བླ་མའི་རྣལ་འབྱོར་ཡེ་ཤེས་མཆོག་སྩོལ།

From Khyentse Lineage - A Tsadra Foundation Project
Wylie title bla ma'i rnal 'byor ye shes mchog stsol DKR-KABUM-02-KHA-046.pdf
Location dil mgo mkhyen brtse bka' 'bum
Volume 2, Text 46, Pages 232 (Folios 1a1 to 1b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Bla ma'i rnal 'byor ye shes mchog stsol. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 232. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་ཨེ་ཝཾ་ཆོས་སྒར་གྱི་བྱང་འདྲེན་མཁྱེན་ཡོན་རབ་རྒྱས་པདྨ་བཀྲ་ཤིས་ནས་ཆེད་བསྐུལ་བཞིན་མཚོ་སྐྱེས་རྒྱལ་བ་གཉིས་པའི་བསྟན་ཞབས་སུ་སྐྱེས་པའི་འབངས་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་དགོངས་བརྒྱུད་ཡེ་ཤེས་བྱིན་རླབས་མངོན་སུམ་དུ་འཕོ་བའི་རྒྱུར་གྱུར་ཅིག །མངྒ་ལཾ། དགེའོ།།

/ces pa'ang e waM chos sgar gyi byang 'dren mkhyen yon rab rgyas pad+ma bkra shis nas ched bskul bzhin mtsho skyes rgyal ba gnyis pa'i bstan zhabs su skyes pa'i 'bangs mang+ga la shrI b+hU tis bris pa dgongs brgyud ye shes byin rlabs mngon sum du 'pho ba'i rgyur gyur cig___/mang+ga laM/__dge'o//

[edit]
༄༅། །བླ་མའི་རྣལ་འབྱོར་ཡེ་ཤེས་མཆོག་སྩོལ་བཞུགས། ཨ། སྣོད་བཅུད་རྣམ་དག་པདྨ་འོད་ཞིང་དབུས། །རང་ཉིད་རྣལ་འབྱོར་མར་གསལ་སྤྱི་བོ་རུ། །རིགས་ཀུན་ཁྱབ་བདག་པདྨ་ཨཀྵར། །རྣམ་པ་རྩ་གསུམ་ཀུན་འདུས་གུ་རུ་རྗེ། །བདེ་བ་ཆེན་པོ་མཚན་དཔེའི་གཟི་བྱིན་འབར། །ཕྱག་གཉིས་མཉམ་བཞག་བདུད་རྩིའི་ཐོད་ཞལ་འཛིན། །པདྨའི་གཉེན་ཞུ་ཟ་བེར་ཆོས་གོས་གསོལ། །ཞབས་ཟུང་སྐྱིལ་ཀྲུང་པད་ཉིའི་དབུས་སུ་བཞུགས། །བརྟན་གཡོ་སྲིད་ཞིའི་དཔལ་གྱུར་བླ་མ་རྗེ། །རབ་འབྱམས་སྐྱབས་གནས་རྒྱ་མཚོའི་སྤྱི་དཔལ་ལ། །ཡིད་ཆེས་རང་ངོ་ཤེས་པས་སྐྱབས་སུ་མཆི། །མཁའ་མཉམ་འགྲོ་སྒྲོལ་བྱང་སེམས་དམ་བཅའ་བཟུང༌། །ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སྙིང་ནས་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །རྟག་པར་བཞུགས་གསོལ་བྱང་ཆུབ་སྙིང་པོར་བསྔོ། །གཞི་ཡི་བླ་མ་གདོད་ནས་བཞུགས་པའི་མཐུས། །ངེས་འབྱུང་སྙིང་རྗེ་རྣམ་དཀར་ཀུན་རིགས་སད། །སྨིན་གྲོལ་ལམ་གྱི་བླ་མས་མཚམས་སྦྱར་ནས། །འབྲས་བུ་སྐུ་བཞིའི་བླ་མ་མངོན་གྱུར་ཤོག །སངས་རྒྱས་པདྨའི་ཡེ་ཤེས་སྒྱུ་མའི་གར། །འགྱུར་མེད་རྡོ་རྗེའི་ཡེ་ཤེས་མངོན་གྱུར་ནས། །ཐེག་མཆོག་བསྟན་འཛིན་ཀུན་གྱི་རྒྱལ་པོ་ལ། །གསོལ་བ་འདེབས་སོ་ཐུགས་ཡིད་དབྱེར་མེད་མཛོད། །ཅེས་གསོལ་འདེབས་སྙིང་པོ་དང་གཏེར་ཆེན་མཆོག་གླིང་གི་སྐྱེ་ཕྲེང་དང༌། རྣམ་ཐར་གསོལ་འདེབས་དང་བླ་མ་རྒྱང་འབོད་རྒྱས་བསྡུས་གྲུབ་ན་ལེགས་པའི་ཡན་ལག་ཏུ་འགྱུར། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་མ་ཧཱ་ཡ་ན་ཤཱ་ས་ན་དྷཱ་ར་སརྦ་སིདྡྷི་ཧཱུྃ། ཞེས་མཚན་སྔགས་ཀྱང་བཟླ། ཐུན་མཐར། མོས་གུས་ཤུགས་ཀྱིས་བླ་མ་དགྱེས་འཛུམ་བཅས། །གནས་གསུམ་འབྲུ་གསུམ་ལས་སྤྲོས་འོད་ཟེར་ཕྲེང༌། །དཀར་དམར་མཐིང་སྤྲོས་རང་གི་དཔྲལ་མགྲིན་སྙིང༌། །རིམ་དང་གཅིག་ཆར་ཐིམ་པས་དབང་བཞི་ཐོབ། །སྒོ་གསུམ་སྒྲིབ་སྦྱངས་ལམ་བཞི་སྒོམ་ལ་དབང༌། །སྐུ་བཞི་ཡོན་ཏན་རྫོགས་པའི་དེ་མ་ཐག །བླ་མ་འོད་ཞུ་རང་ཐིམ་རང་ཉིད་ཀྱང༌། །དམིགས་མེད་སྤྲོས་ཀུན་ཞི་བའི་ངང་དུ་བཞག །སླར་ཡང་སྣང་སྲིད་བླ་མའི་དཀྱིལ་འཁོར་ཤར། །ལེགས་བྱས་དགེ་བས་སྲིད་ཞི་ལས་སྒྲོལ་ཏེ། །ཡེ་ཤེས་བླ་མའི་གོ་འཕང་མྱུར་ཐོབ་ནས། །དོན་གཉིས་ལྷུན་གྲུབ་དགེ་ལེགས་དཔལ་འབར་མཐུས། །ཕྱོགས་དུས་ཀུན་ཏུ་རྟག་ཁྱབ་ལྷུན་གྲུབ་ཤོག །ཅེས་པའང་ཨེ་ཝཾ་ཆོས་སྒར་གྱི་བྱང་འདྲེན་མཁྱེན་ཡོན་རབ་རྒྱས་པདྨ་བཀྲ་ཤིས་ནས་ཆེད་བསྐུལ་བཞིན་མཚོ་སྐྱེས་རྒྱལ་བ་གཉིས་པའི་བསྟན་ཞབས་སུ་སྐྱེས་པའི་འབངས་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་དགོངས་བརྒྱུད་ཡེ་ཤེས་བྱིན་རླབས་མངོན་སུམ་དུ་འཕོ་བའི་རྒྱུར་གྱུར་ཅིག །མངྒ་ལཾ། དགེའོ།། །།
[edit]

