རྩ་གསུམ་ཚེ་ལྷའི་ཚོགས་བསྡུས།

From Khyentse Lineage - A Tsadra Foundation Project
DKR-KABUM-18-TSHA-039
Wylie title rtsa gsum tshe lha'i tshogs bsdus DKR-KABUM-18-TSHA-039.pdf
Location dil mgo mkhyen brtse bka' 'bum
Volume 18, Text 39, Pages 292 (Folios 1a1 to 1a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Rtsa gsum tshe lha'i tshogs bsdus. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 292. Delhi: Shechen Publications, 1994.
Genre Feast Offering - tshogs mchod - tshogs kyi 'khor lo
Cycle འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig)
Deity tshe dpag med
Colophon

ཞེས་པའང་ལུང་ཟིན་ཆོས་ཀྱི་བདག་པོ་འགྱུར་མེད་ཆོས་ཀྱི་བློ་གྲོས་ནས་ཚེ་སྒྲུབ་ཀྱི་བསྙེན་སྒྲུབ་ཉམས་བཞེས་སྐབས་ཆེད་དུ་གསུང་བསྐུལ་ལྟར་པདྨ་གར་དབང་མདོ་སྔགས་གླིང་པས་སྤེལ་བ་འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི་སྣང་བ་རྒྱས་བརྟན་འཕེལ་བའི་རྟེན་འབྲེལ་དུ་གྱུར་ཅིག །སརྦ་མངྒ་ལཾ། ཤུབྷཾ།།

zhes pa'ang lung zin chos kyi bdag po 'gyur med chos kyi blo gros nas tshe sgrub kyi bsnyen sgrub nyams bzhes skabs ched du gsung bskul ltar pad+ma gar dbang mdo sngags gling pas spel ba 'gro kun tshe dang ye shes kyi snang ba rgyas brtan 'phel ba'i rten 'brel du gyur cig_/sarba mang+ga laM/_shub+haM//

[edit]
༄༅། །རྩ་གསུམ་ཚེ་ལྷའི་ཚོགས་བསྡུས་བཞུགས། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། འཆི་མེད་རྩ་གསུམ་ཚེ་ཡི་ལྷ་ཚོགས་གཤེགས། །རྩ་གསུམ་གཞན་ལ། རབ་འབྱམས་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་གཤེགས། མཆན། འདོད་ཡོན་ལྔ་ལྡན་ཟག་མེད་ཚོགས་མཆོད་འབུལ། །ཐུགས་དམ་བསྐང་ཞིང་ཉམས་ཆག་འགལ་འཁྲུལ་བཤགས། །གཟུང་འཛིན་དབྱིངས་སྒྲོལ་མཆོག་ཐུན་དངོས་གྲུབ་སྩོལ། །ལྷག་ལ་དབང་རྣམས་དཔལ་གྱི་ཕམ་ཕབ་བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུ་རྩ་གསུམ་སྤྱི་ཚོགས་སྐབས་ཨཱ་ཡུ་མི་དགོས། མཆན། དྷེ་ཝ་དྷཱ་ཀི་ནཱི་ཤྲཱི་དྷརྨ་པཱ་ལ་བ་སུ་དེ་ཝ་ནཱི་དྷི་པ་ཏི་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཨོཾ་བཛྲ་སཏྭ་ཨཱཿ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཞེས་པའང་ལུང་ཟིན་ཆོས་ཀྱི་བདག་པོ་འགྱུར་མེད་ཆོས་ཀྱི་བློ་གྲོས་ནས་ཚེ་སྒྲུབ་ཀྱི་བསྙེན་སྒྲུབ་ཉམས་བཞེས་སྐབས་ཆེད་དུ་གསུང་བསྐུལ་ལྟར་པདྨ་གར་དབང་མདོ་སྔགས་གླིང་པས་སྤེལ་བ་འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི་སྣང་བ་རྒྱས་བརྟན་འཕེལ་བའི་རྟེན་འབྲེལ་དུ་གྱུར་ཅིག །སརྦ་མངྒ་ལཾ། ཤུབྷཾ།། །།

Footnotes

Other Information