _28_bstan rtsis nyer mkho rab gsal me long*/_ldeb _12_'byung rtsis kyi re'u mig nyer mkho blta bder spel ba ku mu dA'i rdzing*/_ldeb _18_keg rtsis zhe bdun ma'i rdel bshad rab gsal me long*/_ldeb 12_bal mo lding sko gyi rdil bshad ut+pal dkar po'i phreng ba/_ldeb _10_drug pa blang dor gyi gnas gsal bar byed pa'i skor la/_zhal gdams gtams tshogs dang bca' yig gi skor blang dor rab gsal nor bu'i sprin chen/_ldeb _132_bcas/__ca)_par/_zhal gdams dang gsung mgur sna tshogs kyi skor kun phan bdud rtsi'i sprin chen/_306_zur chung shes rab rab grags pa'i zhal gyi gdams pa brgyad cu pa bslab gsum rin po che'i gdams ngag gi mchan 'grel rin po che'i phreng ba/_ldeb _39_bcas/__cha)_par/_bdun pa thun mong gi chos bshad khrid yig gi skor la/_theg pa chen po'i blo sbyong gi man ngag zab don sbrang rtsi bum bzang*/_ldeb 270_zab lam thugs rje chen po bde gshegs kun 'dus kyi sngon 'gro'i khrid zin nyung gsal blo dman 'jug bder spel ba rab gsal sgron me/_ldeb 28_thugs sgrub bar chad kun sel gyi rim pa dang po'i khrid kyi zin bris lha rdzas me tog_/ldeb _55_bcas/__ja)_par/_rdo rje theg pa'i thun mong gi sngon 'gro spyi la sbyor chog pa'i khrid kyi rgyab yig kun mkhyen zhal lung rnam grol shing rta/_ldeb _364_bcas/__nya)_par/_dkon mchog dang las 'bras la yid ches skyes pa'i gtam rgyud sna tshogs mdo las gsung pa'i don snying por bsdus pa yang dag thar lam bgrod pa'i them skas/_ldeb _523_bcas/_ta)_par/_brgyad pa thun min bskyed rdzogs dang rnam bshad 'grel Tig skor la/_las dang po ba la phan pa'i bskyed rdzogs kyi go don phyogs mtshon nyung gsal go bder brjod pa/_ldeb _11_bskyed rim spyi'i rnam par bzhag pa nyung gsal go bder brjod pa rab gsal nor bu'i me long*/_ldeb 79_nges don snying po'i gnad mdor bsdus pa rin po che'i sgron me/_ldeb 80_nges don snying pa'i gnad mdor bsdus pa'i sa bcad/_ldeb _3_bden gnyis bsal bzhag dang bral ba'i don gyi dgongs bshad klog gi sgron me/_ldeb 89_rdo rje phur pa yang gsang spu gri 'i rnam bshad mdor bsdus snying por dril ba rig pa 'dzin pa'i zhal lung*/_ldeb 60_snyon brgyud yang phur sbrags ma'i zab tig gi rnam bshad snying por dril ba grub gnyis 'dod 'jo'i dga' tshal/_ldeb _117_bcas/__tha)_par/_gro lod gsang sgrub gdug pa kun 'dul gyi dmigs rim zin bris grub pa mchog gi zhal lung*/_ldeb/_22_sems don dngos gzhi'i nyams len gnad bsdus rab gsal sgron me/_ldeb _59_bshes springs mchan 'grel pad+ma dkar po'i phreng ba/_ldeb 31_byang chub sems pa'i spyod pa la 'jug pa'i shes rab le'u'i mchan 'grel don gsal me long*/_ldeb _9_spyod 'jug sher le'i 'bru 'grel kun mkhyen bla ma'i gsung las btus pa rab gsal nor bu'i sgron me/_ldeb _100_dkon mchog gsum gyi don rnam par bzhag pa mdor bsdus su brjod pa dad pa'i rlabs phreng rnam par g.yo ba'i chu gter ldeb 60_snga 'gyur rdo rje theg pa rim dgu'i rnam bzhag mdor bsdus su brjod pa rin po che'i them skas/_ldeb _179_theg pa chen po'i man ngag gi bstan bcos yid bzhin rin po che'i mdzod kyi 'grel chung pad+ma dkar po'i 'khri shing*/_ldeb_ 169_snga 'gyur theg dgu sogs kyi tshogs bshad mdor bsdus nor bu'i tam bu ra/_ldeb _93_dgu pa thor bu sna tshogs pa'i skor la/_lam zab bla ma'i rnal 'byor gyi skor byin rlabs rgya mtsho'i sprin chen/_ldeb 37_rgyal dbang rang byung rdo rdze la brten pa'i bla ma'i rnal 'byor 'od gsal sprin gyi rol mo ye shes mchog gi char 'bebs/_ldeb _6_bcas__na)_par/_nyer mkho thor bu sna tshogs kyi skor 'dod 'byung nor bu'i sprin chen/_lde96_nyer mkho dbang gi mtshams sbyor sna tshogs pa rin po che'i phreng ba ldeb _73_lhag pa'i lha sna tshogs kyi sgrub thabs dang bsnyen yig sogs kyi skor rdzogs ldan nor bu'i sprin chen ldeb 118_rigs gsum pad+ma'i sgyu 'phrul seng chen yid bzhin nor bu'i gsol mchod dpag bsam yongs 'du'i 'khri shing*/_ldeb _20_bcas/__a)_par/_'jam mgon bla ma'i gdung