DKR-KABUM-23-'A-021

From Khyentse Lineage - A Tsadra Foundation Project

དགྲ་འདུལ་ཝེར་མའི་སྙིང་ཏིག་ལས༔ གྲུབ་ཆེན་ཕུ་ནུ་རྣམས་ཀྱི་གསོལ་མཆོད༔
Wylie title dgra 'dul wer ma'i snying tig las: grub chen phu nu rnams kyi gsol mchod DKR-KABUM-23-A-021.pdf
Location dil mgo mkhyen brtse bka' 'bum
Volume 23, Text 21, Pages 375-391 (Folios 1a to 9a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Dgra 'dul wer ma'i snying tig las grub chen phu nu rnams kyi gsol mchod. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 23: 375-391. Delhi: Shechen Publications, 1994.
Genre Protector Rituals - gsol mchod
Cycle དགྲ་འདུལ་ཝེར་མའི་སྙིང་ཏིག་ (dgra 'dul wer ma'i snying tig)
Deity ge sar
Colophon

རྩ་གསུམ་ཀུན་འདུས་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའིི་བྱིན་རླབས་ལས། པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་རིག་པ་རང་བྱུང་གི་གསང་མཛོད་ནས་ཕྱུངས་ཏེ་གཏན་ལ་ཕབ་པ་གངས་ཅན་ཕན་བདེའི་དགེ་མཚན་མི་ཟད་པའི་དཔལ་དུ་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།།

rtsa gsum kun 'dus dpal o rgyan chos kyi rgyal po'i+i byin rlabs las/_pad+ma gar dbang 'od gsal mdo sngags gling pas rig pa rang byung gi gsang mdzod nas phyungs te gtan la phab pa gangs can phan bde'i dge mtshan mi zad pa'i dpal du gyur cig_/sarba mang+ga laM/_dge'o//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
དྷཱིཿ།༔ དགྲ་འདུལ་ཝེར་མའི་སྙིང་ཏིག་ལས༔ གྲུབ་ཆེན་ཕུ་ནུ་རྣམས་ཀྱི་གསོལ་མཆོད་བཞུགས་སོ༔

དྷཱིཿ།༔ ཁྲག་འཐུང་ཧེ་རུ་ཀ་ལ་འདུད༔ དམ་ཚིག་ལྡན་པའི་རྣལ་འབྱོར་པས༔ སེང་ཆེན་རྒྱལ་པོའི་བཀའ་སྡོད་ཆེ༔ དཔའ་ཐུལ་འཁོར་དང་བཅས་པ་ལ༔ གསོལ་མཆོད་བྱ་བར་འདོད་པའི་ཚེ༔ གཏོར་མ་དཀར་དམར་ཤ་ཁྲག་དང༔ དར་སྣ་གསེར་སྐྱེམས་གཡུ་སྐྱེམས་བཤམས༔ བྱིན་གྱིས་བརླབས་ཏེ་འདི་ལྟར་བསྐུལ༔ ཧཱུྃ་ཧྲཱི༔ འོད་གསལ་རང་སྣང་ཧེ་རུ་ཀ་དཔལ་གྱི༔ འབར་བའི་ཆོ་འཕྲུལ་དགྲ་འདུལ་སེང་ཆེན་རྗེ༔ ནག་ཕྱོགས་རྒྱལ་བསེན་དམ་སྲིའི་སྲོག་གི་གཤེད༔ སྔོན་གྱི་ཐུགས་དམ་ཆེན་པོས་ལས་ལ་བཞེངས༔ རྒྱལ་ཀུན་ཡེ་ཤེས་རྡོ་རྗེ་རྣོན་པོའི་མཚོན༔ དཔའ་བོ་བདུད་དགྲ་བདུད་དཔུང་འདུལ་བའི་ལྷ༔ ཤེས་རབ་རལ་གྲི་མདའ་གཞུའི་འཁྲུལ་འཁོར་གྱིས༔ སྣང་སྲིད་ཟིལ་གནོན་ཚེ་གཡང་ལོངས་སྤྱོད་བདག༔ རྡོ་རྗེའི་གད་མོ་གད་རྒྱངས་ཆེར་སྒྲོག་པ༔ དབང་ཆེན་བཞད་པ་བརྒྱད་ཀྱི་རྡོ་རྗེའི་གླུས༔ སྐལ་ངན་ལོག་ལྟའི་དོན་སྙིང་ཚལ་པ་རུ༔ འགས་པའི་དབང་དྲག་དམར་ནག་དུས་ཀྱི་མེ༔ གསང་འཛིན་ལག་ན་རྡོ་རྗེ་འཆང་བའི་ལྷ༔ སྟོབས་བཅུའི་སྟོབས་འཆང་སྤྱི་དཔལ་ཧེ་རུ་ཀ༔ གར་དགུས་ས་གསུམ་རྣམ་པར་གནོན་མཛད་པའི༔ སངས་རྒྱས་ཆོས་ཀྱི་དགྲ་བླའི་གཙོ་བོ་མཆོག༔ ཁྱོད་ཀྱི་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས༔ ཕྲིན་ལས་རྣམ་བཞི་སྣ་ཚོགས་རོལ་པའི་བདག༔ བྱང་ཆུབ་སྤྱོད་པའི་ཆོས་ཀྱི་ཕྱག་རྒྱའི་གཟུགས༔ དཔའ་ཐུལ་དཔའ་བོའི་རྒྱལ་པོ་ཡོངས་ཀྱི་རྗེ༔ དགྲ་བླའི་སྐུ་མཁར་རྒྱ་ཚ་དུང་གི་ཟླ༔ མགྱོགས་པ་རྒྱ་བྱ་སོག་དཀར་སྟེང་དུ་རྩེ༔ ཡ་ཟི་འཕྲུལ་ཞགས་འཕེན་པས་དགྲ་མགོ་གཅོད༔ དཀར་ཕྱོགས་ཟོ་དོར་ལྷ་དམག་འབུམ་གྱིས་བསྐོར༔ དམག་དཔོན་འདན་མ་སྤྱང་ཁྲ་ལས་ཀྱི་སྲིན༔ ཉག་ཕྲན་ཁ་ལོ་སྒྱུར་བས་དགྲ་མཁར་བཤིག༔ འདོ་བ་དངུལ་ཕྲུག་ལྡན་པ་རླུང་གི་གཤོག༔ རྫུ་འཕྲུལ་རྐང་པ་གཡོ་བས་བདུད་དམག་སྡུད༔ དཔའ་བོ་སེང་སྟག་ཨ་དོམ་དགྲ་འདྲེའི་གཤེད༔ ཅང་ཤེས་སྟོང་རི་རག་དཀར་ཆིབས་སུ་འཆིབ༔ སེར་སྤྲིན་རླུང་གིས་སྐྱོད་ལྟར་དགྲ་ལ་ཆས༔ རི་རབ་རྩོག་པོར་འཕེན་པའི་སྟོབས་དང་ལྡན༔ ཆེ་བཙན་སྟག་ལྟར་ངར་བ་གཟིག་འཕེན་དཔོན༔ རུ་དར་བསྐལ་པའི་རླུང་ཆེན་གཡོ་བ་འཕྱར༔ ཕོ་རོག་སྟོང་འཆམ་ཞོན་ནས་སྟོང་གསུམ་བསྐོར༔ དགྲ་མཁར་རྨིང་ནས་བཤིག་པའི་དཔའ་རྩལ་ལྡན༔ གཡུ་འབྲུག་གནམ་ལ་འཕྱོ་འདྲའི་དྲག་སྔགས་ཅན༔ སྒ་བདེའི་ཆོས་སྐྱོང་བེར་ནག་མཐུ་སྟོབས་བདག༔ རླུང་ནག་རྗེས་གཅོད་རྟ་མཆོག་ཞོན་ནས་སུ༔ ཟ་བྱེད་ལས་ཀྱི་གཤིན་རྗེའི་དམག་སྣ་འདྲེན༔ ཆེ་རྒྱུད་སེང་ལྟར་འགྱིང་བ་དར་འཕེན་རྩལ༔ དགྲ་འདུལ་དམོད་པའི་ཐོག་གི་ཚ་ཚ་ཅན༔ ཤུགས་ཆེན་རྨུ་གུ་གདེང་ཤེས་ཆིབས་ནས་སུ༔ ཁ་རླངས་དུག་གི་སྤྲིན་ཕུང་འཚུབས་སེ་འཚུབ༔ ཤ་ཟ་སྟག་ལྟར་དཔའ་བ་ཨ་བརྟན་ནི༔ དམར་ནག་དུག་གི་མཆེ་བས་ཨཾ་གཙིགས་བསྡམས༔ ཆེ་བརྗིད་གངས་རི་གདེང་ཤེས་རྟ་རུ་ཞོན༔ མྱུར་མགྱོགས་ལས་བྱེད་ཕོ་ཉས་སྟོང་གསུམ་འགེངས༔ གདོང་གི་རྒྱལ་སྲས་ཉི་འབུམ་དར་ཡག་རྩལ༔ གསེར་གདོང་ཉི་མའི་འཕྲུལ་འཁོར་ལས་མགྱོགས་ཞོན༔ ཕྱོགས་བཅུའི་དགྲ་ལ་ཁྲ་ལྟར་འཇུམས་ཤིང་འཁྱུག༔ སྟག་ལ་ཞོན་པའི་གནོད་སྦྱིན་དམག་གིས་བསྐོར༔ གུང་ཤིང་ཨ་ནུ་དཔའ་སེང་འབྲིང་གི་རྒྱུད༔ ཉམས་པའི་དགྲ་འདྲེའི་སྟེང་དུ་གླག་ལྟར་ཆོས༔ མགྱོགས་པའི་རྒྱ་བྱ་མིག་མང་ཞོན་ནས་སུ༔ སྲོག་བདག་དམག་གི་དཔུང་ཚོགས་ཟེར་ལྟར་སྤྲོ༔ རིན་ཆེན་དར་ལུ་གནམ་གྱི་འཇུ་ཐག་ཆེ༔ ལས་ཀྱི་ཅེ་སྤྱང་ནག་པོ་དམ་སྲིའི་གཤེད༔ ལས་མཁན་མོན་པའི་དམག་ཚོགས་འཁྱུག་ཅིང་རྒྱུག༔ གཡུ་བྱ་རྣ་ཁྲ་རྦབ་ལྟར་འགྲིལ་ལ་ཞོན༔ ཚེ་ཡི་རིག་འཛིན་སྤྱི་དཔོན་དྲང་སྲོང་ཆེ༔ སྨར་སྨིན་རྒྱན་ལས་བདུད་རྩིའི་ཟིལ་པ་འཕྲོ༔ ཤ་སྤྱང་དྲེལ་མགོ་དུང་གི་རི་ཆེན་ཞོན༔ འཕྲུལ་གྱི་ཕོ་ཉ་ས་ལས་རླངས་ལྟར་བརྡོལ༔ སེང་བློན་ག་མ་རི་སྐྱེས་སྟག་ཤར་ལྷ༔ སྟོང་གསུམ་འགེངས་པའི་དམག་གི་རྒྱལ་རྔ་སྒྲོག༔ དཔའ་བོ་བཀའ་སྡོད་ལྷོ་སྤྲིན་ལྟ་བུ་འཚུབ༔ གངས་རི་འགྱིངས་ཤེས་ཞོན་ནས་ལས་ལ་རྒྱུག༔ མ་བཞིའི་དཔོན་པོ་ཁྲོ་ཐུང་དབང་གི་རྒྱལ༔ ཁྲོ་གཉེར་དུག་གི་རྒྱ་མཚོའི་རླབས་ལྟར་འཕྱུར༔ འཕར་བ་རྔ་ནག་ཞོན་ནས་ལུང་གསུམ་ཉུལ༔ རྣོ་མྱུར་བཙན་གྱི་དཔུང་གིས་གྲི་གཟེར་འབེབས༔ མཛེས་སྡུག་ཡིད་འོང་ལྷ་བུ་སེང་ཞལ་ནི༔ མྱུར་མགྱོགས་རྩལ་ལྡན་ལྷ་རྟ་ངང་འཛིན་ཞོན༔ རང་འདྲའི་སྤྲུལ་པ་ཤེལ་གྱི་རི་ལྟར་འགྱེད༔ དར་འཕྲུ་དགུང་ལ་བསྙེགས་ནས་དགྲ་ལ་རྒྱུག༔ སྣང་ཆུང་གཡུ་ཡི་མེ་ཏོག་དོམ་ལྟར་ངར༔ ཞལ་རས་ཟླ་བ་ལྟ་བུ་བརྗིད་ཅིང་དཔའ༔ ཐོ་རུ་གྲིམ་གྲགས་ཞོན་ནས་ལས་ལ་ཆས༔ འཁོར་གསུམ་རྐེད་ལ་བསྐོར་ཞིང་གློག་ལྟར་འཁྱུག༔ རོང་ཚ་གོང་གི་དམར་ལེབ་མེ་ལྟར་འབར༔ བསེ་ཡི་ཁྲབ་རྨོག་བྱང་བུ་འཚུབས་སེ་འཚུབ༔ རྒྱ་རྒྱུག་གསེར་གྱི་ཉ་མོ་འཕྱོ་ཞིང་ལྡིང༔ ཆུ་ལ་བྱ་ལྟར་འཕུར་ཞིང་ཀླུ་དམག་འཁྲིད༔ མུ་པའི་ཤེལ་དཀར་རྒྱང་གྲགས་དཔའ་བོའི་རྒྱལ༔ སྡང་བའི་དགྲ་ལ་ཁ་ཕོ་འཐམས་སེ་འཐམ༔ རལ་གྲི་བཏབ་པ་ལན་མེད་ཀྱི་ལི་ལི༔ འཛམ་གླིང་རག་དཀར་ཁྱུང་གཤོག་རྒྱལ་པོ་ཞོན༔ ཁྲོ་གཉེར་ལྷོ་སྤྲིན་ལྟར་འཚུབ་འོམ་བུའི་སྤྱང༔ ཅང་ཤེས་ནག་པོ་འབྲོང་འདུལ་རི་ཙམ་འཆིབ༔ འཆོར་མེད་བདུད་ཀྱི་ཞགས་པ་དགྲ་ལ་འདེབས༔ མྱོས་འཐིབ་འཆིང་བའི་རྫུ་འཕྲུལ་ཐོགས་པ་མེད༔ བཅོ་ལྔའི་དཔའ་རྩལ་ཟླ་བ་མཛེས་འཛུམ་རྒྱས༔ སྣ་ཚོགས་རིན་ཆེན་རྒྱན་གྱི་ཆོ་འཕྲུལ་གཡོ༔ ལང་ཚོས་དགྲ་ཡིད་འཕྲོག་ཅིང་སྒྱུ་རྩལ་འགྲན༔ ཉི་ཟླ་སར་འབེབས་དུང་བྱ་གཡུ་རྔོག་ཞོན༔ གུང་པ་བུ་ཡ་ིསྐྱ་ཁྲས་བྱ་ར་གཏོང༔ ག་ཁྲ་འཕུར་ཤེས་འཆིབས་ནས་རི་གསུམ་འགྲིམ༔ དགྲ་སྙིང་ཚལ་པར་གཏོང་བའི་དམག་དཔུང་གིས༔ སྣང་སྲིད་ཝེར་མའི་དཔུང་ཚོགས་སྤྲིན་ལྟར་སྡུད༔ སྒྱུ་བྱེད་རྩལ་ལྡན་ཕོ་ཉ་མྱུར་མགྱོགས་ཅན༔ ལྕགས་ནག་དཔོན་པོ་སེང་སེང་ཞུབ་ཆེན་ཅན༔ ལུས་ལས་མཚོན་ཆའི་ཆར་པ་སྤྲོ་བཞིན་དུ༔ བྱ་མ་རླུང་གི་འཕྲུལ་འཁོར་རྟ་རུ་ཞོན༔ གཡུ་ཡག་མགོན་པོ་སྟོང་ཐུབ་གཉན་དམག་ཅན༔ རྡོ་གཅོད་མདུང་གི་ཐོག་མདའ་དགྲ་ལ་བརྡེག༔ གཡུ་རྟ་ནོར་བུ་རྨུགས་འཛིན་དགུང་ལ་འཕྱོ༔ ཁྲག་འཐུང་བཤུགས་པའི་འབོད་སྒྲ་དི་རི་རི༔ གདོང་གི་བཙན་པོ་སྣང་ངུ་ཨ་དཔལ་ནི༔ གངས་རི་གཡུལ་དུ་ཆས་འདྲ་ལྕགས་ཀྱུ་གདེངས༔ སྲུང་མའི་ཟི་ར་འཚུབ་ཅིང་རྐན་སྒྲ་སྡེབ༔ གཡུ་བྱ་རྟིས་སྔོན་ཞོན་ནས་དམག་ཆེན་འདྲེན༔ རྒོད་པོ་ཉི་མ་ལྷུན་གྲུབ་གཟི་བརྗིད་རྒྱས༔ ཕོ་རྒྱུད་ཆོས་སྐྱོང་དྲེགས་པ་ཐོག་ལྟར་འཚུབ༔ དགྲ་སྲོག་གཅོད་པའི་གྲི་གུག་འཕྱར་ཞིང་གཡུག༔ འདོ་ཆེན་སྨུག་གུ་བྲེ་དཀར་སྟོང་ཕྱམ་ཞོན༔ སྐྱ་ལོའི་སྟག་ཕྲུག་ཁེར་སྐྱེས་འབྲུག་གི་རྒྱལ༔ མོ་རྒྱུད་མ་སྲིན་བྱེ་བ་མཚོ་བཞིན་འཕྱུར༔ འཕུང་བྱེད་ནད་ཀྱི་རྐྱལ་པ་སྡེབ་བཞིན་དུ༔ དགུ་བརྒྱ་ར་གཅིག་ཞོན་ནས་རྒྱུག་འགྱེལ་གཏོང༔ གསེར་པའི་བུ་ཆུང་ཐར་ཡག་དགྲ་ཁྲག་འཐུང༔ རྒྱ་མཚོ་ཧུབ་ཀྱིས་དྲང་ཞིང་སྡེ་བརྒྱད་ཀྱི༔ དམག་དཔུང་བྱེ་བ་འབུམ་སྡེ་སྐར་ལྟར་འཁྲུགས༔ རྟ་མཆོག་འཕུར་ཤེས་ངང་པ་གསེར་སྒོང་ཞོན༔ གྱད་ཀྱི་སྟོབས་འཆང་ཨ་འབར་འཕེན་པོ་སྟག༔ རི་རབ་ཆང་དུ་འདེགས་ལ་དགྲ་ཡུལ་འཕེན༔ གནམ་ས་ལྟ་བུའི་ཞལ་གདངས་མཆེ་བ་གཙིགས༔ མེ་རི་འཁྱིལ་ཤེས་ཁྲག་གི་མདངས་འཚེར་འཆིབ༔ ཆེ་བརྗིད་འགྱིང་ལྡན་མི་ཆེན་དྲྭ་མའི་རིགས༔ རྒྱལ་བའི་ལྷུན་གྲུབ་གྭ་པ་ཁྲི་འཆམ་ཞོན༔ མགུར་ལྷ་དགེ་བསྙེན་བསྟན་པའི་རྒྱབ་རྟེན་དཔལ༔ དཀར་ཕྱོགས་དབུ་རྨོག་སྐྱེད་ཅིང་བཙན་རྫོང་བཟུང༔ སེང་སྟག་རོལ་དུ་ཁྲིད་པའི་དཔའ་བོ་རྗེ༔ གཡུ་འབྲུག་ཀླད་ལ་ལྡིང་བའི་ལས་ཀྱི་ལྷ༔ གླིང་ཆེན་ཐར་པའི་བསོད་ནམས་ཉི་ལྟར་གསལ༔ ཁྱུང་ནག་ལྡིང་ཤེས་འཆིབས་ནས་དགྲ་བླ་འགྱེད༔ ནག་པོ་རྒྱ་ཡི་དཔོན་ཆེན་ཨརྒྷཾ་རྩལ༔ སྟོབས་ཆེན་སྲིན་པོ་སོ་ལ་ཆས་པ་འདྲ༔ རྣོ་མྱུར་མདའ་ཡི་རྒྱུན་ཐག་སྦྲེངས་སེ་སྦྲེང༔ རྒྱ་རྟ་གསེར་གྱི་ཉ་མོ་འཁྱུག་ཤེས་ཞོན༔ སྐྱ་ལོ་སྟོན་པ་རྒྱལ་མཚན་དགུ་བརྒྱ་ཞོན༔ གསེར་གྱི་ཁྲབ་རྨོག་གསོལ་ཞིང་དགྲ་ལ་རྔམས༔ རླག་བྱེད་རྡོ་རྗེའི་སྒྱོགས་ཆེན་འཕྲུལ་གྱིས་རྡེག༔ ཉམས་པའི་སྡིག་ཅན་ལྷ་སྲིན་གཤེད་དུ་འབེབས༔ སྣང་སྲིད་འདོད་རྒུར་སྒྱུར་བའི་དཔུང་ཚོགས་བཞིའི༔ ཁ་སྒྱུར་འདན་མ་གུ་རུ་རྒྱལ་མཚན་ནི༔ རྒྱ་བྱ་ཁྲི་དཀར་ནམ་མཁའི་བྱ་འཛིན་ཞོན༔ རྡོ་རྗེའི་རྐྱ་བྲོ་འཁྲབ་ཅིང་འཚུབ་མ་འཁྱིལ༔ དགྲ་ཤ་ཟན་ལྟར་ཟ་བྱེད་དམག་གི་དཔོན༔ ཀ་རུ་ཉི་མ་རྒྱལ་མཚན་རྡོ་ཆར་འབེབས༔ འདོ་བ་སྟོང་འཛིན་དར་འཇམ་ཞོན་ནས་སུ༔ མཚོན་ཆའི་འཕྲུལ་འཁོར་མང་པོ་ཤ་ར་ར༔ གཏུམ་དྲག་དོམ་ལ་ཞོན་པའི་དམག་ཆེན་གྱི༔ སྣ་འདྲེན་ནག་རུ་ཐར་པ་རྒྱལ་མཚན་ནི༔ དགྲ་ཡུལ་མུན་ལྟར་འཐིབ་པའི་དཔུང་དང་བཅས༔ དམ་ཉམས་ཁྲམ་ལ་འདེབས་ཤིང་ཤོ་རྡེལ་འཕེན༔ ཚངས་པའི་ངོ་ལུག་དུང་གི་ཟླ་བ་མཛེས༔ སྲོག་བདག་རྒྱལ་པོའི་དམག་གིས་འབག་སེང་འགྱེད༔ རྟ་དཀར་བང་གི་གངས་རི་ཞོན་ནས་སུ༔ སྡང་དགྲའི་བླ་ཚེ་སྲོག་གི་དྭངས་མ་ལེན༔ ཁྲ་སྤྱང་དཔུང་དུ་འགྱེད་པའི་དམག་དང་བཅས༔ མུ་པའི་དར་འཛོམ་ངོ་ལུག་དམག་རྔ་བརྡུང༔ འཛམ་གླིང་མྱུར་བསྐོར་རག་དཀར་ཞོན་ནས་སུ༔ དཀར་པོ་དུང་གི་ཁྲབ་བྱང་སི་ལི་ལི༔ ཕོ་ཉའི་སྐར་མདའ་གཏོང་བ་སྟག་རོང་བུ༔ སྲིན་ཚ་ངོ་ལུག་ཁྱུང་ནག་འཕུར་ཤེས་ཞོན༔ རྒོད་འཕྲུ་བུ་ཡུག་ལྟར་འཚུབ་བ་དན་འཕྱར༔ སྙིང་རྗེ་མེད་པར་སྲོག་གཅོད་ལས་ལ་རྔམས༔ གཟུ་ཆེན་ཝེར་མའི་ལྷ་དར་ཡོངས་ཀྱི་རྗེ༔ ངང་པ་རྩལ་ལྡན་ཞོན་ནས་འཁོར་དང་བཅས༔ མགྲོན་ཡག་དར་མ་བཅུ་གསུམ་གར་གྱིས་སྒྱུར༔ དཀར་པོ་གླིང་གི་བསོད་ནམས་ཀླུང་རྟ་སྐྱེད༔ དགྲ་བླ་དབང་ཆེན་དབང་པོ་དར་འཕེན་ནི༔ གཏུམ་རྔམ་གཅན་གཟན་ཞོན་པའི་དམག་དང་བཅས༔ དཀར་ཕྱོགས་རྣམ་པར་རྒྱལ་བའི་རྒྱལ་མཚན་འཕྱར༔ གསེར་གྱི་མདོག་ཅན་འཕུར་ཤེས་རྟ་རྒྱལ་ཞོན༔ དཔའ་ཐུལ་ཕུ་ནུ་སྟོབས་དང་མཐུ་རྩལ་ཅན༔ སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་བསམ་མི་ཁྱབ༔ རྣལ་འབྱོར་དམ་ཚིག་ཅན་ལ་བརྩེ་གདུང་ཆེ༔ ནག་ཕྱོགས་རྒྱལ་བསེན་དམ་སྲི་འབྱུང་པོ་འདུལ༔ སངས་རྒྱས་བསྟན་པའི་རྒྱལ་རྔ་སྙན་པར་སྒྲོག༔ རིག་འཛིན་དཔའ་བོ་ཡོངས་ཀྱི་མགོན་དང་ལྡན༔ ཆོས་ཀྱི་དབྱིངས་སུ་དཔལ་ཆེན་ཧེ་རུ་ཀ༔ སྙིང་རྗེའི་སྐུར་བཞེངས་དམ་བཅས་བསྟན་པ་སྲུང༔ སྙིགས་མར་དཀར་ཕྱོགས་རྒྱབ་རྟེན་དགྲ་བླའི་ཚུལ༔ འཁོར་དང་བཅས་པ་ཡེ་ཤེས་ཀློང་ནས་བཞེངས༔ གཞི་ལ་འདུ་འབྲལ་མེད་པའི་དགོངས་པ་དང༔ འདའ་དཀའ་སྲོག་གི་དམ་ཚིག་གཉན་པོ་དགོངས༔ པད་འབྱུང་རིག་འཛིན་བརྒྱུད་པའི་ཐ་ཚིག་བཞིན༔ མ་གཡེལ་མ་འདའ་བདག་ལ་བརྩེ་བས་དགོངས༔ དགྱེས་སྐྱེད་མཆོད་པའི་ཉེར་སྤྱོད་གཙང་ལ་དག༔ ཕུན་ཚོགས་འདོད་ཡོན་མཁོ་རྒུ་སྤྲིན་ལྟར་འཁྲིགས༔ དྲི་ཞིམ་བསང་གི་དུད་སྤྲིན་བར་སྣང་ཁྱབ༔ དར་སྣ་བ་དན་ཕྲེང་བ་ཚར་དུ་དངར༔ གཡོས་ཚོགས་ལྷ་ཡི་བདུད་རྩི་སྐྱེམས་སུ་སྦྲེང༔ བཅུད་ལྡན་རྒྱ་ཇའི་མཚོ་ཆེན་མཛེས་པར་བསྐྱིལ༔ དཀར་དམར་གཏོར་མའི་ལྷུན་པོ་ཆེ་བརྗིད་རྔམ༔ སྟག་གཟིག་ཞིང་གི་པགས་པ་གཅལ་དུ་བཀྲམ༔ འབོད་རྦད་བསད་པའི་དམ་རྫས་ལྷུན་གྱིས་གྲུབ༔ སྲ་བརྟན་གོ་དང་མཚོན་ཆའི་གུར་ཁང་འཁྲིགས༔ དགྱེས་པའི་དམ་རྫས་རྫ་ལྟར་སྤུངས་པ་འདིས༔ ཐུགས་དམ་གཉན་བསྐངས་བཅོལ་པའི་ཕྲིན་ལས་མཛོད༔ ཀྱཻ༔ དཔའ་བོ་གླིང་གི་རྗེ༔ ཆེ་རྒྱུད་སེང་དང་འདྲ༔ མཛེས་བརྗིད་དགྲ་ལྷ་རྣམས༔ གངས་དང་སེངྒེ་བཞིན༔ བདག་དང་མ་འབྲལ་ཞིག༔ འབྲིང་རྒྱུད་གཡུ་ཡི་འབྲུག༔ སྙན་གྲགས་ངར་སྐད་ལྡན༔ ལྷོ་སྤྲིན་འབྲུག་ཆེན་བཞིན༔ བདག་དང་མ་འབྲལ་ཞིག༔ ཆུང་རྒྱུད་རྩལ་ཆེན་ཁྱུང༔ མཛངས་འཕྲུལ་ལྡན་པའི་ལྷ༔ ཤིང་དང་ཁྱུང་བཞིན་དུ༔ བདག་དང་མ་འབྲལ་ཞིག༔ སྟག་རོང་དཔོན་པོ་རྣམས༔ དཔལ་རྩལ་སྟོབས་དང་ལྡན༔ ནགས་དང་རྒྱ་སྟག་བཞིན༔ བདག་དང་མ་འབྲལ་ཞིག༔ དཔའ་ཐུལ་དཔུང་ཚོགས་རྣམས༔ རྫུ་འཕྲུལ་རྟ་ལྟར་མགྱོགས༔ རི་དང་ཅང་ཤེས་བཞིན༔ བདག་དང་མ་འབྲལ་ཞིག༔ མཛེས་པ་ལང་ཚོའི་མདངས༔ ལུས་ལ་སྐྱེད་དུ་གསོལ༔ ཚིག་བཙན་གདངས་སྙན་ཆེ༔ ངག་ལ་ནུས་པ་སྦོར༔ དཔའ་གཏུམ་བློ་སྐྱེད་ཡངས༔ སྤོབས་པ་ཡིད་ལ་སྐྱེད༔ གང་བསམ་མྱུར་འགྲུབ་པའི༔ དགེ་མཚན་ཀླུང་རྟ་སྐྱེད༔ གཞན་སྡེ་ཟིལ་གནོན་པའི༔ མངའ་ཐང་རྒྱལ་ཁ་ལོངས༔ ནག་ཕྱོགས་ཟིལ་ནོན་པའི༔ སྟོབས་དང་ནུས་མཐུ་སྩོལ༔ སྐུ་གསུང་ཐུགས་ཀྱི་བྱིན༔ རྣལ་འབྱོར་བདག་ལ་ཕོབས༔ ཚེ་དང་གཡང་རྩོལ་ཅིག༔ དཔལ་དང་སྟོབས་སྐྱེད་ཅིག༔ ཉིན་གསུམ་བྱ་ར་མཛོད༔ མཚན་གསུམ་མེལ་ཚེས་སྐྱོངས༔ རྒྱབ་ཀྱི་མཁར་རྫོང་གྱིས༔ མདུན་གྱི་སྒྲོན་མེ་མཛོད༔ ཕར་འགྲོའི་སྐྱེལ་མ་དང༔ ཚུར་འོང་བསུ་མ་མཛོད༔ བསམ་པའི་དོན་ཀུན་སྒྲུབས༔ བཅོལ་པའི་ལས་གྱིས་ཤིག༔ ཧཱུྃ་ཧྲཱིཿ ཀི་བསྭོ་སྙན་པའི་གླུ་ཡིས་དེང་བསྐུལ་ན༔ ཁུ་བྱུག་དཔྱིད་ཀྱི་ཕོ་ཉས་ཆར་སྤྲིན་བཞིན༔ གེ་སར་ཝེར་མའི་རྒྱལ་པོ་འཁོར་དང་བཅས༔ ངོ་མཚར་རྟགས་དང་བཅས་ཏེ་གཤེགས་སུ་གསོལ༔ ཅི་ནས་མི་འགྱུར་དད་དང་གདུང་ཤུགས་སེམས༔ ཆུ་འཛིན་ལྟར་དཀར་གཙང་བའི་མཆོག་ལགས་ཀྱི༔ ཇེ་ཞིག་རིང་པོར་མི་ཐོགས་ད་ལྟ་རུ༔ ཉོ་ཚོང་གྲུབ་པའི་མགྲོན་བཞིན་ད་ལྟ་དགོངས༔ ཏི་ལ་ཀ་སོགས་ཕུང་ཁམས་དྭངས་མའི་སྲོག༔ ཐུ་བོ་དྭངས་སྨན་དཔའ་བརྟུལ་དགྱེས་པར་བཞུགས༔ དེ་བཞིན་གཤེགས་པ་དགྱེས་པའི་རྒྱལ་སྲས་ལམ༔ ནོ་པི་ཀ་ཡིས་ལས་ཀྱི་སྡོང་གྲོགས་མཛོད༔ པི་ཝང་སྙན་པའི་གླུ་དང་ལྷའི་རོལ་མོ༔ ཕུ་ཆུ་ལྟར་འཁྱིལ་ཇ་ཆང་བདུད་རྩིའི་སྐྱེམས༔ བེ་ཕྲུག་གར་ཅན་ནོར་ཕྱུགས་རི་དྭགས་གཅན༔ མོ་རྒྱུད་མཛེས་སྡུག་གར་དང་སྒྱུ་རྩལ་རྩེ༔ ཙི་ནིའི་འབྱོར་པ་འཕགས་ཡུལ་ཆོས་གཡང་དཔལ༔ ཚུ་རོལ་ཚེ་དཔལ་སྟོབས་མཐུ་སྙན་གྲགས་སོགས༔ ཛེ་ཏའི་ཚལ་གྱི་འདབ་སྟོང་ལང་ཚོ་བཞིན༔ ཝོ་ཛི་ཧས་ཀྱང་བསྔགས་པའི་རོལ་མོས་མཆོད༔ ཞི་འཛུམ་བདུད་རྩིས་མི་མཐུན་མཐའ་དག་སོལ༔ ཟུ་ར་སྐྱེས་སོགས་བདུད་བགེགས་བར་ཆད་ཐུལ༔ འེ་ཡི་འབོད་སྒྲས་ཁམས་གསུམ་ཡིད་དབང་འཕྲོག༔ ཡོ་གའི་དཔལ་འབྱོར་ལོངས་སྤྱོད་ཕྱྭ་གཡང་སྤེལ༔ རི་ཀླུང་སྣོད་ཀྱི་དགེ་བཅུ་གཡང་དུ་འཁྱིལ༔ ལུ་མའི་ཚལ་ལྟར་སྐྱེ་རྒུའི་ཕན་བདེ་སྐྱེད༔ ཤེ་མོང་ཉམ་ངར་འཕྱན་པའི་སྙིག་འགྲོ་སྐྱོབས༔ སོ་སོར་འདོད་རྒུའི་ཕྲིན་ལས་རྒྱ་མཚོས་སྐྱོངས༔ ཧེ་ཧཱེ་བཞད་པ་བརྒྱད་ལྡན་དགྲ་བླའི་གསུང༔ ཨོ་རྒྱན་བླ་མའི་སྒྱུ་འཕྲུལ་སེང་ཆེན་རྗེའི༔ ངོ་མཚར་ཆོ་འཕྲུལ་དུ་མའི་རོལ་རྩེད་ལ༔ བསྟོད་དོ་འདོད་རྒུའི་ཕྲིན་ལས་འགྲུབ་པར་མཛོད༔ ཁྱེད་རྣམས་དགྱེས་པའི་དམ་ཚིག་རྨད་བྱུང་བས༔ ལུས་དང་གྲིབ་བཞིན་ནམ་ཡང་མི་འབྲལ་ཞིང༔ གང་འདོད་ལས་ཀྱི་གཉེར་ཁ་ཁྱོད་ལ་གཏད༔ མ་གཡེལ་ཐུགས་དམ་ནུས་པའི་རྩལ་ཤུགས་སྐྱེད༔ ཁྱད་པར་ནག་ཕྱོགས་ལས་ཀྱི་རྒྱབ་རྟེན་པའི༔ དམ་སྲི་རྒྱལ་འགོང་ཐལ་བའི་རྡུལ་དུ་རློག༔ མཐའ་ཡི་དམག་དཔུང་རྒྱ་འདྲེའི་གནོད་པ་སྲུངས༔ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད༔ སེང་ཆེན་དཔའ་བོས་སྒོ་གསུམ་བྱིན་གྱིས་རློབས༔ ཞེ་ཐུལ་གསུམ་གྱིས་ཚེ་དཔལ་བསོད་ནམས་སྐྱེད༔ ཡང་ཐུལ་བདུན་གྱིས་དགྲ་འདྲེ་ཆམ་ལ་ཕོབས༔ གླིང་གི་ཕ་ཁུ་མཆེད་བཞིས་ཀླུང་རྟ་སྐྱེད༔ དཔའ་ཐུལ་བཅུ་གསུམ་སྡང་བྱེད་གཤེད་དུ་ཆོས༔ ཆེ་ཡན་རུ་བཞིས་ཕུན་ཚོགས་སྡེ་བཞི་སྐྱེད༔ རྒྱལ་མཚན་མི་བཞིས་ཕྱོགས་བཞིའི་ཇག་པ་ཆོམས༔ ངོ་ལུག་མི་གསུམ་ལང་ཚོའི་མཛེས་པ་སྐྱེད༔ གཟུ་པ་གཉིས་ཀྱིས་དཀར་ནག་དྲང་ཐིག་ཕོབ༔ ཐུལ་ཕྲན་མི་བཞིས་ཕྱོགས་ཀྱི་དགྲ་བཞི་སོད༔ བྲན་གཡོག་མི་གསུམ་ནག་ཕྱོགས་ཆམ་ལ་ཕོབས༔ འཁོར་དང་བཀའ་སྡོད་སྤྲུལ་པས་སྡོང་གྲོགས་གྱིས༔ མཐུ་དཔུང་མཆོག་བརྟེན་རྒྱབ་འཛིན་ཁྱོད་བཅོལ་ཞིང༔ འདོད་པའི་ལས་ཀྱི་གཉེར་དུ་གཏད་ཀྱིས་བཞེས༔ ཇི་ལྟར་བསམ་པའི་དོན་རྣམས་ལྷུན་གྱིས་གྲུབ༔ མཆོག་ཐུན་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ༔ ཅེས་མཆོད་བསྟོད་ཅིང་བསྐུལ་བ་ཡིས༔ འདོད་པའི་ལསཀུན་ཡིད་བཞིན་འགྲུབ༔ ནག་ཕྱོགས་དམ་སྲི་ཐལ་བར་བརླག༔ ཚེ་དཔལ་བསོད་ནམས་རླུང་རྟ་འཕེལ༔ སྙན་གྲགས་དབང་ཐང་ངང་གིས་རྒྱས༔ ལས་ཀུན་མྱུར་འགྲུབ་གདོན་མི་ཟ༔ དུས་ཀྱི་མཐའ་མར་གྱུར་པའི་ཚེ༔ དཔའ་བོ་སྨིན་མཚམས་རྒྱ་སྟག་ཅན༔ དཀར་ཕྱོགས་དཔུང་གི་རུ་མཚོན་དུ༔ འོད་གསལ་དབྱིངས་ཀྱི་སྒྲོམ་ནས་དྲངས༔ ལས་སྨོན་ལྡན་པའི་སྐྱེས་བུའི་གསོས༔ གྱུར་ནས་བསྟན་ལ་ཕན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྩ་གསུམ་ཀུན་འདུས་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའིི་བྱིན་རླབས་ལས། པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་རིག་པ་རང་བྱུང་གི་གསང་མཛོད་ནས་ཕྱུངས་ཏེ་གཏན་ལ་ཕབ་པ་གངས་ཅན་ཕན་བདེའི་དགེ་མཚན་མི་ཟད་པའི་དཔལ་དུ་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།
[edit]

