པདྨ་ཚེ་ཡི་སྙིང་ཐིག་ལས། སྐོང་བ་འཆི་མེད་གྲུབ་སྟེར།

From Khyentse Lineage - A Tsadra Foundation Project
DKR-KABUM-18-TSHA-038
Wylie title pad+ma tshe yi snying thig las/ skong ba 'chi med grub ster DKR-KABUM-18-TSHA-038.pdf
Location dil mgo mkhyen brtse bka' 'bum
Volume 18, Text 38, Pages 290-291 (Folios 1a1 to 2b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Pad+ma tshe yi snying thig las skong ba 'chi med grub ster. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 290-291. Delhi: Shechen Publications, 1994.
Genre Mending Rituals - bskang chog
Cycle འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig)
Deity tshe dpag med
Colophon

།ཅེས་པའང་ངེས་གསང་བསྟན་པའི་རྒྱན་མཆོག་འཁྲུལ་ཞིག་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་བཀའ་ལུང་མནྡ་རའི་ཕྲེང་བས་སྤྱི་བོར་བརྒྱན་པ་བཞིན་པདྨའི་རིགས་སྔགས་འཆང་བ་པདྨ་དབང་ཆེན་དགྱེས་པ་རྩལ་གྱིས་བལ་ཡུལ་གཙུག་ལག་ཁང་གསར་པར་བྲིས་པ་འདིས་ཀྱང་གསང་ཆེན་རྡོ་རྗེའི་མྱུར་ལམ་ལང་ཚོ་བར་ཆད་མེད་པ་བསྒྲེངས་ཏེ་འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི་སྣང་བ་ལ་འདོད་དགུར་སྤྱོད་པའི་ཉེ་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།།

/ces pa'ang nges gsang bstan pa'i rgyan mchog 'khrul zhig 'gyur med chos kyi blo gros rin po ches bka' lung man+da ra'i phreng bas spyi bor brgyan pa bzhin pad+ma'i rigs sngags 'chang ba pad+ma dbang chen dgyes pa rtsal gyis bal yul gtsug lag khang gsar par bris pa 'dis kyang gsang chen rdo rje'i myur lam lang tsho bar chad med pa bsgrengs te 'gro kun tshe dang ye shes kyi snang ba la 'dod dgur spyod pa'i nye rgyur gyur cig_/sarba mang+ga laM/_dge'o//