@#/__/bla ma'i rnal 'byor ye shes mchog stsol bzhugs/___a/__snod bcud rnam dag pad+ma 'od zhing dbus/__/rang nyid rnal 'byor mar gsal spyi bo ru/__/rigs kun khyab bdag pad+ma ak+Shar/__/rnam pa rtsa gsum kun 'dus gu ru rje/__/bde ba chen po mtshan dpe'i gzi byin 'bar/__/phyag gnyis mnyam bzhag bdud rtsi'i thod zhal 'dzin/__/pad+ma'i gnyen zhu za ber chos gos gsol/__/zhabs zung skyil krung pad nyi'i dbus su bzhugs/__/brtan g.yo srid zhi'i dpal gyur bla ma rje/__/rab 'byams skyabs gnas rgya mtsho'i spyi dpal la/__/yid ches rang ngo shes pas skyabs su mchi/__/mkha' mnyam 'gro sgrol byang sems dam bca' bzung*/__/phyag 'tshal mchod 'bul sdig ltung snying nas bshags/__/dge la yi rang chos 'khor bskor bar bskul/__/rtag par bzhugs gsol byang chub snying por bsngo/__/gzhi yi bla ma gdod nas bzhugs pa'i mthus/__/nges 'byung snying rje rnam dkar kun rigs sad/__/smin grol lam gyi bla mas mtshams sbyar nas/__/'bras bu sku bzhi'i bla ma mngon gyur shog__/sangs rgyas pad+ma'i ye shes sgyu ma'i gar/__/'gyur med rdo rje'i ye shes mngon gyur nas/__/theg mchog bstan 'dzin kun gyi rgyal po la/__/gsol ba 'debs so thugs yid dbyer med mdzod/__/ces gsol 'debs snying po dang gter chen mchog gling gi skye phreng dang*/__rnam thar gsol 'debs dang bla ma rgyang 'bod rgyas bsdus grub na legs pa'i yan lag tu 'gyur/__oM AHhU~M badz+ra ma hA gu ru ma hA ya na shA sa na d+hA ra sarba sid+d+hi hU~M/__zhes mtshan sngags kyang bzla/__thun mthar/__mos gus shugs kyis bla ma dgyes 'dzum bcas/__/gnas gsum 'bru gsum las spros 'od zer phreng*/__/dkar dmar mthing spros rang gi dpral mgrin snying*/__/rim dang gcig char thim pas dbang bzhi thob/__/sgo gsum sgrib sbyangs lam bzhi sgom la dbang*/__/sku bzhi yon tan rdzogs pa'i de ma thag__/bla ma 'od zhu rang thim rang nyid kyang*/__/dmigs med spros kun zhi ba'i ngang du bzhag__/slar yang snang srid bla ma'i dkyil 'khor shar/__/legs byas dge bas srid zhi las sgrol te/__/ye shes bla ma'i go 'phang myur thob nas/__/don gnyis lhun grub dge legs dpal 'bar mthus/__/phyogs dus kun tu rtag khyab lhun grub shog___/ces pa'ang e waM chos sgar gyi byang 'dren mkhyen yon rab rgyas pad+ma bkra shis nas ched bskul bzhin mtsho skyes rgyal ba gnyis pa'i bstan zhabs su skyes pa'i 'bangs mang+ga la shrI b+hU tis bris pa dgongs brgyud ye shes byin rlabs mngon sum du 'pho ba'i rgyur gyur cig___/mang+ga laM/__dge'o//___//

Footnotes

Other Information