\u0f88\u0f88::_dgra 'dul wer ma'i snying tig las:_grub chen phu nu rnams kyi gsol mchod bzhugs so: \u0f88\u0f88:_khrag 'thung he ru ka la 'dud:_dam tshig ldan pa'i rnal 'byor pas:_seng chen rgyal po'i bka' sdod che:_dpa' thul 'khor dang bcas pa la:_gsol mchod bya bar 'dod pa'i tshe:_gtor ma dkar dmar sha khrag dang:_dar sna gser skyems g.yu skyems bshams:_byin gyis brlabs te 'di ltar bskul:_hU~M hrI:_'od gsal rang snang he ru ka dpal gyi:_'bar ba'i cho 'phrul dgra 'dul seng chen rje:_nag phyogs rgyal bsen dam sri'i srog gi gshed:_sngon gyi thugs dam chen pos las la bzhengs:_rgyal kun ye shes rdo rje rnon po'i mtshon:_dpa' bo bdud dgra bdud dpung 'dul ba'i lha:_shes rab ral gri mda' gzhu'i 'khrul 'khor gyis:_snang srid zil gnon tshe g.yang longs spyod bdag:_rdo rje'i gad mo gad rgyangs cher sgrog pa:_dbang chen bzhad pa brgyad kyi rdo rje'i glus:_skal ngan log lta'i don snying tshal pa ru:_'gas pa'i dbang drag dmar nag dus kyi me:_gsang 'dzin lag na rdo rje 'chang ba'i lha:_stobs bcu'i stobs 'chang spyi dpal he ru ka:_gar dgus sa gsum rnam par gnon mdzad pa'i:_sangs rgyas chos kyi dgra bla'i gtso bo mchog:_khyod kyi ye shes sgyu ma'i cho 'phrul las:_phrin las rnam bzhi sna tshogs rol pa'i bdag:_byang chub spyod pa'i chos kyi phyag rgya'i gzugs:_dpa' thul dpa' bo'i rgyal po yongs kyi rje:_dgra bla'i sku mkhar rgya tsha dung gi zla:_mgyogs pa rgya bya sog dkar steng du rtse:_ya zi 'phrul zhags 'phen pas dgra mgo gcod:_dkar phyogs zo dor lha dmag 'bum gyis bskor:_dmag dpon 'dan ma spyang khra las kyi srin:_nyag phran kha lo sgyur bas dgra mkhar bshig:_'do ba dngul phrug ldan pa rlung gi gshog:_rdzu 'phrul rkang pa g.yo bas bdud dmag sdud:_dpa' bo seng stag a dom dgra 'dre'i gshed:_cang shes stong ri rag dkar chibs su 'chib:_ser sprin rlung gis skyod ltar dgra la chas:_ri rab rtsog por 'phen pa'i stobs dang ldan:_che btsan stag ltar ngar ba gzig 'phen dpon:_ru dar bskal pa'i rlung chen g.yo ba 'phyar:_pho rog stong 'cham zhon nas stong gsum bskor:_dgra mkhar rming nas bshig pa'i dpa' rtsal ldan:_g.yu 'brug gnam la 'phyo 'dra'i drag sngags can:_sga bde'i chos skyong ber nag mthu stobs bdag:_rlung nag rjes gcod rta mchog zhon nas su:_za byed las kyi gshin rje'i dmag sna 'dren:_che rgyud seng ltar 'gying ba dar 'phen rtsal:_dgra 'dul dmod pa'i thog gi tsha tsha can:_shugs chen rmu gu gdeng shes chibs nas su:_kha rlangs dug gi sprin phung 'tshubs se 'tshub:_sha za stag ltar dpa' ba a brtan ni:_dmar nag dug gi mche bas aM gtsigs bsdams:_che brjid gangs ri gdeng shes rta ru zhon:_myur mgyogs las byed pho nyas stong gsum 'gengs:_gdong gi rgyal sras nyi 'bum dar yag rtsal:_gser gdong nyi ma'i 'phrul 'khor las mgyogs zhon:_phyogs bcu'i dgra la khra ltar 'jums shing 'khyug:_stag la zhon pa'i gnod sbyin dmag gis bskor:_gung shing a nu dpa' seng 'bring gi rgyud:_nyams pa'i dgra 'dre'i steng du glag ltar chos:_mgyogs pa'i rgya bya mig mang zhon nas su:_srog bdag dmag gi dpung tshogs zer ltar spro:_rin chen dar lu gnam gyi 'ju thag che:_las kyi ce spyang nag po dam sri'i gshed:_las mkhan mon pa'i dmag tshogs 'khyug cing rgyug:_g.yu bya rna khra rbab ltar 'gril la zhon:_tshe yi rig 'dzin spyi dpon drang srong che:_smar smin rgyan las bdud rtsi'i zil pa 'phro:_sha spyang drel mgo dung gi ri chen zhon:_'phrul gyi pho nya sa las rlangs ltar brdol:_seng blon ga ma ri skyes stag shar lha:_stong gsum 'gengs pa'i dmag gi rgyal rnga sgrog:_dpa' bo bka' sdod lho sprin lta bu 'tshub:_gangs ri 'gyings shes zhon nas las la rgyug:_ma bzhi'i dpon po khro thung dbang gi rgyal:_khro gnyer dug gi rgya mtsho'i rlabs ltar 'phyur:_'phar ba rnga nag zhon nas lung gsum nyul:_rno myur btsan gyi dpung gis gri gzer 'bebs:_mdzes sdug yid 'ong lha bu seng zhal ni:_myur mgyogs rtsal ldan lha rta ngang 'dzin zhon:_rang 'dra'i sprul pa shel gyi ri ltar 'gyed:_dar 'phru dgung la bsnyegs nas dgra la rgyug:_snang chung g.yu yi me tog dom ltar ngar:_zhal ras zla ba lta bu brjid cing dpa':_tho ru grim grags zhon nas las la chas:_'khor gsum rked la bskor zhing glog ltar 'khyug:_rong tsha gong gi dmar leb me ltar 'bar:_bse yi khrab rmog byang bu 'tshubs se 'tshub:_rgya rgyug gser gyi nya mo 'phyo zhing lding:_chu la bya ltar 'phur zhing klu dmag 'khrid:_mu pa'i shel dkar rgyang grags dpa' bo'i rgyal:_sdang ba'i dgra la kha pho 'thams se 'tham:_ral gri btab pa lan med kyi li li:_'dzam gling rag dkar khyung gshog rgyal po zhon:_khro gnyer lho sprin ltar 'tshub 'om bu'i spyang:_cang shes nag po 'brong 'dul ri tsam 'chib:_'chor med bdud kyi zhags pa dgra la 'debs:_myos 'thib 'ching ba'i rdzu 'phrul thogs pa med:_bco lnga'i dpa' rtsal zla ba mdzes 'dzum rgyas:_sna tshogs rin chen rgyan gyi cho 'phrul g.yo:_lang tshos dgra yid 'phrog cing sgyu rtsal 'gran:_nyi zla sar 'bebs dung bya g.yu rngog zhon:_gung pa bu ya \u0f72skya khras bya ra gtong:_ga khra 'phur shes 'chibs nas ri gsum 'grim:_dgra snying tshal par gtong ba'i dmag dpung gis:_snang srid wer ma'i dpung tshogs sprin ltar sdud:_sgyu byed rtsal ldan pho nya myur mgyogs can:_lcags nag dpon po seng seng zhub chen can:_lus las mtshon cha'i char pa spro bzhin du:_bya ma rlung gi 'phrul 'khor rta ru zhon:_g.yu yag mgon po stong thub gnyan dmag can:_rdo gcod mdung gi thog mda' dgra la brdeg:_g.yu rta nor bu rmugs 'dzin dgung la 'phyo:_khrag 'thung bshugs pa'i 'bod sgra di ri ri:_gdong gi btsan po snang ngu a dpal ni:_gangs ri g.yul du chas 'dra lcags kyu gdengs:_srung ma'i zi ra 'tshub cing rkan sgra sdeb:_g.yu bya rtis sngon zhon nas dmag chen 'dren:_rgod po nyi ma lhun grub gzi brjid rgyas:_pho rgyud chos skyong dregs pa thog ltar 'tshub:_dgra srog gcod pa'i gri gug 'phyar zhing g.yug:_'do chen smug gu bre dkar stong phyam zhon:_skya lo'i stag phrug kher skyes 'brug gi rgyal:_mo rgyud ma srin bye ba mtsho bzhin 'phyur:_'phung byed nad kyi rkyal pa sdeb bzhin du:_dgu brgya ra gcig zhon nas rgyug 'gyel gtong:_gser pa'i bu chung thar yag dgra khrag 'thung:_rgya mtsho hub kyis drang zhing sde brgyad kyi:_dmag dpung bye ba 'bum sde skar ltar 'khrugs:_rta mchog 'phur shes ngang pa gser sgong zhon:_gyad kyi stobs 'chang a 'bar 'phen po stag:_ri rab chang du 'degs la dgra yul 'phen:_gnam sa lta bu'i zhal gdangs mche ba gtsigs:_me ri 'khyil shes khrag gi mdangs 'tsher 'chib:_che brjid 'gying ldan mi chen drwa ma'i rigs:_rgyal ba'i lhun grub gwa pa khri 'cham zhon:_mgur lha dge bsnyen bstan pa'i rgyab rten dpal:_dkar phyogs dbu rmog skyed cing btsan rdzong bzung:_seng stag rol du khrid pa'i dpa' bo rje:_g.yu 'brug klad la lding ba'i las kyi lha:_gling chen thar pa'i bsod nams nyi ltar gsal:_khyung nag lding shes 'chibs nas dgra bla 'gyed:_nag po rgya yi dpon chen ar+g+haM rtsal:_stobs chen srin po so la chas pa 'dra:_rno myur mda' yi rgyun thag sbrengs se sbreng:_rgya rta gser gyi nya mo 'khyug shes zhon:_skya lo ston pa rgyal mtshan dgu brgya zhon:_gser gyi khrab rmog gsol zhing dgra la rngams:_rlag byed rdo rje'i sgyogs chen 'phrul gyis rdeg:_nyams pa'i sdig can lha srin gshed du 'bebs:_snang srid 'dod rgur sgyur ba'i dpung tshogs bzhi'i:_kha sgyur 'dan ma gu ru rgyal mtshan ni:_rgya bya khri dkar nam mkha'i bya 'dzin zhon:_rdo rje'i rkya bro 'khrab cing 'tshub ma 'khyil:_dgra sha zan ltar za byed dmag gi dpon:_ka ru nyi ma rgyal mtshan rdo char 'bebs:_'do ba stong 'dzin dar 'jam zhon nas su:_mtshon cha'i 'phrul 'khor mang po sha