[edit]
༄༅། །པདྨ་ཚེ་ཡི་སྙིང་ཐིག་ལས། སྐོང་བ་འཆི་མེད་གྲུབ་སྟེར་བཞུགས། ཧཱུྃ་ཧྲཱིཿ རང་སྣང་རྣམ་དག་བདེ་ཆེན་པདྨོ་བཀོད། །ལྷུན་རྫོགས་གསང་མཆོག་དགྱེས་པའི་གཞལ་མེད་ཁང༌། །ཀུན་བཟང་སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་ཚལ། །ངོ་མཚར་ལྷུན་གྱིས་གྲུབ་པའི་མཆོད་སྤྲིན་ཆེ། །ཕྱི་ལྟར་སྣོད་བཅུད་རྒྱུད་གསུམ་ཡེ་ཤེས་དལ། །དག་པ་རབ་འབྱམས་ངོ་མཚར་མཆོད་སྤྲིན་འཁྲིགས། །ནང་ལྟར་རྡོ་རྗེ་ཕུང་པོའི་རྩ་ཐིག་རླུང༌། །དམ་རྫས་སྨན་གཏོར་རཀྟའི་རི་མཚོ་འཁྱིལ། །གསང་བ་གདོད་ནས་ཀ་དག་དབྱིངས་ཀྱི་ཞིང༌། །ལྷུན་གྲུབ་སྣང་བཞིའི་ཟེར་མདངས་བཀྲག་ཏུ་འཚེར། །དོན་ལ་ཀུན་ཀྱང་བདེ་ཆེན་ཐིག་ལེ་གཅིག །འཁོར་གསུམ་ཡོངས་གྲོལ་སྒྱུ་མ་རྡོ་རྗེ་བཙན། །ཅིར་ཡང་འཆར་བའི་བཀོད་པ་ཆེས་བཀྲ་ཡང༌། །དོན་ལ་སྒྱུ་མས་སྒྱུ་མའི་རོལ་རྩེད་བཞིན། །ཞེན་མེད་དག་ཆེན་ཡེ་ཤེས་འཁོར་ལོ་ཆེ། །རང་བྱུང་རང་ཤར་རྨད་དུ་བྱུང་བ་འདིས། །འཁོར་འདས་སྟོང་སྲོག་རྣམ་ཐར་སྒོ་གསུམ་གྱི། །མཆོག་ཏུ་མི་འགྱུར་རྡོ་རྗེ་བཙུན་མོའི་ཚུལ། །འཕགས་བཞིའི་འབྱུང་གནས་ཤེས་རབ་ཕར་ཕྱིན་ཡུམ། །འཆི་མེད་ཙཎྜ་ལཱི་ཡི་ཐུགས་དམ་བསྐང༌། །ཐབས་ཀྱི་དཔའ་བོ་པདྨ་ཧེ་རུ་ཀ །འཆི་མེད་ཡེ་ཤེས་རྡོ་རྗེའི་ལང་ཚོ་ཅན། །དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་སྤྱི་དཔལ་ཆེ། །རྒྱལ་དབང་ཐོད་ཕྲེང་རྩལ་གྱི་ཐུགས་དམ་བསྐང༌། །གསུང་གི་རྡོ་རྗེ་གར་དབང་བཞད་པ་རྩལ། །སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་གཏེར། །འཆི་བདག་ལ་སོགས་བདུད་བཞི་དབྱིངས་སུ་བཅོམ། །པདྨ་ཚེ་དཔག་མེད་པའི་ཐུགས་དམ་བསྐང༌། །རྡོ་རྗེའི་ལམ་གྱི་ཕར་ཕྱིན་དྲུག་རྫོགས་པས། །འཁྲུལ་རྟོག་རྒྱུད་དྲུག་ཡེ་ཤེས་དབྱིངས་བསྒྲལ་བའི། །འདོད་ཡོན་དྲུག་གི་མཆོད་པའི་ལྷ་མོའི་ཚུལ། །འཁོར་གྱི་ཌཱ་ཀི་དྲུག་གི་ཐུགས་དམ་བསྐང༌། །ཡེ་ཤེས་མཚོན་གྱིས་བདུད་བགེགས་ངང་གིས་བསྒྲལ། །སྙིང་རྗེའི་རྩལ་གྱིས་གདུལ་དཀའ་རྗེས་སུ་བཟུང༌། །བར་ཆད་འཕྲང་བསལ་པདྨ་དབྱིངས་ཕྱུག་རྩལ། །སྒོ་སྲུང་ཁྲོ་མོ་མཆོག་གི་ཐུགས་དམ་བསྐང༌། །ཕྱི་ལྟར་རང་སྣང་རྒྱན་ཤར་ཡེ་ཤེས་སྤྲིན། །ཡུལ་དྲུག་རྡོ་རྗེ་ལྷ་མོ་དྲུག་ཤར་བས། །སུ་ཁའི་འབྱུང་གནས་ཟག་མེད་དཔལ་འབྱོར་གྱིས། །བདེ་ཆེན་དགྱེས་རོལ་ཕོ་ཉའི་ཐུགས་དམ་བསྐང༌། །ནང་ལྟར་གཏུམ་མོ་སྒྱུ་ལུས་རྨི་ལམ་དང༌། །འོད་གསལ་བར་དོ་འཕོ་བའི་རྣལ་འབྱོར་གྱིས། །ཕར་ཕྱིན་དྲུག་རྫོགས་སྨན་རཀ་གཏོར་མའི་བཅུད། །གསང་སྔགས་གྲུབ་པའི་རྫས་ཀྱིས་ཐུགས་དམ་བསྐང༌། །གསང་བ་ཀ་ཀཱ་མཱུ་ཁའི་ལྕགས་ཀྱུ་ཡིས། །ཐབས་ཀྱི་རྡོ་རྗེར་བཏབ་པས་བཅུ་དྲུག་གི །དགའ་བཞི་སྟོང་པར་སྦྱོར་བའི་ཕོ་ཉའི་ལམ། །རྡོ་རྗེའི་སྲོག་རྩ་གྲུབ་པས་ཐུགས་དམ་བསྐང༌། །རྣམ་འགྱུར་མཆོད་དང་མཆོད་ཡུལ་ལྟར་སྣང་ཡང༌། །ངོ་བོ་བདེ་སྟོང་ཐིག་ལེ་གཅིག་བཟླུམ་པས། །རང་བྱུང་རང་ཤར་ཀུན་ཏུ་དགྱེས་པ་ཆེའི། །ཀློང་ལས་ནམ་ཡང་མི་འགྱུར་ཐུགས་དམ་བསྐང༌། །སྣང་གྲགས་འགྱུ་བ་ལྷ་སྔགས་ཡེ་ཤེས་ཀྱི། །འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ལྷུན་རྫོགས་སུ། །རང་ངོ་ཤེས་པའི་དབང་བཞིའི་རྟོགས་པ་སྐྱེ། །འཆི་མེད་ཡེ་ཤེས་ཚེ་མཆོག་གྲུབ་པར་མཛོད། །ཀུན་བརྟགས་ལམ་སློང་འཁྲུལ་པ་དབྱིངས་སུ་ཞི། །ཡོངས་གྲུབ་སྲོག་མཁར་རྡོ་རྗེའི་ཚེ་དཔལ་རྒྱས། །གཞན་དབང་རླུང་སེམས་དབུ་མར་དབང་བསྡུས་ནས། །གཟུང་འཛིན་བདུད་བགེགས་ངང་གིས་སྒྲོལ་ནུས་མཛོད། །སྐྱེ་འཆིའི་མཚན་མ་རང་དག་ཆོས་ཀྱི་དབྱིངས། །གཟོད་ནས་འཕེལ་འགྲིབ་མེད་པའི་དོན་རྟོགས་ནས། །འཁྲུལ་པ་རང་གྲོལ་ཆོས་ཉིད་འདུས་མ་བྱས། །འཕོ་མེད་འབྲས་བུའི་སྦུབས་སུ་བྱང་ཆུབ་ཤོག །ཅེས་པའང་ངེས་གསང་བསྟན་པའི་རྒྱན་མཆོག་འཁྲུལ་ཞིག་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་བཀའ་ལུང་མནྡ་རའི་ཕྲེང་བས་སྤྱི་བོར་བརྒྱན་པ་བཞིན་པདྨའི་རིགས་སྔགས་འཆང་བ་པདྨ་དབང་ཆེན་དགྱེས་པ་རྩལ་གྱིས་བལ་ཡུལ་གཙུག་ལག་ཁང་གསར་པར་བྲིས་པ་འདིས་ཀྱང་གསང་ཆེན་རྡོ་རྗེའི་མྱུར་ལམ་ལང་ཚོ་བར་ཆད་མེད་པ་བསྒྲེངས་ཏེ་འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི་སྣང་བ་ལ་འདོད་དགུར་སྤྱོད་པའི་ཉེ་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།
[edit]

