སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པ་ཕྱག་རྒྱ་རྒྱས་པའི་རྒྱུན་ཁྱེར།

From Khyentse Lineage - A Tsadra Foundation Project
Wylie title sgrub chen bka' brgyad bde gshegs 'dus pa phyag rgya rgyas pa'i rgyun khyer DKR-KABUM-06-CHA-002.pdf
Location dil mgo mkhyen brtse bka' 'bum
Volume 6, Text 2, Pages 6-8 (Folios 1a1 to 3a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཉང་རལ་ཉི་མ་འོད་ཟེར་ (Nyang ral nyi ma 'od zer)
Citation Khyentse, Dilgo. Sgrub chen bka' brgyad bde gshegs 'dus pa phyag rgya rgyas pa'i rgyun khyer. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 6: 6-8. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Cycle བཀའ་བརྒྱད་བདེ་གཤེགས་འདུས་པ་ (bka' brgyad bde gshegs 'dus pa)
Deity bka' brgyad
Colophon

།ཞེས་པ་འདིའང་སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེའི་ཉམས་བཞེས་ཆེད་དུ་མངྒ་ལས་བྲིས་པ་དགེའོ།།

/zhes pa 'di'ang smyo shul mkhan po 'jam dbyangs rdo rje'i nyams bzhes ched du mang+ga las bris pa dge'o/