rten rnam gnyis kyi dkar chag mdor bsdus ngo mtshar snang ba/_ldeb 31_bcu pa bsngo smon dang bkra shis kyi skor dge legs rgya mtsho'i sprin chen/_ldeb 36_snga 'gyur bstan pa rgyas pa'i smon lam gyi 'grel ba phyogs las rnam par rgyal ba'i rgyal mtshan/_125_dkar chag nor bu'i phreng ba rang*/_ldeb _6_bcas bzhugs so/__/slar smras pa/_gang gi mkhyen rab lhas rtsen rol ba'i gnas/_/tshad med thugs rje'i rlung gi shing rta 'khrigs/_/nus mthu'i sbrang char gdul bya'i zhing sar 'bebs/_/khyab bdag bla ma'i gsung gsang rin chen mdzod/_/thog mtha' bar dge ngag tshig rnyog mas dben/_/tshad ma gsum ldan lung rigs rba rlabs 'khrugs/_/nyon mong gdung sel gsung rab chu yi gter/_/srid mtha'i bar du mi nub snang ba'i phyir/_/mkhyen brtse'i rang gzugs phrin las sprul 'i gar/_/chos kyi blo gros bka' yis nyer bskul te/_/sprul ming 'dzin pa pad+ma dri ma med/_/dbon rgan dam pa dge legs rgya mtsho 'i dpal/_/mnyes pa gsum sgrub dge slong zhing skyong dang*/_/pad+ma lhun grub pad nor la sogs kyi/_/gcig las du mar 'char pa'i spar gyi 'phrul/_/bstan gnyis dar rgyas gling gi chos sder bsgrubs/_/skal bzang blo ldan dbyar skyes b+h+ra ma ra/_/legs bshad rmad byung dgongs 'grel pad+ma'i tshal/_/zab don ro nus dpal la rtag spyod nas/_/bstan 'gro'i phan bde'i 'ga' ston gsos sbyin mdzod/_/'dir 'bad bsod nams rab dkar ston zla'i mdangs/_/bdag gzhan byang chen shul lam mtshon pa'i phyir/_/yongs bsngos rgyas btab rgyal dang de sras kyi/_/rnam thar spyod pa rgya mtsho'i rjes su slob/_/dpal ldan bla ma'i bstan pa rin po che/_/srid mtha'i bar du mi nub dar zhing rgyas/_/'brel thob lus can mgon de'i go phang mchog_/dka' tshegs med par myur du phyin gyur cig_/bstan 'dzin thugs mthun bskal brgyar zhabs pad brtan/_/dge 'dun sde 'phel spong klog bya bar brtson/_/rgyal khams kun tu skal ngan rgu da pa zhi/_/tshe bsod dpal 'byor legs tshogs gong 'phel shog_/rgyal bstan spyi dang bye brag snga 'gyur gyi/_/ring lugs dri med zla gzhon lang tsho'i gzi/_/nag phyogs gdug pa'i chu 'dzin las grol zhing*/_/bstan 'gro'i bde 'byung ral ba'i rgyan mdzes shog_/bdag kyang rigs bdag bla mas rjes 'dzin cing*/_/chos min bsam pa skad cig mi skye bar/_/sgo gsum bya ba chos ldan yid bzhin sgrub/_/don gnyis bsam kun 'grub pa'i rgyur gyur cig_/mdor na mgon khyod mngon par byang chub pa'i/_/'dus pa dang po'i 'khor du bdag skyes nas/_/byang chen spyod pa rgya mtsho sbyangs byas te/_/'gro kun 'dren pa'i ded dpon nyid gyur cig_/bkra shis gang zhig rang byung lhan skyes zab gsal gnyis med bde ba che/_bkra shis gang zhig tshogs gnyis zung 'jug lam rkyen zab mo la brten nas/_bkra shis gang zhig sgrib rgya las grol mthar phyin ye shes mngon gyur te/_bkra shis gang zhig srid 'dir g.yo med rtag khyab lhun grub mdzes gyur cig_/ces skyabs mchog 'khor lo'i mgon po rigs brgya'i khyab bdag bka' drin mnyam med 'jam mgon bla ma thams cad mkhyen pa chen po/_'gyur med pad+ma rnam rgyal gyi gsung rab bla na med pa'i phreng ba rnams spar gyi phyi mor bskrun pa'i dus 'dir phyogs gcig tu bsdebs pa'i dkar chag nor bu'i phreng ba zhes bya ba nyung ngu'i tshig gi lam nas drangs ba 'di yang*/_mgon po gang gi bran du skye kun smon pa'i gus 'bangs tha shal ba chos med rmong pa pad+ma dri med legs pa'i blo gros kyis me yos gsar 'char gyi zla6 tshes13 dge bar rje bla ma'i gzims spyil bde mchog bkra shis dge 'phel nas bris pa skye kun dpal ldan bla mas rjes su 'dzin cing gsung gi gsang ba zab mor longs su spyod pa'i rgyur gyur cig__/mang+ga lam/_dge'o/_/dge'i/_/dge'o//_//__!__gong gi dkar chag nang bzhugs so cog khyab bdag 'khor lo'i mgon po bka' drin gsum ldan 'gyur med pad+ma rnam rgyal dpal bzang po nyid kyi zhal snga nas bdag mang+ga la shrI b+hu ti'i nyams su myong ba'i skal bzang bla med 'gyur ba'o//_//

Footnotes

Other Information