ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ལས༔ སྔགས་ཀྱི་སྲུང་མ་མི་འགྱུར་ནམ་མཁའི་ཤུགས་ཅན་གྱི་མཆོད་བསྐང་ཕྲིན་ལས་ལྷུན་གྲུབ༔

From Khyentse Lineage - A Tsadra Foundation Project
DKR-KABUM-08-NYA-042
Wylie title yang zab bde chen dpal mo'i thugs kyi me long las: sngags kyi srung ma mi 'gyur nam mkha'i shugs can gyi mchod bskang phrin las lhun grub: DKR-KABUM-08-NYA-042.pdf
Location dil mgo mkhyen brtse bka' 'bum
Volume 8, Text 42, Pages 299 (Folios 1a1 to 1b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཆོས་ཀྱི་གོ་ཆ་ (chos kyi go cha)
Citation Khyentse, Dilgo. Yang zab bde chen dpal mo'i thugs kyi me long las sngags kyi srung ma mi 'gyur nam mkha'i shugs can gyi mchod bskang phrin las lhun grub. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 299. Delhi: Shechen Publications, 1994.
Genre Mending Rituals - bskang chog  ·  Protector Rituals - gsol mchod
Cycle ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ (yang zab bde chen dpal mo'i thugs kyi me long)
Deity sngags srung ma
Colophon

དཔལ་ལྡན་སྔགས་ཀྱི་སྲུང་མ་ནི༔ མི་འགྱུར་ནམ་མཁའི་ཤུགས་ཅན་གྱི༔ མཆོད་བསྐང་ཕྲིན་ལས་ལྷུན་གྲུབ་འདི༔ སྙིང་གི་བུ་ལ་གཏད་པ་ལས༔ གཞན་ལ་མ་སྤེལ་ས་མཱ་ཡ༔ དབྱིངས་ཀྱི་བརྡ་རིས་ལས་བཤུས་སོ༔

dpal ldan sngags kyi srung ma ni:_mi 'gyur nam mkha'i shugs can gyi:_mchod bskang phrin las lhun grub 'di:_snying gi bu la gtad pa las:_gzhan la ma spel sa mA ya:_dbyings kyi brda ris las bshus so:

Notes These texts were compiled and arranged by Dilgo Khyentse Rinpoche. Elsewhere this cycle is attributed to rdzong sngon pad+ma thugs mchog rdo rje.
[edit]
༁ྃ༔ ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ལས༔ སྔགས་ཀྱི་སྲུང་མ་མི་འགྱུར་ནམ་མཁའི་ཤུགས་ཅན་གྱི་མཆོད་བསྐང་ཕྲིན་ལས་ལྷུན་གྲུབ་བཞུགས་སོ༔ ༁ྃ༔ ༠༠༠༠༠༠༠༔ དེ་ལ་འདིར་མཁའ་འགྲོ་མི་འགྱུར་ནམ་མཁའི་ཤུགས་ཅན་གྱི་མཆོད་བསྐང་བྱ་བ་ལ༔ རིན་ཆེན་སྣོད་དུ་གཏོར་གཟུགས་དང་ཕུད་རྒོད་སོགས་བཤམས་ལ་འདི་ལྟར༔ བྷྱོཿ སྐྱེ་མེད་དབྱིངས་ཀྱི་ཡུམ་ཆེན་ཀུན་ཏུ་བཟང༔ འགག་མེད་རང་བྱུང་མཁའ་འགྲོ་མཐིང་འོད་འབར༔ སྔགས་ཀྱི་སྲུང་མ་ཨེ་ཀ་ཛཱ་ཊི་མ༔ བསྟན་པ་སྲུང་ཕྱིར་སྤྱན་འདྲེན་གནས་འདིར་བྱོན༔ རིག་པ་ཐིག་ལེ་ཆེན་པོར་རོ་གཅིག་ཏུ༔ ཀུན་ནས་ཟླུམ་པར་བཛྲ་ཏིཥྛ་ལྷན༔ བྷྱོཿ མདུན་དུ་དུར་ཁྲོད་གཞལ་ཡས་དབུས༔ ཨེ་དབྱིངས་སྐུ་གསུམ་རྫོགས་པའི་ཀློང༔ བདེ་ཆེན་རྣལ་འབྱོར་དབྱིངས་ཕྱུག་དཔལ༔ མི་འགྱུར་ནམ་མཁའི་ཤུགས་ཅན་མ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན༔ སྐུ་མདོག་མཐིང་ནག་འོད་ཟེར་འཕྲོ༔ སྤྱན་གཅིག་དུས་གསུམ་ལེགས་ཉེས་གཟིགས༔ ཚེམས་གཅིག་དགྲ་བགེགས་ཙིཏྟ་གསོལ༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་རོལ༔ སྤྲིན་དཀར་གོས་གྱོན་འཇའ་ཚོན་གྱི༔ རི་མོ་སྣ་ལྔའི་མཐའ་ཆག་ཅན༔ རང་བཞིན་རྫོགས་པ་ཆེན་པོ་ཡི༔ སྡེ་གསུམ་བསྟན་པའི་རྒྱལ་མཚན་གྱི༔ བ་དན་སྲིད་པའི་རྩེར་བསྒྲེངས་གསོལ༔ རྣལ་འབྱོར་སྐུ་ཚེའི་བར་ཆད་ཟློག༔ འཁོར་སློབ་རིགས་བརྒྱུད་ཉམས་རྟོགས་སྤེལ༔ ཟབ་རྒྱས་ཆོས་ཁམས་རྒྱ་མཚོ་དང༔ མཐར་ཐུག་གསང་སྔགས་ཐེག་པ་ཡི༔ དགོངས་དོན་འགྲེལ་དང་འཆད་རྩོད་ཀྱི༔ བྱ་བས་བསྟན་སྲིད་ཆེར་རྒྱས་མཛོད༔ མདོར་ན་བདག་ཅག་དཔོན་སློབ་ཀྱི༔ བསོད་ནམས་རླུང་རྟ་དར་རྒྱས་ཤིང༔ སྣང་སྲིད་ཕྱ་གཡང་མགྲོན་དུ་ཁུག༔ དམ་ཚིག་ཉམས་པའི་དགྲ་དང་བགེགས༔ སྐད་ཅིག་ཙམ་གྱིས་ཐལ་བར་རློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨེ་ཀ་ཛཱ་ཊི་མ་མ་ཌཱ་ཀི་ནི་བཛྲ་ས་མཱ་ཡཿ ཨི་དམ་བྷ་ལིང་ཏ་ཁཱ་ཧི་ཁཱ་ཧིཿ གཏོར་མ་གཙང་སར་ཕུལ༔ ས་མཱ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ནི༔ མི་འགྱུར་ནམ་མཁའི་ཤུགས་ཅན་གྱི༔ མཆོད་བསྐང་ཕྲིན་ལས་ལྷུན་གྲུབ་འདི༔ སྙིང་གི་བུ་ལ་གཏད་པ་ལས༔ གཞན་ལ་མ་སྤེལ་ས་མཱ་ཡ༔ དབྱིངས་ཀྱི་བརྡ་རིས་ལས་བཤུས་སོ༔

Footnotes

Other Information