ra ra:_gtum drag dom la zhon pa'i dmag chen gyi:_sna 'dren nag ru thar pa rgyal mtshan ni:_dgra yul mun ltar 'thib pa'i dpung dang bcas:_dam nyams khram la 'debs shing sho rdel 'phen:_tshangs pa'i ngo lug dung gi zla ba mdzes:_srog bdag rgyal po'i dmag gis 'bag seng 'gyed:_rta dkar bang gi gangs ri zhon nas su:_sdang dgra'i bla tshe srog gi dwangs ma len:_khra spyang dpung du 'gyed pa'i dmag dang bcas:_mu pa'i dar 'dzom ngo lug dmag rnga brdung:_'dzam gling myur bskor rag dkar zhon nas su:_dkar po dung gi khrab byang si li li:_pho nya'i skar mda' gtong ba stag rong bu:_srin tsha ngo lug khyung nag 'phur shes zhon:_rgod 'phru bu yug ltar 'tshub ba dan 'phyar:_snying rje med par srog gcod las la rngams:_gzu chen wer ma'i lha dar yongs kyi rje:_ngang pa rtsal ldan zhon nas 'khor dang bcas:_mgron yag dar ma bcu gsum gar gyis sgyur:_dkar po gling gi bsod nams klung rta skyed:_dgra bla dbang chen dbang po dar 'phen ni:_gtum rngam gcan gzan zhon pa'i dmag dang bcas:_dkar phyogs rnam par rgyal ba'i rgyal mtshan 'phyar:_gser gyi mdog can 'phur shes rta rgyal zhon:_dpa' thul phu nu stobs dang mthu rtsal can:_sprul pa yang sprul bka' sdod bsam mi khyab:_rnal 'byor dam tshig can la brtse gdung che:_nag phyogs rgyal bsen dam sri 'byung po 'dul:_sangs rgyas bstan pa'i rgyal rnga snyan par sgrog:_rig 'dzin dpa' bo yongs kyi mgon dang ldan:_chos kyi dbyings su dpal chen he ru ka:_snying rje'i skur bzhengs dam bcas bstan pa srung:_snyigs mar dkar phyogs rgyab rten dgra bla'i tshul:_'khor dang bcas pa ye shes klong nas bzhengs:_gzhi la 'du 'bral med pa'i dgongs pa dang:_'da' dka' srog gi dam tshig gnyan po dgongs:_pad 'byung rig 'dzin brgyud pa'i tha tshig bzhin:_ma g.yel ma 'da' bdag la brtse bas dgongs:_dgyes skyed mchod pa'i nyer spyod gtsang la dag:_phun tshogs 'dod yon mkho rgu sprin ltar 'khrigs:_dri zhim bsang gi dud sprin bar snang khyab:_dar sna ba dan phreng ba tshar du dngar:_g.yos tshogs lha yi bdud rtsi skyems su sbreng:_bcud ldan rgya ja'i mtsho chen mdzes par bskyil:_dkar dmar gtor ma'i lhun po che brjid rngam:_stag gzig zhing gi pags pa gcal du bkram:_'bod rbad bsad pa'i dam rdzas lhun gyis grub:_sra brtan go dang mtshon cha'i gur khang 'khrigs:_dgyes pa'i dam rdzas rdza ltar spungs pa 'dis:_thugs dam gnyan bskangs bcol pa'i phrin las mdzod:_kyai:_dpa' bo gling gi rje:_che rgyud seng dang 'dra:_mdzes brjid dgra lha rnams:_gangs dang seng+ge bzhin:_bdag dang ma 'bral zhig:_'bring rgyud g.yu yi 'brug:_snyan grags ngar skad ldan:_lho sprin 'brug chen bzhin:_bdag dang ma 'bral zhig:_chung rgyud rtsal chen khyung:_mdzangs 'phrul ldan pa'i lha:_shing dang khyung bzhin du:_bdag dang ma 'bral zhig:_stag rong dpon po rnams:_dpal rtsal stobs dang ldan:_nags dang rgya stag bzhin:_bdag dang ma 'bral zhig:_dpa' thul dpung tshogs rnams:_rdzu 'phrul rta ltar mgyogs:_ri dang cang shes bzhin:_bdag dang ma 'bral zhig:_mdzes pa lang tsho'i mdangs:_lus la skyed du gsol:_tshig btsan gdangs snyan che:_ngag la nus pa sbor:_dpa' gtum blo skyed yangs:_spobs pa yid la skyed:_gang bsam myur 'grub pa'i:_dge mtshan klung rta skyed:_gzhan sde zil gnon pa'i:_mnga' thang rgyal kha longs:_nag phyogs zil non pa'i:_stobs dang nus mthu stsol:_sku gsung thugs kyi byin:_rnal 'byor bdag la phobs:_tshe dang g.yang rtsol cig:_dpal dang stobs skyed cig:_nyin gsum bya ra mdzod:_mtshan gsum mel tshes skyongs:_rgyab kyi mkhar rdzong gyis:_mdun gyi sgron me mdzod:_phar 'gro'i skyel ma