DKR-KABUM-17-TSA-015

From Khyentse Lineage - A Tsadra Foundation Project

རང་བྱུང་པདྨའི་སྙིང་ཐིག་ལས། རྒྱུན་གྱི་ཚེ་སྒྲུབ་འཆི་མེད་སྲོག་གི་བཅུད་ལེན།
Wylie title rang byung pad+ma'i snying thig las/ rgyun gyi tshe sgrub 'chi med srog gi bcud len DKR-KABUM-17-TSA-015.pdf
Location dil mgo mkhyen brtse bka' 'bum
Volume 17, Text 15, Pages 57-60 (Folios 1a to 4b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Rang byung pad+ma'i snying thig las rgyun gyi tshe sgrub 'chi med srog gi bcud len. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: 57-60. Delhi: Shechen Publications, 1994.
Genre Longevity Rituals - tshe sgrub
Cycle རང་བྱུང་པདྨ་སྙིང་ཐིག་ (rang byung pad+ma snying thig)
Colophon

ཞེས་པའང་ཟབ་གཏེར་སྤྱོད་པ་པད་རྒྱལ་གླིང་པས་ཆེད་དུ་བསྐུལ་བ་བཞིན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་རྡོ་རྗེའི་གནས་ཉེ་བའི་ཚནྡྷོ་ཧ་ནས་བྲིས་ཏེ་ཕུལ་བ་འབྲེལ་ཚད་འཆི་མེད་རྡོ་རྗེའི་སྲོག་འགྲུབ་པའི་རྒྱུར་གྱུར་ཅིག།

zhes pa'ang zab gter spyod pa pad rgyal gling pas ched du bskul ba bzhin pad+ma gar dbang 'od gsal mdo sngags gling pas rdo rje'i gnas nye ba'i tshan+d+ho ha nas bris te phul ba 'brel tshad 'chi med rdo rje'i srog 'grub pa'i rgyur gyur cig/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
རང་བྱུང་པདྨའི་སྙིང་ཐིག་ལས། རྒྱུན་གྱི་ཚེ་སྒྲུབ་འཆི་མེད་སྲོག་གི་བཅུད་ལེན་བཞུགས།

རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ གློ་བུར་ལྟར་སྣང་སྲོག་གི་ཚེ༔ གསོ་ཕྱིར་ཕུང་ཁམས་རྩ་གསུམ་ལྷར༔ གདོད་ནས་དག་པའི་ངེས་ཤེས་ཀྱིས༔ རྩ་གསུམ་དཀྱིལ་འཁོར་ལྷ་རྣམས་ཀྱི༔ གནས་ལྔར་རིགས་ལྔ་ཚེ་དཔག་མེད༔ ཡབ་ཡུམ་ལྷར་གསལ་ཐུགས་དབུས་སུ༔ རྒྱ་གྲམ་ཉི་ཟླའི་གྭའུའི་སྦུབས༔ རིགས་ལྔའི་ས་བོན་སྔགས་བཅས་གསལ༔ འོད་ཟེར་ཕོ་ཉ་དང་བཅས་སྤྲོས༔ ཕྱི་སྣོད་འབྱུང་བ་ལྔའི་དྭངས་མ༔ ནང་བཅུད་སྐྱེ་འགྲོའི་ཚེ་བསོད་དཔལ༔ ཁྱད་པར་རྒྱལ་བ་རྩ་གསུམ་ལྷའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྡོ་རྗེའི་ཚེ་ཡི་བྱིན་ནུས་ཀུན༔ བདུད་རྩི་ཁ་དོག་ལྔའི་ཆར་དུ༔ བསྡུས་ནས་བདག་གི་ལུས་ངག་ཡིད༔ བྱ་བྱེད་བཅས་པ་ལ་ཐིམ་པས༔ ལྕགས་ལ་གསེར་འགྱུར་ཐེབས་པ་བཞིན༔ ཟག་མེད་ཡེ་ཤེས་བདེ་བ་ཆེའི༔ སྐུ་གསུང་ཐུགས་དང་ཡོན་ཏན་གྱི༔ ཕྲིན་ལས་མི་ཟད་རྒྱན་འཁོར་ལོ༔ རྟག་པ་དམ་པའི་ཡེ་ཤེས་སྐུར༔ གྱུར་ནས་ཀུན་འབྱུང་ལས་ཉོན་གྱི༔ ཉེ་བར་ལེན་པ་ཀུན་སྦྱངས་ཏེ༔ སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ༔ མངོན་སུམ་ཉིད་དུ་འགྲུབ་པར་བགྱི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་ཨཱ་ཡུ་ཛྙཱ་ན་སིདྡྷི་ཧཱུྃ༔ གཅིག་དྲིལ་ཚེ་ཛཔ་འདི་ཉིད་བཟླ༔ སྤྲོ་ན་རྩ་གསུམ་སྤྱི་བྱེ་བྲག༔ དམིགས་བཟླས་སོ་སོར་སྦྱར་ཀྱང་རུང༔ ཐུན་མཐར་ཚེ་བཅུད་འགུགས་བསྐུལ་ནི༔ གདུང་ཤུགས་བསྐྱེད་ཅིང་མདའ་དར་གཡབ༔ ཧྲཱིཿ སྔོན་ཚེ་བསྐལ་པའི་དང་པོ་ལ༔ ཀུན་བཟང་འོད་མི་འགྱུར་བ་དང༔ རང་སྣང་དབྱིངས་ཕྱུག་ཡུམ་ཆེན་མོ༔ སྐྱེ་འཆི་ཀ་ནས་དག་པ་ཡི༔ ཡེ་ཤེས་རྡོ་རྗེའི་ཚེ་གྲུབ་པའི༔ ཀུན་ཁྱབ་དགོངས་པའི་ཐུགས་རྗེ་བསྐུལ༔ རྡོ་རྗེའི་ཐུགས་དམ་དགོངས་པར་མཛོད༔ ཕྱི་སྣོད་འབྱུང་ལྔའི་ཀློང་གི་བཅུད༔ རྣམ་ཀུན་མཆོག་ལྡན་དབྱིངས་ནས་ཁུག༔ ནང་བཅུད་གདན་གསུམ་རྡོ་རྗེའི་ཚེ༔ མི་འགྱུར་བདེ་ཆེན་ཀློང་ནས་ཁུག༔ ཟུང་འཇུག་གཡོ་མེད་རྡོ་རྗེའི་ཚེ༔ ཡེ་ཤེས་ལྔ་ཡི་བཅུད་དུ་ཁུག༔ ཡོངས་གྲུབ་རྡོ་རྗེའི་ཚེ་བཅུད་ཀྱིས༔ སྲོག་གི་དྭངས་མ་གསོས་ནས་ཀྱང༔ སྐྱེ་འཆིའི་འཇིགས་པ་མེད་པ་ཡི༔ རྡོ་རྗེ་སྐུ་ཡི་ཚེ་སྩོལ་ཅིག༔ ཡེ་ཤེས་རླུང་སེམས་ཉིང་ཁུ་ཡིས༔ དྷཱུ་ཏིའི་དཔྱིད་ཐིག་གསོས་གྱུར་ནས༔ གཞོམ་མེད་རྡོ་རྗེ་ནཱ་ད་ཡི༔ རྡོ་རྗེ་གསུང་གི་ཚེ་སྩོལ་ཅིག༔ གཟུང་འཛིན་འཁྲུལ་རྟོག་སྐྱེ་འཆི་ཀུན༔ རྟོག་བྲལ་དོན་གྱི་ཡེ་ཤེས་ཀྱིས༔ འཁྲུལ་པའི་སྦུབས་བརྟོལ་མི་འགྱུར་བའི༔ རྡོ་རྗེ་ཐུགས་ཀྱི་ཚེ་སྩོལ་ཅིག༔ ཀུན་རྟོག་འཁྲུལ་པ་རང་ཟད་པའི༔ འགྱུར་མེད་རྟག་པའི་ཡེ་ཤེས་དང༔ མཉམ་རྗེས་འདུ་འབྲལ་མེད་པ་ཡི༔ ཡེ་ཤེས་རྡོ་རྗེའི་ཚེས་སྩོལ་ཅིག༔ ཀུན་རྫོབ་ལྷ་སྔགས་ཏིང་འཛིན་གྱི༔ བདེན་པས་བདེ་ཆེན་ཚེ་དཔལ་སྤེལ༔ དོན་དམ་གཞོན་ནུ་བུམ་པའི་སྐུར༔ འུབ་ཆུབ་འཆི་མེད་ཚེ་དབང་སྩོལ༔ རང་རིག་གཉུག་མ་རྡོ་རྗེའི་ཚེ༔ འདུ་འབྲལ་མེད་པའི་དོན་རྟོགས་ནས༔ སྐྱེ་འཆི་གཞི་ལ་དག་པ་ཡི༔ མངོན་སུམ་དོན་གྱི་ཚེ་སྩོལ་ཅིག༔ རྩ་སྔགས་མཐར། ཚེ་བྷྲཱུྃ་ནྲྀ་ཛཿ ཨཱ་ཡུ་ཛྙཱ་ན་གཡུ་ཚེ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨཱཿ སྲིད་ཞིའི་ཚེ་ཡི་དྭངས་མ་ཀུན༔ འཕོ་མེད་ཡེ་ཤེས་ཆེན་པོ་དང༔ གཉིས་སུ་མེད་པར་རྒྱས་བཏབ་པས༔ རྡོ་རྗེའི་ཚེ་དབང་མངོན་གྱུར་ཅིག༔ ཛྙཱ་ན་དྷཱ་ཏུ་རཀྵ་རཀྵ་ཨ་ཨ་ཨ༔ ས་མ་ཡ༔ འཕོ་འགྱུར་ཐིག་ལེའི་ཚེ་གསོ་ཕྱིར༔ སྒོ་གསུམ་གནད་ཀྱིས་ལེགས་བཅིངས་ནས༔ ཕྱི་ནང་སྟོང་ར་འཁོར་ལོ་བཞི༔ དཀར་དམར་ཐིག་ལེ་བཅས་པ་གསལ༔ གནས་ལྔར་རིགས་ལྔ་ཡབ་ཡུམ་བསྒོམ༔ རླུང་རོ་བསལ་ཏེ་དུག་ཕྱུངས་ནས༔ འཁོར་འདས་ལམ་གྱི་ཚེ་བཅུད་ཀུན༔ སྟོང་གསལ་ཀུན་ཁྱབ་ནམ་མཁའི་རླུང༔ སྦྱོར་བ་བཞི་ཡི་བྱེད་ལས་ཀྱིས༔ སྣ་བུག་ནས་ཞུགས་འཁོར་ལོ་ལྔའི༔ རིགས་ལྔ་ལ་ཐིམ་ཕྱི་ནང་གི༔ འབྱུང་ལྔའི་ཚེ་གསོས་དྭངས་མ་རྒྱས༔ གཏུམ་མོ་བསྐུལ་བས་ཧཾ་ཡིག་ཞུ༔ དྭངས་མས་རིགས་ལྔ་ཡབ་ཡུམ་མཆོད༔ ཞུ་བདེའི་ཉམས་རྒྱས་མཉམ་སྦྱོར་གྱི༔ བྱང་སེམས་མདོག་ལྔས་ལུས་ཀུན་གང༔ དྭངས་མ་རྒྱས་ཤིང་སྙིགས་མ་སྦྱངས༔ འཆི་མེད་དྭངས་མའི་རྡོ་རྗེ་གསུམ༔ མངོན་དུ་གྱུར་པའི་ངེས་ཤེས་བསྐྱེད༔ རླུང་རིག་སེམས་གསུམ་གཅིག་ཏུ་བསྲེ༔ དེ་བཞིས་རྡོ་རྗེའི་སྲོག་འགྲུབ་འགྱུར༔ བརྟན་པ་ཐོབ་ན་ཚེ་ལམ་གྱི༔ ཕྱག་རྒྱའི་རྟེན་གྱིས་བོགས་འབྱིན་བྱ༔ ས་མ་ཡ༔ མི་འགྱུར་རྟག་པའི་ཚེ་སྒྲུབ་ཕྱིར༔ ལུས་སེམས་ཚོགས་པའི་སྐྱེ་དང་འཆི༔ རྟོག་པས་བཏགས་པ་ཙམ་དུ་ཟད༔ དོན་ལ་མ་གྲུབ་མིང་ཙམ་དུ༔ དཔྱད་པས་ངེས་ཤེས་འདྲོང་པའི་ཚེ༔ ཆོས་ཉིད་སྟོང་པ་ཆེན་པོ་ལ༔ སྐྱེ་འཆིའི་མིང་ཙམ་ཡེ་ནས་མེད༔ དེ་ཉིད་མངོན་དུ་བྱ་བའི་ཕྱིར༔ རང་རིག་གཉུག་མའི་གཤིས་ལ་བལྟ༔ ཆོས་ཉིད་དོན་གྱི་དགོངས་པ་དང༔ རྩེ་གཅིག་མཉམ་བཞག་རང་ངོ་བསྐྱང༔ ཤངས་གཡོན་ནམ་མཁའི་དྭངས་མ་ཀུན༔ མཁའ་རླུང་མཐིང་གའི་རྣམ་པ་རུ༔ འབྱིན་འཇུག་གནས་དང་སྦྱོར་བཞིའི་རླུང༔ བུམ་ཅན་རྡོ་རྗེའི་བཟླས་པ་སྦྱོར༔ སྤྲོས་མེད་རྡོ་རྗེའི་ཚེ་སྒྲུབ་པའི༔ མན་ངག་ཟབ་མོའི་སྲོག་ཏིག་དགེ༔ ས་མ་ཡ༔ ཚུལ་བཞིན་ཉམས་སུ་ལེན་པ་ལ༔ རྡོ་རྗེའི་དབང་གིས་སྨིན་བྱའི་ཕྱིར༔ འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ༔ རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ༔ གསང་གསུམ་རྡོ་རྗེའི་སྲོག་སྒྲུབ་པའི༔ བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ སྐྱབས་སེམས་བསགས་སྦྱངས་སྔོན་འགྲོ་བས༔ སློབ་དཔོན་ལྷར་བསྐྱེད་ཡེ་ཤེས་དབབ༔ ཨོཾ། སྣང་སྟོང་གཉིས་མེད་བུམ་པ་རུ༔ རྡོ་རྗེ་ཚེ་ལྷའི་དཀྱིལ་འཁོར་བཞུགས༔ གཉིས་མེད་ཡེ་ཤེས་ཆེན་པོ་ཡིས༔ དབང་བསྐུར་རྡོ་རྗེའི་སྐུ་འགྲུབ་ཤོག༔ ཀཱ་ཡ་ཨཱ་ཡུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ ཨཱཿ སྣོད་བཅུད་ཡེ་ཤེས་བདུད་རྩི་རུ༔ ཞུ་བ་བདེ་ཆེན་སྙིང་པོ་ཡི༔ བཅུད་ལེན་རྫས་མཆོག་འདི་བྱིན་པས༔ རླུང་སེམས་དྭངས་མར་སྨིན་པར་ཤོག༔ ཝཱཀ་ཨཱ་ཡུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ༔ ཧཱུྃ༔ བདེ་བ་ཆེན་པོའི་ཡེ་ཤེས་ཀྱི༔ སྙིང་པོ་ཚེ་ཡི་རིལ་བུར་ཤར༔ མྱངས་པས་གཞོན་ནུ་བུམ་སྐུའི་སྲོག༔ སྐྱེ་མེད་རྟག་པའི་དོན་རྟོགས་ཤོག༔ ཙིཏྟ་ཨཱ་ཡུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱས་གདབ་དམ་ཚིག་ཁས་བླང་འབུལ༔ ལྟ་དགོངས་ལྡན་པའི་སློབ་དཔོན་གྱིས༔ དབང་བསྐུར་ཙམ་གྱིས་ཚེ་བསྲིང་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པའང་ཟབ་གཏེར་སྤྱོད་པ་པད་རྒྱལ་གླིང་པས་ཆེད་དུ་བསྐུལ་བ་བཞིན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་རྡོ་རྗེའི་གནས་ཉེ་བའི་ཚནྡྷོ་ཧ་ནས་བྲིས་ཏེ་ཕུལ་བ་འབྲེལ་ཚད་འཆི་མེད་རྡོ་རྗེའི་སྲོག་འགྲུབ་པའི་རྒྱུར་གྱུར་ཅིག། །།
[edit]

skya_rang byung pad+ma'i snying thig las/_rgyun gyi tshe sgrub 'chi med srog gi bcud len bzhugs/_ skya_rtsa gsum lha la phyag 'tshal lo:_glo bur ltar snang srog gi tshe:_gso phyir phung khams rtsa gsum lhar:_gdod nas dag pa'i nges shes kyis:_rtsa gsum dkyil 'khor lha rnams kyi:_gnas lngar rigs lnga tshe dpag med:_yab yum lhar gsal thugs dbus su:_rgya gram nyi zla'i gwa'u'i sbubs:_rigs lnga'i sa bon sngags bcas gsal:_'od zer pho nya dang bcas spros:_phyi snod 'byung ba lnga'i dwangs ma:_nang bcud skye 'gro'i tshe bsod dpal:_khyad par rgyal ba rtsa gsum lha'i:_sku gsung thugs yon phrin las kyi:_rdo rje'i tshe yi byin nus kun:_bdud rtsi kha dog lnga'i char du:_bsdus nas bdag gi lus ngag yid:_bya byed bcas pa la thim pas:_lcags la gser 'gyur thebs pa bzhin:_zag med ye shes bde ba che'i:_sku gsung thugs dang yon tan gyi:_phrin las mi zad rgyan 'khor lo:_rtag pa dam pa'i ye shes skur:_gyur nas kun 'byung las nyon gyi:_nye bar len pa kun sbyangs te:_skye 'chi med pa rdo rje'i sku:_mngon sum nyid du 'grub par bgyi:_oM AHhU~M badz+ra gu ru pad+ma d+he wa d+hA ki ni d+harma pA la A yu dz+nyA na sid+d+hi hU~M:_gcig dril tshe dzapa 'di nyid bzla:_spro na rtsa gsum spyi bye brag:_dmigs bzlas so sor sbyar kyang rung:_thun mthar tshe bcud 'gugs bskul ni:_gdung shugs bskyed cing mda' dar g.yab:_hrIH_sngon tshe bskal pa'i dang po la:_kun bzang 'od mi 'gyur ba dang:_rang snang dbyings phyug yum chen mo:_skye 'chi ka nas dag pa yi:_ye shes rdo rje'i tshe grub pa'i:_kun khyab dgongs pa'i thugs rje bskul:_rdo rje'i thugs dam dgongs par mdzod:_phyi snod 'byung lnga'i klong gi bcud:_rnam kun mchog ldan dbyings nas khug:_nang bcud gdan gsum rdo rje'i tshe:_mi 'gyur bde chen klong nas khug:_zung 'jug g.yo med rdo rje'i tshe:_ye shes lnga yi bcud du khug:_yongs grub rdo rje'i tshe bcud kyis:_srog gi dwangs ma gsos nas kyang:_skye 'chi'i 'jigs pa med pa yi:_rdo rje sku yi tshe stsol cig:_ye shes rlung sems nying khu yis:_d+hU ti'i dpyid thig gsos gyur nas:_gzhom med rdo rje nA da yi:_rdo rje gsung gi tshe stsol cig:_gzung 'dzin 'khrul rtog skye 'chi kun:_rtog bral don gyi ye shes kyis:_'khrul pa'i sbubs brtol mi 'gyur ba'i:_rdo rje thugs kyi tshe stsol cig:_kun rtog 'khrul pa rang zad pa'i:_'gyur med rtag pa'i ye shes dang:_mnyam rjes 'du 'bral med pa yi:_ye shes rdo rje'i tshes stsol cig:_kun rdzob lha sngags ting 'dzin gyi:_bden pas bde chen tshe dpal spel:_don dam gzhon nu bum pa'i skur:_'ub chub 'chi med tshe dbang stsol:_rang rig gnyug ma rdo rje'i tshe:_'du 'bral med pa'i don rtogs nas:_skye 'chi gzhi la dag pa yi:_mngon sum don gyi tshe stsol cig:_rtsa sngags mthar/_tshe b+h+rU~M nr-i dzaH_A yu dz+nyA na g.yu tshe b+h+rU~M nr-i dzaHsarba sid+d+hi pha la hU~M:_AH_srid zhi'i tshe yi dwangs ma kun:_'pho med ye shes chen po dang:_gnyis su med par rgyas btab pas:_rdo rje'i tshe dbang mngon gyur cig:_dz+nyA na d+hA tu rak+Sha rak+Sha a a a:_sa ma ya:_'pho 'gyur thig le'i tshe gso phyir:_sgo gsum gnad kyis legs bcings nas:_phyi nang stong ra 'khor lo bzhi:_dkar dmar thig le bcas pa gsal:_gnas lngar rigs lnga yab yum bsgom:_rlung ro bsal te dug phyungs nas:_'khor 'das lam gyi tshe bcud kun:_stong gsal kun khyab nam mkha'i rlung:_sbyor ba bzhi yi byed las kyis:_sna bug nas zhugs 'khor lo lnga'i:_rigs lnga la thim phyi nang gi:_'byung lnga'i tshe gsos dwangs ma rgyas:_gtum mo bskul bas haM yig zhu:_dwangs mas rigs lnga yab yum mchod:_zhu bde'i nyams rgyas mnyam sbyor gyi:_byang sems mdog lngas lus kun gang:_dwangs ma rgyas shing snyigs ma sbyangs:_'chi med dwangs ma'i rdo rje gsum:_mngon du gyur pa'i nges shes bskyed:_rlung rig sems gsum gcig tu bsre:_de bzhis rdo rje'i srog 