[edit]
༄༅། །སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པ་ཕྱག་རྒྱ་རྒྱས་པའི་རྒྱུན་ཁྱེར་ནི། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། སེམས་ཅན་བདེ་དང་ལྡན་སོགས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་ཝ་སོགས། འཁོར་འདས་ཀྱི་ཆོས་ཐམས་ཅད་འོད་གསལ་གྱི་རང་མདངས་རྡོ་རྗེ་སྲུང་བའི་འཁོར་ལོ་ཆེན་པོ་དག་པའི་དབུས་སུ་རྡོ་རྗེའི་བྲག་ཆེན་དང༌། པཾ་ལས་པདྨ་དང༌། རཾ་ལས་ཉི་མ། ལྷ་བརྒྱད། ཀླུ་བརྒྱད། བྱོལ་སོང་གཙོ་བོ་བརྒྱད་ཀྱི་སྟེང་དུ་གསེར་འཁོར་རྩིབས་བཅུ་གཉིས་པའི་ལྟེ་བར་མ་ཧཱ་དེ་ཝ་དང་ཨུ་མ་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡེ་ཤེས་ལྔའི་འོད་ཟེར་འབར་བ་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་སྨུག་ནག་བསྐལ་བའི་མེ་ལྟར་འབར་ཞིང་བཟོད་པར་དཀའ་བའི་གཟི་བརྗིད་ཅན། དབུ་ཉི་ཤུ་རྩ་གཅིག་གི་རྩ་ཞལ་སྨུག་ནག །ལྷག་མ་དྲུག་མཐིང་ག །གཡས་ཞལ་བདུན་དཀར་ཞིང༌། གཡོན་ཞལ་བདུན་དམར་བ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། རྣམ་པར་འགྱུར་བའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། གློག་ལྟར་འཁྱུགས་པའི་ལྗགས་འདྲིལ་ཞིང༌། རྡོ་རྗེ་གད་མོས་ས་གསུམ་གཡོ་བ། ཁྲོ་གཉེར་བསྡུས་པའི་ཤངས་ནས་མི་བཟད་པའི་རླུང་སྒྲ་འབྱིན་པ། རྫི་སྨིན་སྨ་ར་ལས་འབར་བའི་མེ་འཁྱོག་པོར་འབར་བ། སྐུ་ཆེ་ཞིང་ཡན་ལག་རགས་པ། ལང་ཚོ་རྒྱས་པའི་འགྱུར་བག་ཅན། ཕྱག་བཞི་བཅུ་རྩ་གཉིས་ཀྱི་དང་པོ་གཉིས་ཀྱི་ཀུན་བཟང་ཡབ་ཡུམ་ཐུགས་ཀར་བསྣོལ་ནས་འཛིན་པ། ལྷག་མ་གཡས་ཀྱི་ཉི་ཤུ་ན། རིགས་ལྔ། སེམས་དཔའ་བརྒྱད། ཁྲོ་བོ་བཞི། ལྷ་དང༌། ལྷ་མིན། མིའི་ཐུབ་པ་རྣམས་དང༌། གཡོན་གྱི་ཉི་ཤུ་ན། ཡུམ་ལྔ། སེམས་མ་བརྒྱད། ཁྲོ་མོ་བཞི། བྱོལ་སོང་དང༌། ཡི་དྭགས། དམྱལ་བའི་ཐུབ་པ་རྣམས་འཛིན་པ། ཞབས་བརྒྱད་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གྱད་ཆེན་པོའི་སྟབས་ཀྱིས་ལྷ་ཆེན་ཕོ་མོའི་མགོ་བོ་དང་ནུ་མ་ནས་བརྫིས་པ། སྒེག་པ་སོགས་མཆོག་ཏུ་འབར་བའི་གཟི་བྱིན་རྒྱས་པ། དབུ་རེ་རེ་ལ་ཐོད་པ་སྐམ་པོ་ལྔ་ལྔ་རིན་པོ་ཆེའི་རྩེ་ཕྲན་ཅན་གྱི་དབུ་རྒྱན་དང༌། ཚར་གསུམ་ཐོད་པའི་ཕྲེང་བ་རྒྱུ་རློན་ལ་བརྒྱུས་པའི་དོ་ཤལ་ཅན། ཞིང་ཆེན་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང༌། སྟག་གི་པགས་པའི་ཤམ་ཐབས་འཕྱངས་བ། གདུག་པའི་སྦྲུལ་རིགས་ལྔ་དང་རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཁྲག་ཞག་ཐལ་བས་བྱུགས་ཤིང་དཔལ་གྱི་ཆས་བཅུ་རྫོགས་པ། དེའི་པང་དུ་གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ་སྐུ་མདོག་མཐིང་ནག །མཐིང་དཀར་དམར་བའི་དབུ་དགུ། ཕྱག་བཅོ་བརྒྱད་པ། གཅེར་བུ་སྐྲ་གྲོལ་ཞིང་ལང་ཚོས་སྒེག་པ། ཕྱག་དང་པོ་གཉིས་ཀྱི་གཡས་རྡོ་རྗེ་དང༌། གཡོན་དུང་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། ལྷག་མ་གཡས་པ་བརྒྱད་ན་གནས་ཀྱི་མ་མོ་དང༌། གཡོན་པ་བརྒྱད་ན་ཡུལ་གྱི་ཕྲ་མེན་བརྒྱད་བསྣམས་པ་ཁྲོ་མོའི་རྒྱན་ཅན། ཞབས་བཞི་གཡོན་བསྐུམས་པས་ཡབ་ལ་འཁྱུད་ཅིང༌། གཡས་བརྐྱང་བའི་སྟབས་ཀྱིས་སྙོམ་པར་འཇུག་པ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་ཅན། བཟོད་པར་དཀའ་བའི་གཟི་བྱིན་ཉི་མ་འབུམ་གྱི་འོད་ཟེར་ལྟར་འབར་ཞིང་བསྐལ་པའི་མེ་དཔུང་ཆེན་པོའི་ཀློང་ན་བཞུགས་པའོ། །དཔལ་ཧེ་རུ་ཀའི་སྐུའི་སྤྱི་བོར་རིག་འཛིན་རྡོ་རྗེ་ཆོས། དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད། མགྲིན་པར་རྟ་མགྲིན་དབང་གི་རྒྱལ་པོ། ཐུགས་ཀར་ཡང་དག་ཧེ་རུ་ཀ །ལྟེ་བར་ཕྲིན་ལས་རྡོ་རྗེ་གཞོན་ནུ། གསང་བར་བླ་མེད་ཧེ་རུ་ཀ །པུས་མོ་གཡས་པར་དྲེགས་པ་ཀུན་འདུལ། པུས་མོ་གཡོན་དུ་སྟོབས་ལྡན་ནག་པོ་ལ་རང་རང་གི་འཁོར་ཚོགས་བདུན་བརྒྱ་ཉི་ཤུ་རྩ་གཉིས་རྒྱན་དང་ཆ་ལུགས་རྫོགས་པ་ཉི་མ་དང་འོད་ཟེར་བཞིན་འཕྲོ་བ། ཕྲག་པ་གཡས་གཡོན་དུ་རྡོ་རྗེའི་བྱ་ཁྱུང་དཀར་ནག་ལྡིང་བར་གསལ་བའི། ཐུགས་མཆོང་གུར་སྨུག་པོའི་དབུས་སུ་པད་ཉིའི་གདན་ལ་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུྃ་གི་མཐར་ཤིན་ཏུ་ཕྲ་བའི་སྔགས་ཕྲེང་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ནས་སྣང་གྲགས་རིག་པ་ལྷ་སྔགས་ཆོས་སྐུའི་རོལ་པར་བསམས་ལ། སོ་སོའི་བཟླས་པ་སྤྲོ་ན་དབུ་རྒྱན་རིགས་ལྔ་དང༌། ཕྱག་མཚན་ལ་དམིགས་ཏེ། བོ་དྷི་ཙིཏྟ་དང༌། གཙོ་བོ་ལ་དམིགས་ནས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཡང་དག་ལ། རུ་ལུ། གཤིན་རྗེ་ལ། ཨཱ་ཀྲོ་ཏེ་ཀ །རྟ་མགྲིན་ལ། པདྨཱནྟ་ཀྲྀཏ། ཕུར་པ་ལ། ཀཱི་ལི་ཀཱི་ལ། མ་མོ་ལ། གུ་ཧྱ་ཛྙཱ་ན། རིག་འཛིན་ལ། བཛྲ་མ་ཧཱ་གུ་རུ། དྲེགས་འདུལ་ལ། བཛྲ་ཙཎྜ། སྟོབས་ལྡན་ལ། བཛྲ་སརྦ་དུཥྚཾ། བཀའ་སྡོད་ལ། བཛྲ་སརྦ་ཡཀྵ། སྤྱི་དྲིལ་དྲག་སྔགས་སོ་ལྔ་བཟླ། བསྡུ་ན་ཆེ་མཆོག་ལ། བཛྲ་ཀྲོ་དྷ། དཔལ་དགུ་སྤྱི་དྲིལ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཞེས་བཟླ། ཐུན་མཐར། དབྱངས་གསལ། རྟེན་སྙིང༌། ཡིག་བརྒྱ་བཟླ། ཧཱུྃ་ཧཱུྃ་ཧཱུྃ་གིས་འོད་གསལ་གྱི་དབྱིངས་སུ་བསྡུ། ཕཊ་ཕཊ་ཕཊ་ཀྱིས་ལྷ་སྐུར་ལྡང་ལ། བསྔོ་སྨོན་ནི། མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ། །འགྱུར་བ་མེད་པ་ལྷུན་གྱིས་གྲུབ་པ་དང༌། །རབ་འབྱམས་རྒྱལ་བ་ཡོངས་ཀྱི་གནས་ཐོབ་ནས། །འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག །ཅེས་བརྗོད་དོ། །ཞེས་པ་འདིའང་སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེའི་ཉམས་བཞེས་ཆེད་དུ་མངྒ་ལས་བྲིས་པ་དགེའོ།། །།
[edit]