dang:_tshur 'ong bsu ma mdzod:_bsam pa'i don kun sgrubs:_bcol pa'i las gyis shig:_hU~M hrIH_ki bswo snyan pa'i glu yis deng bskul na:_khu byug dpyid kyi pho nyas char sprin bzhin:_ge sar wer ma'i rgyal po 'khor dang bcas:_ngo mtshar rtags dang bcas te gshegs su gsol:_ci nas mi 'gyur dad dang gdung shugs sems:_chu 'dzin ltar dkar gtsang ba'i mchog lags kyi:_je zhig ring por mi thogs da lta ru:_nyo tshong grub pa'i mgron bzhin da lta dgongs:_ti la ka sogs phung khams dwangs ma'i srog:_thu bo dwangs sman dpa' brtul dgyes par bzhugs:_de bzhin gshegs pa dgyes pa'i rgyal sras lam:_no pi ka yis las kyi sdong grogs mdzod:_pi wang snyan pa'i glu dang lha'i rol mo:_phu chu ltar 'khyil ja chang bdud rtsi'i skyems:_be phrug gar can nor phyugs ri dwags gcan:_mo rgyud mdzes sdug gar dang sgyu rtsal rtse:_tsi ni'i 'byor pa 'phags yul chos g.yang dpal:_tshu rol tshe dpal stobs mthu snyan grags sogs:_dze ta'i tshal gyi 'dab stong lang tsho bzhin:_wo dzi has kyang bsngags pa'i rol mos mchod:_zhi 'dzum bdud rtsis mi mthun mtha' dag sol:_zu ra skyes sogs bdud bgegs bar chad thul:_'e yi 'bod sgras khams gsum yid dbang 'phrog:_yo ga'i dpal 'byor longs spyod phywa g.yang spel:_ri klung snod kyi dge bcu g.yang du 'khyil:_lu ma'i tshal ltar skye rgu'i phan bde skyed:_she mong nyam ngar 'phyan pa'i snyig 'gro skyobs:_so sor 'dod rgu'i phrin las rgya mtshos skyongs:_he hA+e bzhad pa brgyad ldan dgra bla'i gsung:_o rgyan bla ma'i sgyu 'phrul seng chen rje'i:_ngo mtshar cho 'phrul du ma'i rol rtsed la:_bstod do 'dod rgu'i phrin las 'grub par mdzod:_khyed rnams dgyes pa'i dam tshig rmad byung bas:_lus dang grib bzhin nam yang mi 'bral zhing:_gang 'dod las kyi gnyer kha khyod la gtad:_ma g.yel thugs dam nus pa'i rtsal shugs skyed:_khyad par nag phyogs las kyi rgyab rten pa'i:_dam sri rgyal 'gong thal ba'i rdul du rlog:_mtha' yi dmag dpung rgya 'dre'i gnod pa srungs:_phyogs las rnam par rgyal ba'i phrin las mdzod:_seng chen dpa' bos sgo gsum byin gyis rlobs:_zhe thul gsum gyis tshe dpal bsod nams skyed:_yang thul bdun gyis dgra 'dre cham la phobs:_gling gi pha khu mched bzhis klung rta skyed:_dpa' thul bcu gsum sdang byed gshed du chos:_che yan ru bzhis phun tshogs sde bzhi skyed:_rgyal mtshan mi bzhis phyogs bzhi'i jag pa choms:_ngo lug mi gsum lang tsho'i mdzes pa skyed:_gzu pa gnyis kyis dkar nag drang thig phob:_thul phran mi bzhis phyogs kyi dgra bzhi sod:_bran g.yog mi gsum nag phyogs cham la phobs:_'khor dang bka' sdod sprul pas sdong grogs gyis:_mthu dpung mchog brten rgyab 'dzin khyod bcol zhing:_'dod pa'i las kyi gnyer du gtad kyis bzhes:_ji ltar bsam pa'i don rnams lhun gyis grub:_mchog thun dngos grub da lta nyid du stsol:_ces mchod bstod cing bskul ba yis:_'dod pa'i lasakun yid bzhin 'grub:_nag phyogs dam sri thal bar brlag:_tshe dpal bsod nams rlung rta 'phel:_snyan grags dbang thang ngang gis rgyas:_las kun myur 'grub gdon mi za:_dus kyi mtha' mar gyur pa'i tshe:_dpa' bo smin mtshams rgya stag can:_dkar phyogs dpung gi ru mtshon du:_'od gsal dbyings kyi sgrom nas drangs:_las smon ldan pa'i skyes bu'i gsos:_gyur nas bstan la phan par shog:_sa ma ya:_rgya rgya rgya:_rtsa gsum kun 'dus dpal o rgyan chos kyi rgyal po'i+i byin rlabs las/_pad+ma gar dbang 'od gsal mdo sngags gling pas rig pa rang byung gi gsang mdzod nas phyungs te gtan la phab pa gangs can phan bde'i dge mtshan mi zad pa'i dpal du gyur cig_/sarba mang+ga laM/_dge'o//__//

Footnotes

Other Information