@#/__/pad+ma tshe yi snying thig las/_skong ba 'chi med grub ster bzhugs/_hU~M hrIH_rang snang rnam dag bde chen pad+mo bkod/_/lhun rdzogs gsang mchog dgyes pa'i gzhal med khang*/_/kun bzang sgyu 'phrul rdo rje bkod pa'i tshal/_/ngo mtshar lhun gyis grub pa'i mchod sprin che/_/phyi ltar snod bcud rgyud gsum ye shes dal/_/dag pa rab 'byams ngo mtshar mchod sprin 'khrigs/_/nang ltar rdo rje phung po'i rtsa thig rlung*/_/dam rdzas sman gtor rak+ta'i ri mtsho 'khyil/_/gsang ba gdod nas ka dag dbyings kyi zhing*/_/lhun grub snang bzhi'i zer mdangs bkrag tu 'tsher/_/don la kun kyang bde chen thig le gcig_/'khor gsum yongs grol sgyu ma rdo rje btsan/_/cir yang 'char ba'i bkod pa ches bkra yang*/_/don la sgyu mas sgyu ma'i rol rtsed bzhin/_/zhen med dag chen ye shes 'khor lo che/_/rang byung rang shar rmad du byung ba 'dis/_/'khor 'das stong srog rnam thar sgo gsum gyi/_/mchog tu mi 'gyur rdo rje btsun mo'i tshul/_/'phags bzhi'i 'byung gnas shes rab phar phyin yum/_/'chi med tsaN+Da lI yi thugs dam bskang*/_/thabs kyi dpa' bo pad+ma he ru ka_/'chi med ye shes rdo rje'i lang tsho can/_/dkyil 'khor rgya mtsho'i dbang phyug spyi dpal che/_/rgyal dbang thod phreng rtsal gyi thugs dam bskang*/_/gsung gi rdo rje gar dbang bzhad pa rtsal/_/so sor kun tu rtog pa'i ye shes gter/_/'chi bdag la sogs bdud bzhi dbyings su bcom/_/pad+ma tshe dpag med pa'i thugs dam bskang*/_/rdo rje'i lam gyi phar phyin drug rdzogs pas/_/'khrul rtog rgyud drug ye shes dbyings bsgral ba'i/_/'dod yon drug gi mchod pa'i lha mo'i tshul/_/'khor gyi DA ki drug gi thugs dam bskang*/_/ye shes mtshon gyis bdud bgegs ngang gis bsgral/_/snying rje'i rtsal gyis gdul dka' rjes su bzung*/_/bar chad 'phrang bsal pad+ma dbyings phyug rtsal/_/sgo srung khro mo mchog gi thugs dam bskang*/_/phyi ltar rang snang rgyan shar ye shes sprin/_/yul drug rdo rje lha mo drug shar bas/_/su kha'i 'byung gnas zag med dpal 'byor gyis/_/bde chen dgyes rol pho nya'i thugs dam bskang*/_/nang ltar gtum mo sgyu lus rmi lam dang*/_/'od gsal bar do 'pho ba'i rnal 'byor gyis/_/phar phyin drug rdzogs sman raka gtor ma'i bcud/_/gsang sngags grub pa'i rdzas kyis thugs dam bskang*/_/gsang ba ka kA mU kha'i lcags kyu yis/_/thabs kyi rdo rjer btab pas bcu drug gi_/dga' bzhi stong par sbyor ba'i pho nya'i lam/_/rdo rje'i srog rtsa grub pas thugs dam bskang*/_/rnam 'gyur mchod dang mchod yul ltar snang yang*/_/ngo bo bde stong thig le gcig bzlum pas/_/rang byung rang shar kun tu dgyes pa che'i/_/klong las nam yang mi 'gyur thugs dam bskang*/_/snang grags 'gyu ba lha sngags ye shes kyi/_/'chi med rdo rje'i dkyil 'khor lhun rdzogs su/_/rang ngo shes pa'i dbang bzhi'i rtogs pa skye/_/'chi med ye shes tshe mchog grub par mdzod/_/kun brtags lam slong 'khrul pa dbyings su zhi/_/yongs grub srog mkhar rdo rje'i tshe dpal rgyas/_/gzhan dbang rlung sems dbu mar dbang bsdus nas/_/gzung 'dzin bdud bgegs ngang gis sgrol nus mdzod/_/skye 'chi'i mtshan ma rang dag chos kyi dbyings/_/gzod nas 'phel 'grib med pa'i don rtogs nas/_/'khrul pa rang grol chos nyid 'dus ma byas/_/'pho med 'bras bu'i sbubs su byang chub shog_/ces pa'ang nges gsang bstan pa'i rgyan mchog 'khrul zhig 'gyur med chos kyi blo gros rin po ches bka' lung man+da ra'i phreng bas spyi bor brgyan pa bzhin pad+ma'i rigs sngags 'chang ba pad+ma dbang chen dgyes pa rtsal gyis bal yul gtsug lag khang gsar par bris pa 'dis kyang gsang chen rdo rje'i myur lam lang tsho bar chad med pa bsgrengs te 'gro kun tshe dang ye shes kyi snang ba la 'dod dgur spyod pa'i nye rgyur gyur cig_/sarba mang+ga laM/_dge'o//__//

Footnotes

Other Information