@#/_/sgrub chen bka' brgyad bde gshegs 'dus pa phyag rgya rgyas pa'i rgyun khyer ni/_rdo rje slob dpon sogs lan gsum/_sems can bde dang ldan sogs sngon du 'gro bas/_oM swa b+hA wa sogs/_'khor 'das kyi chos thams cad 'od gsal gyi rang mdangs rdo rje srung ba'i 'khor lo chen po dag pa'i dbus su rdo rje'i brag chen dang*/_paM las pad+ma dang*/_raM las nyi ma/_lha brgyad/_klu brgyad/_byol song gtso bo brgyad kyi steng du gser 'khor rtsibs bcu gnyis pa'i lte bar ma hA de wa dang u ma byi chings su bsnol ba'i steng du/_hU~M las rdo rje hU~M gis mtshan pa ye shes lnga'i 'od zer 'bar ba yongs su gyur pa las/_bdag nyid bcom ldan 'das che mchog he ru ka sku mdog smug nag bskal ba'i me ltar 'bar zhing bzod par dka' ba'i gzi brjid can/_dbu nyi shu rtsa gcig gi rtsa zhal smug nag_/lhag ma drug mthing ga_/g.yas zhal bdun dkar zhing*/_g.yon zhal bdun dmar ba/_zhal re re la dmar la zlum pa'i spyan gsum gsum dang ldan pa/_rnam par 'gyur ba'i zhal gdangs shing mche ba gtsigs pa/_glog ltar 'khyugs pa'i ljags 'dril zhing*/_rdo rje gad mos sa gsum g.yo ba/_khro gnyer bsdus pa'i shangs nas mi bzad pa'i rlung sgra 'byin pa/_rdzi smin sma ra las 'bar ba'i me 'khyog por 'bar ba/_sku che zhing yan lag rags pa/_lang tsho rgyas pa'i 'gyur bag can/_phyag bzhi bcu rtsa gnyis kyi dang po gnyis kyi kun bzang yab yum thugs kar bsnol nas 'dzin pa/_lhag ma g.yas kyi nyi shu na/_rigs lnga/_sems dpa' brgyad/_khro bo bzhi/_lha dang*/_lha min/_mi'i thub pa rnams dang*/_g.yon gyi nyi shu na/_yum lnga/_sems ma brgyad/_khro mo bzhi/_byol song dang*/_yi dwags/_dmyal ba'i thub pa rnams 'dzin pa/_zhabs brgyad g.yas bskum zhing g.yon brkyang ba'i gyad chen po'i stabs kyis lha chen pho mo'i mgo bo dang nu ma nas brdzis pa/_sgeg pa sogs mchog tu 'bar ba'i gzi byin rgyas pa/_dbu re re la thod pa skam po lnga lnga rin po che'i rtse phran can gyi dbu rgyan dang*/_tshar gsum thod pa'i phreng ba rgyu rlon la brgyus pa'i do shal can/_zhing chen dang glang po che'i ko bas stod g.yogs shing*/_stag gi pags pa'i sham thabs 'phyangs ba/_gdug pa'i sbrul rigs lnga dang rus pa'i phyag rgya drug gis brgyan pa/_khrag zhag thal bas byugs shing dpal gyi chas bcu rdzogs pa/_de'i pang du gnam zhal dbyings kyi dbang phyug ma sku mdog mthing nag_/mthing dkar dmar ba'i dbu dgu/_phyag bco brgyad pa/_gcer bu skra grol zhing lang tshos sgeg pa/_phyag dang po gnyis kyi g.yas rdo rje dang*/_g.yon dung khrag 'dzin pas yab la 'khyud pa/_lhag ma g.yas pa brgyad na gnas kyi ma mo dang*/_g.yon pa brgyad na yul gyi phra men brgyad bsnams pa khro mo'i rgyan can/_zhabs bzhi g.yon bskums pas yab la 'khyud cing*/_g.yas brkyang ba'i stabs kyis snyom par 'jug pa/_stong pa nyid dang snying rje dbyer med pa'i bdag nyid can/_bzod par dka' ba'i gzi byin nyi ma 'bum gyi 'od zer ltar 'bar zhing bskal pa'i me dpung chen po'i klong na bzhugs pa'o/__/dpal he ru ka'i sku'i spyi bor rig 'dzin rdo rje chos/_dpral bar 'jam dpal gshin rje gshed/_mgrin par rta mgrin dbang gi rgyal po/_thugs kar yang dag he ru ka_/lte bar phrin las rdo rje gzhon nu/_gsang bar bla med he ru ka_/pus mo g.yas par dregs pa kun 'dul/_pus mo g.yon du stobs ldan nag po la rang rang gi 'khor tshogs bdun brgya nyi shu rtsa gnyis rgyan dang cha lugs rdzogs pa nyi ma dang 'od zer bzhin 'phro ba/_phrag pa g.yas g.yon du rdo rje'i bya khyung dkar nag lding bar gsal ba'i/_thugs mchong gur smug po'i dbus su pad nyi'i gdan la rang 'dra'i ye shes sems dpa'/_de'i thugs kar rdo rje sngon po rtse lnga pa'i lte bar nyi ma la gnas pa'i hU~M gi mthar shin tu phra ba'i sngags phreng las 'od zer spro bsdus don gnyis byas nas snang grags rig pa lha sngags chos sku'i rol par bsams la/_so so'i bzlas pa spro na dbu rgyan rigs lnga dang*/_phyag mtshan la dmigs te/_bo d+hi tsit+ta dang*/_gtso bo la dmigs nas/_oM badz+ra kro d+ha ma hA shrI he ru ka hU~M phaT:_yang dag la/_ru lu/_gshin rje la/_A kro te ka_/rta mgrin la/_pad+mAn+ta kr-ita/_phur pa la/_kI li kI la/_ma mo la/_gu h+ya dz+nyA na/_rig 'dzin la/_badz+ra ma hA gu ru/_dregs 'dul la/_badz+ra tsaN+Da/_stobs ldan la/_badz+ra sarba duSh+TaM/_bka' sdod la/_badz+ra sarba yak+Sha/_spyi dril drag sngags so lnga bzla/_bsdu na che mchog la/_badz+ra kro d+ha/_dpal dgu spyi dril/_oM badz+ra tsaN+Da sarba duSh+Tan ta ka ha na da ha pa tsa hU~M phaT:_zhes bzla/_thun mthar/_dbyangs gsal/_rten snying*/_yig brgya bzla/_hU~M hU~M hU~M gis 'od gsal gyi dbyings su bsdu/_phaT phaT phaT kyis lha skur ldang la/_bsngo smon ni/_mi gnas ye shes thugs kyi dkyil 'khor du/_/'gyur ba med pa lhun gyis grub pa dang*/_/rab 'byams rgyal ba yongs kyi gnas thob nas/_/'gro ba yongs kyi dpal du 'gyur bar shog_/ces brjod do/__/zhes pa 'di'ang smyo shul mkhan po 'jam dbyangs rdo rje'i nyams bzhes ched du mang+ga las bris pa dge'o//__//

Footnotes

Other Information