'grub 'gyur:_brtan pa thob na tshe lam gyi:_phyag rgya'i rten gyis bogs 'byin bya:_sa ma ya:_mi 'gyur rtag pa'i tshe sgrub phyir:_lus sems tshogs pa'i skye dang 'chi:_rtog pas btags pa tsam du zad:_don la ma grub ming tsam du:_dpyad pas nges shes 'drong pa'i tshe:_chos nyid stong pa chen po la:_skye 'chi'i ming tsam ye nas med:_de nyid mngon du bya ba'i phyir:_rang rig gnyug ma'i gshis la blta:_chos nyid don gyi dgongs pa dang:_rtse gcig mnyam bzhag rang ngo bskyang:_shangs g.yon nam mkha'i dwangs ma kun:_mkha' rlung mthing ga'i rnam pa ru:_'byin 'jug gnas dang sbyor bzhi'i rlung:_bum can rdo rje'i bzlas pa sbyor:_spros med rdo rje'i tshe sgrub pa'i:_man ngag zab mo'i srog tig dge:_sa ma ya:_tshul bzhin nyams su len pa la:_rdo rje'i dbang gis smin bya'i phyir:_'chi med ye shes rdo rje'i sku:_rtsa gsum lha tshogs dgongs su gsol:_gsang gsum rdo rje'i srog sgrub pa'i:_byin rlabs dbang bskur bstsal du gsol:_skyabs sems bsags sbyangs sngon 'gro bas:_slob dpon lhar bskyed ye shes dbab:_oM/_snang stong gnyis med bum pa ru:_rdo rje tshe lha'i dkyil 'khor bzhugs:_gnyis med ye shes chen po yis:_dbang bskur rdo rje'i sku 'grub shog:_kA ya A yu dz+nyA na a b+hi Shiny+tsa oM:_AH_snod bcud ye shes bdud rtsi ru:_zhu ba bde chen snying po yi:_bcud len rdzas mchog 'di byin pas:_rlung sems dwangs mar smin par shog:_wAka A yu dz+nyA na a b+hi Shiny+tsa a:_hU~M:_bde ba chen po'i ye shes kyi:_snying po tshe yi ril bur shar:_myangs pas gzhon nu bum sku'i srog:_skye med rtag pa'i don rtogs shog:_tsit+ta A yu dz+nyA na a b+hi Shiny+tsa hU~M:_rgyas gdab dam tshig khas blang 'bul:_lta dgongs ldan pa'i slob dpon gyis:_dbang bskur tsam gyis tshe bsring 'gyur:_sa ma ya:_rgya rgya rgya:_zhes pa'ang zab gter spyod pa pad rgyal gling pas ched du bskul ba bzhin pad+ma gar dbang 'od gsal mdo sngags gling pas rdo rje'i gnas nye ba'i tshan+d+ho ha nas bris te phul ba 'brel tshad 'chi med rdo rje'i srog 'grub pa'i rgyur gyur cig/__//

Footnotes

Other Information